#11 ཏི་སི། ་ལགས་ཀྱིས་སྤེལ་དོན།:
November 13th, 2016 at 1:39 am
སྤྱིར་བཏང་ཨ་ཞང་གི་ཕྲུ་གུ་དང་ཨ་ནེའི་ཕྲུ་གུ་གཉེན་སྒྲིག་འདི་པད་མ་བཀོད་གཅུག་པུ་མ་རེད། འདི་ནི་དེང་སང་བལ་ཡུལ་དུ་གཏོགས་པའི་སྟོད་དོལ་བོ་རོང་སོགས་དང་། ཁུ་ནུའི་ཕྱོགས་སུའང་ཡོད་འདུག་ དོན་ངོ་མར་བསམ་ན་བོད་ནང་བསྟན་མ་ངར་སྔོན་བོད་རང་གི་ལུགས་ཟེར་ན་འདྲ་་་་གདོད་མའི་བོན་གྱི་ལུགས་སྲོལ་རེད།
ཧཧཧ་
#4 ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 12:06 am
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
ངས་ཀྱང་ཁྱེད་ལ་ཤ་ཚའི་གཏམ་ཞིག་ཞུ་རྒྱུ་ཡིན། ཨ་ཞང་གི་བུ་མོ་མནའ་མར་ལེན་པ་དེ་ཤ་ཚ་བའི་གནས་ཤིག་ཡིན་ན་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡ་ཤ་ཚ་རོགས་ཞུ་རྒྱུ་ཡིན། ལར་ནས་ལུགས་སྲོལ་འདི་བཟང་བ་དང་ངན་པར་ཁ་ཚོན་གཅོད་དགོས་ན་འཛམ་གླིང་གང་སར་ཡོད་འདུག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེའི་ལུགས་ལས་མ་འདས་པས་ཁོང་རྣམ་ཐར་མཁྱེན་པ་གནང་བར་འཚལ།
#17 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
November 13th, 2016 at 10:19 am
ཏི་སེ་ཁྱེད་རང་ཡང་གློ་དོལ་འབྲོག་གསུམ་གང་རུང་ནས་ཡིན་འདུག་པས་དགོངས་པ་བཞེས་དང། བོན་པོས་གསུངས་པར་ལོས་བདེན་ངན་རིགས་ཐམས་ཅད་རང་ཉིད་མི་དགའ་སར་གཡོགས་ན་དྲང་བདེན་མ་རེད་བསམ། གཏམ་དྲང་དགོས། ཀརྡོ་ལ་ནི་གོང་དུ་མཆན་བཞི་པས་འགྲམ་ལྕག་བཞུས་ཚར་སོང། ་་་་་་ ཟེར།
པདྨ་བཀོད་ཀྱི་སྐད་དེ་འབྲུག་ཤར་ཕྱོགས་པའི་སྐད་དང་གཅིག་པ་རེད། སྐུ་ངོ་མཆོག་གིས། དུས་གསུམ་སངས་རྒྱས་ལ། འདུས་གསུམ་སངས་རྒྱས་ལྟ་བུ་དའི་སྒྲ་གདངས་དེ་མི་འདྲ་བ་འདུག ད་དུང་གོང་མ་ལ་འགོང་མ་ལྟ་བུ་སྔོན་འཇུག་མེད་ནའང་སྔོན་འཇུག་ཡོད་པའི་སྒྲ་གདངས་ཐོན་གྱི་འདུག
ང་དང་འཛིན་གྲྭ་གཅིག་པ་པདྨ་བཀོད་པ་ཅིག་ཡོད་ཁོང་གི་མཚན་ལ་ཟླ་བ་རང་གྲོལ་ཟེར། ངའི་འཛིན་གྲོགས་དེ་དྲན་དུ་བཅུག་སོང་། ད་ག་བ་ཡོད་མེད་མི་ཤེས་ལ། འཆི་གསོན་ཡོད་མེད་ཀྱང་། མི་ཤེས། དེ་འདྲའི་ལས་རླུང་དྲག་པོ་འདིས་ངས་གྲོགས་པོའམ། འཛིན་གྲོགས་ག་དུས་ཐུག་གམ། ཚེ་འདི་ལ་ཐུག་གམ་མི་ཐུག ཐུག་ན་ངོ་ཤེས་སམ་མི་ཤེས། ཅི་ཤེས།། །།
པདྨ་བཀོད་པ་ཚོས། ཨ་ཞང་དང་། ཨ་ནེའི་ཕྲུ་གུ་ཕོ་མོ་བར་འཆང་ས་རྒྱག་བགྱིན་ཡོད་པ་གོ་ཐོས་བྱུང་། དེ་བདེན་པ་ཡིན་ན། ལུགས་སྲོལ་ངན་པ་དེའི་རིགས་ག་ལེར་རྩ་མེད་དུ་འགྲོ་ན་ཡག་བགྱིད་རེད། ཤ་ཚས་ཁ་ནས་གཏམ་ངན་བཤད་པ་ཡིན་ནོ།། ཕོག་ཐུག་ཆེན་པོ་ཤོར་སོང་ཡོད་ན། དགོངས་དག་ཞུའོ།། །།
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
ངས་ཀྱང་ཁྱེད་ལ་ཤ་ཚའི་གཏམ་ཞིག་ཞུ་རྒྱུ་ཡིན། ཨ་ཞང་གི་བུ་མོ་མནའ་མར་ལེན་པ་དེ་ཤ་ཚ་བའི་གནས་ཤིག་ཡིན་ན་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡ་ཤ་ཚ་རོགས་ཞུ་རྒྱུ་ཡིན། ལར་ནས་ལུགས་སྲོལ་འདི་བཟང་བ་དང་ངན་པར་ཁ་ཚོན་གཅོད་དགོས་ན་འཛམ་གླིང་གང་སར་ཡོད་འདུག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེའི་ལུགས་ལས་མ་འདས་པས་ཁོང་རྣམ་ཐར་མཁྱེན་པ་གནང་བར་འཚལ།
ལགས་རེད།
ནང་ཆོས་ནང་མི་རབས་བདུན་བརྒལ་ནས་ཞི་ནས་འཆང་ས་བརྒྱབས་ན། ལོག་གཡེམ་མི་འགྲོ་བར་གསུངས་ཡོད་སྙམ་ལགས།
པདྨ་བཀོད་ཀྱི་ས་རྒྱ་ཆེ་ཆུང་ག་ཚོད་ཡིན་ནམ། པད་བཀོད་ཀྱི་མི་འབོར་ག་ཚད་ཡོད་དམ། སུས་གསུངས་ཐུབ་བམ། ལགས།
ལྟ་འདོད་མཆིས་ཚེ་མེ་ཏོག་རྫོང་གི་གློག་བརྙན་བོད་སྐད་འདི་ལ་ལྟོས་དང་ཤེས་ཐུབ། །
http://tibetan.cntv.cn/2014/10/31/VIDE1414754527724252.shtml
ཇི་སྐད་དུ།
དུས་གསུམ་རྒྱལ་བའི་བྱིན་བརླབས་ཤིང་། །
མ་དང་མཁའ་འགྲོ་འདུ་བའི་གནས། །
ཨོ་རྒྱན་པདྨས་ཞབས་བཅགས་པས།
པདྨ་བཀོད་ཅེས་སྦྱར་བ་ཡིན། ། ཡང་ན། འཇགས་པ་ཡིན། ། འདི་གཉིས་གང་རུང་ངམ། གཞན་ཅིག་ཡིན་ཁ་གསལ་པོར་གོ་ཐུབ་མ་སོང་བས་་་་་་ ཅིག་གིས། དག་བཅོས་འོངས་བར་ཞུའོ།།
འཇམ་དཔལ་ཕྱག་གི་རལ་གྲི་ཡིས།
རྡོ་ལྟར་སྲ་བའི་རྙིང་ཞེན་ལ།
ལན་གཅིག་བཏབ་པས་གོར་རྡོ་ཡང།
རྡུལ་ཕྲན་ཕུང་པོར་གྱུར་འདི་མཚར།།
#4 ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 12:06 am
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
ངས་ཀྱང་ཁྱེད་ལ་ཤ་ཚའི་གཏམ་ཞིག་ཞུ་རྒྱུ་ཡིན། ཨ་ཞང་གི་བུ་མོ་མནའ་མར་ལེན་པ་དེ་ཤ་ཚ་བའི་གནས་ཤིག་ཡིན་ན་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡ་ཤ་ཚ་རོགས་ཞུ་རྒྱུ་ཡིན། ལར་ནས་ལུགས་སྲོལ་འདི་བཟང་བ་དང་ངན་པར་ཁ་ཚོན་གཅོད་དགོས་ན་འཛམ་གླིང་གང་སར་ཡོད་འདུག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེའི་ལུགས་ལས་མ་འདས་པས་ཁོང་རྣམ་ཐར་མཁྱེན་པ་གནང་བར་འཚལ།
་
#9 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 4:20 am
མཆན་བཞི་པས་མཆན་གསུམ་པར་འགྲམ་ལྕག་ཚ་ཐག་ཆོད་ཅིག་བཞུས་ཤག ཨ་ཚ་ཚ་ཚ། ་་་་་་་་ ཟེར། ཧཧཧཧཧཧཧཧཧཧཧཧཧཧཧ། །། །།
སྤྱིར་བཏང་ཨ་ཞང་གི་ཕྲུ་གུ་དང་ཨ་ནེའི་ཕྲུ་གུ་གཉེན་སྒྲིག་འདི་པད་མ་བཀོད་གཅུག་པུ་མ་རེད། འདི་ནི་དེང་སང་བལ་ཡུལ་དུ་གཏོགས་པའི་སྟོད་དོལ་བོ་རོང་སོགས་དང་། ཁུ་ནུའི་ཕྱོགས་སུའང་ཡོད་འདུག་ དོན་ངོ་མར་བསམ་ན་བོད་ནང་བསྟན་མ་ངར་སྔོན་བོད་རང་གི་ལུགས་ཟེར་ན་འདྲ་གདོད་མའི་བོན་གྱི་ལུགས་སྲོལ་རེད། འདི་ལ་ཡག་སྡུག་ཟེར་རྒྱུ་ག་ཡོད་མ་རེད། མ་ཟད་དུས་ང་ལྟའང་། ཁ་ཆེ་དང་། ཡི་ཤུ་གསར་རྙིང་ཐམས་ཅད་ཀྱི་དེའི་གཉེན་སྒྲིག་ལ་འགྲོ་བསྡད་པ་ཞིག་རེད་ཞག ད་དུང་ཞུ་ཡག་ལ། སོག་ཡུལ་འཇིང་གིར་དཔོན་གྱིས་ཀྱང་གཉེན་སྒྲིག་ཨ་ཞང་ངམ
ཨ་ནེ་གང་ཡིན་མ་དྲན་། དོན་དག་གཉིན་སྒྲིག་བྱས་འདུག ཕྱིས་སུ་བོད་ནང་བསྟན་དར་ཁྱབ་རྗེས་འདིའི་རིགས་མེད་པ་གྱུར་ནའང་། ད་དུང་ས་ཁུག་ཁག་ལ་དེའི་རིག་གཞུང་ལྷད་བསྡད་འདུག འོན་ཀྱང་རྒྱ་ནག་མི་མང་ཕལ་ཆེར་སོ་སོས་རུས་མིང་གཅིག་པ་གཉེན་སྒྲིག་རྩ་ནི་མི་བཟོ་བ་ཡིན་པ་ཐོས། དངོས་ཡོད་གནས་ཚུལ་དེང་སང་ཚན་རིག་བཤད་ན། ཁྲག་རྒྱུན་ཉེ་ན་ཕྲུ་གུ་དབང་པོ་མི་ཐང་བ་དང་རྣམ་རིག་ཀྱང་མི་གསལ་བ་ཞིག་ཡོང་ངེས་ཡིན་བཤད་འདུག་།
་་་་་་་་ དངོས་ཡོད་གནས་ཚུལ་དེང་སང་ཚན་རིག་བཤད་ན། ཁྲག་རྒྱུན་ཉེ་ན་ཕྲུ་གུ་དབང་པོ་མི་ཐང་བ་དང་རྣམ་རིག་ཀྱང་མི་གསལ་བ་ཞིག་ཡོང་ངེས་ཡིན་བཤད་འདུག་། ་་་་་་་་་
སྔར་ཨི་ཇིབ་ཀྱི་རྒྱལ་པོའི་སྲས་སྲས་མོ་ཡང་ནང་ཕན་ཚུན་གཉེན་སྒྲིག་བྱས་ཚང་། རྒྱལ་རིགས་མང་ཆེ་བ་སེམས་པ་ཚབ་ཚུབ་ཅན་ཡིན་པ་ལོ་རྒྱུས་སྨ་བའི་ར་སྤྲོད་བྱས་ཡོད་རེད།
ཁྱེད་གསུངས་པ་ལྟར་རེད་འདུག ད་འདི་བཤད་ཚུལ་ལ་ནང་གི་མི་རྒྱུ་གཞན་ལ་མི་འགྲོ་ཟེར་སྲོལ་ཡོད་པ་འདྲ།
པདྨ་བཀོད་པའི་མི་རིགས་ནི་འབྲུག་ཤར་ཕྱོགས་ཁུལ་ནས་ཡོངས་བ་དང་དགའ་ལྡན་ཕོ་བྲང་འོག་ཞུགས་ནས་ཡུན་རིང་སོང་མེད་གདའ། ཨ་ཞང་བོུ་མནའ་མ་ལེན་སྲོལ་ནི་འཛམ་གླིང་གང་སར་ཡོད་སྟབས། ལུགས་སྲོལ་ཡག་སྡུག་གང་ཡིན་སོ་སོར་འགྲེལ་བརྗོད་བྱ་རྒྱུ་ཡོད་ངེས། གང་ལྟར་ཉེ་སྤུན་གཉེན་སྒྲིག་བྱས་པའི་བཟའ་ཚང་ལ་ཕྲུག་གུ་ཆགས་ཚེ་དབང་པོ་སྐྱོན་ཅན་སྐྱེས་རྒྱུ་ཡིན་པར་མཚན་རིགས་ནས་བཤད་ཡོད། ད་ཆ་པདྨ་བཀོད་པའི་ནང་ཉེ་མཚན་གཉེན་སྒྲིག་བྱེད་ཀྱི་མེད་པ་ནི་གཏམ་བཟང་ཡིན་པ་མ་ཟད། སྤྱི་ཚོགས་ནང་བསམ་བློ་གཏོང་ཕྱོགས་གོང་མཐོར་ཕྱིན་ཡོད་པས་རྣམ་པ་ཡིན་པས་དགའ་སྤོབས་བྱུང་།་
#11 ཏི་སི། ་ལགས་ཀྱིས་སྤེལ་དོན།:
November 13th, 2016 at 1:39 am
སྤྱིར་བཏང་ཨ་ཞང་གི་ཕྲུ་གུ་དང་ཨ་ནེའི་ཕྲུ་གུ་གཉེན་སྒྲིག་འདི་པད་མ་བཀོད་གཅུག་པུ་མ་རེད། འདི་ནི་དེང་སང་བལ་ཡུལ་དུ་གཏོགས་པའི་སྟོད་དོལ་བོ་རོང་སོགས་དང་། ཁུ་ནུའི་ཕྱོགས་སུའང་ཡོད་འདུག་ དོན་ངོ་མར་བསམ་ན་བོད་ནང་བསྟན་མ་ངར་སྔོན་བོད་རང་གི་ལུགས་ཟེར་ན་འདྲ་་་་གདོད་མའི་བོན་གྱི་ལུགས་སྲོལ་རེད།
ཧཧཧ་
#4 ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 12:06 am
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
ངས་ཀྱང་ཁྱེད་ལ་ཤ་ཚའི་གཏམ་ཞིག་ཞུ་རྒྱུ་ཡིན། ཨ་ཞང་གི་བུ་མོ་མནའ་མར་ལེན་པ་དེ་ཤ་ཚ་བའི་གནས་ཤིག་ཡིན་ན་ཁྱེད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡ་ཤ་ཚ་རོགས་ཞུ་རྒྱུ་ཡིན། ལར་ནས་ལུགས་སྲོལ་འདི་བཟང་བ་དང་ངན་པར་ཁ་ཚོན་གཅོད་དགོས་ན་འཛམ་གླིང་གང་སར་ཡོད་འདུག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེའི་ལུགས་ལས་མ་འདས་པས་ཁོང་རྣམ་ཐར་མཁྱེན་པ་གནང་བར་འཚལ།
མཆན་འདི་ལ་གཟིགས། ཁྱད་མཚར་ཡོད་ཚད་གདོད་མའི་བོན་གྱི་ལུགས་སྲོལ་རེད་ཟེར་ནས་་་རང་སྐྱོན་གཞན་འགེབ་བྱེད་མ་ཡོང་ཨ། །
དེ་འདྲ་ཡིན་ན་ཨིན་ཆུང་ལ་གཡེམ་རྒྱུ་དེ་སུ་ཡི་ལུགས་སྲོལ་ཡིན་ནམ།
ཏི་སེ་ཁྱེད་རང་ཡང་གློ་དོལ་འབྲོག་གསུམ་གང་རུང་ནས་ཡིན་འདུག་པས་དགོངས་པ་བཞེས་དང། བོན་པོས་གསུངས་པར་ལོས་བདེན་ངན་རིགས་ཐམས་ཅད་རང་ཉིད་མི་དགའ་སར་གཡོགས་ན་དྲང་བདེན་མ་རེད་བསམ། གཏམ་དྲང་དགོས། ཀརྡོ་ལ་ནི་གོང་དུ་མཆན་བཞི་པས་འགྲམ་ལྕག་བཞུས་ཚར་སོང། ད་ཚན་རིག་དང་ཚན་རིག་ཟེར་ནས་ཕན་མི་ཡོང་ཁ་ཆེ་བས་ཀྱང་ཨ་ཞང་ཨ་ནེའི་ཕྲུ་གུ་ཆང་ས་བྱེད་ཀྱི་འདུག་པས་ཁ་ཆེ་བ་ཚོར་དབང་པོ་ཚང་མི་འདུག་གམ། ཧ་མ་གོ་ན་ཀ་ཤི་མི་རིའི་ཁ་ཆེ་དེ་ཚོར་ལྟོས་དང་ཁམས་རིགས་གང་འདྲ་མཛེས་པོ་མི་འདུག་གམ། མ་ཟད་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཕལ་ཆེ་བ་ཁ་ཆེ་བ་རེད། ཨ་མིར་ཁན་ལ་ལྟོས་དང་དབང་པོ་ཚང་མི་འདུག་གམ། འབྲུག་མོ་དེ་ཚོར་ལྟོས་དང་བོད་པའི་ཕོ་གསར་མང་པོ་དྷི་ལིར་བཀུག་མི་འདུག་གམ། ཚན་རིག་ཕར་ཞོག་རང་གི་མཐོང་ཡུལ་དུ་ཡོད་པ་དེ་ཚོར་ཞིབ་འཇུག་བགྱིས་དེ་ནས་གཏམ་མི་ལ་ཤོད། ག་དུས་ཡིན་ནའང་རང་ཉིད་ལེགས་ཤོས་དང་རང་གི་ལུགས་སྲོལ་ཆོས་ལུགས་ཐམས་ཅད་བཟང་པོ་གཞན་གྱི་ཐམས་ཅད་ངན་པར་བལྟ་ཚུལ་འདི་ རང་གི་རྒྱུད་ཀྱི་འཇིག་ལྟའི་བདུད་ཆེན་འགོང་པོ་དེ་ཤུགས་ཆེན་པོ་ཡོད་པའི་རྟགས་རེད།
#4 ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 12:06 am
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
་་་་་་་མཁྱེན་པ་གནང་བར་འཚལ།
མཆན་འདི་ལ་གཟིགས། ཁྱད་མཚར་ཡོད་ཚད་གདོད་མའི་བོན་གྱི་ལུགས་སྲོལ་རེད་ཟེར་ནས་་་རང་སྐྱོན་གཞན་འགེབ་བྱེད་མ་ཡོང་ཨ། ་་་་་་་་་་་
་
ངས་བོན་པོའི་མིང་ཚིག་ཙམ་ཡང་སྨོས་མེད་པས་་་་་་་་
#4 ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། ་ལགས་ཀྱིས་སྤེལ་དོན།:
November 12th, 2016 at 12:06 am
ཀརྡོ་རབ་འབྱམས་པ་ལགས་སུ་ཞུ་རྒྱུ།
་་་་་་་མཁྱེན་པ་གནང་བར་འཚལ།
མཆན་འདི་ལ་གཟིགས། ཁྱད་མཚར་ཡོད་ཚད་གདོད་མའི་བོན་གྱི་ལུགས་སྲོལ་རེད་ཟེར་ནས་་་རང་སྐྱོན་གཞན་འགེབ་བྱེད་མ་ཡོང་ཨ། ་་་་་་་་་་་
་
ངས་བོན་པོའི་མིང་ཚིག་ཙམ་ཡང་སྨོས་མེད་པས་་་་་་་་ ང་ནི་སྐྱོན་མེད་ཁོ་ན་ཡིན་ནོ།།
#17 ཁྱུང་སེ། ་ལགས་ཀྱིས་སྤེལ་དོན།:
November 13th, 2016 at 10:19 am
ཏི་སེ་ཁྱེད་རང་ཡང་གློ་དོལ་འབྲོག་གསུམ་གང་རུང་ནས་ཡིན་འདུག་པས་དགོངས་པ་བཞེས་དང། བོན་པོས་གསུངས་པར་ལོས་བདེན་ངན་རིགས་ཐམས་ཅད་རང་ཉིད་མི་དགའ་སར་གཡོགས་ན་དྲང་བདེན་མ་རེད་བསམ། གཏམ་དྲང་དགོས། ཀརྡོ་ལ་ནི་གོང་དུ་མཆན་བཞི་པས་འགྲམ་ལྕག་བཞུས་ཚར་སོང། ་་་་་་ ཟེར།
ང་ལ་འགྲམ་ལྕག་ཞུ་མཁན་དང་། དེ་ལ་དགའ་མཁན་གཉིས་ཀ་དེ་རིང་དགོངས་དག་གཉིད་བདེ་བར་ཁུག་པའི་སྨོན་འདུན་ཞུའོ།།
#13 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་སྤེལ་དོན།:
November 13th, 2016 at 1:10 pm
ང་ཆུང་དུས་རྒན་པ་ཚོས། ཆང་མ་འགའ་ཤས་ཀྱིས་ཕྱུག་པོ་ཆགས་ཕྱིར། དུག་ལྷ་གསོལ་ཕྱིར། མི་གཞན་པ་ལ་དུག་སྤྲོད་མཁན་ཡོད་པ་རེད། ཅེས་པའི་མང་པོ་གོ་མྱོང་ཡང་་་་་་་་ ་དེ་འདྲ་རང་མེད་པ་འདྲ།
ཧཧཧ ཁྱུང་སེ་ལགས། ངས་བོན་བསྟན་དགའ་དད་ཅན་ཡིན་འདི་ནི་སྤྱིར་གདོད་མའི་བོད་བོན་ཞེས་བཏགས་ན་མི་འགྲིག་གམ སྐབས་དེ་དུང་ནང་བསྟན་དར་མེད་སྐབས་རང་རེའི་ཕ་མེས་ཐམས་ཅདགདོད་མའི་བོད་ཟེར་ན་འདྲ་་བོན་གྱི་རིགས་གཞུང་ཟེེར་ན་གང་བརྗོད་ན་ཆོག ངས་རང་རེའི་གདོད་མའི་ལུགས་བོན་ལུགས་དེ་འདྲ་ཡོད་ཚུལ་བཤད་ཡིན་བོན་གྱི་བསྟན་པ་བཤད་སྒྲུབ་དང་གཞི་ལམ་འབྲས་གསུམ་རྣམ་བཞག་ཟུར་ཙམ་ང་འདྲ་བོས་བཀུར་འདེབས་བྱས་ཤེས་ཀྱི་མ་རེད་ལ། བྱ་འདོད་མེད་རང་ཉིད་ཀྱི་རང་ཉིད་ཕོངས་པའི་ལས་གསོག་མི་འདོད། ང་རང་ཚོས་གདོད་མིའི་རིགས་གཞུང་ལ་འདི་ལྟར་ཡོད་ས་རེད་ཁྱོད་རང་མེ་འབར་དགོས་དོན་མེད། བན་གྱི་བསྟན་པ་དང་། བོན་གྱི་རུགས་གཞུང་གཉིས་ལ་ཡག་པོ་མཁྱེན་དགོས དུས་ད་ལྟ་ཡང་བོན་ནམ་བོད་ཀྱི་ནང་པའི་ཡུལ་སྡེ་ཡིངས་རྫོགས་དཔེ་ཚོན་ཙམ་ཞུས་ན། ལོ་གསར་ཕྱེ་མར་ཉི་ཟླ་དང་ལུག་མགོ་རྒྱན་པ་དེའང་གདོད་མའི་བོད་དམ་རང་རེའི་བོན་ལུགས་ཀྱི་རིགས་གཞུང་ཡིན། མ་ཟད་མེ་ཐབ་ཟུར་གཡུང་དྲུང་ས་དཀར་གྱིས་བྲིས་དེའང་གདོད་མའི་ལུགས་ཡིན། མ་ཟད་བོད་ཀྱི་ནང་བསྟན་མཆོད་རྟེན་རྩེར་ཉི་ཟླ་རྒྱན་བཏངས་ཡིད་པ་དེའང་གདོད་མའི་ལུགས་ཡིན་བཟོ་འདུག་རྒཐ་གར་ནང་པའི་མཆོད་རྟེན་སྟེང་ཉི་ཟླ་རྩ་ནས་མེད་པ་གཟུགས་དང་། བྱས་ཙང་རིག་གཞུང་ལ་ཡག་སྡུག་ཐམས་ཅད་ཤན་ཡོད་བསྡད་རེད། དེ་ཐུགས་ལ་ཡག་པོ་འཇོག
བྱས་དུས་ཨ་ཞང་ཨ་ནེ་གཉེན་སྒྲིགས་དེའང་རང་གདོད་མའི་བོད་དམ་བོན་གྱི་ལུགས་ཞིག་ཆགས་བཟོ འོ་བོན་གྱི་ནང་བསྟན་དེ་མ་དཧ་པ་རེད་ཟེར་ན་མི་འགྲིག དཔེར་ན་བོད་པའི་བླ་ཤ་ཟ་ནའང་བོད་པའི་བླ་གྲས་གོམ་གཤིས་དང་ལུགས་རེད་མ་གཏོགས་དེ་ནི་བོད་ཀྱི་ནང་བསྟན་མ་དག་རེད་ཟེར་བའི་སྐད་མ་རེད་
བྱས་དུས་ཨ་ཞང་ཨ་ནེ་གཉེན་སྒྲིགས་དེའང་རང་གདོད་མའི་བོད་དམ་བོན་གྱི་ལུགས་ཞིག་ཆགས་པའི་བཟོ་འདྲ་འདུག དེ་ནི་བོན་གྱི་བསྟན་པ་རིན་པོ་ཆེ་དེ་མ་དག་པ་རེད་ཟེར་ན་མི་འགྲིག དཔེར་ན་བོད་པའི་བླ་གྲྭས་ཤ་ཟ་ནའང་དེ་ནི་བོད་པའི་བླ་གྲྭས་གོམ་གཤིས་དང་ལུགས་རེད་མ་གཏོགས་དེ་ནི་བན་བོད་ཀྱི་ནང་བསྟན་དེ་མ་དག་རེད་ཟེར་བའི་སྐད་མ་ཆ་མ་རེད་།
འོ་ཏི་སེ་ལགས་དགོངས་པ་མ་འཚངས་ང་མེ་འབར་དགོས་དོན་མེད། ང་ནི་དྲང་བདེན་གྱི་གཏམ་ལ་དགའ་མཁན་ཞིག་ཡིན་མ་གཏོགས་གང་གི་ཕྱོགས་སུ་མེད། ཁྱེད་དང་འདྲ་བར་ང་ཡི་ནང་མི་ནང་དུ་ཆོས་ལུགས་ལྔ་ཀར་འཛོམས་ཡོད། ངས་ང་རང་གི་ཨ་མའི་ཆོས་ལུགས་ལའང་དད་འདུན་ཆེན་པོ་ཡོད་མཁན་ཞིག་ཡིན་བྱས་ཙང་དྲང་པོ་དང་ཁུངས་དང་ལུང་རྒྱུ་མཚན་ཡོད་པའི་གཏམ་ཡིན་ན་ལེགས་གསོལ་ཞུ་ངེས་ཡིན།
ཀརྡོ་འདི་མཚམས་རེར་དག་སྣང་ཆེན་པོ་ཡོད་པའི་བཟོ་འདྲ་ཞིག་དང་སྐབས་རེར་རང་ཉིད་མི་དགའ་སར་སྐུར་འདེབས་གནང་མཁན་ཞིག་རེད་འདུག་དཔེར་ན་ཀརྨ་པའི་ཡང་སྲིད་མཐའ་ཡས་རྡོ་རྗེ་ལ་སྐུར་འདེབས་མང་པོ་བྱས་སོང། དེ་བཞིན་པཎཆེན་རྫུས་མ་ཞེས་སྐུར་འདེབས་མང་པོ་བྱས་སོང།
ལུགས་སྲོལ་དེ་མིས་བཟེོས་བཞག་པ་ཞིག དེ་ལ་ཞེ་བོ་ཧང་སང་ཧོན་ཐོར་ཡ་གང་ཡོད། ང་ཚོས་དེ་འདྲ་བྱེད་ཀྱི་མེད་ཟེར་ནས་གཞན་ལ་དམའ་འབེབ་གནང་སྟངས་འདི་ཡག་པོ་ཨེ་ཡིན། དཔེར་ན་བཞིན་ངན་ཚོགས་ནང་བཞིན་བཟང་ལ་འཕྱ་བ་ལྟ་བུ་རེད། སེམས་ཀྱིས་བྱས་པ་རེད་ ཨ་རོ།
ཚན་རིག་གི་བཤད་པ་ཐམས་ཅད་བདེན་གཟུང་དགོས་མ་རེད། གལ་སྲིད་ཚན་རིག་ནཤད་པ་ལྟར་ཡིན་ན། དེ་འདྲའི་ནང་སྐྱེས་མཁན་ཡིན་ན་ལས་ངན་ཡིན་པའི་ཁྱབ་དགོས་པར་ཁྱབ་པ་མེད། འགྲོ་བ་མི་ཐོག་མ་ཆགས་་པའི་སྐབས་དེ་འདྲའི་ལུགས་སྲོལ་ཡོད་མ་རེད། དེས་ན་ཕྱོགས་ཀུན་ལ་གཟིགས་ནས་གསུང་ན་ཡག་པོ་ཡོད་རེད། དོན་མེད་གཞན་ལ་ཁ་གཏོང་གཏོང་ཆོག་ཆོག དངོས་གནས་ཀྱི་རིགས་སྡུག་པའི་རྟགས་དེ་རེད
ཁྱུང་སེ་ལ། ང་ཡང་དྲང་བདེན་ལ་དགའ་བའི་མི་ཡིན། འོན་ཀྱང་ང་ཆོས་ལུགས་ལྔ་འཛོམ་པའི་ནང་མི་མིན། ང་ཆོས་ལུགས་གཉིས་འཛོམ་ཅན་ཡིན། བོན་ཆོས་གཉུས་ཡིན། ཡ་ཡ་ཁྱེད་མེ་འབར་མེད་ན་ང་ཡང་ཁྲོ་དགོས་ཡག་མེད།
བྱ་ཡི་མིང་ཅན་ཁྱུང་སེ་ཁྱོད། །
ཀརྡོ་ང་ལ་མ་འགྲན་ཅིག །
འགྲན་འདོད་ཡོད་ཙམ་མི་ཕན་པས། །
རིགས་ལམ་ཕྲ་མོའི་རྣམ་དཔྱོད་དགོས། །
བཀྲ་ཤིས་བདེ་ལེགས་ཞུ།
ཁྱུང་སེ་ལགས། ཀུ་རེ་ཙམ་མོ།།