དབྱར་རྩ་དགུན་འབུ།
སྲིད་སྐྱོང་བློ་བཟང་སེངྒེས་ཨ་རིའི་དོན་གཅོད་ཁང་ནེའུ་ཡོག་ནས་ཝ་ཞིན་ཀྲོན་དུ་སྤར་རྗེས། དོན་ཁང་ནང་གི་ད་ལྟ་༸གོང་ས་མཆོག་གི་སྐུ་པར་བཀལ་བའི་རྩིག་གྱང་དེར། དེ་སྔ་སྐུ་པར་གང་ཡང་མེད། ཡར་བཀལ། མར་ཕབ་ཅེས་པ་མེད་ཅེས་ཨུ་ཚུགས་ཀྱིས་གསུངས་པ་དེ་བདེན་པ་མ་རེད།
གནས་ཚུལ་ཁུངས་ལྡན་ལྟར་ན། ཝ་ཞིན་ཀྲོན་དུ་སྤར་མ་ཐག་གྱང་ངོས་དེར་༸གོང་ས་མཆོག་གི་སྐུ་པར་ཆུང་ཆུང་ཞིག་བཀལ་འདུག དེ་ནི་དོན་ཁང་ནང་གི་ལས་བྱེད་ཡོངས་རྫོགས་ཀྱིས་ཀྱང་གསལ་བོ་མཁྱེན་གྱི་ཡོད་པ་རེད། རྗེས་སུ་གྱང་ངོས་དེ་གནད་འགག་ཅི་ལ་དགོངས་པ་ཡིན་ནམ། གཡས་གཡོན་གཉིས་སུ་ཨ་རི་བོད་པ། ས་གནས་ཀྱི་དར་ཆ་བཅས་གསུམ་བཙུགས་ཤིང་། དཀྱིལ་ལ་སྲིད་སྐྱོང་བློ་བཟང་སེང་གེའི་པར་བཤམས་འདུག གནད་དོན་དེར་ཨ་རིའི་སྤྱི་འཐུས་གཙོས་སྤྱི་འཐུས་མང་པོས་གྲོས་ཚོགས་ནང་དྲི་བ་ཅི་ཙམ་བཏང་ཡང་ལན་རྩ་བ་ནས་དྲང་པོར་མ་གནང་། རྗེས་སུ་དྲི་བ་མང་དྲགས་ཏེ་ཨུ་ཐུག་པས་སྲིད་སྐྱོང་གིས་དོན་གཅོད་རྣམ་པ་ཚོའི་ཚོགས་འདུའི་སྟེང་སྲིད་སྐྱོང་གི་སྐུ་པར་བཀལ་རྒྱུ་གཏན་འཁེལ་འདུག་ཅེས་གསུངས།
དོན་གཅོད་ཁ་ཤས་ལ་ཐད་ཀར་དྲི་བ་ཞུས་སྐབས་དེ་ལྟར་རྩ་བ་ནས་བྱུང་མི་འདུག་པས། སྲིད་སྐྱོང་གིས་ཡང་ཞལ་རྫུན་གསུངས་འདུག གནད་དོན་འདི་ལ་ཅུང་ཙམ་དབྱེ་ཞིབ་བྱས་ན། སྐུ་པར་གྱི་གནད་དོན་དེ་དོན་གཅོད་སྐལ་རྡོར་གཅིག་པུས་བཀལ་བ་མིན་པར། བློ་བཟང་སེང་གེ་དང་སྐལ་རྡོར་གཉིས་གྲོས་ཁ་མཐུན་ནས་བཀལ་བ་གསལ་བོ་རེད།
དེ་མིན་སྐལ་རྡོར་ཁོ་ནས་བཀལ་ན། བློ་བཟང་སེང་གེ་ལགས་ནས་འདི་ལྟར་འགེབས་སྲུང་བྱེད་མི་སྲིད་པ་ཁོང་གི་གཤིས་ཀ་ལས་ཤེས་ཐུབ་པ་ཞིག་རེད། ལྷག་པར་སྲིད་སྐྱོང་གི་ཕྱག་ལས་གནང་སྟངས་ཐད་མང་ཚོགས་ཁྲོད་གླེང་ཕྱོགས་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། སྐལ་རྡོར་གལ་ཆེར་མི་འཛིན་པ་སུས་ལྟོས་ཀྱང་མཁྱེན་ངེས།
གནས་ཚུལ་གཞན་ཞིག་ལ། བཀའ་ཤག་ལྷན་ཚོགས་ཤིག་གི་སྐབས་སུའང་། ལྷན་ཁང་ཁག་ཏུ་སྲིད་སྐྱོང་གི་སྐུ་པར་བཤམས་དགོས་ཚུལ་བློ་བཟང་སེང་གེ་ཁོང་རང་ནས་གྲོས་མགོ་བཏོན་འདུག ལྷན་ཚོགས་དེར་ཐག་གཅོད་མ་ཐུབ་པར། ལྷན་ཚོགས་རྗེས་མ་ཤིག་ཏུའང་དེའི་སྐོར་གླེང་སྐབས། བཀའ་བློན་རྒན་རབས་པ་གཅིག་དང་། བཀའ་བློན་བུད་མེད་གཅིག་བཅས་ཀྱིས་འཕྲལ་ཕུགས་གང་ལའང་ཕན་ཐོགས་ལས་ལབ་གླེང་མང་དག་འབྱུང་བར་གསུངས་ཏེ། མཐར་མི་བཤམས་རྒྱུ་ཐག་གཅོད་བྱུང་འདུག
རྒྱུ་མཚན་འདི་དག་ལ་བསམ་ཚེ། བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་ལས་ཡུན་གྱི་གོ་སྐབས་དམ་འཛིན་གནང་ནས། རང་ཉིད་ཕྱི་ནང་གང་སར་ཆེན་པོ་བཟོ་གང་ཐུབ་གནང་གི་ཡོད་པ་དང་། ཕྱི་ནང་གི་སྐུ་མགྲོན་ཚོ་དོན་ཁང་དུ་བཅར་སྐབས་དྲན་རྟེན་སྐུ་པར་བསྒྲོན་སའི་རྩིག་གྱང་ལས། ༧གོང་ས་མཆོག་གི་སྐུ་པར་མར་ཕབ་པ་རྟོགས་ཐུབ་ཅིང་བདེན་པ་ནམ་ཡང་བདེན་པའི་ངོ་བོར་གནས་པ་ལས། ཁ་དཔེར་ཡང་། རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་བ་ནི་ཉི་ཤར་སྤར་མོས་མི་ཁེབས་པའི་དཔེ་རེད་དོ།།
༢༠༡༦། ༢། ༢༥།
རྫུན་བཟོ་དང་སྒྲོ་བཏགས་མེད་པར་དངོས་ཡོད་གནས་ཚུལ་བྲིས་འདུག བདེན་པ་ནི་ནམ་ཡང་བདེན་པའི་ངོ་བོར་གནས་བ་ལས་རྫུན་མར་འགྱུར་མི་སྲིད།
དབྱར་རྩྭ་དགུན་འབུ་འདིས་ཡང་ཌོ་ལ་ཁྲི་གཅིག་ཤོར་ཉེན་འདུག་གདའ། ཐོད་པ་རྡོ་ལ་བརྡབ་ཡང་ན་ཀི་མེད་དམ། ཧཧཧཧཧཧཧ་་་་་་
བདེན་པ་ནི་ནམ་ཡང་བདེན་པའི་ངོ་བོར་གནས་བ་ལས་རྫུན་མར་འགྱུར་མི་སྲིད།
དབྱར་རྩྭ་དགུན་འབུ་ཟེར་བ་འདི། གངས་ཅམ་གླིང་སྐད་འཕྲིན་ཚོགས་པའི་ནང་སྲིད་སྐྱོང་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་ཡོང་གྲགས་རེད། མི་འདི་འདྲའི་ཁ་ནས་བདེན་གཏམ་ཟེར་བ་ཞིག་ནམ་ཡང་ཐོན་མི་སྲིད་པ་རེད། དོན་ངོ་མ་སྐུ་པར་སྐོར་གྱི་གྲོས་ཚོགས་ལས་རིམ་ལ་ལྟོས་དང་། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་གྱི་སྐར་རྟགས་ཅན་གྱི་དྲི་བ་དང་། དེའི་འཕྲོས་དོན་དྲི་བ་སོགས་གང་དུ་ཡང་སྲིད་སྐྱོང་གིས་གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་རང་གི་པར་ཡར་བཞག་ཡོད་པའི་སྐད་ཆ་ཟུར་ཙམ་ཡང་གླེང་མཁན་བྱུས་མ་སོང་། འདིས་ནི་འཕྲིན་ལས་སྐལ་བཟང་དང་དབྱར་རྩྭ་རྒུན་འབུ་སོགས་ཀྱིས་དད་པ་ལོག་སྤྱོད་བྱས་ནས་གཞིས་ཆགས་རྒན་རྒོན་ཚོ་མགོ་སྐོར་གཏོང་ཡོད་པ་ཡང་ར་སྤྲོད་བྱས་སོང་།
ཊེ་བྱམས་དང་ལུང་རྟོགས་ཟེར་བ་འདི་ཚོ་དྲ་ཐོག་ན་ཆ་འཇོག་གང་མེད་པ་གསལ་པོ་རེད། གུས་པ་ལྟ་བུར་མཚོན་ན་ག་དུས་ཡིན་ན་ཡང་ཁོ་ཚོའི་མཆན་བུ་ལ་བལྟ་གི་མེད། ཕྱོགས་རིས་ཅན་གྱི་སྐད་ཆར་བལྟ་རིན་མེད་པས་དུས་ཚོད་འཕྲོ་བརླག་རེད། མི་ངན་དེ་ཚོའི་སྐད་ཆར་མིག་གིས་ཟུར་ཙམ་ཡང་བལྟ་གི་མེད། དྲ་གྲོགས་གཞན་རྣམས་ཀྱིས་ཀྱང་དེ་ལྟར་མཁྱེན་པར་མཛོད།
བློ་སེང་རང་གིས་རང་བརྐྱག སྐྱག་པས་རྐུབ་བརྐྱག་ཟེར་བའི་དཔེ་ལྟར་རེད། ཁོང་གི་ནོར་འཁྲུལ་ལ་ངོས་ལེན་བྱེད་ཐུབ་པའི་གདེངས་ཚོད་དང་བློ་ཁོག་མི་འདུག ་འདུལ་བ་ལས་གསུངས་པ་ལྟར། ཉེས་པ་ལ་ཉེས་པ་མ་མཐོང་ན་ཡར་རྒྱས་ག་བ་འགྲོ་ཐུབ།
དབྱར་རྩྭས་བཤད་པ་ནི་གནས་ཚུལ་གསར་པ་མིན་ལ་ཁུངས་མེད་ཡང་མིན། གང་ལྟར་བློ་བཟང་སེངྒེས་རྫུན་གཏམ་གཅིག་ཐེངས་བརྒྱ་ཐམ་པ་བཤད་ནས་བདེན་པར་བཟོ་བའི་ཐབས་ཤེས་བྱས་པ་རེད། དེ་ནི་དོན་དངོས་བཤད་ན་རྒྱལ་བ་རིན་པོ་ཆེ་སྐུ་བསིལ་བ་ཁྲོ་ལེར་བཞུགས་སྐབས་མཐོང་ཆུང་དང་ཁྱད་བསོད་བྱས་པ་རེང།
དབྱར་རྩ་དགུན་འབུ་མིང་ཅན་སྲོག་མེད་དེས་སྐྱག་རྫུན་གྱིས་མི་མགོ་སྐོར་ཐབ་བྱེད་པ་ཚང་མ་སྐུག་དོར་ཚ་བ་རེད། དབྱར་རྩ་དགུན་འབུ་དང་འཕྲིན་ལེན་སྐལ་བཟང་སོགས་སྤེན་ཚེའི་རྒྱབ་སྐྱོར་བ་སྤྲུགས་མགོ་དེ་ཚོས་ཁོ་རང་ཚོ་ནག་རིལ་བཟོས་པ་མ་ཚོད་སྤེན་ཚེ་ནག་རིལ་ལང་རྒྱུ་མེད་པ་བཟོས་སོང་། བསམ་པ་ངན་པ་མི་ལ་བྱེད་ན་སྦྱོར་བ་ངན་པ་རང་ལ་འཁོར། ཟེར་བ་ནི་ཅི་མི་བདེན། སྤེན་ཚེའི་ཤོག་ཁག་གིས་སྣ་འདྲེན་ནས་དགོས་པའི་སྤྱི་ཚོགས་བདེ་དོན་དང་མ འོངས་ཁ་ཕྱོགས་ཀྱི་ལས་འཆར་སོགད་གང་ཡང་མེད་ཁར་མི་གཞི་ལ་སྐྱོན་མེད་སྐྱོན་འཛུགས་རྐྱང་པའི་འོས་བསྡུའི་འགྲན་རྩོད་དེས་ཁོ་པ་ཚོར་འཕམ་ནི་ཁ་ཨ་ཅང་ཅང་། ད་དུང་བཙན་བྱོལ་བའི་འོས་བསྡུའི་འགྲན་རྩོད་ལ་དམིག་ལྟོས་ངན་པ་ཞིག་འཇོག་སོང་། མི་ངན་གར་འགྲོར་སྤྱོད་ངན་མང་། ཁྱི་ངན་གང་བསྡོད་སྐད་ངན་ཆེ། ཟེར་ནི་དེ་བདེན་ཨ།།
འཕམ་ནིཁ་ཨ་ཅང་ཅང་། ཞེས་པ་དེ་ཕམ་ཁ་ནི་ཨ་ཅང་ཅང་ལ་བཅོས།
བསོད་ནམས། ང་ཚོའི་མཆན་ལ་ལྟ་ཡི་མེད་ན་ཆ་འཇོག་མེད་པ་ཇི་ལྟར་ཤེས་སོང་། དངོས་གནས་གད་མོ་ཤོར་བའི་སྐད་ཆ་རེད། གནས་ལུགས་བཤད་ཡོང་དུས་རྣ་བ་འགེབ་རྩིས་བྱེད་པ་དང་། བདེན་པ་སྟན་ཡོང་དུས་མིག་བཀབ་རྩིས་བྱེད་པ་ནི་རྫུན་པ་ཧམ་ཤད་ཅན་ཚོའི་བྱེད་སྟངས་རེད། བྱེད་སྟངས་དེ་འདྲས་སུ་ཡང་མགོ་སྐོར་གཏོང་ཐུབ་ཀྱི་མ་རེད།
སྲིད་སྐྱོང་འདིས་ལས་བཏང་བཅའ་བཏང་ལ་བལྟས་ཡོང་ན། ང་ཚོའི་སྲིད་སྟེགས་དེ། སྨྱོན་པའི་ལག་པར་རལ་གྲི་བཞག་པ་ནང་བཞིན་ཞིག་ཏུ་ཆགས་མི་འགྲོ་བའི་ངེས་པ་མེད་ཁ་རེད། ཨ་ལ་ཀུ་རེ་ཡིན་དཱ། ངོ་མ་བཤད་ན། སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས། འོ་དེ་ཡང་ལབ་ན་མི་འགྲིག་གི། ང་ཚོ་ཚང་མ་སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཡིན་དགོས། སྐབས་འདིའི་སྲིད་སྐྱོང་འོས་མིའི་རྒྱབ་སྐྱོར་བ་ཚོས། ཉོག་བཤད་བྱས་ཏེ་ཉོག་དཀྲུག་འདུག་པ་ལས། སྲིད་སྐྱོང་ལ་དགེ་མཚན་དང་བྱས་རྗེས་རེ་ཡོད་ན། དེ་དག་གླེང་དགོས་པ་གལ་ཆེན་རེད་འདོད།
བཀའ་བློན་རྒན་རབས་པ་དང་། བུད་མེད་བཀའ་བློན་རྣམས་གཉིས་ཀྱིས་རྟ་ཁ་གཡང་ནས་བཅུན་པར་བཀའ་དྲིན་ཆེ། དེ་མིན་སྲིད་སྐྱོངས་འདི་པས་བོད་པ་མི་ཚང་མི་རེ་ངོ་རེའི་ཁྱིམ་དུའང་ཁོ་པོའི་པར་འགེལ་དགོས་པའི་བཀའ་ཁྱབ་མི་གཏོང་བའི་ངེས་པ་ཡོད་མ་རེད། གང་ཡིན་ཟེར་ན། ཁོང་གི་བཞིན་རས་དེ་ལྕགས་གདོང་ཡིན་པས་རེད།