འཇིགས་མེད་ནུབ་པ།
༡)
ཁྱོད་དང་དངོས་སུ་མཇལ་མ་མྱོང་།།
ཁྱོད་ཀྱིས་བཤངས་བའི་ལམ་དེ་ལ།།
རྡོག་པའི་སྣེ་ཙམ་ཕབ་བཞིན་ཡོད།།
ད་ནི་ཁྱེད་རང་ལྷག་ཏུ་དྲན།།
༢)
རི་དེ་རི་མོ་བྲིས་འདྲ།།
སྤྲིན་དེ་སྨུག་པར་འདྲེས་འདུག།
རྟ་ཕོའི་སྒང་གི་ཨ་ཇོ།།
རྩྭ་ཐང་ཁྱོད་ཀྱི་ཡིན་ནམ།།
༣)
རྒྱང་གི་ལྗོན་ཤིང་དག་ཀྱང་དབེན་པར་གནས།།
མདུན་གྱི་མཚོ་མོ་འདི་ཡང་ལྷོད་ཤིག་སེ།།
དཀྱིལ་ཀྱི་རྒད་པོ་ཁྱོད་ཀྱིས་རྩེ་གཅིག་ཏུ།།
ཡང་སྙིང་ཅི་ཞིག་སེམས་པའི་ཀློང་ལ་སྒོམ།།
ཟམ་གདོང་བླ་མས་ལྟ་སྟངས་སྡུག་སྡུག་ཞིག་བྱས་འདུག་གོ། ཡང་བསྐྱར་བོད་རང་བཙན་མིན་པའི་ཡིག་ཆ་ཞིག་རྒྱ་ནག་ལ་སྤྲད་དྲན་ཡོད་ས་རེད།
འདི་ཚོ་གྷན་དྷིའི་ཞབས་ནས་འཐེན་མཁན་རེད། འདི་ཚོ་གྷན་དྷིའི་ཞལ་འབག་འཚོང་མཁན་རེད། འདི་ཚོའི་གྷན་དྷིའི་སྐལ་བ་བཟའ་མཁན་རེད། འདི་ཚོ་་་་་་་་་་་་་་་་་་་།
བླ་མ་བློ་བཟང་ཁོང་ལ་གནོང་ཞིག་མཆིས། གན་དྷིའི་གདམ་པ་ཤོར་བའི་གནོང་ཞིག་མཆིས། གན་དྷིའི་ཞལ་རས་དེ་ལའང་གདང་ཞིག་མཆིས། ཐུགས་ལ་བབས་པོ་མེད་པའི་གདང་ཞིག་མཆིས།
རྒྱབ་ཀྱི་ལྗོན་ཤིང་གང་འདྲ་ཡིན་ན་ཡིན། འདུན་གྱི་མཚོ་མོ་ལྷོད་དང་མ་ལྷོད་མེད། རྩེ་གཅིག་མི་རྒན་ང་ཡི་སྒོམ་རྒྱུ་ནི། ཨ་སྒོར་ཡུ་སྒོར་ཅི་ཡི་ཆར་ཆེན་ཡིན།
དམ་པས་དམ་པ་བཀུར་བ་དང། བླུན་པོས་བླུན་པོར་བསྟོད་པ་གཉིས།
ས་དང་གནམ་གྱི་ཁྱད་པར་སྟེ། ངུ་མ་དགོད་ཀྱི་ཟློས་གར་ཡིན།
ང་ཚོའི་མི་རབས་སྔོན་མ་ཚོའི་འཇིག་རྟེན་ལྟ་ཚུལ་(World view)དེ་ཕལ་ཆེར་གཅིག་ཡིན། ང་ཚོའི་མི་རབས་འདིའི་འཇིག་རྟེན་ལྟ་ཚུལ་གཅིག་མིན། སྣ་ཚོགས་པ་ཡིན། དེས་ན། ཟམ་གདོང་རིན་པོ་ཆེའི་མི་ཚེ་ལ་ཡང་བལྟ་སྟངས་སྣ་ཚོགས་ཡོང་ཆོག་པ་དང་སྲིད་པ་ཞིག་རེད།
ང་ཚོས་ཐམས་ཅད་མཁྱེན་པ་དང་སྐྱོན་ཀུན་ཟད་ཟེར་བའི་ལྟ་ཚུལ་དེ་ཕར་བཞག་ནས། གནད་དོན་བྱེ་བྲག་པ་རེ་རེའི་སྒང་ནས་དཔྱད་པ་བྱེད་ཐུབ་ན་ཡག
གང་ཞིག་ལྐོག་གྱུར་དང་གསལ་ཁ་མེད་པའི་རིགས་ལ་བརྟག་དཔྱད་ཟེར་བ་དེ་གལ་ཆེ། ཡིན་ན་ཡང་གསུང་དྲོན་པོ་ཡི་གེ་ནག་པོས་ཡོད་པ་དག་ལ་དེ་ལས་འདས་པའི་དཔྱོད་རྒྱུ་མེད། གལ་ཏེ་ཡོད་པར་འདོད་ན་དེ་ཐམས་ཅད་མཁྱེན་པ་ཟེར་བའི་སྤྲོད་ཡུལ་དང་བགོ་སྐལ་དུ་འགྱུར།
གསུང་དྲོན་མོ་ཡི་གེ་ནག་པོས་ཡོད་པ་དག་ལ་དེ་ལས་འདས་པའི་དཔྱོད་རྒྱུ་མེད་ཟེར་བ་འདི་དད་པའི་སྐད་ཆ་རེད། དད་པ་ཅན་ལ་མེད་པ་ནི་ཞིབ་འཇུག་དང་དོགས་འདྲི་གཉིས་རེད།
ད་མི་རྩོད། ཁྱེད་རང་དད་པའི་ལམ་དེར་ཞུགས། གུས་བ་ཞིབ་འཇུག་གི་ལམ་དེར་ཞུགས་ཟིན།
འུ་གཉིས་འགྲོ་ས་ཁ་ཁ་རེད།
རྒན་ཆབ་བྲག་ལ་འོག་གི་སྙན་ངག་འདི་ཕུལ་ཡོད།
སྔོན་ཆད་འབྲོག་ལྡང་དྲང་མོ་མདའ་འདྲ་ཞིག།
བར་དུ་རིག་གནས་ཕྱོགས་ལ་བརྩོན་མཁན་ཞིག།
རྗེས་སུ་སྤྱི་འཐུས་མིང་རོ་འཁུར་མཁན་ཞིག།
དེང་སང་ཆབ་སྲིད་ཕྱོགས་ལ་དགའ་མཁན་ཞིག།
རྗེས་སུ་མཇལ་ཡོང་།
སྲིད་དོན་མི་ཤེས་སྲིད་ལ་ཞུགས་དགོས་འདི། དགའ་ནི་མ་ཡིན་ལས་ཀྱིས་བསྐོས་་པ་རེད། ལས་དབང་ངན་ནས་ཐོབ་ཐང་ཤོར་བ་རེད།
གལ་ཏེ་སྲིད་ཀྱི་ཐོབ་ཐང་མ་རྩོད་ན། རྩོམ་འབྲིའི་རང་དབང་ཟེར་བ་གང་ན་ཡོད། ཐ་ན་རིག་གནས་རང་དབང་དེ་ཡང་དཀའ།
གཞན་གྱིས་བལྟས་ན་ང་ནི་འགྱུར་བ་འདྲ། དྲང་ནས་འཁྱོག་དང་དཀར་ནས་ནག་པོ་རུ། ང་ཡིས་བསམ་ན་ང་ནི་སྔར་ལས་ཀྱང། དྲང་ལ་བརྟན་པའི་སྐྱེས་བུ་ཆེན་པོ་ཞིག ཧཧཧཧཧཧཧཧཧ
ངེད་གཉིས་དངོས་སུ་ཐུག་མ་མྱོང་། ཇ་ཞིག་ཀྱང་མཉམ་དུ་འཐུང་མ་མྱོང་། འོན་ཀྱང་། ཁྱོད་ཀྱི་བྲིས་རྩོམ་ཁག་ངས་བཀླགས་མྱོང་། ཁྱོད་ཀྱི་སློབ་མ་དང་གྲོགས་པོ་ཚོའི་ནང་ན་ངའི་གྲོགས་པོ་ཡིན་པ་ཡང་མང་།
ཁྱོད་མི་དྲང་མོ་ཞིག་ཡིན་པར་ང་ཡིད་ཆེས་ཡོད། ཡིན་ན་ཡང་། ཁྱོད་ཀྱིས་དྲང་བདེན་སྐྱོང་ཐུབ་མིན་ངས་མི་ཤེས། ངའི་རེ་བར། ཁྱོད་ཀྱང་རིག་གནས་བ་གཤའ་མ་ཞིག་ཆགས་ན་བསམ་པ་དེ་ཡིན། ཆབ་སྲིད་ཟེར་བ་འདི་འུ་ཚོས་ལས་རྒྱུ་ཞིག་དང་ལས་ན་གྲུབ་འབྲས་ཡོད་པ་ཞིག་ཡིན་མིན་ཡང་བརྗོད་དཀའ།
བཙན་བྱོལ་དུ། འུ་ཚོས་ཆབ་སྲིད་ལས་ནས་བོད་ལ་ཕན་ཐོགས་སྒྲུབ་ཐུབ་གི་རེད་བསམ་པའི་ཡིད་ཆེས་དེ་ང་ལ་མེད། ཆབ་སྲིད་ཀྱི་ཕྱོགས་ནས་འུ་ཚོས་ན་ནིང་བརྩིགས་པ་དེ་ཚོ་ལོ་རྗེས་མར་ས་ལ་འགྱེད་སྲིད་། འོན་ཀྱང་། འུ་ཚོས་རིག་གནས་ཀྱི་ཕྱོགས་ནས་ལས་རྒྱུ་ཧ་ཅང་མང་། ཅི་ཙམ་ལས་བ་དེ་ཚོ་མི་རབས་ནས་མི་རབས་ལ་གནས་གི་རེད།
དེ་ཙམ་ཞུ།
བོད་རྒྱ་དབྱིན་གསུམ་ལ་མཁས་པ་ཉམ་ཆུང་།།
དྷ་སའི་རི་ངོགས་ཀྱི་མྱི་རྒན་གསོན་པོ།།
གངས་ཅན་སྐྱིད་གཞུང་གི་རྒྱ་སྟག་ངར་མ།།
ཟམ་གདོང་བླ་མ་ལ་སུ་ཡིས་འགྲན་ཕོག།
དཀར་པོའི་ངོས་ལ་ནག་པོས་ཡི་གེ་བཏབ། འགྱུར་མེད་དམ་བཅའ་ཐམ་གས་རྒྱའི་གདབས།
བོད་རིགས་འཆི་ལམ་འདེད་པའི་མདའ་མོ་ཞིག། དམར་པོ་རྒྱ་གཞུང་སྤྲད་པ་ཡིད་རེ་སྐྱོ།
གྷན་དྷེའི་རྗེས་སྙེག་འདོད་ཅང་བང་ཁ་ཐུང། ཞི་བདེའི་ལམ་བུ་བགྲོད་ཀྱང་ལམ་ནོར་ཐེབས།
མགོ་འདོག་དགྲ་ལ་ཞུས་ཀྱང་དང་མ་བླངས། ཕུ་ནུ་བློ་སེམས་སྒྲིལ་བའི་འབྲེལ་ཐག་བཅད།
ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་དང།
བཙན་འབྱོར་གཞུང་གའི་དབུ་མའི་ལམ་ཆེན་སོགས།
བོད་པར་རེ་བ་བརྒྱབ་སའི་གཞི་རྩ་འི་རྒྱུ།
རྒྱ་མིས་དྭོགས་པ་ས་ཟ་སའི་འབྱུང་གནས་སོ།
རྒྱལ་བའི་གསུངས་པའི་དབུ་མའི་ལམ་ཆེན་དེ།
མཁས་དབང་སོ་སོས་འགྲེལ་བཤད་སྣ་ཚོགས་བྱུང།
ཟམ་གདོང་བླ་མས་སྐད་གསུམ་བརྡ་ཐོག་ནས།
ཙི་ཙི་རྔ་ལྟར་ཕྲ་རུ་ཕྲ་རུ་གཏང།