འཇིགས་མེད་ནུབ་པ།
༡)
དགོན་པའི་ནང་ན་ཁྱོད་ནི་བླ་ཆེན་ཞིག།
ཁྲོམ་གྱི་དཀྱིལ་ན་ཁྱོད་ནི་ཕོ་གསར་ཞིག།
ཆོས་དང་འཇིག་རྟེན་འདྲེས་བའི་འགག་མདོ་དེར།།
ཁྱོད་འདི་གང་གི་རྗེས་འཇུག་གང་ལ་གཏོགས།།
༢)
རིན་བྲལ་གོས་དེ་ཁྱོད་ལ་གཡོགས།།
དད་པའི་ཕྱག་དེ་ཁྱོད་ལ་འཚལ།།
སེམས་ཀྱི་སྨོན་ལམ་ཁྱོད་ལ་བཏབས།།
ཁྱོད་ཀྱིས་ནམ་ཞིག་གསུང་འབྱོན་ནམ།།
༣)
མཁས་པ་སྟོང་ཕྲག་སྔར་ནས་བྱོན།།
དེ་ཚོས་གླེགས་བམ་རི་ལྟར་བརྩིགས།།
ང་ཚོས་གནའ་ནས་ད་བར་བཀླགས།།
འོན་ཀྱང་ཚར་རྒྱུ་མེད་འདི་ཅི།།
གོ་རྒྱུ་ཡོད་པའི་སྙན་ངག་ཅིག
མཇལ་རྒྱུ་ཡོད་པའི་ཁ་བརྡའི་ནང་།
མཐོང་རྒྱུ་ཡོད་པའི་སྐུ་དཔར་གསུམ།
ཁོ་བོས་ཡང་ཡང་ལྟ་བར་ཐལ།
འདུས་བྱུང་ཕུན་ཚོགས་ཚེ་རིང་ལགས་ནས་ཡང་ཡང་བལྟ་རྒྱུ་བྱུང་བར་གུས་བའི་གློ་བ་དགའ།
ཉེ་སྔོན་ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་ནས་ཐུག་འཕྲད་བྱུང་བ་སྤྲོ། རྗེས་སུ་ཡང་བསྐྱར་མཇལ་བའི་རེ་བ་ཆེ།
གོང་གི་བླ་མའི་མིང་ཅན་དེ་ལ་ཆ་ལུགས་ཡ་མ་བརླ་སྟོན་རྒྱུ་མང་གི མྱི་འདི་ལྟ་བུའི་སངས་རྒྱས་ཆོས་ལུགས་ལ་ཕན་གྱི་ཡོད་དམ་གནོད་ཀྱི་ཡོད་རེད། ངོ་དེབ་སོགས་ཀྱི་ངོས་སུ་ད་དུང་འདི་ལས་ལྷག་པའི་པར་མང་གི
ཁོང་རྗོང་གསར་མཁྱེན་བརྩེ་རེད། བཀའ་འགྱུར་བསྟན་འགྱུར་དབྱིན་འགྱུར་བྱེད་རྒྱུའི་ལས་འཆར་ཆེན་པོ་དེའི་འགན་འཛིན་ཡང་ཁོང་རེད། ཁོང་ནི་ཆོས་ལུགས་པ་དང་གློག་བརྙན་འཁྲབ་འཁྲིད་པ། རི་མོ་བ་བཅས་ཀྱང་རེད།