འཇིགས་མེད་ནུབ་པ།
༡)
ལས་དབང་ཞིག་གིས་ཨ་ཕ་ས་མཐར་བསྐྲད་།།
དེ་ལ་སྐྱོ་ཤས་ཙམ་ལས་ཅི་ཞིག་སྒོམ།།
འོན་ཀྱང་མེས་པོའི་གསལ་བཤད་སུམ་ཅུ་འདི།།
ཨ་ཕས་བུ་ཆུང་ཁྱོད་ཀྱི་རྒྱུད་ལ་འཇོག།
༢)
སྨད་ཀྱི་ཐང་གཞོང་ང་ཚོའི་མངའ་ཐང་ཡིན།།
ཅང་ཤེས་རྟ་ཕོ་ང་ཚོའི་འགྲུལ་གྲོགས་ཡིན།།
གནམ་ས་མདུན་ལ་བླངས་པའི་ས་སྒང་འདིར།།
ང་ཚོས་འདི་ལྟར་མི་ཚེའི་གཏམ་རྒྱུད་གླེང་།།
༣)
ཁྱོད་ཀྱི་རྟ་ཕོའི་རྨུག་པས་གསེར་ཆེན་བརྫིས།།
ཁོང་གི་འཕྲུལ་རྟ་དེ་ཡིས་རྐང་ལམ་བཤགས།།
རི་འདབས་གང་སར་བཀྲམས་པའི་ནོར་ནག་ཚོའི།།
རྫི་བོ་རྟ་ཕོ་རེད་དམ་འཕྲུལ་རྟ་རེད་།།
(པར་བདག དཔལ་ལྡན་རྒྱལ།)
རང་གི་དྲན་སྣང་ཧ་ཅང་ལེགས་པོ་ཞིག་བྲིས་འདུག
ངོ་མས་བྲོ་བ་ཞིམ་གི
བཟང་གི་
ཧྲ་ཀི
འོན་ཏང་པར་ཚོད་ཀྱི་སྙག་ངག་ཅིག་བྲིས་མི་འདུག སྐྱོ་བ་ལ།
སྙན་ངག་ལ་བཅོས་རོགས།
འདྲ་པར་གསུམ་པ་དེས་ང་ཕྱིར་དྲན་གྱི་ཀློང་ཞིག་ལ་འཁྲིད་སོང་། ཨ་་་་ངའི་ཕ་ས་ཕ་ཡུལ་་་
བུ་ཆུང་ནི་སྦྱོང་།
ཕ་རྒན་ནི་སློབ།
དཔལ་ལྡན་ནི་རྒྱ།
སློབ་དཔོན་ནི་གདའ།
གྱང་ངོས་ནི་བྲིས།
ཡི་གེའི་ནི་གཙོག
འབྲི་མཁན་ནི་སུ།
དཔལ་ལྡན་ནི་རྒྱ།
མིན་པའི་ནི་སྨོན།
རྨ་ཆུ་འཐུང་བའི་དཔལ་ལྡན་འདིས།
རྨ་ཆུར་རིང་བའི་ས་མཐའ་ནས།
རྨ་ཕྲུག་ཞི་ལིར་མཐོ་སྒང་གི།
ཀའ་ཁའ་གའ་ངའི་ཨ་སྐད་ཁྲིད།
ཡག་པོ་འདུག
སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ཀྱིས་རང་གི་བུ་ལ་བོད་ཡིག་སློབ་ཁྲིད་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།དེ་ན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཕ་མས་སོ་སོའི་གཅེས་ཕྲུག་ཚོར་བོད་སློབ་ཁྲིད་བྱེད་ཐུབ་ན་དཔེ་མི་སྲིད་པའི་ཡག་པོ་འདུག
པར་རིས་དང་པོ་མཐོང་དུས། །
སྙིང་རླུང་སྟོད་ལ་འཚང་བགྱིད། །
པར་རིས་གཉིས་པ་མཐོང་དུས། །
སྙིང་རླུང་གཏིང་ནས་སངས་བགྱིད། །
པར་རིས་གསུམ་པ་མཐོང་དུས། །
སྔར་གྱི་བདེ་སྐྱིད་དྲན་བགྱིད། །
པར་རིས་བཞི་པའི་ནང་ལ། །
ད་དུང་ག་རེ་ཡོད་དམ། །
དབྱུག་རྟེན་དེས། བུ་ཆུང་མགོ་ལ་མ་གླན་ན་ཡག་པོ་རེད།
རྟ་རྒན་དེ་ལ། སྙིང་རྗེ་མེད་པའི་འོབ་རྡིག་ཤུགས་ཆེན་མ་བྱས་ན་འོ་ཙམ་རེད།
དྲ་གྲོགས་ཚོས་པར་བཏབ་སྙན་ངག་འདི་ལ་དོ་སྣང་མཛད་པར་བཀའ་དྲིན་ཆེ། ཁྱེད་ཚོར་འདྲ་པར་ཡག་མོ་དེ་འདྲ་ཡོད་ཚེ་གུས་བར་བསྐུར་རོགས།
ངེད་ཀྱི་གློག་འཕྲིན་jigmeynubpa@gmail.com ཡིན།
ཁྱོད་ཀྱིས་ཡོད་ཚད་བུའི་ཆེད་དུ་བློ་གཏོང་གནང་བའི་རྗེས་སུ་ཡི་རང་དང་ང་རང་ཡང་་ཉིན་མ་ད་ནས་བཟུང་ནས་ངའི་ཕ་མེས་ཀྱིས་རྩིས་སྤྲོད་གནང་བའི་ངའི་ཤ་ཁྲག་རུས་གསུམ་དང་གཤིས་སྤྱོད་ལྟ་གསུམ་དང་འགྲོ་ཆགས་ཉལ་གསུམ་གྱི་ཕ་བཟང་གི་སྤྱོད་ལམ་རྣམས་བུའི་རྒྱུད་ལ་འཇོག་ཨེ་ཐུབ་ལྟས་ངེས་ཡིན།
དཔལ་ལྡན་ལགས། ཁྱོད་ལ་མ་འོངས་པའི་ཕ་མ་གཏོག་མ་འོངས་པའི་མ་སྐྱེས་མེད་པ་འདྲ། གལ་ཏེ་ལས་དབང་གིས་ཁྱོད་ལ་བུ་མོ་ཞིག་གནང་ཡོད་ན་དེ་ལ་ཀ་མད་གསུམ་ཅུ་བསློབས་པའི་རེ་བར་ཡོད།