འཇིགས་མེད་ནུབ་པ།
༡)
འཁོར་བ་རྒྱབ་ལ་བཞག་ཡོད།།
དགོན་པ་མདུན་ལ་བླངས་ཡོད།།
དད་པས་རྒྱབ་རྟེན་བྱས་ཡོད།།
དམར་པོ་གོས་སུ་གྱོན་ཡོད།།
༢)
ཁྱེད་ཅག་ཕྱི་ནས་ཁ་བས་མནན།།
ཁྱེད་ཅག་ནང་ནས་དད་པས་བཏུམས།
གྲྭ་ཤག་གྲངས་མེད་བརྩིགས་པ་འདི།།
དད་པ་གྲངས་མེད་སྤུངས་དང་མཚུངས།།
༣)
ཁྱེད་ཚོ་དགོན་པར་བརྫངས་མཁན་སུ་ཡིན་ནམ།།
ཁྱེད་ཚོ་མགོ་རུལ་བཟོ་མཁན་སུ་ཡིན་ནམ།།
ཁྱེད་ཚོར་དམར་པོ་གཡོགས་མཁན་སུ་ཡིན་ནམ།།
དོན་དམ་ཁྱེད་ཅག་གྲྭ་བ་བྱེད་འདོད་དམ།།
ཟུར་མཆན།
པར་བདག་དང་པོ། Jamin Lee
པར་བདག་གཉིས་པ། Jun Park
པར་བདག་གསུམ་པ། Reinhard Krause
༡༽
ཆབ་སྲིད་རྒྱབ་ལ་བཞག་ཡོད། །
ལ་རྒྱ་མདུན་ལ་བླངས་ཡོད། །
སློབ་གཉེར་རྒྱབ་རྟེན་བྱས་ཡོད། །
གདོང་དམར་ཆོས་ལ་བཀོད་ཡོད། །
༢༽
ཁ་བས་ཕྱི་ནས་མནན་འདུག །
སྡོམ་ཁྲིམས་ནང་ནས་མནན་ཤག །
གྲྭ་ཤག་མང་པོ་བརྩིགས་པས། །
གྲྭ་གྲངས་འཕེལ་བའི་རྟགས་སམ། །
༣༽
དགོན་པར་བཅུག་མཁན་སུ་རེད། །
མགོ་རིལ་བཟོ་མཁན་སུ་རེད། །
གོས་དམར་གཡོག་མཁན་སུ་རེད། །
ལྷམ་དཀར་ཉོ་མཁན་སུ་རེད། །
དད་པའི་འགལ་ཟླར་ལངས་ཀྱིན་ཡོད་པ་འདྲ་སེ་འདུག
ངའི་མཆན་བུ་གསུམ་པོ་དེ་ཚོ་་་་་་་་
པར་བཏབ་སྙན་ངག་ཟེར་ན་་་་པར་དང་སྙན་དང་ཡང་མ་རེད། བར་ཏུ་བཏབ་པའི་སྙན་ངག་ཀྱང་མ་རེད། འདིི་ག་རེ་ཡིན་ནམ།
༡༽ འཁོར་བ་རྒྱབ་ལ་བཞག་ཡོད་ན།
༢༽ གྲྭ་ཁང་འདི་ཚོས་ཅི་ཞིག་བྱ།
༣༽ལག་གི་ཟ་བཏུང་ཅི་ལ་འཛིན།
གོས་དམར་ཅན་གྱིས་བསམ་བློ་ཐོང་།
གར་ཞའི་ཆོས་པ་གཅིག་གིས། ཁོང་རང་རྒན་ཆོས་བྱས་པས། ཁོང་གིས་ང་ལ། ངས་འཁོར་བ་སྤངས་པ་ཡིན་ཟེར།
ཅིག་གིས་དགོས་པའི་པར་རྣམས་བརྒྱབ། །
ཅིག་གིས་དགོས་པའི་པར་རྣམས་བཀྲམས། །
ཅིག་གིས་ཁ་བརྡ་དྲྭ་བར་བཅུག །
ཅིག་གིས་པར་འདེབས་སྙན་དངགས་བྲིས། །
གོང་དུ་དྲ་གྲོགས་ཤིག་གིས་དོགས་འདྲི་གནང་འདུག དེ་ལ་ལན་གཤམ་གྱི་འདི་ཡིན།
དང་པོ།
འདི་ལ་པར་བཏབ་སྙན་ངག་ཟེར་ནས་མིང་བཏགས་ཡོད། པར་ལ་བཏབ་པའི་སྙན་ངག བརྗོད་སྟངས་གཞན་ཞིག་བྱས་ན། པར་ལ་བལྟས་ནས་བྲིས་བའི་སྙན་ངག་ཟེར་བ་ལྟ་བུ་རེད།
གཉིས་པ།
ངེད་ཀྱིས་པར་བཏབ་སྙན་ངག་འབྲི་སྟངས་ལ་རིམ་པ་གསུམ་གཙོར་བཟུང་བྱས་ཡོད།
༡) འདྲ་པར་དེ་མཐོང་བ་དང་སོ་སོར་ཚོར་བ་དང་ཡིད་འགྱུར། བསམ་བློ་སོགས་ཅི་ཞིག་བྱུང་བ་དེ་གཙོ་བོར་བཞག་ནས་སྙན་ངག་དེ་འབྲི་གི་ཡོད།
༢) འདྲ་པར་དེ་མཐོང་བ་དང་མི་གཞན་གྱིས་འདྲ་པར་དེའི་སྐོར་ལ་ཅི་ཞིག་ཚོར་བ་གྱི་ཡོད་མེད་དང་བསམ་གྱིན་ཡོད་མེད་ཀྱི་རྣམ་རྟོག་དེ་གཙོ་བོར་བཞག་ནས་སྙན་ངག་དེ་འབྲི་གི་ཡོད་།
༣) འདྲ་པར་དེ་མཐོང་བ་དང་འདྲ་པར་རང་སྟེང་ན་ཅི་ཞིག་མངོན་ཡོད་པ་གཙོ་བོར་བཟུང་ནས་སྙན་ངག་དེ་འབྲི་གི་ཡོད།
གོང་གི་བལྟ་སྟངས་འདི་གསུམ་གྱི་གང་རུང་ཞིག་གཙོ་བོར་བཟུང་ནས་ངས་པར་བཏབ་སྙན་ངག་འབྲི་གིན་ཡོད།
གསུམ།
རྩོམ་པ་པོ་དང་སྙན་ངག་པ་ཞིག་གི་ངོས་ནས་བལྟས་ན། མི་ཚེ་འདིའི་ལས་དོན་མང་པོ་ཞིག་ཚོད་ལྟ་ཙམ་རེད། དེར་བརྟེན། ང་ལ་མཚོན་ན་པར་བཏབ་སྙན་ངག་འདི་ཡང་ཚོད་ལྟ་ཙམ་ཡིན།
བཞི།
ད་ཕན་ངེད་ཀྱིས་བྲིས་བའི་པར་བཏབ་སྙན་ངག་ཁོངས་ནས་འགའ་ཤས་སྒྱུ་རྩལ་འགྲེམས་སྟོན་དེ་འདྲར་ཡང་སླེབས་ནས་ཡོད། དེ་ཡང་ཚོད་ལྟ་ཙམ་ཡིན།
དེ་ཙམ་ཞུ།
འཁོར་བའི་ནང་དུ་བཞུགས་འདུག།
དགོན་པ་རྒྱབ་ཏུ་བསྐྱུར་གྲབས།
དད་འཚོར་རྒྱབ་རྟེན་བཅོལ་ཡོད།
གོས་དམར་རྟགས་ཙམ་འཛིན་ཡོད།
ཁ་བས་ཕྱི་ནས་མནན་ཤག།
སྡོམ་པས་ནང་ནས་བཙུར་འདུག།
གྲྭ་ཤག་འཚང་ཁ་ཤིག་ཤིག།
གྲོང་འཁྱེར་ལས་ཀྱང་དོག་ག།
བསམ་མེད་བྱིས་པ་དགོན་པར་བརྫངས་མཁན་སུ་རེད།
བསམ་མེད་བྱིས་པ་མགོ་རིལ་བཟོ་མཁན་སུ་རེད།
བསམ་མེད་བྱིས་པའི་རྐུབ་དང་བརླ་བར་བླུགས་མཁན་སུ་རེད།
འདི་ཚོ་བསམ་ན་ཁྱེད་ཅག་གྲྭ་པ་བྱེད་འདོད་དམ།
གྲྭ་རྒན་ཕོ་རྒྱོ་རྒྱག་མཁན་ཁོ་ཚོ་མིན་ན་སུ་ཡིན།
མི་ལོ་༣༢༠༠་ཙམ་ཕྱིན་པའི་བོད་མཐོ་སྒང་གི་གདོད་མའི་ནས་འབྲུའི་ས་བོན་རྙིང་པ་གསར་རྙེད་བྱུང་བཞག རྙེད་སའི་ས་ཆ་དེ་ནི་གཞིས་ཀ་རྩེའི་ལྷ་རྩེ་རྫོང་གི་Kuoxiong ruins་་ནས་ཡིན་པར་བཤད། །
རྒྱས་པ་གཟིགས་འདོད་ན་འདིར་འདུག་གོ །
http://eng.tibet.cn/2012sy/xw/201405/t20140508_1993947.html
མི་ལོ་༣༢༠༠་ཙམ་ཕྱིན་པའི་བོད་མཐོ་སྒང་གི་གདོད་མའི་ནས་འབྲུའི་ས་བོན་རྙིང་པ་གསར་རྙེད་བྱུང་བཞག་ཨེ།
འདུ་རྫི་རྒྱབ་ཏུ་བསྐྱུར་ནས། །
དགོན་པ་དང་དུ་བླངས་ཀྱང་། །
ཞབས་ལ་དཀར་ནག་ལྷམ་གྱོན། །
མགོ་རིལ་མཐོང་དུས་དད་དམ། །
དུས་རབས་ཉེར་གཅིག་གྲྭ་བཙུན་ནི། །
གྲྭ་བཙུན་ཤེས་རིག་གཉིས་ལྡན་དང་། །
ཕྱི་གཙང་ནང་གཙང་མཐོང་དུས་ནས། །
མི་དད་མི་ཞིག་སུ་ཞིག་ཡོད། །
བོན་པོ་ལགས། མི་ལོ་སུམ་སྟོང་གོང་གི་བོད་མི་ནི་རྔ་མ་ཆད་མ་ཐག་པའི་སྤྲ་སྤྲེལ་ཁྱུ་གཅིག་རེད། གྲོ་ནས་སྲན་མ་སོགས་འདེབས་ལས་བྱེད་ཤེས་ཀི་མ་རེད། ནས་ཀྱི་ས་བོན་ག་འདྲ་ཡིན་ནམ། ཧཧཧཧཧཧ།
བོད་རིགས་རྣམས། ཕ་སྤྲེའུམ། མ་བྲག་སྲིན་མོའམ། བྲག་སྤྲ་མོ་གཉིས་ལས། སྤྲེལ་ཕྲུག་ལས་བོད་རིགས་རྣམས་མཆེད་པ་ནི། ཚན་རིག་དང་མཐུན་ཡང་་་་་་་་་ ་་་་་་་་་་
མི་ལོ་གསུམ་སྟོང་ཙམ་མ་ཟད། མི་ལོ་ས་ཡ་གསུམ་ཡང་། མི་རིགས་འདི། སྤྲ་མི་ལས་མཆེད་སྟངས་དང་བསྟུན་ན། དུས་ཡུན་ཐུང་ཐུང་ཅིག་ཡིན་པ་འདྲ།
ཕ་སྤྲེལ་རྒན་དང་། མ་སྤྲ་མོའི་སྐོར་དང་འདྲ་བ་འདི་ན་འདུག བསྣུན་ནས་གཟིགས་དང་།
http://www.youtube.com/watch?v=BHbJ1Wv9zsw
ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་རྗེབཙུན་སྒྲོལ་མའི་སྤྲུལ་པ་ཡིན་པ་དང་། སྤྲེལ་ཕྲུག་དྲུག་ནི་འགྲོ་བ་རིགས་དྲུག་ཏུ་འགྲེལ་པ་ནི། ནང་ཆོས་དང་མཐུན་ཐབས་ཙམ་ལས། དེ་ཡང་མི་སྲིད་པ་གང་ཡང་མ་རེད་སྙམ་ལགས།