འཇིགས་མེད་ནུབ་པ།
༡)
སྐྲ་དང་ཁ་སྤུ་མཉམ་དུ་བསྣོལ།།
རྒས་པའི་མིག་ཟུང་རྒྱང་ལ་ཕྱོགས།།
ཁེར་རྐྱང་ཀློང་གི་རྒད་པོ་ཁྱོས།།
སེམས་ན་ཅི་ཞིག་སྣོག་བཞིན་ཡོད་།།
༢)
ཁྱོད་ཀྱི་དབུ་རྩེ་སྔར་བཞིན་བརྗིད་ཆགས་སེ།།
ཁྱོད་ཀྱི་རི་འདབས་སྔར་བཞིན་ལྷོད་ཤིག་སེ།།
མདུན་ཐང་ཤར་སེ་གཤགས་པའི་གཞུང་ལམ་འདིས།།
ཁྱེད་ཀྱི་ཡིད་ལ་སྡུག་ཅིག་བསྣན་སོང་ངམ།།
༣)
ནམ་མཁའ་དེ་ལ་སྤྲིན་པས་གཡོགས།།
ས་གཞི་དེ་ཡིས་ལྗང་མདོག་བཀླུབས།།
ཁྱེེད་ཅག་ཁུ་སིམ་གནས་བ་འདི་།།
དོན་དམ་ཞི་བདེ་ཡིན་ནམ་ཅི།།
ཟུར་མཆན།
པར་བ། རིག་འབྱུང་དོན་གྲུབ་བཀྲ་ཤིས།
སྙན་ངག་དང་པར་གཉིས་ཀར་སེམས་ཤོར་ཡོད་ལགས་་་
ཁེར་རྐྱང་ཀློང་གི་རྒད་༼པོས་༽ཁྱོས།།
༼ཁེར་རྐྱང་ཀློང་།༽ སྙན་ངག་པ་དེ་ཚོ་ཚིག་དོན་ལ་མི་བཟང་བ་ཞིག་གོ་མྱངས། ད་བྱས་ན་བདེན་པ་ཡིན་པ་འདྲ། ཅི་འདི་མེད་པའི་ཚིག་བཅད་རྐང་ཆག་མ་ཟེར་ན་འདི་འདྲ་ལ་ཟེར་བ་ཡིན་རྒྱུ་རེད། ཧ་ཧ་ཧ་ཧ།
པར་བཏབ་དང་པོར།
སྐྱེ་སྨན་ཕྲུ་གུ་ཟུར་དུ་བཞག །
རྒན་ཡོལ་རོགས་དངུལ་པང་དུ་བླངས། །
དུས་ཚོད་མ་འཁྱོལ་རྐང་འཁོར་བསྐོར། །
རྒས་པའི་མིག་ཟུང་ཕྱོགས་མེད་འཁྱར། །
པར་བཏབ་གཉིས་པར།
གངས་ཅན་སྤྱན་རས་གཟིགས་དབང་ཞིང་ཁམས་སུ། །
ར་ལུག་རྟ་ནོར་རྩ་མེད་བཏང་ཞོར་ལ། །
འཁོར་ལོ་བཞི་ལ་དོ་བསྐྱལ་འདོད་རྔམས་ཀྱིས། །
དུད་ངན་ཀུན་ཁྱབ་ཀུན་གྱི་ཞི་བདེ་དཀྲོགས། །
པར་བཏབ་གསུམ་པར།
ནམ་མཁའ་གཡའ་དག་སྤྲིན་དཀར་ལྡིང་འོག་ཏུ། །
འབྲོག་སའི་སྤང་ལ་ལྗང་མདོག་ཡོད་པ་དང་། །
འབྲོང་གཡག་གང་ཡིན་གསལ་ལ་མི་གསལ་དག །
རྩྭ་ཟ་ཞི་བདེར་ངོམས་པ་ངོ་མཚར་ཆེ། །
པར་དང་སྙན་ངག་གཉིས་ཀ་སྙན་མོ་རེད།
ཁྱོད་ཁྱོད་ཟེར་བ་འདི་ཅུང་བདེ་མོ་མིན་འདུག ཁྱེད་ཟེར་ན་སྙན་པ་འདུག
ལྟོས་དང་། སྙན་ངག་མེ་ལོང་མ་དང་། ཚེ་བརྟན་ཞབས་དྲུང་། དུང་དཀར་བློ་བཟང་འཕྲིན་ལས་བཅས་ཀྱིས་ཁྱེད་ཅེས་དགའ་ཕྱོགས་སྟོན་པ་དང་ཁྱོད་ཅེས་སྡུག་ཕྱོགས་སྟོན་པ་ལྟ་བུ་འདུག
འཇིགས་མེད་ནུབ་པའི་སྙན་ངག་འགའ་ཤས་ནང་ལ་ཁྱོད་ཅེས་རང་གི་དགའ་ཕྱོགས་ལ་འབོད་པ་འདི་ཅུང་གུས་ཞབས་མེད་པ་ལྟ་བུའི་ཚོར་སྣང་བྱུང་། དཔེར་ན། ཁྱོད་དང་གྲོགས་ནས་་་་་་ལྟ་བུ།
བསམ་ཤེས་ལ་སྒྲུང་ཞིག་བཤད་འདོད་སྐྱེས་སོང་། ཉན་འདོད་ཡོད་ན་བཤད་རྒྱུ་ཡིན། ཉོན་ཨ། སྔོན་མ་ཞིག་ལ་ཨ་ནི་ཚུལ་ལྡན་མ་ཞིག་ཡོད་པ་རེད། ཁ་བཏོན་དགེ་སྦྱོར་ལ་གོ་བ་ཉམས་ལེན་རྩེ་གཅིག་དུ་ཨེ་འཁྱོལ་ལྟ་མཁན་ཞིག་ཡིན་པ་རེད། ཉིན་ཞིག་ཆོས་དཔེ་ཞིག་ཀློག་པའི་སྐབས་ལ། ཚིག་འབྲུ་འདི་འདྲ་ཞིག་མིག་སྔར་ལ་ཐོན་པ་རེད། ཁྱོད་ནི་བླ་མ། ཁྱོད་ནི་ཡིད་དམ། ཁྱོད་ནི་དཀོན་མཆོག་་་་་་་་་། “ཨོ་ཙི་ལ། དེ་འདྲ་ནི་གང་ཡོང་། གུས་ཞབས་མེད་པ་འདི་འདྲ།” མོའི་སྣང་བར་རྩ་ནས་མ་སོང་བས། ཉིན་དེ་ནས་བཟུང་། མོས་མོའི་ཁ་འདོན་སྐབས། མོས་གུས་དད་གསུམ་རྩེ་གཅིག་དུ་བཟུང་ནས། གོང་གི་གུས་ཞབས་མེད་པའི་ཚིག་དེ་ཚོ། འདི་འདྲ་ཞིག་ལ་བཅས་བ་རེད། “སྐུ་ཞབས་བླ་མ། སྐུ་ཞབས་ཡིད་དམ། སྐུ་ཞབས་དཀོན་མཆོག་་་་་་་་།” ཧ་ཧ་ཧ། གང་འདྲ་ཞིག་འདུག། རྒོད་ཞིག་སློང་ཐུབ་སོང་ངམ།
གནམ་ལགས།
བགོད་ཞིག་སློང་ཐུབ་མ་སོང་རུང་། ངའི་ང་རྒྱལ་འདི་བཅོམས་པར་ཤིན་དུ་ཕན་སོང་། ཁྱེད་བདེན་པ་རེད། ཁྱོད་ཅེས་པ་འདི་ཡར་དཀོན་མཆོག་ལ་བཀོལ་བ་དམར་དམར་རྗེན་རྗེན་ཤེས་སོང་། ཡིན་ནའང་། དངོས་ཡོད་འཚོ་བའི་ནང་ལ། རྒྱལ་བ་རིན་པོ་ཆེར་ཁྱོད་ཅེས་འབོད་ཐུབ་ཀྱི་མིན་འདུག འོན་ཀྱང་་དོལ་རྒྱལ་བ་ཚོར། ལྟས་ངན་ཁྱོད་ཚོ་ཞེས་འབོད་དུས་དཀའ་ངལ་མིན་འདུག ཁྱད་མཚར་འདི་རྒྱུ་མཚན་ཤེས་མ་སོང་།
བགོད་དེ་དགོད་ལ་བཅོས་རོགས།
རྒོད་ཞིག་བརྩངས་མ་ཐུབ་པ་ལ་བློ་ཕམ་ཡོད། འདིའི་ཅི་ཞིག་བསྟན་པ་རེད་ཟེར་ན། གནམ་ངའི་ངག་གི་ཚིག་བརྡ་འདི་ཚོ། ཡིག་བརྡ་ལ་སྦྱོར་མ་ཐུབ་པར་ལྐུག་བརྡ་ལ་ལོག་སོང་བ་ཡིན་པས། ང་དང་ངའི་ཕ་སྐད་གཉིས་ལ་མདུན་ལམ་ཞིག་ཡོད་མེད་ལ་སེམས་ཁུར་ཞིག་སླེབས་སོང་། ད་ཅི་བྱེད། བསམ་ཤེས་ལགས། ཁྱོད་ཅིག་རྒོད་དང་། ངའི་སྐེ། ཧ་ཧ་ཧ།
འོ་གནམ་ལགས།
དག་ཡིག་ནང་ལ་འདི་འདྲ་བྲིས་འདུག
ཁྱེད།
1. ཁྱོད་ཀྱི་ཞེ་ས་སྟེ།
དཔེར་ན། ཁྱེད་གང་ལ་ཕེབས། ཁྱེད་རང་སྐུ་གཟུགས་བདེ་མོ་ཡིན་ནམ་ལྟ་བུ།
དང་པོ།
དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ། ཁྱེད་ནི་ཁྱོད་ཀྱི་ཞེ་ས་ཡིན་ཞེས་བྲིས་འདུག་པ་བསམ་ཤེས་ཁྱོད་བདེན།
གཉིས་པ།
བསམ་ཤེས་ཁྱོད་ལ་(ཁྱོད་།) ཅུང་བདེ་མོ་མིན་པ་དེ་ཡང་ཁག་མི་འདུག འོན་ཀྱང་། ང་སྒེར་གྱིས་བདེ་མི་བདེ་དང་དགའ་མི་དགའ། གུས་ཞབས་ཡོད་མེད་སོགས་གཙོ་བོར་འཛིན་གྱི་མེད་། དོན་སྟོན་ཐུབ་མིན་དེ་གཙོ་བོར་འཛིན་གྱི་ཡོད་། ངེད་ཀྱིས་གང་བྲིས་བ་དེར་གོ་བ་ནི་བསམ་ཤེས་ལགས་ཀྱིས་ཀྱང་རྙེད་འདུག ཞེ་ས་བེད་སྤྱོད་བཏང་ཡོད་མེད་དེས་ཅུང་མི་བདེ་བ་བྱུང་བ་འདྲ།
གསུམ།
དྲ་འབུ་གནམ་གྱི་མཚར་གཏམ་དེ་གད་མོ་ཤོར་བ་ཞིག་འདུག
འཇིགས་མེད་ནུབ་པས།
འཇིགས་མེད་ནུབ་པ་ལགས། ཁྱེད་ཀྱི་རང་དབང་དེ་བེད་སྤྱོད་གཏོང་རྐྱང་གྱིས་ཤིག གང་འདོད་པ་ཡོད་པ་འདི་ཕྲིས་ཤིག སྙན་ངག་སྙན་མོ་འདུག ཚོར་བ་ཡག་པོ་ཡོང་གི་འདུག