འཇིགས་མེད་ནུབ་པ།
རྩག་སྐྱའི་ནང་གི་འབྲོག་ལྡང་།།
མི་གཤིས་གདོད་མ་ཅན་པོ།།
པར་ཆས་མཆུ་ཏོ་ཅན་པོར།།
མིག་ཟུང་དོགས་པ་ཨེ་རེད།།
སྔར་གྱི་ཐང་གཞོངས་ཡངས་མོར།།
གྲོང་དང་གྲོང་ཁྱེར་བརྡལ་འདུག།
སེམས་ཀྱི་རྟ་ནོར་ལུག་གསུམ།།
སུ་ཡིས་གང་དུ་དེད་སོང་།།
བྲག་རི་གནམ་ལ་ཟུག་པ།།
སྨུག་ཞགས་ཐང་ལ་བརྡལ་བ།།
ནོར་ནག་ལྡང་ལ་སྦྲེལ་བ།།
བདག་པོ་བུ་ཆུང་ཨེ་རེད།།
རྒྱང་གི་རི་རྒྱུད་ལྷུན་པོ།།
སྤྲིན་དང་སྨུག་པར་འདྲེས་འདུག།
མདུན་གྱི་དར་ལྕོག་ནར་མོ།།
སེམས་ཀྱི་རྟེན་ས་མིན་འགྲོ།
དཔར་གོ་རིམ་གསུམ་པ་དེ། ས་གང་ཟིག་རེད། ས་མྱིང་ཆུ་མྱིང་གི་ངོ་སྤྲོད་ཞིག་ཡོད་པར་ཞུ། ས་འདི་ནི་སྒྱུ་རྩལ་བའི་སེམས་ཁ་གསོ་བྱེད་ཀྱི་གནས་མཆོག་གི་བཀོད་པ་ཤིན་ཏུ་ལེགས་པ་ཞིག་འདུག་པར་འདོད་པས། མ་འོངས། ས་འདི་ནས་སྐྱེ་དགུ་འདུ་འཛོམ་རྒྱག་སྲིད་པ་ཞིག་རེད། ངོ་མཚར་ཆེ།
དགོངས་དག
པར་རྒྱག་མཁན་དང་དུས་ཚོད། ས་ཆའི་མིང་སོགས་ཡོད་པ་རེད། འོན་ཀྱང་། དེ་ཚོ་རེ་རེ་བཞིན་འཇོག་པའི་དུས་ཚོད་ཡོང་མ་སོང་།
རྗེས་ཕྱོགས་དེ་ཚོ་ཡང་མཉམ་དུ་འཇོག་ངེས།