འཇིགས་མེད་ནུབ་པ།
༡)
ཕྱག་འཕྲིན་ཆུང་ཆུང་དེ་ཡིས།།
སེམས་ཁྲལ་བསྣན་པ་རེད་དམ།
བསམ་གཞིགས་སྒམ་པོ་དེ་འདྲ།།
གདོང་ལ་བསྣམས་པ་ཅི་རེད་།།
༢)
འགྲམ་པ་ཕྱག་ལ་བསྙེས་ནས།།
གདོང་ལ་འཛུམ་ཞིག་བསྐོན་ན།།
ད་བར་ཁུར་བའི་རྡོག་ཁྲེས།།
ཅུང་ཟད་ཡང་དུ་འགྲོ་གམ།།
༣)
སྤྱན་ཤེལ་ནག་པོ་དེ་ཡིས།།
གནས་ལུགས་གཞན་ཞིག་མཐོང་ངམ།།
འཇིག་རྟེན་བཅོས་མ་འདི་ལ།།
བསྟུན་ཙམ་གནང་བ་ཨེ་ཡིན།།
སྐུ་པར་མཐོང་བས་ཡིན་ནམ་་་གང་ལྟར་སེམས་ནང་ལ་སྐྱོ་སྣང་ཞིག་སླེབས་སོང་བ།
ངེད་ཀྱིས་བཀོད་པའི་འདྲ་པར་དང་སྙན་ངག་གི་འཇོག་སྟངས་འདི་ལ་ཁ་བརྡས་བསྐྱར་བཅོས་དང་བཟོ་བཅོས་མང་དག་ཅིག་གནང་བ་དེ་དག་ལ་དགའ་བསུ་མེད། སྒེར་གཅོད་དེ་སྤངས་རོགས་ཞུ་གི་ཡིན།
རྗེས་ཕྱོགས་ནས་འདྲ་པར་གྱི་ཚད་དང་ཡིག་ཕྲེང་གི་ཚད་ཞིག་ང་ཚོར་ལབ་རོགས།
འཇིགས་མེད་ནུབ་པས་གུས་ཞབས་དང་བཅས།
སྐུ་ཞབས་འཇིགས་མེད་ནུབ་པ་ལགས།
ཁ་བརྡ་དྲ་ངོས་ཀྱི་རྩོམ་མགོ་རྣམས་དང་ཆ་སྙོམས་ཀུན་མཐུན་ཞིག་ལ་དམིགས་ནས་ཁྱེད་ཀྱི་ཧ་ཅང་ཆེ་དྲགས་པའི་པར་རྣམས་ཅུང་ཆུང་དུ་བཏང་བ་མ་གཏོགས། འདི་ནས་ཚུལ་མིན་གྱི་སྒེར་གཅོད་བྱས་རིགས་ནི་གང་ཡང་མེད། པར་དང་རྩོམ་རྣམས་རང་འཇགས་ཡིན་པ་མཐོང་གསལ་ལྟར་རེད།
རྗེས་སོར་པར་དང་ཡིག་ཕྲེང་གི་ཚད་ཐད་ནས་ནམ་རྒྱུན་ཁ་བརྡ་དྲ་ངོས་སུ་ཡོད་པའི་རྩོམ་མགོ་རྣམས་དང་ཆ་མཚུངས་ཀུན་སྙོམས་ཤིག་བྱུང་ན་དེས་འགྲིག་པ་རེད། དེ་ཙམ་ཞུ།
འཇིགས་མེད་པས་སེམས་ཚོར་ལྡན་པའི་རྩོམ་བྲིས་འདུག་པར་ཡག་བྱུང་བརྗོད་རྒྱུ་ཡིན།
“རྗེས་སོར་པར་དང་ཡིག་ཕྲེང་གི་ཚད་ཐད་ནས་ནམ་རྒྱུན་ཁ་བརྡ་དྲ་ངོས་སུ་ཡོད་པའི་རྩོམ་མགོ་རྣམས་དང་ཆ་མཚུངས་ཀུན་སྙོམས་ཤིག་བྱུང་ན་དེས་འགྲིག་པ་རེད།” སྐད་ཆ་འདི་སྤྱི་བཤད་ཙམ་རེད།
ངེད་ཀྱི་བསམ་ཚུལ་ནི། རྗེས་མ་ནས་འདྲ་པར་ཡིན་ན་ཞེང་ལ་༣༠༠་དང་དཔངས་ལ་༣༠༠། འདྲ་པར་མེད་ན། ཡིག་ཕྲེང་བཞི་དང་ལྔ་ལས་མ་མང་བ་ཟེར་བ་ལྟ་བུའི་སྒྲིག་སྲོལ་ཞིག་ཡོད་ན་ཡག དེ་ལྟར་བྱས་ན། ཁྱེད་ཅག་གིས་བཟོ་བཅོས་གཏོང་མ་དགོས་བར་རང་བཞིན་ནས་ཀུན་སྙོམས་ཤིག་ཡོང་གི་རེད་དྲན།
པར་འདེབས་སྙན་ངག་འདི་ལྟ་བུའི་རིགས་ཡིན་ན། པར་ཀྱི་གསལ་ཆ་དེ་ཧ་ཅང་གལ་ཆེ། འདྲ་པར་མཐེ་བོང་འདྲ་ཞིག་བཟོས་ན། འདྲ་པར་དང་དེ་ལ་བཏབས་པའི་སྙན་ངག་གཉིས་ཀྱི་དོན་དེ་་ཀློག་པ་པོའི་སྣང་ངོར་འཇགས་དཀའ།
ཁྱེད་ཅག་གིས་ང་ལ་ལས་ཀ་ལྷག་མ་འདི་སྤྲད་ཙང་། ངས་ཀྱང་ཞོར་ནས་བསམ་ཚུལ་ལྷག་མ་འདི་ཞུས་བ་ཡིན།
འཇིགས་མེད་ནུབ་པས།