འཇམ་གཅེས།
ཆེས་རྙོག་འཛིང་ཆེ་བའི་བཙན་བྱོལ་བའི་སྤྱི་ཚོགས་ནང་དུ་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གཡུལ་འཐབ་ཀྱི་སྐབས་འདིར་ང་སྒེར་དང་འབྲེལ་བའི་གསལ་བཤད་སྙིང་བསྡུས་ཤིག་ཞུ་རྒྱུར། བདག་ལ་མཚོན་ན་འདི་ལོའི་སྲིད་སྐྱོང་འོས་མི་གཉིས་ཀྱི་བར་དུ་གཅིག་ཡག་གཅིག་སྡུག་གི་བསམ་ཚུལ་ཡིག་ངག་གཉིས་ཀའི་ལམ་ནས་སྤྱི་ཚོགས་ཀྱི་ནང་དུ་གང་ཡང་སྤེལ་གྱི་མེད། ཡིན་ནའང་དེ་རིང་ཞོགས་པར་བོད་ཀྱི་དུས་བབ་ནང་དུ་གུས་པའི་པིར་མིང་(ལྷ་རྒོད་)ཟེར་བ་ཞིག་གིས་མཆན་བུ་ཞིག་བཀོད་འདུག
སྤྱིར་བཏང་(ལྷ་རྒོད་)མིང་ཅན་གྱི་སྐྱེ་བོ་མང་པོ་ཡོད་སྲིད་པ་དང་ཡོད་ཆོག་པ་ཞིག་ཡིན་མོད། འདས་ཟིན་པའི་ལོ་ངོ་གསུམ་ལྷག་ཙམ་གྱི་རིང་དུ་ངོ་དེབ་དང་སྐད་འཕྲིན་སོགས་སུ་དུས་ཚོད་མང་པོ་གཏོང་མཁན་ཞིག་ཡིན་པས་ངོས་ནས་བཤད་ན་(ལྷ་རྒོད་)ཅེས་པའི་པིར་མིང་ནི་རང་ཉིད་ཁོ་ནའི་པུར་མིང་དུ་མཐོང་ཡོད། ཡིན་ནའང་དེ་རིང་དུས་བབ་དྲྭ་གནས་སུ་བཀའ་ཤག་གི་གསལ་བཤད་དང་དག་སེལ་ལ་མི་འདོད་པའི་མཆན་བུ་འདེབས་མཁན་ལྷ་རྒོད་མིང་ཅན་ཞིག་མཐོང་སོང་བས། བཀུར་འོས་དྲྭ་གྲོགས་ཡོངས་ཀྱིས་མཁྱེན་དགོས་པ་ཞིག་ནི་ཕྲན་རང་གིས་དུས་བབ་དང་ཁ་བརྡ་སོགས་སུ་མཆན་དང་རྩོམ་ཡིག་གང་ཞིག་སྤེལ་རུང་དངོས་མིང་འཇམ་གཅེས་ཁོ་ནར་ངེས་པ་ཡིན། དེ་མིན་ངོ་དེབ་དང་སྐད་འཕྲིན་ནམ་འཕྲིན་ཕྲན་དག་ལ་ནི་པུར་མིང་གཙོ་བོར་སྤྱོད་པ་དང་སྐབས་རེར་དངོས་མིང་འཇམ་གཅེས་དང་པིར་མིང་(ལྷ་རྒོད་)གཉིས་ཀ་མཉམ་དུ་སྤྱོད་ཀྱིན་ཡོད།
ཕྱོགས་གཅིག་ནས་བཤད་ན་དེང་གི་དུས་འདིར་སྤྱི་ཚོགས་དྲྭ་འབུ་དག་གི་བྱ་སྤྱོད་ལ་གསལ་བཤད་དགོས་གལ་མི་ཆེ་མོད། སྐབས་རེར་འགན་ཁུར་མེད་པའི་ཐལ་སྤྱོད་ཀྱི་རིགས་ལ་གསལ་བཤད་དང་བརྡ་ལན་རེ་མ་བྱས་ཚེ། འགན་ཁུར་གྱི་ནུས་པ་དང་བཟང་སྤྱོད་ཀྱི་མཚན་གཞི་ས་རྡུལ་ཕྲ་མོ་ཙམ་ཡང་མེད་པའི་ཁར། ཡོད་ཚད་ནས་ཡོད་ཚད་ནག་པོར་བསྒྱུར་རྒྱུའི་དམིགས་ཡུལ་ནི་དྲྭ་འབུ་ལས་མེད་དག་གི་འོས་འགན་ལྟ་བུར་སོང་གཤིས། དེ་རིང་གུས་འཇམ་གཅེས་སམ་ལྷ་རྒོད་ཟེར་བའི་མིང་ཐོག་ནས་སྲིད་སྐྱོང་འོས་མི་སུ་ལའང་སྐྱོན་བརྗོད་ཀྱི་ཡི་གེ་ན་གཅིག་བྲིས་མྱོང་མེད་ལ་འབྲི་འཆར་ཡང་མེད་ཅེས་གུས་མིང་འཇམ་གཅེས་སམ་པུར་མིང་ལྷ་རྒོད་ཀྱིས་ 2016/2/6 ཉིན་གསལ་བཤད་ཀྱི་ཚུལ་དུ་སྤེལ།
༼པུར་༽ཨེ་ཡིན། ༼པིར་༽མིན་འགྲོ
༼པུར༽་ལབ་ན་རོ་ཡི་མིང་རེད། ༼པིར༽་ལབ་ན་སྨྱུ་གུའི་མིང་རེད།
རྙོག་༼འཛིན་༽ཨེ་ཡིན། རྙོག་༼འཛིང་༽མིན་འགྲོ
འོས་༼བསྡུར་༽ཨེ་ཡིན། འོས་༼བསྡུ་༽མིན་འགྲོ
༼འགྲེལ་༽བའི་ཨེ་ཡིན། ༼འབྲེལ་༽བའི་མིན་འགྲོ
༼ཞ་༽རྒྱུར་ཨེ་ཡིན། ༼ཞུ༽རྒྱུར་མིན་འགྲོ
རྩོམ་མགོའི་ཡིག་ཕྲེང་གསུམ་དེ་ལས་བཀླགས་མེད། དགོངས་འགལ་མེད་པ་ཞུ།
འཇམ་གཅེས་ཁྱོད་རང་གི་དེ་པུར་མིང་ཡིན་ལབ་འདུག གཞན་པ་དེའི་དེ་པིར་མིང་ཡིན་རྒྱུ་རེད་ད། ཧཧཧ།
འཇམ་གཅེས། ཞུས་དག་དང་བཟོ་བཅོས་གནངས་སོང་བར་བསྔགས་བརྗོད་ཡོད། ཡིན་ཡང་། ད་དུང་ཡིག་ནོར་དྲུག་ལྷག་ནས་འདུག པུར་མིང་དང་པིར་མིང་ད་དུང་ཡང་ནོར་ནས་འདུག དེ་ཚོའང་བཅོས་གནང་རོགས།
འོ་ཡ། ད་གོ་བརྡ་འཕྲོད་ན་འགྲིག་པ་རེད། དག་བཅོས་གནང་བར་དྲྭ་བའི་མཁས་དབང་རྣམ་པར་བཀའ་དྲིན་ཆེ།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཟེར་བ་རེད། བརྡ་འཕྲོད་པ་ལ་ཚིག་དག་པ་དགོས་པ་རེད་ད། ཐུགས་གཟབ་གནང་དགོས་རེད། དྲྭ་བའི་མཁས་དབང་ལབ་ནས་གྲོགས་ལ་དམའ་འབེབས་མ་གནངས་ཨ།
གདོང་དེབ་ལས། ངོ་དེབ་ལེགས་པ་དང་། པིར་མིང་ལས། སྨྱུག་མིང་འདི། འགྱུར་བཟང་བ་འདུག
པུར་ནི་མིའི་རོའམ་ཤི་བའི་ཕུང་པོ་དང་། པིར་ཡང་སྤུ་ལས་བྱས་པའི་སྨྱུག་གུ་སྟེ། རྒྱ་ནག་པོའི་འབྲི་སྲོལ་ལམ། བོད་ཀྱི་ལྷ་བྲིས་པའི་སྤུ་སྨྱུག་ཙམ་ལ་གོའོ།།