སྐྱོ་བྲག་དགའ་དབང་།
མར་པ་ལོ་ཙཱ་བས། པཎ་ཆེན་ནཱ་རོའི་དྲུང་ནས། བླ་མེད་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་ཞུས་པའི་གནས། པུཥྤ་ཧ་རི་ནི། ལོ་རྒྱུས་ཀྱི་ཡིག་ཆ་མང་པོ་ཞིག་ནས། ཁ་ཆེའི་ཡུལ་ལམ། ཀ་ཤི་མིར་གྱི་གྲོང་ཁྱེར་ཤྲཱི་ནཱ་གར་གྱི་བྱང་དུ་ཡོད་པར་བཤད་པ་མཇལ་སྐོར་ཆེད། གྲོགས་རྒྱལ་མཚན་བསོད་ནམས་ཀྱི་ལྷན། བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ནག་པ་ཟླ་བའི་ཡར་ཚེས་བཅུ་བཞི་ཉིན། དིལླི་ནས་མཁའ་ལམ་བརྒྱུད་དེ་འགྲོ་བ་ན། སྤྱིར་ཀ་ཤི་མིར་ནི་ཁ་ཆེའི་ཆོས་ལུགས་ཀྱི་ལུང་པ། རྙོག་རྫིང་ཆེ་ཞིང་ནང་པ་ལ་བལྟ་ཚུལ་ཡག་པོ་རང་མེད་དེ་སྲོག་ཉེན་ཀྱང་ཡོད་ཕྱིར།སྐྱ་ཆས་ཡག་ཐག་ཆོད་རེ་གྱོན་ཏེ་སོང་བ་ཡིན།
ས་གནས་སུ་བསླེབས་ནས་རྩད་འཚོལ་བགྱིས་པ་ན། ཤྲཱི་ན་གར་གྲོང་གི་བྱང་ངོས་ཀྱི་རི་ཆེན་ཞིག་འདུག་པ་དེ་ཡིན་ནམ་སྙམ་པ་བྱུང་། གང་ཡིན་ཟེར་ན། རི་དེའི་མིང་ལ།ཡུལ་མི་འགའ་རེས་པུཥྤ་དང་། འགའ་རེས་ཧ་རི་ཤ་དང་། འགའ་རེས་པུཥྤ་པཏྠར་ཟེར་ཞིང་གདའ་ལ། རི་འདབས་ནི་གུར་གུམ་གྱི་ཚལ་ཡིན་པར་བཤད་བྱུང་། ད་དུང་རི་སྨད་ཀྱི་སྤོ་ལ་ཁ་ཆེའི་ལྷ་ཁང་ཞིག་འདུག་པ་ནི། མི་ལོ་སྟོང་ཕྲག་ཡར་སྔོན་གྱི་ལྷ་ཁང་རྙིང་པ་ཡིན་པ་ལ། གར་ཡོང་མི་ཤེས་པའི་རི་མི་ཞིག་ཡོང་ནས་བསྡད་མྱོང་ཡོད་པ་དང་། ལྷ་ཁང་འོག་ངོས་རྡོ་སྐས་ཀྱི་རྡོ་ཞིག་ལ་མིའི་རྐང་རྗེས་གསལ་པོ་ཡོད་པ་ཕྱིས་གཞན་ཞིག་ཏུ་ཁུར་ནས་མེད་པ་དང་། ལྷ་ཁང་དེའི་འོག་གི་རི་ངོས་ཀྱི་རྡོ་ནར་མོ་ངོས་འཇམ་ཞིག་ལ་རྒྱ་གར་གྱི་གནའ་བོའི་ཡིག་རྙིང་ཡིན་ལས་ཆེ་སྙམ་པ་ཡིག་ཕྲེང་ཁ་ཤས་འདུག་པ་ཀློག་ཤེས་མཁན་ནི་སུ་ཡང་མེད་པ་དང་། རི་དེའི་རྩེ་མོར་ཕུག་པ་གཏིང་རིང་དང་མིའི་རྐང་རྗེས་ཡོད་སར་འགྲོ་བར་རོགས་པ་ཡག་པོ་མེད་ན། ལྷ་འདྲེས་གཞན་དུ་འཁྲིད་འགྲོ་རབས་སོགས་བཤད་དུ་གདའ།
གང་ལྟར་ཡུལ་འདི་ནི།དགྲ་བཅོམ་པ་ཉི་མ་གུང་པས་བསྟན་པ་སྤེལ་བ་ནས་བཟུང་མཁས་གྲུབ་གསེར་རིའི་ཕྲེང་བ་འདྲ་བ་ས་གཞིའི་རྡུལ་ལྟར་ཕེབས་ཤིང་།བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ཆོས་ཀྱི་བློ་གྲོས། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་པ་སོགས་མི་ལོ་བཅུ་ཕྲག་ལྷག་པར་བཞུགས་མྱོང་ཡོད་པའི་གནས་ངོ་མཚར་ཅན་དེ་ཡིན་ཕྱིར། ངེད་གཉིས་ཀྱིས་མར་མི་དྭགས་གསུམ་གྱི་བླ་སྒྲུབ་ཚོགས་འཁོར་དང་། དུད་སོལ་མའི་གསོལ་ཁ་གྲངས་གསོག་དང་།མར་པ་ལོ་ཙཱས།ནཱ་རོའི་སྤྱན་སྔར་ཞུ་གཏུག་གིས།པུཥྤ་ཧ་རིར་བོད་སྒྱུར་ཞུས་པ། ཕྱག་ཆེན་གངྒཱ་མ་ཞལ་འདོན་སོགས་ཀྱིས།སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་དར་འཕེལ་ཡོང་བའི་གསོལ་འདེབས་སྨོན་ལམ་བྱས་པ་ཡིན་ནོ། །
མར་པས་ལམ་ཡིག་བྲིས་མེད་པ་ཕངས།
སྔོན་བྱོན་པཎ་གྲུབ་ལོ་རྩ་བ་སོགས་སྐྱེས་ཆེན་དམ་པའི་སྒྲུབ་གནས་
ཕུག་པ་མང་པོ་ཞིག་རྒྱ་གར་གྱི་མངའ་སྡེ་ཆེན་པོ་་མ་ཧ་ར་ཤི་ཊ་རའི་
མངའ་ཁོངས་ཨེ་ཇན་ཏ་དང་ཨི་ལོ་ར་སོགས་ལ་བྲག་ཕུག་མང་པོ་
འདུག་པ་དེ་དག་ལ་ཁུངས་ལྡན་གྱི་འབྲེལ་བཤད་རྒྱག་མཁན་མེད་
པ་ནས་ཡུལ་འཁོར་སྤྲོ་ཁྱམས་པའི་དངུལ་གཏོར་ས་དང་གཞུང་དངུལ་
འདུ་འགོད་བྱེད་ས་ཙམ་ལས་མ་མཐོང།
ཁ་ཆེ་ཁ་ཆེ་ཤ་སྐམ་སྐྱེས་པས་ཡུལ། །
ད་ལྟ་ཡུལ་མིང་ཆོས་ལ་འབོད་པ་རེད། །
པུཥྤ་མེ་ཏོག་ཧ་རི་སྔོན་ལྗང་ངེས། །
མར་ལོའི་མེ་ཏོག་སྔོན་ལྗང་བརྙད་སོང་ཨེ། །
་
མར་པ་ཆོས་ཀྱི་བློ་གྲོས་ལན་མང་རྒྱ་གར་ཕེབས། །
བར་ཆད་མངོན་སྤྱོད་ལས་སོགས་སྣ་ཚོགས་ལོ་རྒྱུས་སྤེལད། །
དར་མ་མདོས་སྡེས་གྲོང་འཇུག་གནང་ནས་རྒྱ་གར་ཕེབས། །
ཏི་ཕུ་གསང་སྔགས་སྡོང་པོ་ད་ལྟའང་བཞུགས་ཡོད་ན། །
་
མར་པའི་རྣམ་སྤྲུལ་དྷ་སའི་མཚན་ཉིད་དགེ་རྒན་རེད། །
དར་མ་མདོ་སྡེའི་རྣམ་ཤེས་ང་ལ་ཡོད་སྙམ་ཡང་། །
འདི་འདྲ་དེ་འདྲ་བཤད་ན་སྲོག་ལའང་ཉེན་ཆེ་སྲིད། །
མི་སྨྲ་ངག་བཅད་ངང་ལ་མི་ཚེ་འདོད་ལྡན་ཤོག །
མཁན་པོ་སྐྱོ་བྲག་དགའ་དབང་། ཐུགས་རྗེ་ཆེ།
གྲྭ་ཆས་གྱོན་པར་སྐྲག་དགོས་ས་ཞིག་ཡིན་ན་ན་རོ་སྒྲུབ་གནས་རྙེད་ནའང་ང་ཚོས་ཅི་ཞིག་བྱེད་ཐུབ། ནང་པ་ཚོས་བདག་བཟུང་བྱེད་མི་ཐུབ་པ་གསལ་པོ་རེད། རྙེད་དང་མ་རྙེད་ཁྱད་མི་འདུག་ག། །
ཨོ་ གྲོག་མ་འགྱོ་འདུར་རྒོད་ན་རྐ་ལག་ཐང་ཆུར་འབྱར་ཡོང་། མཁན་པོ་ལགས།
མཁན་པོ་ལགས་ད་ལན་གོ་སྐབས་ཡག་པོ་ཞིག་བཟུང་ནས་་་་་༼སྐྱ་ཆས་ཡག་ཐག་ཆོད་རེ་གྱོན་ཏེ་སོང་བ་ཡིན་༽ ཟེར། ཁ་མོ་མཛེས་མའི་བྱད་ལ་ལེགས་པར་གཟིགས་ཡོད་ཀྱི་རེད། གཅིག་བྱས་ན་ཀ་ཤི་མིར་བུ་མོ་ཞིག་ལ་སེམས་ཤོར་ཡོད་ཐག་ཆོད་རེད།
མཁན་པོ་ལ་བློ་ཁོག་མེད་ས་རེད་ལེ། ཧ་ཧ།
པུཤྤ་ཧ་རི་ནི་རྒྱ་གར་གྱི་བྷི་ཧར་དང་ཡུ་པི་ཕྱོགས་ལ་མིན་ནམ་སྙམ།
འོལ་ཚོད་ཡིན།