བློ་བཟང་།
དེ་རིང་༢༠༡༣/༧/༡༤ཡིན། ཕྱི་ནང་གི་དྲྭ་གྲོགས་རྣམས་དང་ལྷན། བོད་སྐད་ཡིག་རིག་གཞུང་གི་སྐོར་གླེང་མོལ་བྱས་པ་ན། བསྙད་ཚུལ་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༣/༧/༡ཉིན་བོད་ཀྱི་དུས་བབ་གསར་ལམ་དུ། སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་སུ་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་སློབ་ཚན་ཁག་དབྱིན་སྐད་ཀྱི་ཐོག་ཁྲིད་དགོས་པའི་བཀའ་ཁྱབ་གནང་ཡོད་པ་བཤད།
ཅིའི་ཕྱིར་འདི་འདྲ་བྱས་པ་ཡིན་
གང་ཡིན་ཟེར་ན་ཁོ་ཚོ་ལའང་བོད་ཀྱི
རང་གི་རིག་གཞུང་སྐད་ཡིག་ལ་བདག་
ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་
ལས་རིགས་འདི་དག་ལ་བསམ་ན་སེམས་
དེར་བརྟེན། བོད་སྲིད་སྐྱོང་དང་བཀའ་ཤག་སོགས་
མདོོར་ན་འདི་ལྟ་སྟེ། རྒྱལ་ཁབ་ཤོར་ཏེ་བྲན་གཡོག་ཏུ་གྱུ
ཞེས་སེམས་འཆར་དཔྲལ་བའི་མིག་མཐའ་
ཅེས་མདོ་སྨད་པ་བློ་བཟང་གིས་
བོད་མི་རིགས་ལ་བློ་དཀར་བའི་དྲ་གྲོགས་རྣམས་པ། བོད་ཀྱི་སྐད་ཡིག་ལ་དུང་བ་ཆེ་བའི་མཁས་དབང་རྣམས་པ། ད་ག་རེ་བྱེད་ན་དགའ་འམ། དྲ་ཐོག་ཏུ་ང་རང་ཚོས་སྡུག་སྐད་བརྒྱབ་པ་ཙམ་གྱིས་ནུས་པ་གང་ཡང་མི་ཐོན་འདུག སེང་གེ་ཡི་རྣ་བའི་ནང་དུ་གོ་གྱི་ཡོད་ས་མ་རེད།
ག་རེ་བྱེད་དགོས་མིན་གྱི་ཐོག་ཏུ་ཇུས་སྟོན་པ་དང་གྲོས་བསྡུར་བྱེད་ཐུབ་ན་དོན་དག་འགྲུབ་པ་ལས་གཞན་རྩོམ་ཡིག་འབྲི་བ་ཙམ་གྱིས་ནུས་པ་མི་ཐོན་ཐག་ཆོད་རེད་འདོད་དོ།།
གྲོགས་བློ་བཟང་ལགས། རང་རིགས་དང་རིག་གཞུང་འདིའི་ཆེད་དེ་འདྲའི་ཐུགས་ཁུར་གནང་བ་ཙམ་གྱི་དགའ་བསུ་དང་ཡི་རངས་ཞུ། འདི་འདྲའི་རྩོམ་ཡིག་རེ་མཐོང་ནའང་སེམས་ལ་ངལ་གསོ་རེ་སྦྱིན་གི་འདུག་མ་གཏོགས། ཐ་མལ་བ་གུས་ལྟ་བུ་འང་སེམས་ཁྲལ་དང་སྙིང་རླུང་གཉི་ཀས་སྨྱོ་གྲབ་འདུག
རེད་གྲོགས་པོ། གུས་ནས་ཀྱང་ཉེ་སྔོན་ན་ཟུག་འདིའི་ངར་མ་བཟོད་པར་ཁ་ལག་གཉི་ཀ་ཐེངས་གཅིག་གཡུག་ཡིན། ད་གང་ལྟར་ང་ཚོ་དབང་མེད་ཉམས་ཆུང་ཚོས་ཇི་འདྲའི་ངུ་འབོད་དང་སྨེ་ངག་བཏོན་ནའང་། དབང་འཛིན་པ་དེ་ཚོས་རྒྱ་དམར་གྱིས་ང་ཚོ་མ་བསད་སྔོན་ལ་རང་སྲོག་རང་གཅོད་བྱེད་འཇུག་རྒྱུ་རེད།
ངས་བསམ་ན་ང་ཚོ་ནད་པ་ཚང་མའི་མིག་ཆུ་ཕྱོགས་གཅིག་ཏུ་གསོག་ནས་ངུ་ངག་དང་གི་ཤད་རྒྱང་ཞིག་བཏབ་ན་ཇི་འདྲ་འདུག
ཀི་རྒྱང་ཞིག༽ལ་བཅོས་རོགས།
བདེན་པ་རེད། ཡིན་ན་ང་ཚོ་ནུས་མེད་རེད།དེ་ལ་ཡ་བྱེད་མཁན་རག་གི་མ་རེད།
རྩོམ་པ་པོ་བློ་བཟང་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་། བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་ལ་སོགས་པའི་མཁས་གྲུབ་རྣམས་ཞེས་པའི་བོད་སྐད་ཡིག་དར་སྤེལ་རྒྱུན་འཛིན་ལ་ཕྱག་རྗེས་ཆེ་བའི་མི་ཆེན་བླ་དྲགས་གསུམ་བགྲངས་པའི་ནང་ནས་བོད་སྐད་ཡིག་གི་ཕྱོགས་ལ་ཞལ་འཁོར་མཁན་ཞིག་ལ་ཀིརྟི་རིན་པོ་ཆེ་ལ་ནི་གང་ཡང་ཞུ་རྒྱུ་མེད། ཟམ་གདོང་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀས་བོད་ཡིག་ལ་ཕྱག་རྗེས་འདི་རེད་ཟེར་བ་ཞིག་བཞག་འདུག་ཅེས་རང་ལ་ནི་ཞུ་རྒྱུ་མེད། བོད་ཡིག་གལ་ཆེན་པོ་རེད་ཟེར་ནས་མི་ལ་ཁ་ཕར་འཁོར་ནས་བཤད་བསྡད་པ་འདྲ་ནི་མང་པོ་ཡོད་ཀྱི་རེད། སོགས་ཁོངས་ལ་སུ་ཡོད་མི་ཤེས། ང་ཚོས་རེ་རེ་བྱས་ནས་ག་ལེར་གླེང་དང་།
བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་མ་ཆགས་པར་དུ་དེ་ལྟར་མི་བྱེད་ཐབས་མེད་རེད། སློབ་ཕྲུག་ཚོས་བོད་ཡིག་ཁོ་ནའི་ཐོག་ནས་སློབ་ཚན་གཞན་དག་སྦྱང་བསྡད་ན་མདུན་ལམ་མེད་པ་འདི་གནད་འགག་ཐུག་ས་གཙོ་བོ་རེད། འདི་ཐག་གཅོད་བྱེད་རྒྱུའི་ནུས་པ་འུ་ཚང་ལ་མེད་པ་དེའང་གསལ་པོ་གསལ་རྐྱང་རེད། བོད་ཀྱི་སློབ་ཕྲུག་དེ་ཚོར་ཡང་རྒྱལ་སྤྱིའི་རང་བཞིན་གྱི་ཤེས་ཡོན་སློབ་གསོ་ཐོབ་པ་ཙམ་མིན་པར་དེ་སྤྱོད་སའི་ཁོར་ཡུག་ཅིག་ངེས་པར་ཡོད་དགོས་པས་ལམ་ཁ་འདི་མ་བདམས་རང་བདམས་རེད། རང་གི་སྐད་ཡིག་ལ་ཞེན་པ་ཙམ་གྱིས་རང་གི་འཚོ་བ་དང་མདུན་ལམ་ཐག་གཅོད་བྱེད་མི་ཐུབ། ཡང་གཅིག་བཤད་ན་གནས་ཚང་རྒྱལ་ཁབ་ཆེན་པོ་ཚང་ལ་ལྟོས་དང་སོ་སོ་རང་གི་སྐད་ཡིག་ལ་ཐོབ་ཐང་གད་འདྲ་འདུག འབྲུག་རྒྱལ་ཁབ་ལ་ལྟོས་དང་གང་འདྲ་འདུག ཁོ་ཚོར་རང་གི་སྐད་ཡིག་རིག་གཞུང་ལ་ཤ་ཚ་མེད་པས་མིན་པར་མགོ་སེར་བོ་ཅན་ཚན་རིག་ལ་སྐྱབས་སུ་མ་འགྲོ་ག་མེད་ཆགས་པ་རེད།
༧རྒྱལ་བ་རིན་པོ་ཆེན་དང་ཟམ་གདོང་ཀིརྟི་རིན་པོ་ཆེན་གསུམ་ཀ་ལས་ཨ་ཁུ་སྨོན་ལམ་ལགས་ཀྱིས་བོད་ཡིག་ཐོག་ཏུ་བྱས་རྗེས་ཆེ་བ་ཡོད། དཀའ་ལས་ཉམ་ཆུང་ཚོས་བརྒྱབ་ནས་བྱས་རྗེས་བླ་ཆེན་ཚོ་ལ་ཡོད་ལབ་པ་འདི་བདེན་གཏམ་ཞིག་ཅང་མ་རེད་ལ་ཡ་རབས་བཟང་སྤྱོད་དང་འགལ་བའི་བཤད་སྟངས་ཤིག་རེད།།
རབ་བྱུང་ན་ཤེས་རིག་ལས་ཁུངས་ཀྱི་སྒོ་ལམ་དུ་སོང་ནས་སྐད་འབོད་བརྒྱབ་ནས་འཛམ་གླིང་མི་དམངས་ལ་ཤེས་སུ་འདུག་དགོས། ད་ལྟའི་བར་དུ་རྒྱ་ནག་པས་བོད་ཡིག་སློབ་དུ་འཇུག་གི་མི་འདུག་ལབ་བསྡད་པ་རེད། ད་ཆ་བཙནབྱོལ་གཞུང་གིས་ཀྱང་སློབ་མཚན་གྱི་སྒོ་བརྒྱག་གི་ཡོད་རེད། རྒྱ་མི་ཚོས་གོ་ན་གད་མོ་ཤོར་ངེས་རེད། རྒྱལ་བ་རིན་པོ་ཆེས་ནས་ཐོག་མར་བོད་སློབ་ཟུར་འཛུགས་གནང་བའི་དགོས་པ་མ་གྲུབ་པ་རེད། ཟམ་གདོང་བས་ལོ་བཅུ་ལ་དཀའ་ལས་བརྒྱབ་པ་འཕྲོ་བརླགས་རེད། བཙན་བྱོལ་བའི་ཤེས་ཡོན་སྲྲིད་ཇུས་འདི་འདྲ་རེད་དམ། བློ་བཟང་སེངྒེ་ནི་བོད་སྐད་ཡིག་རྩ་མེད་དུ་བཟོ་བའི་ལོ་རྒྱུས་ཐོག་གི་མི་ཉེས་ཅན་པ་གཏེ་བོ་དེ་རེད། ཁོ་ཐེངས་རྗེས་མའི་ནང་དུ་སྲིད་སྐྱོང་ལ་བསྐྱར་ལངས་མི་ཡོང་བའི་ཆེད་དུ་ད་ལྟ་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག
ཆོད་མེད་འཇོན་མེད་དེ་འདྲ་སྲིད་སྐྱོང་ལ་བཞག་ན་འདི་འདྲ་རེད། བཙན་བྱོལ་སྲིད་གཞུང་གི་དཔོན་རིགས་ཚོའི་ནང་ད་ཆ་ལྐོག་ཟ་རུལ་སུངས་ཀྱི་ཚང་དུ་གྱུར་འདུག་ད། སྒོར་འབུམ་༨༨ཟོས་ཀྱང་ཡ་མེད་རེད་འདུག་ད། དེ་འདྲ་ག་འདྲ་རེད།
ད་སའི་གཞུང་ལམ་ལ་སྐད་འབོད་བྱེད་རྒྱུ་ལས་གཞན་གང་འདུག་ལགས།
ཆུ་འཐུང་འདོད་མེད་པའི་གཡག་ལ། ཆུ་བཙན་གྱིས་ལྡུད་མི་ཐུབ། འདི་གཙོ་བོ་བོད་དགེ་དང་བོད་སློབ་ཚོས་ཡག་ཉེས་སྡུར་དགོས། བོད་ཡིག་ནི་བོད་མིའི་སྐད་ཡིག་ཡིན་པ་བདེན་ཡང་། བོད་ཕྲུག་ཚོའི་མ་འོངས་མདུན་ལམ་ལ་འབྲེལ་བ་ཏན་ཏན་ཡོད་པས། ཁོང་ཚོ་དགོན་པའི་ནང་གི་གྲྭ་དང་མི་འདྲ། སློབ་མཐར་ཕྱིན་དུས་ཡར་ལ་སྣེ་ལེན་བྱེད་ཐུབ་སའི་སྤྱི་ཚོགས་དང་ཤེས་བྱ་དགོས་ངེས་ཡིན། དེ་འདྲ་མེད་ན་ང་ཚོས་ཤེས་བཞིན་དུ་ཁོང་ཚོ་ལ་སེམས་ཁུར་མ་བྱས་བ་ཡིན། མ་ཟད་བོད་ཕྲུག་གཞོན་ནུ་ཚོའི་ལག་པ་སྟོང་པར་གཏོང་རྒྱུ་ལས་མེད། བཙན་བྱོལ་གཞུང་ལ་ས་མིག་ཐེབས་བ་མེད། ཡོད་པ་དེ་ཚོ་ཡང་ཟམ་གདོང་རིན་པོ་ཆེ་ཡིས་མེད་པར་བཟོས་ཚར་རེད།
གྲྭ་ས་གདན་ས་ནས་དབྱིན་ཡིག་ཁྲིད་ཀི་ཡིན་ཟེར་ན། དེའི་དུས་ང་ཚོས་སྐད་ངེས་པར་རྒྱག་ཆོག། ཁྲོམ་སྐོར་ངེས་པར་དུ་བྱེད་ཆོག། མ་རེད་ནེ། དྲ་གྲོགས་ཚོ།
བོད་ཡིག་གི་སྒང་ནས་ཡིག་སྐུར་ཙམ་ཡང་འབྲི་མི་ཤེས་པའི་ཕྱི་གླིང་གི་གོམས་བྱང་ཅན་ཞིག་བཀའ་བློན་ལ་བཞག་ན་བོད་ཡིག་ཉམས་ཆགས་སུ་འགྲོ་དང་འགྲོ་་་་ད་ཡིན་ན་ལས་སྟངས་བཤད་སྟངས་འགྲིག་གི་མེད་ན་ཡང་་་ཁྱོད་ཚོའི་སྡིག་གྱོང་རེད་ལོ་་་་དང་བོ་ནས་ཕྱོགས་ཚང་མར་བལྟས་ནས་འོས་ཤོག་བླུགས་དགོས་པ་རེད་པ།
འཛིན་གྲ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཚན་རྣམས་སྔར་ནས་བོད་ཡིག་ཏུ་བསྒྱུར་ཡང་ཡོད་མ་རེད། ད་རེས་ཀྱི་ཐག་གཅོད་དེའང་ཕྱིན་ཆད་བོད་ཡིག་ཏུ་བསྒྱུར་ནས་འཁྲིད་མིན་གྱི་ཐག་གཅོད་ཙམ་ཡིན་ངེས། རབ་བྱུང་ན་འཛིན་གྲ་དྲུག་པ་ཡར་འདབ་ཕར་ཟད་མར་འདབ་འཛིན་གྲ་དང་པོ་ནས་སློབ་ཚན་གཞན་དག་དབྱིན་ཡིག་ནང་བཞག་ན་ལེགས་པར་འདོད། འཛིན་གྲ་འགོ་མ་རྣམས་ལ་བོད་ཡིག་ཐོག་ཁྲིད་ནས་རྗེས་མ་ཚོར་གློ་བུར་དུ་དབྱིན་ཡིག་ནས་ཁྲིད་ན་སློབ་ཕྲུག་ཚོར་དཀའ་ངལ་ཆེ་རོགས་ཙམ་མ་ཟད་པའི་གྱོང་ཡང་རག་གིན་ཡོད། མཐོ་སློབ་སོགས་ལ་རྒྱུགས་སྤྲོད་སྐབས་དབྱིན་ཡིག་ཐོག་མ་གཏོགས་འགྲོ་ས་མེད་ལ་རྒྱ་གར་སློབ་མ་རྣམས་དང་འདྲ་མཉམ་ཐོག་རྒྱུགས་གཏོང་དགོས་པས་གྱོང་ཆེན་པོ་རག་བཞིན་ཡོད། རང་གི་སྐད་ཡིག་ཐོག་ནས་འཕྲིན་ཡིག་ཡག་པོ་ཞིག་ཀྱང་འབྲི་ཤེས་མཁན་དཀོན་པའི་སློབ་མ་ཚོས་སློབ་ཚན་གཞན་རྣམས་ཀྱང་བོད་ཡིག་ཐོག་འགྲོ་དགོས་ན་གང་འདྲ་ཆགས་མིན་ཧ་གོ་དོན་གསལ་རེད། དེ་ལས་རང་གི་སྐད་ཡིག་གཅིག་པོ་ཚད་དང་ལྡན་པ་ཞིག་སློབ་ཐུབ་ན་དེ་གས་འགྲིག་པ་རེད་འདོད།
ངས་བསམ་ན་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་བསླབ་དགོས་པ་རེད།
གཅིག་བསླབ་ན་གཅིག་བསླབ་མི་ཆོག་པ་བཟོ་བ་དེ་འདྲ་ག་འདྲ་ཡིན་ནམ།
སྐད་ཡིག་གསུམ་བཞི་བསླབ་དགོས་ཀྱང་ཡག་པོ་རེད་པ།
བོད་ཡིག་བསླབ་ན་ལས་ཀ་མི་རེག་པ་དང་དབྱིན་ཡིག་བསླབ་ན་ལས་ཀ་རེག་པའི་ངེས་པ་ཅང་ཨེ་ཡོད་དམ།
ལས་ཀ་མི་རེག་པའི་དཀའ་ངལ་དེ་འཛམ་བུ་གླིང་ལ་བྱུང་ཡོད་པའི་མུ་གེ་དེ་རེད།
དེ་བཙན་བྱོལ་པའི་ཁོར་ཡུག་ཆུང་ཆུང་འདི་གཅིག་པུའི་ནང་ག་ལ་ཡིན།
ངས་བལྟས་ན་སློབ་ཕྲུག་ཚོ་རྣམ་རིག་ཅན་དང་གྲུང་བོ་བཟོ་བ་དེ་གལ་ཆེན་པོ་རེད་ལ་དེའི་སྐོར་གྱི་ཤེས་བྱ་མང་བོ་ཡང་བཙམ་དགོས་ངེས་རེད།
བཙོན་ཁང་དུ་བཅུག་པ་བཞིན་སློབ་གྲྭ་ནས་ཕྱི་ལ་ཐོན་དུས་ཐམ་མེ་ཐོམ་མེ་ཞིག་བྱུང་ན་སློབ་ཚན་ནོར་བའི་རྟགས་རེད། ང་ཚོའི་སློབ་དེབ་ནི་གཞན་གྱི་ལད་ཟློས་རང་བཞིན་ཅན་ཞིག་ཡིན།
སློབ་སྦྱོང་སྤྲད་སྟངས་ལ་འགྱུར་བ་འགྲོ་དགོས་ངེས་རེད། མ་གཏོགས་བོད་ཡིག་བསླབ་པ་ཙམ་གྱིས་རྗེས་ལུས་ཐེབས་ཀྱི་མ་རེད་སྙམ།
འདིའི་སྐོར་ལ་དཔྱད་པ་མང་བོ་གཏོང་དགོས། འདི་ནི་བོད་ཀྱི་རྩ་དོན་ཞིག་ཡིན་པ་ཚང་མས་མ་བརྗེད་པར་ཐུགས་ལ་འཛིན་རོགས་ཞུ་འདོད་བྱུང་།
གནད་དོན་དེའི་ཐོག་ཏུ་ང་ཚོས་ངེས་པར་དུ་ཁ་ལག་གཉིས་ཀྱིས་རྩོམ་ཡིག་དང་བསྒྲགས་གཏམ་སྤེལ་དགོས་ཀྱིན་འདུག དེ་འདྲ་བྱས་ན་ཏན་ཏན་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་ཀྱི་རེད་དོ།།
་་་་་ བོད་ཀྱི་བྲང་གི་སྙིང་ལྟ་བུའི་བོད་ཡིག་རིག་གཞུང་ལ་བདག་པོ་མི་བྱེད་པའི་ཤེས་རིག་ལས་ཁུངས་ཤིག་ཡོད་ཀྱང་དེའི་ཅི་བྱེད་གསོ་བདེ་ཞིག་ཏུ་ཆགས་སོང་པ་མ་རེད་དམ། ་་་་ཟེར།
བོད་སྐད་ཡིག་ལ་ལྷག་བསམ་དཀར་བའི་དྲ་གྲོགས་ཚོ་ བོད་སྐད་ཡིག་གི་ལག་དམར་ཤེས་རིག་ལས་ཁུང་གཙོའི་གཞུང་འབྲེལ་ལས་ཁུང་ཁག་ལ་ངོ་རྒོལ་ག་འདྲ་བྱས་ན་བཟང་ངམ དང་པོ་ང་ཚོའི་ནང་དགྲ་གཙང་མ་བཟོས་བའི་རྗེས་ལ་རང་བཙན་རྩོད་ན་རྩོད་ དབུ་མ་རྩོད་ན་རྩོད་
དྲ་གྲོགས་ཚོས་དོན་སྙིང་ལྡན་ཞིང་། སེམས་ཤུགས་ཀྱི་ངར་མང་པོ་མཐོན་བྱུང་། ཐུགས་རྗེ་ཆེ། ཁྱེད་ཚོ་སུ་རུང་ནས་ཕྱི་ཞུགས་བོད་རིགས་རྣམས་ལ་རིན་མེད་དང་ལངས་ཐོག་བོད་ཡིག་སློབ་ཁྲིད་གནང་ཐུབ་ན། ལམ་ཁ་ངས་འཚོལ་ཆོག ང་ཚོས་ཤུགས་རྒྱབ། དབྱིན་སྐད་རོབ་ཙམ་ཤེས་པ། དེ་སང་བོད་པ་ཚོས་སྤྱོད་བཞིན་པའི་སྐད་ར་མ་ལུག་དེ་ཡང་རོབ་ཙམ་ཤེས་པ་བྱུང་ན། དེ་ནས་ཁོང་ཚོ་ལམ་ལ་འཁྲིད་ཆོག ང་ཚོར་དགེ་རྒན་གྱི་རྒྱབ་སྐྱོར་དགོས་འདུག ས་གནས་གང་ན་ཞུགས་ཡོད་རུང་ཁྱད་པར་མེད། དྲ་རྒྱ་ཡོད་ན་འགྲིག
སྤོབས་པ་མཐའ་ཡས་ལ་སྤོབས་པ་ཆེན་པོ་ཞིག་ཡོད་པ་ཤེས་ཡོད། མང་པོ་ཞིག་གིས་བཟང་གི་ལབ་ན་བསྟོད་ར་བཏང་སོང་།ད་བསམ་ཤེས་ན་ཡག་གི་པྰ།
དེང་སང་གི་བོད་ཀྱི་སྐུ་ངོ་ཚོས་བོད་ཡིག་ཤེས་ཀྱིན་མེད་པ། གཞན་པ་དག་ཁོ་རང་ཚོ་དང་འདྲ་བོ་ཞིག་བསྒྱུར་ཨེ་ཐུབ་ལྟ་བ་ཡིན་པ་འདྲ། ཧཧཧ
བོོད་སློབ་ཁག་ཏུ་དབྱིན་ཡིག་ལས་བོད་ཡིག་གཙོ་བོ་སློབ་དགོས་བ་མ་ཟད། བོད་ཡིག་གི་གནས་ཚད་ཡག་པོ་ཆགས་ན་དབྱིན་ཡིག་སོགས་སྐད་ཡིག་གཞན་རྣམས་ཤེས་རྒྱུ་ལས་སླ་ཞིང་མགྱོགས་པོར་སློབ་ཐུབ་ལ། མི་གཅིག་ལ་མཚོན་ན་མ་མཐའ་ཡང་སྐད་ཡིག་གཉིས་གསུམ་ཙམ་སྦྱང་བའི་ནུས་པ་ཡོད། སྐད་ཡིིག་གཅིག་ཤེས་ནས་གཅིག་གི་འགོག་རྐྱེན་དུ་མི་འགྲོ་བ་གཅིག་ཕན་གཅིག་གྲོགས་སུ་འགྲོ་བས་གོང་གི་དྲ་གྲོགས་རེ་ཟུང་གི་སྡུག་ངལ་ནི་རི་བོང་གནས་ལྟས་ཀྱི་སྡུག་ངལ་འདོད། ཡར་རྒྱས་ཆེ་བའི་ཡོ་རོབ་ཀྱི་ཤེས་ཡོན་པ་ཀུན་གྱིས་མ་མཐའ་ཡང་ཚད་ལྡན་གྱི་སྐད་ཡིག་གཉིས་གསུམ་ཙམ་ཤེས་ཀྱང་། ཁོང་ཚོ་སྐད་ཡིག་གཅིག་གི་ཆེད་སྦྱང་མཁན་དང་བསྡུར་ན་ལེགས་པ་ཡོད། མིའི་རྣམ་དཔྱོད་ཡར་རྒྱས་དང་ལུང་པ་དེ་འཕེལ་རྒྱས་ཀྱི་ཆེད། ད་ལྟ་རྒྱལ་ཁབ་ཕལ་ཆེར་བ་ལ་རང་སྐད་གཙོ་བོའི་གྱུར་ཏེ་སྐད་གཉིས་སྦྱང་རྒྱའི་ཁྲིམས་ལུགས་ཡོད། འབྲུག་གིས་རང་ཡིག་དེ་ཙམ་མི་སྦྱང་ཡ་ནི་རྒྱ་གར་གྱི་ཤན་ཞུགས་ཐེབས་ཁར་བོད་དང་བར་ཐག་རིང་དུ་བཏང་ཆེད་རེད།འབྲུག་གིས་སྐད་ཡིག་བརླགས་ཀྱང་རང་བཙན་ཡོད་པས་དགོས་མཁོ་སྐབས་ཅི་འདོད་ལྟར་བཟོ་ཆོག་ཀྱང་། བོད་ཀྱི་་སྐད་ཡིག་བརླགས་ན་བོད་ཕྱི་ནང་གཉིས་སྐད་བརྡ་མི་འཕྲོོད་ཅིང་། ལུང་པ་མེད་པས་བོད་མི་རྣམས་གཅིག་སྒྲིལ་གྱི་འབྲེལ་ཐག་གཏོར་བ་རེད།
ང་ཚོས་རིན་པོ་ཆེ་ཁ་བརྡ་དྲ་ཐོག་འདིར་གདན་འདྲེན་ཞུས་ནས་གནད་དོན་འདི་ཚོ་གླེང་མོལ་ཞུས་ན་ག་འདྲ་འདུག ཞུ་ཐུབ་མཁན་ཞིག་ཡོད་ན་ཕེབས་རྒྱུ་རེད་བསམ་གི། ཁོང་གིས་བོད་ཡིག་གཏགས་ནི་ཤེས་རྒྱུ་རེད།
ཤེས་རིག་ལས་ཁུང་གི་སྒོ་རྩར་ཉལ་ནས་སྐད་འབོད་དང་ཟས་བཅད་ངོ་རྒོལ་སོགས་བྱེད་ཐུབ་མཾན་ཡོད་དམ། དེ་མིན་མི་ཚོས་དེད་ཅག་ནི་དྲ་བའི་ནང་གི་སྲིན་འབུར་བརྩིས་སྲོལ་འདུག་པས་ངེད་ཚོའི་སྐད་ཆ་ལ་ཆ་འཇོག་བྱེད་མཁན་དཀའ་བར་སེམས་སོ།
རིན་པོ་ཆེ་ཁ་བརྡའི་དྲ་ཐོག་ཏུ་གདན་འདྲེན་ཞུ་མཁན་ང་ཚོའི་ནང་ནས་བློ་སྤོབས་དང་སེམས་ཤུགས་ཡོད་མཁན་ཅིག་དགོས་པས། ངས་བལྟས་ན་དྲ་གྲོགས་སྤོབས་མཐའ་རང་དྲག་པས་ངས་ཁྱེད་ལ་རེ་བསྐུལ་ཞུ་བཞིན་ཡོད།
ད་སྐབས་སྤོབས་མཐའ་འདི་སྨྱོན་པར་ཆགས་འདུག ༧གོང་ས་མཆོག་དྲྭ་ཐོག་ཏུ་བདེན་འདྲེན་ཞུས་ན་ཕེབས་ཀྱིན་ཡིན་མདོག་མདོག་ལབ་ཀྱིན་འདུག ཁོང་ལ་དྲྭ་ཐོག་ཏུ་ཕེབས་ཁོམ་ཡོད་རྒྱུ་རེད་དྲན་གྱིན་ཡོད་པ་འདྲ་།
འདི་བོད་སྐད་གླེང་སའི་དྲ་བ་ཞིག་རེད། ཉིན་རེ་བཞིན་དུ་བོད་མི་སྟོང་ཕྲག་ཁ་ཤས་རེས་མ་མཐའ་ཡང་ལྟ་ཀློག་བྱེད་ཀྱི་ཡོད་རེད། མང་པོ་ཞིག་བགྲོ་གླེང་ལ་ཡང་ཞུགས་ཀྱི་ཡོད་རེད། ཚང་མས་བོད་མི་རིགས་ཀྱི་སྐྱིད་སྡུག་དང་། བོད་ཀྱི་རིག་གཞུང་གི་གནད་དོན། བོད་ཀྱི་སྐད་ཡིག་གི་དར་རྒུད་སོགས་སྤྱི་དོན་རེ་གླེང་བ་མ་གཏོགས་མ་གཏོགས་སྒེར་དོན་ནི་འདི་ནས་ཅི་ཡང་སྒྲུབ་ཐུབ་གི་མ་རེད། ཁ་བརྡ་དྲ་བ་འདི་ལ་ཞུགས་མཁན་སུ་ཡིན་ཡང་མ་མཐའ་ཡང་རང་རང་གི་འཚོ་ཐབས་ལ་འབད་བརྩོན་བྱེད་མི་དགོས་མཁན་ཞིག་ཡོད་རྒྱུ་མ་རེད། ཚང་མས་དུས་ཚོད་མེད་ས་ནས་ཡོད་པ་བཟོས་ཏེ་ཡོང་བ་རེད། དེ་ཡིན་དུས་རྒྱལ་བ་རིན་པོ་ཡང་ཁ་བརྡ་དྲ་བ་ལ་ཕེབས་པའི་ཁོམ་པ་ཡོད་རྒྱུ་རེད་བསམ་གི མེད་ན་ཡང་ཡོད་པ་བཟོ་དགོས་རྒྱུ་རེད་བསམ་གི། ཁོང་གིས་བོད་ཡིག་གཏགས་མི་མཁྱེན་ན་ང་ཚོས་རོགས་པ་བྱེད་ཆོག་གི་རེད།
འོ་རྒྱལ་བ་རིན་པོ་ཆེས་བོད་ཡིག་ཏན་ཏན་གཏགས་མཁྱེན་ཡོད་ཀྱི་ཁོང་དགུང་ན་ཆུང་དུས་ནས་བོད་ལ་མོ་ཌ་དང་གནམ་གྲུ་སོགས་ཀྱི་འཕྲུལ་ཆས་ལ་སྦྱང་བ་ཡོད་གསུང་གི་འདུག་ག
༥༽ སྤོབས་པ་མཐའ་ཡས་ནས། ཀིརྟི་རིན་པོ་ཆེ་ལ་ནི་གང་ཡང་ཞུ་རྒྱུ་མེད། ཟམ་གདོང་དང་རྒྱལ་བ་རིན་པོ་ཆེ་གཉིས་ཀས་བོད་ཡིག་ལ་ཕྱག་རྗེས་འདི་རེད་ཟེར་བ་ཞིག་བཞག་འདུག་ཅེས་རང་ལ་ནི་ཞུ་རྒྱུ་མེད། ཅེས་བྲིས་པ་ལྟར་ན། ཀིརྟི་རིན་པོ་ཆེས་བོད་ཡིག་ལ་ཐུགས་ཁུར་བཞེས་ཡོད་པར་བསྟན། དེ་ཡང་གང་གི་རྗེས་འབྲངས་རྣམས་ཀྱིས། རྔ་པ། དེ་མ་ཡིན་དེ་མ་ཡིན་པ་དག་གིས། རྔ་བ། ཞེས་བྲིས་པ་མཐོང་། སྤོབས་པ་མཐའ་ཡས་གང་གི་ལུགས་བྱེད་པ་ཡིན། ནན་ཏན་འཆད་ཐུབ་པ་མེད། རྒྱལ་བ་རིན་པོ་ཆེའི་བཞེད་པ་དེ་བོད་མི་ཀུན་གྱིས་དག་པར་སྔར་གྱི་བོད་ཀྱི་མཁས་པ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། ཡི་གེ་དག་པོར་འབྲི་དགོས། དེ་ལྟར་བྱེད་མ་ཐུབ་ན། མ་འབྲི་བ་དེ་ལེགས། ཞེས་གསུངས། ཁྱེད་རྣམས་ཡིད་མ་ཆེས་ན། གསུང་བ་པོ་གང་ལ་འབྲེལ་པ་བྱོས་དང་། གསལ་པོར་གསུང་བ་ལ་ཐེ་ཚོམ་མི་དགོས་སོ།
མཁས་དབང་ལ་དྭགས་པ་ལགས་ཀྱི་དགོངས་ཚུལ་ལྟར་ན་རྔ་པ་དང་རྔ་བའི་པ་བ་ཐག་གཅོད་ཆེད་དུ་རྒྱལ་བ་རིན་པོ་ཆེ་ཁ་བརྡའི་ཐོག་ལ་གདན་འདྲེན་ཞུ་དགོས་གི་འདུག དེ་མིན་ན་སུས་བྲིས་པ་དག་ཐག་གཅད་མི་ཐུབ་གསུངས་པ་ཡིན་ནམ།
དེ་ལས་སྤོབས་མཐའ་ཁྱོད་རང་ཕེབས་ཏེ་་་བོད་ཡིག་ལ་རྨོངས་པའི་བློ་སེང་གཙོས་ལས་བྱེད་མཐོ་གྲས་རྣམས་འདིར་དྲུད་ལ་ཤོག་དང་་་་ཁོང་ཚོར་སློབ་གྲྭ་ཁག་ཏུ་བོད་ཡིག་གཙོ་བོ་འཇོག་དགོས་རབས་དགོས་སྟངས་སོགས་བཤད་ན་ཡག་གི་རེད་དྲན།
འདྲེ་རྐང་ཐོ་ལགས། བློ་སེང་གི་བོད་ཡིག་གནས་ཚད་གང་འདྲ་ཡིན་མི་ཤེས། ངས་བློ་སེང་དབུ་ཁྲིད་ལ་ཡར་བདམས་དུས་བོད་ཡིག་མཁས་པ་རེད་བསམ་ནས་བདམས་མེད། ངའི་ཉེ་འཁོར་གྱི་མི་ཚང་མས་ཀྱང་ཁོང་དེང་རབས་ཁྲིམས་ལུགས་ལ་མཁས་པ་རེད་དམངས་གཙོའི་ལམ་ལུགས་ལ་མཁས་པ་རེད། དེ་འདྲ་དེ་ང་ཚོ་ལ་དགོས་ཟེར་ནས་ཡར་བདམས་སོང་། བློ་སེང་ཡར་སླེབས་ནས་ལྐོག་ཟ་རུལ་སུང་གི་གནས་ཚུལ་མང་པོ་ཕྱིར་བསྒྲགས་པ་དེ་ཚོ་ལ་བལྟས་ན་དེའི་སྔོན་གྱི་དེ་ཚོས་ཅིག་འཇོན་མེད་པ་དེ་གསལ་སྟོན་བྱས་ཡོང་གི་འདུག དེ་མིན་མི་ཤེས། ཁྱེད་ཀྱིས་གསུངས་པ་ལྟར་ན་ཁོང་བོད་ཡིག་ལ་རྨོངས་ཡོད་པ་འདྲ་བས་ཁ་བརྡ་དྲ་བ་ནི་བོད་ཡིག་འབྲི་ས་ཡིན་པས་ཁོང་ཕེབས་རུང་ང་ཚོར་གོ་བརྡ་འཕྲོད་རྒྱུ་མ་རེད། དེའི་སྔོན་ལ་བོད་ཡིག་ལ་མཁས་པ་ཡིན་ཟེར་མཁན་དེ་འདྲ་བདམས་པ་དེ་ཚོས་ཀྱང་བོད་ཡིག་གི་ཕྱོགས་ལ་ཆེན་པོ་རེ་བཤད་པ་མ་གཏོགས་ལག་ལེན་ཧ་ཅང་དལ་པོ་རེད། ཟམ་གདོང་གིས་དཔེ་སྟོན་སློབ་གྲྭ་ཆུང་ཆུང་དེ་འཛུགས་པ་ལ་ལོ་ཉི་ཤུ་འགོར་སོང་བ་རེད། རྒྱལ་བ་རིན་པོ་ཆེ་འདིར་ཁ་བརྡ་དྲ་ཐོག་འདིར་གདན་འདྲེན་ཞུ་ཐུབ་ན་ད་འཁྲུག་པོ་ཡོད་ས་རེད། ཁོང་དེ་འདྲ་བྲེལ་བ་ཆེན་པོ་ཡིན་རྒྱུ་མ་རེད་ཡ།
https://www.facebook.com/photo.php?fbid=442222115873480&set=a.332551916840501.74074.329447237150969&type=1&theater
ཆབ་སྲིད་དང་དཔལ་འབྱོར་ནུས་ཤུགས་ཀྱི་ཐད་ནས་བཤད་ན་བོད་ཡིག་འདི་ཤི་ཚར་བ་ཞིག་རེད། དེ་ནི་རྩོད་པ་མེད་པ་ཞིག་རེད། ཆོས་ལུགས་ཅུང་ཙམ་ལ་བརྟེན་ནས་བོད་ཡིག་བོད་སྐད་འདི་གནས་ཐུབ་པ་ཙམ་འདི་ཡང་བླ་མ་མཁས་པ་ཆ་བོས་དབྱིན་སྐད་རྒྱ་སྐད་རྒྱག་ཁུལ་བྱས་ནས་འཛད་རྒྱུ་རེད། མི་འགྱངས་བའི་ལོ་ལྔ་ཅུ་ནང་བོད་ཡིག་འདི་གནའ་རྫས་ཤིག་ཏུ་འགྱུར་བ་ཅོག་རོང་བའི་ལུང་བསྟན་ཏོ།།
མང་པོ་བཤད་ནས་ཕན་གི་མ་རེད། ང་ཚོ་ཚང་མས་སྐད་ཡིག་གི་རིན་ཐང་དང་དེ་ལ་ལྷག་བསམ་དཀར་པོའི་ངང་ནས་བདག་པོ་རྒྱག་འདོད་གི་ཡོད་ན་། ཤེས་རིག་གི་སྒོ་འགྲམ་ལ་སོང་ནས་སྐད་འབོད་དང་རིན་པོ་ཆེ་དྲ་རྒྱའི་སྟེང་ལ་ཡང་འབོད་དགོས་པ་མ་རེད། རབ་ཡིན་ན་བོད་སྐད་ཡིག་བསྐྱར་འཁྲིད་བྱེད་ཐུབ་པར་མཚན་རྟགས་བསྡུ་བ་འམ་ཡང་ན་སྤྱི་མཐུས་གྲོས་ཚོགས་ཚོགས་དུས་རྗེས་མའི་སྟེང་ལ་སྤྲད་དེ་གླེང་སློང་ཡོངས་ཐུབ་པར་བྱེད་དགོས་པ་མ་ཟད། བཀའ་བློན་དང་བཀའ་ཟུར། མཁས་པ་དང་ཤེས་ལྡན་པ་དག། གཞན་བོད་གཞུང་ཤེས་རིག་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་སོགས་ལ་ཛ་དྲག་གི་འབོད་སྐད་འམ་སྙན་ཞུ་ཕུལ་ཐུབ་ན་དགེ་མཚན་ཆེ་བར་སྙམ། སྤྱིར་འདི་ལྟར་དྲ་བའི་སྟེང་ནས་གླེང་སློང་བྱེད་ཐུབ་པ་འདི་ཡང་ནུས་པ་ཞིག་རེད་འདོད་མོད་། འོན་ཀྱང་དྲ་ཐོག་ནས་། དུས་རྒྱུན་བོད་ཡིག་ལ་དོ་སྣང་ཡོད་པ་དག་གིས་མ་གཏོགས་བལྟ་ཀློག་བྱེད་མི་ཐུབ་པས་ན་གོང་གི་བྱེད་ཐབས་དེ་དག་ལག་ལེན་བྱེད་ཐུབ་ན་བོད་སྐད་ཡིག་ལ་རེ་བ་ཅུང་ཙམ་ཡོད་པར་འདོད། དེ་ལྟར་བཤད་ན། སྐད་ཡིག་རྒྱུན་འཛིན་ཚོགས་པ་ཟེར་བ་ཅིག་ཡོད་པ་མ་རེད་དམ། ཁོང་ཚོས་ལས་ཀ་འདིའི་མགོ་མཇུག་བར་གསུམ་ལ་ལག་པ་བསྲིངས་ཐུབ་ན་ཡག་པོ་ཡོད་རེད། གལ་སྲིད་ལས་འགུལ་འདི་སུ་ཞིག་གིས་སྤེལ་ཀྱང་། བདག་གིས་དེ་ལ་ཁ་ཞེ་གཉིས་མེད་གྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་གི་ཡིན།
གོང་ན་ཁ་ཤས་ཤིག་གིས་ལས་ཀ་རག་མི་རག་གི་སྐད་ཆ་གཅིག་གླབ་འདུག། དེ་ཧ་ཅང་ཐབས་སྐྱོ་བོ་རེད།་ང་ཚོ་བོད་པ་ཚོས་བོད་སྐད་ཡིག་སྦྱངས་བ་དང་བདག་པོ་རྒྱག་དགོས་པ་དེ་ལས་ཀ་ཞིག་ལ་ཐུག་ཡོད་པ་དེ་འདྲ་ཞིག་གཏན་ནས་མ་རེད། སྐད་དང་ཡི་གེ་ནི་བོད་མི་ས་ཡ་དྲུག་གི་སྲོག་རྩ་དང་འཆི་གསོན་ལ་འབྲེལ་བ་ཟབ་མོ་ཡོད་ལ། ཡབ་མེས་གོང་མ་ཚོས་ང་ཚོ་ལ་སྤྲད་པའི་རིན་པོ་ཆེ་འདི་ས་སྒང་འདིའི་སྟེང་ནས་གནས་མི་གནས་ཟེར་བ་ང་ཚོ་མི་རབས་འདི་ལ་རག་ལས་པས་ན་། ཚང་མས་བསམ་བློ་གཏོང་དགོས་པ་ཧ་ཅང་གི་གལ་ཆེན་པོར་མཐོང་སོང་། གལ་སྲིད་བོད་པ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེ་གཉིས་རང་ཉིད་ཀྱིས་ལུས་སེམས་དང་བྲལ་བ་ཡིན་ན་། རང་ཉིད་བླ་སྲོག་བོར་བའི་ཕུང་བོ་ཤི་བོ་ཞིག་དང་ཁྱད་པར་མེད་པས་ན།་ང་ཚོས་ད་ཐེངས་བཀའ་ཤག་གི་ནག་ཉེས་འདི་ལ་རྒོལ་ལན་ངེས་པར་དུ་སློག་དགོས་པར་འདོད།
བོད་ཀྱི་སྐད་ཡིག་གསོན་པོར་གནས་དགོས་ན། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུའི་་ནང་ལ་བོད་སྐད་ཐོག་མོ་ཊ་ཁ་ལོ་པ་ཡིག་རྒྱུག་གཏོང་ཡ་ཡོད་པ་བཟོ་ཐུབ་པ་དགོས་རེད། དེ་མིན་བོད་ཡིག་བེད་སྤྱོད་བྱ་ས་མེད་པར་དཔེ་ཀློག་དང་ཁ་ཏོན་ཙམ་གྱིས་ཆེད་ཉར་དགོས་རེད་ལབ་པ་དང་གཅིག་མཚུངས་རེད་དོ། གཞོན་སྐྱེས་ཚོ།
རྒྱ་གཞུང་གི་བོད་རིགས་ལས་བྱེད་ལས་བྱེད་པད་མ་འཕྲིལ་ལས་ལ་སོགས་ཀྱིས། ༸གོང་ས་མཆོག་ལ་ཁ་བཏང་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་མི་འགྲིགས་སྟངས་དང་། དམར་གཞུང་སོགས་སྲུང་སྐྱོབ་སོགས་བྱས་པ་ལྟར། དུས་གཅིགཏུ་རང་གི་མ་སྐད་བོད་སྐད་དང་། བོད་ཡིག་ལ་སྡང་པོ་རང་་ཨ་ཡོད་ན། གལ་སྲིད་མེད་ན་ལྷ་ས་དང། གཞིས་ཀ་རྩེ་ནས་འགོ་བཙུགས་ནས་པདྨ་འཕྲིན་ལས་ལགས་རང་གི་མི་ཚེ་ནང་ལ་མ་བྱུང་ན་ཡང་། རང་བུ་གུ་དང་། དེ་མིན་ན་ཡང་རང་གི་ཕུ་གུའི་ཕྲུ་གུ་ཚོས་བོད་སྐད་ཐོག་ལ་མོ་ཊ་ཁ་ལོ་པ་ལག་འཁྱེར་བླངས་ཐབས་ཡོད་པ་བཟོ་དགོས་རེད། དེ་མིན་ན། བོད་རིགས་དེ་ཚོའི་རིགས་ལ་བོད་པར་ཤ་ཞེན་ཡོད་ཀྱང་དབང་ཆ་ཡོད་མ་རེད་ཅེས་ལབ་ནས། བོད་པ་རང་གིས་རང་ལ་མགོ་སྐོར་བཏང་ནས་བསྡད་པ་དང་གཅིག་པ་རེད་དོ། གཞོ་སྐྱེས་ཚོས། ད་གཉིད་གསོད་ཅིག བོད་ཀྱི་སྐད་ཡིག་སྲུང་དགོས་ན་ཐབས་ཤེས་དེ་ལས་ལྷག་པ་ངས་ཐོང་བགྱིད་མི་འདུག་གདའ།
་་་་་་བོད་ཡིག་རིག་གཞུང་ལ་བདག་པོ་མི་བྱེད་པའི་ཤེས་རིག་ལས་ཁུངས་ཤིག་ཡོད་ཀྱང་དེའི་ཅི་བྱེད་གསོ་བདེ་ཞིག་ཏུ་ཆགས་སོང་པ་མ་རེད་དམ། ་་་་ཟེར། ཨ་ལེ་ཤེས་རིག་ལས་ཁུངས་དེ་འདྲ་ཞིག །འཛིན་སྐྱོང་གི་ངོས་ནས་འཐུས་ཤོར་ཕྱིན་པ་ཡིན་ན་བོད་ཀྱི་བླ་སྲོག་བཅད་པའི་ཉེས་པ་དང་བོད་གསོན་དུ་རེ་བ་ནི་རྨི་ལམ་ཙམ་རེད། དངོས་གནས་བདེན་པ་ཡིན་ན་དེ་ལས་ཉེས་པ་ཚབས་ཆེན་ཞིག་མེད་པས་བོད་མིའི་ཐོབ་ཐང་གི་ཆེད་དུ་སྐད་འབོད་རྒྱག་རན་རེད། ཡིན་ཡང་ཅལ་སྒྲོག་རིགས་ལ་གཟབ་ནན་དགོས། །
ད་ནི་བཙན་བྱོལ་ཚང་གི་སྐུ་ངོ་རྐུབ་སྟེགས་མཐོན་པོ་ཅན་ཚོས་མི་རིང་བར་བོད་སྐད་ཡིག་དུར་འཇུག་བྱ་འཆར་ཡོད་འདུག ཁོ་ཚོས་༧གོང་མཆོག་དང་སྐྱེས་ཆེན་དག་གི་བཀའ་དགོངས་ཁ་ལ་ཁྱེར་ནས་ལྐོག་ནས་འུ་ཚོ་ཚང་མ་ནག་ཁུང་དུ་འདེད་བཞིན་པ་མ་ཡིན་ནམ། དྲྭ་གྲོགས་སྤོབས་པ་མཐའ་ཡས་ལགས་ཀྱིས་བཤད་པ་ལྟར། ད་ནི་ང་ཚོས་ཐུབ་ན་རིན་པོ་ཆེ་དངོས་ནས་དྲྭ་ཐོག་འདིར་གདན་འདྲེན་ཞུ་ཚད་ལ་ཐུག་འདུག དེ་མིན་ང་ཚོས་ཨག་སྐད་ཅི་ཙམ་བརྒྱབ་ཀྱང་རེ་འབྲས་ཤིག་མེད་པ་ཁོ་ཐག་རེད།
དེང་སང་རྒྱ་ནག་ནང་ལ་བོད་ཀྱི་རིག་གཞུང་གི་དཔེ་དེབ་བགྲང་ལས་འདས་པ་དཔར་བསྐྲུན་བྱས་འདུག །བླུ་ཉོ་བྱེད་མཁན་མང་ལ། ལྟ་ཀློག་བྱེད་མཁན་མང་། དེ་ཡང་གཙོ་བོ་བོད་རིགས་ལས་བྱེད་པ་དང་མཁས་དབང་དག་གི་བདག་རྐྱེན་ལས་བྱུང་བ་ཞིག་ཡིན་པ་ལས་གཞན་གང་ཡང་མིན། །བཙན་བྱོལ་ནང་ལ་བོད་ཡིག་མི་དགོས་པ་དང་རང་ཁ་གསོ་ཙམ་བྱུང་ན་དེ་གས་འགྲིག་པར་བྱས་ནས་བོད་ཡིག་གི་དཔེ་དེབ་བླུ་ཉོ་བྱེད་མཁན་མེད་ལ། ལྟ་ཀློག་བྱེད་མཁན་ཡང་མེད་པ་རེད། དེ་གཉིས་བསྡུར་དང་་་
གནའ་སྔོན་སྡེ་སྲིད་རྒྱ་མཚོ་གནས་སྐོར་བ་འཁྱམ་པོ་ལ་བརྫུས་ནས་མང་ཚོགས་ཀྱི་སྐྱིད་སྡུག་གཟིགས་པར་ཕེབས་སྲོལ་ཡོད་འདུག རྒྱལ་བ་རིན་པོ་ཆེ་མཚམས་མཚམས་ལ་ཁ་བརྡ་ལ་ཕེབས་ཐུབ་ན་ཡག་པོ་ཡོད་པ་རེད།
རེད། རྒྱབ་སྐྱོར་ཡོད། དང་པོ་ཁ་བརྡ་རྩོམ་སྒྲིག་པས་གོ་སྒྲིག་བྱེད་དགོས་འདུག ཡིན་ཡང་། ཁོང་ཕེབས་པ་ཡིན་ན་བཀའ་འདྲི་གང་ཞིག་གནང་གི་ཡིན་ནམ།
གོང་གི་བསམ་ཚུལ་རྣམས་ཡག་པོ་རེད།་གང་ལྟར་ང་ཚོས་གདན་འདྲེན་བྱ་ཐུབ་ཚེ། དོན་ཕན་ལྡན་པའི་དྲི་བ་རེ་གྲ་སྒྲིག་བྱེད་དགོས་པ་འདོད།
ཉེ་ཆར་རྒྱལ་བ་རིན་པོ་ཆེ། ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཕེབས་དུས་བོད་ཡིག་གི་གལ་ཆེན་རང་བཞིན་ཚང་མ་གསུངས་གྲུབ་སོང་།
འདི་ནི་ཕྱི་གསལ་ནང་གསལ་དང་ས་ཁྱབ་རྡོ་ཁྱབ་ཡིན།
ད་ག་རེ་གསུངས་དགོས་པ་རེད་དམ།
བཙན་བྱོལ་ནང་ག་རེ་བྱེད་མིན་དེ་སྲིད་ཀྱི་སྣེ་བ་དག་གི་དབང་ཆ་རེད། དེ་དག་གི་བྱེད་སྟངས་ཚང་མས་མཐོང་ཡོད་རེད།
ངས་བལྟས་ན་ད་བསམ་བློ་གཏོང་ས་གཅིག་མ་གཏོགས་མེད། དེ་ནི་གྲོས་ཚོགས་ལ་རེ་བ་བརྒྱག་རྒྱུ་དེ་རེད། འཇོན་པོ་ཞིག་གིས་སྤྱི་འཐུས་ལ་སྙན་ཞུ་དང་བསམ་ཚུལ་འབུད་རྒྱུ་དེ་རེད།
ཁོ་ཚོས་ཁ་ཡ་མ་བྱས་ན་བསམ་བློ་གཞན་ཞིག་མི་གཏོང་ཐབས་མེད་རེད།
ཀརྡོ་གཉེར་ཕྱག་པའི་མཆན་ན། ད་གཉིད་གསོད་ཅིག ཅེས་པར་དཔྱད་པ་བྱེད་དགོས་པར་མཐོང་། སྔོན་མ་བདག་གིས་གཉིད་སད་པ་དེ་ལ་སྲོག་གཅོད་ཀྱི་གསོད་དང་དོན་གཅིག་པར་བསམས་པ་དེ་ནོར་འཁྲུལ་ཡིན་པར་སེམས། གཉིད་སད། བསྐུལ་ཚིག་ལ་གཉིད་སོད། ཅེས་པ་ཙམ་ལས། གསོད་ བསད་ གསད་ སོད། མཐའ་མ་དེ་མ་གཏོགས། བྱ་ཚིག་སྔ་མ་གསུམ་པོ་དེ་གཉིད་ལ་སྦྱར་ཚུལ་ཡོངས་གྲགས་ཡིན་མིན་མི་ཤེས། དེ་ཡང་། གཉིད་སད། ཅེས་པ་དང་གཉིད་སངས། ཞེས་པ་
གཉིས་དོན་མཚུངས་པ་ཞིག་ཏུ་སྣང་ངོ་།
ད་་་ཐབས་ཤེས་ཡག་བ་འདྲ་ཅང་བརྙེད་མི་འདུག་ག དྲ་ཐོག་ཏུ་ང་རང་ཚོས་ས་ཡིག་བསྡུ་རུབ་བྱེད་ནས་ཤེས་རིག་ལས་ཁུངས་དང་སྤྱི་འཐུས་གྲོས་ཚོགས་སོགས་ལ་སྙན་ཞུ་ཕུལ་ན།
༡་་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་ཐ་སྙད་གསར་ཚིག་མཛོད་བཏོན་དགོས་པ་དང་།
༢་་ཕྱིའི་རིག་གནས་ནང་འདྲེན་བྱེད་དགོས།
༣་་སློབ་གྲྭ་ཁག་ཏུ་བོད་ཡིག་གཙོ་བོར་བཟུང་ནས་སློབ་འཁྲིད་དགོས་པ།
༤་་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་ཡིག་སློབ་གྲྭ་འཛུགས་པ་དགོས།
དང་པོར་སྙན་ཞུ་ཕུལ། ད་དུང་ཡར་ལན་མ་བྱེད་ན་ངོ་རྒོལ་བྱ། དེ་འདྲ་དགའ་ས་མ་རེད་དམ། ཁ་བརྡ་ཚང་གིས་འགུལ་ཞིག་འཁུར་རོགས་བྱེད་ན་ཡག་པོ་འདུག
ད་་་ཐབས་ཤེས་ཡག་བ་འདྲ་ཅང་བརྙེད་མི་འདུག་ག དྲ་ཐོག་ཏུ་ང་རང་ཚོས་ས་ཡིག་བསྡུ་རུབ་བྱེད་ནས་ཤེས་རིག་ལས་ཁུངས་དང་སྤྱི་འཐུས་གྲོས་ཚོགས་སོགས་ལ་སྙན་ཞུ་ཕུལ་ན།
༡་་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་ཐ་སྙད་གསར་པའི་ཚིག་མཛོད་བཏོན་དགོས་པ་དང་།
༢་་ཕྱིའི་རིག་གནས་ནང་འདྲེན་བྱེད་དགོས་པ།
༣་་སློབ་གྲྭ་ཁག་ཏུ་བོད་ཡིག་གཙོ་བོར་བཟུང་ནས་སློབ་འཁྲིད་བྱེད་དགོས་པ།
༤་་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་ཡིག་སློབ་གྲྭ་འཛུགས་དགོས་པ།
དང་པོར་སྙན་ཞུ་ཕུལ། ད་དུང་ཡར་ལན་མ་བྱེད་ན་ངོ་རྒོལ་བྱ། དེ་འདྲ་དགའ་ས་མ་རེད་དམ། ཁ་བརྡ་ཚང་གིས་འགུལ་ཞིག་འཁུར་རོགས་བྱེད་ན་ཡག་པོ་འདུག་་་་་བཅོས་རོགས་གནོངས།
རང་རང་གི་འཇོན་ཐང་ལ་དཔག་པའི་ལས་འགུལ་རེ་སྤེལ་དང་། འགོ་ཚུགས་དུས་ནས་གཞི་རྒྱ་ཆེན་པོ་ཁག་པོ་རེད། སྤྱིར་ཤེས་རིག་གིས་མ་གནང་བ་མ་རེད། ཕྱི་རིག་ནང་འདྲེན་གནང་ཡོད། མ་ཟད་ཐ་སྙད་གསར་པའི་ཚིག་མཛོད་ཀྱང་ཡོད། ཤེས་རིག་གི་དྲ་རྒྱ་གཟིགས་དང་འཇོན་ན་བོད་ཡིག་ཐོག་ཡོད་པའི་དེབ་མང་པོ་རིན་མེད་ཐོག་འཕབ་ལེན་གནང་ཆོག་འདུག http://www.sherig.org/tb/%E0%BD%91%E0%BD%BA%E0%BD%96%E0%BC%8B%E0%BD%81%E0%BD%82/%E0%BD%A2%E0%BE%A9%E0%BD%BC%E0%BD%98%E0%BC%8B%E0%BD%A6%E0%BE%92%E0%BE%B2%E0%BD%B2%E0%BD%82%E0%BC%8B%E0%BD%9A%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%BA%E0%BD%96%E0%BC%8B/
ཁྱེད་ཚོའི་ནང་རིག་གནས་ཤེས་མཁན་མང་པོ་ཡོད་ཚོད་འདུག་སྟེ། གུས་ནས་དང་བླངས་དགེ་རྒན་ཞིག་རེ་བསྐུལ་ཞུས་པ་ལ་སུས་ཀྱང་ཁ་ཡ་མི་འདུག ཤེས་རིག་སོགས་ལ་ཁ་ཟེར་ནས་གང་ཡོང་།
ཨོ་ཡ་་་་བློ་བཟང་ལགས། གླ་མེད་དགེ་རྒན་ལས་ཀ་ངས་བྱེད་ཆོག དེ་ཡང་སུད་སི་ནང་དུ་མ་གཏོགས་ཡོང་གི་མ་རེད། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཟོ་པའི་ཐ་སྙད་ཚིག་མཛོད་དེ་ནི་བལྟ་མི་བདེ་བ་དང་སེམས་སྐྱོ་ཡ་འདྲ་ཞིག་འདུག་་་་ད་གང་དྲག་
ཅོ་རི་ལགས། ཁྱོད་འདི་ཞིག་ན་ཉུག་གི་བསྡད་ཡོད་ཀི། བྱས་ཙང་མཆན་འདི་ཁྱོད་ལ་སྐུལ་མའི་ཆེན་དུ་མར་ཞིག་ནས་བཅད་ཡོང་བ་ཡིན།
ང་ཁྱེད་ཀྱི་ཡིག་རྩ་དང་སེམས་ཤུགས་ལ་དགའ་བོ་ཡོད། ཡིན་ན་ཡང་། མེད་མུག་འདོན་ཚུལ་དང་། རང་ལ་ཡོད་པ་དེ་མེད་པར་རེ་ཚུལ་ལ་དགའ་བོ་མེད།
ཁྱོས་ཁ་ཟས་གཡོས་སྦྱོར་བའི་དཔང་ཡིག་ཚད་ལྡན་ཞིག་ལོན་ཡོད་པ་དེ་ལ་དགའ་གུས་ཞུ། ད་ཁྱེད་རང་གི་རིག་པའི་རྣམ་དཔྱོད་ཡོད་ཚད་ཀྱི་ལམ་ནས་ཟས་རིགས་ཟས་སྣའི་མྱིང་འདོགས་རྒྱས་འགྲེལ་ཅན་གྱི་ཟས་གཡོ་ལག་དེབ་ཆེན་པོ་ཞིག་མ་བྱུང་ན་ཡང་། ཆུང་ཆུང་ཞིག་ངེས་པར་དུ་འདོན་ཐུབ་པའི་རྒྱུ་ཆ་ནི་ཚང་འདུག་བསམ།
ཤེས་རིག་ལས་ཁུངས་དང་ཟམ་གདོང་རིན་པོ་ཆེ་སོགས་ལ་རེ་བ་ཕར་བཅོལ་བ་ནི་ཀླན་པ་རེད། མྱི་དེ་ཚོས་བོད་ལ་ཡོད་བཞིན་པ་ཞིག་ལས་གཞན་ཅི་གང་མི་ཤེས། མཐའ་ན་རང་ལ་ཁ་ཟས་ཞིམ་པོ་བྲོ་ཆེན་ཞིག་ཡང་བཟོ་མི་ཤེས། ཁོང་ཚོ་ལས་ཁྱོད་ཟས་རིགས་ཀྱི་སྐོར་ནས་བརྒྱ་འགྱུར་ལྡབ་འགྱུར་གྱིས་ཤེས་ལྡན་ཡིན། དེའི་སྒང་ལ་ཁྱོད་ལ་བོད་ཡིག་ཤེས་བའི་དགེ་མཚན་ཡོད། ད་ནས་བཇུང་དེ། བོད་གངས་ཅན་པས་སྟོབས་བཅུད་ལྡན་པའི་རོ་བརྒྱ་འདྲ་མིན་ལ་ལོངས་སུ་སྤྱོད་དུ་འཇུག་མི་འཇུག་ཅོ་རི་ཁྱེད་ལ་ཐུག་ཡོད་པ་འདྲ། ངོ་ནས་ཡིན། མདོ་དབུས་ཁམས་གསུམ་ན་ཡོད་པའི་བོད་ནང་གི་མཁས་བ་མྱིང་ཅན་ལྔ་བཅུ་ཡས་མས་ཤིག་གིས་(གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་)ཟེར་ནི་ཞིག་གི་སྟེངས་ལ་དཀའ་ལས་ཧ་ལས་བ་བརྒྱབས་འདུག་ཡང་། དེ་དག་གི་སྐོར་ལ་ཁྱད་ལས་བ་མེད་པའི་མྱིང་འདོགས་ཀི་ཞན་ཆ་གནམ་སར་མི་ཤོང་བ་དེ་འདྲ་ཕུད་འདུག་པ་ནས་ང་ཚོ་ལ་གསལ་སྟོན་བྱས་ཡོད།
ཆོས་བསྒྱུར་ན་ཆོས་བ་ཚོ་ཡག་པ་ལས་ཆོས་མི་ཤེས་མཁན་ཞིག་གིས་མི་ཡོང་།
སྨན་བསྒྱུར་ན་སྨན་པ་ཚོ་ཡག་པ་ལས་ལོ་རྒྱུས་བ་ཞིག་གིས་མི་ཡོང་།
རིག་གནས་ག་འདྲ་ཞིག་ནང་འདྲེན་དང་མྱིང་འདོགས་བྱེད་ན་བོད་ཡིག་ཡག་པོ་ཞིག་ཤེས་བའི་ཁར་ས་ོསོ་དེའི་ཁྱད་ལས་བ་ཞིག་ཡིན་དགོས། དེ་མིན་རེ་བ་ལུག་ལ་རྒྱབ་ནས་འབྲས་བུ་རྟ་ཞིག་ལེན་གི་ཡིན་ཟེར་ན་རང་གཞན་ཚང་མས་རང་ངོ་མ་ཟིན་པའི་ན་ཚ་རེད་དོ།
ཁམས་བཟང་། ཁ་རྒྱགས་དྲག་སོང་ན་དགོངས་དག།
དེ་མིན་དེང་སང་ཕྱི་ཕྱོགས་ན་བོད་རིགས་ཁྱད་མཁས་བ་དེ་འདྲ་མང་ཚོད་རེད་དེ། བོད་ཡིག་གི་མ་རྐང་ཡག་པོ་མེད་དུས་རིག་གནས་ནང་འདྲེན་བྱེད་ཚུལ་མེད་པར་ཤི་འགྲོ་བཞིན་ཡོད་པ་འདྲ། རང་དེ་དང་མི་འདྲ། ཅོ་རིའི་ཁ་ཤུགས་དོན་ལ་གནས་ན། ཟས་རིགས་ཀྱི་སྐོར་ཡིན་ཐལ།
ཅོ་རི་ལགས་ཁྱེད་འཐོན་པ་དགའ་པོ་བྱུང་། ང་ཚོའི་ཚོགས་པ་དེ་ཨ་རི་ནང་རེད། ཡིན་ཡང་སྐྱོན་མེད་སློབ་ཞུགས་པ་རྒྱལ་ཁབ་འདྲ་མིན་ནས་ཡོད། དབྱིན་ཡུལ་དང་། ཕ་རན་སི། རྒྱ་གར། བེལ་ཇམ། ཨ་རི་སོགས་ནས་རེད།
ང་ཚོས་དྲ་རྒྱའི་ཐོག་ནས་སློབ་ཁྲིད་བྱས་ཀྱིས་ཡོད། འགོ་ཚུགས་ནས་ལོ་གཉིས་ལྷག་འགྲོ་བཞིན་ཡོད། གཙོ་བོ་བོད་མི་རང་ལ་དམིགས་པ་ཡིན། རེ་གཟའ་སྤེན་པ་ནམ་ཡིན་དང་། དུས་ཚོད་སློབ་ཁྲིད་པ་དང་སློབ་མ་གཉིས་ཀའི་ས་གསན་གཞིར་གཟུང་གི་དབུ་ལམ་ཞིག་གཏན་འབེབ་བྱས་ཀྱིས་ཡོད།
ཁྱེད་ལ་དུས་ཚོད་ཆ་ནས་དཀའ་ངལ་ཕྲད་སྲིད་རུང་། ས་གནས་ཆ་ནས་དཀའ་ངལ་མེད། གནས་ཚུལ་ཞིབ་ཕྲ་སྒེར་འཕྲིན་ཐོག་ནས་ཞུས་ཆོག obc.tlc@gmail.com འབྲེལ་བ་ཡོད་པ་ཞུ། ཐུགས་རྗེ་ཆེ།
ས་གནས་
གནམ་ལགས་་་ཤེས་སོང་།
ད་དུང་སྐབས་སྐབས་སུ་ཁྱེད་རྣམ་པ་དྲ་རྒྱའི་གྲོས་གླེང་གནང་རྒྱུའི་གོ་སྒྲིག་ཡང་ཞུ་ཐུབ་ཀྱི་ཡོད། ཕན་ཚུན་གཟིགས་ནས་དང་བཀའ་མོལ་ལྷུག་པོར་གནང་ཆོག དེ་skype མ་རེད། མི་གྲངས་སུམ་བཅུ་ཡས་མས་དུས་གཅིག་ན་མནམ་ཞུགས་གནང་ཆོག་པ་རེད།
གཉིད་སོགས། སད་བྱ། སད་བྱེད། སད་ཟིན། སད་ཅིག དགོས་པ་འདྲ། ངའི་གོང་དུ་སྐུལ་ཚིག་ལ་གཉོད་གསོད་ཅིག་བྲིས་པ་དེ་ནོར་བ་འདྲ། དགོངས་དག་ཞུའོ།།
བོད་ཡིག་མི་དགོས་མཁན་ཚོས་བོད་ཡིག་མ་བྲིས་ན་འགྲིག་གི་རེད། ལག་ནས་བོད་ཡིག་འབྲི་བཞིན་ཁ་ནས་བོད་ཡིག་དགོས་མེད་བཤད་ན་ངོ་མི་ཚའམ། ང་ཚོ་ལྟོ་གོས་ཀྱི་ཆེད་དུ་སྐྱབ་གཅོལ་ཡོང་བ་རེད་དམ། རིག་གཞུང་གི་ཆེད་དུ་ཡོང་བ་རེད། ལྟོ་གོས་འཚོལ་ཐུབ་ཙམ་གྱིས་འགྲིག་ན་བོད་པའི་སློབ་གྲྭ་བཙུགས་དགོས་དོན་མི་འདུག མིའི་མདུན་ལམ་ཞེས་པ་དེ་ལྟོ་གོས་ཙམ་ལ་བསམ་མཁན་རྣམ་ནི་དུད་འགྲོ་དང་ཁྱད་པར་ཅི་འདུག་གམ། ལར་ནས་རང་གི་སྐད་ཡིག་གི་གཞི་རྩ་ཡག་པོ་ཞིག་ཡོད་ན་གཞན་གྱི་སྐད་ཡིག་སྦྱང་སྐབས་ལས་སླ་བ་ཡོད་པ་སྐད་ཡིག་ཆེད་མཁས་པ་ཚོའི་སྡོམས་ཚིག་རེད། བཙན་བྱོལ་སྒྲིག་འཛུགས་ཀྱིས་འདི་ཙམ་ཡང་ཐོས་མེད་པ་ཡིན་ནམ། གང་ལྟར་བོད་ཡིག་རྩ་མེད་བཟོ་མཁན་དེ་ནི་མི་སུ་ཡིན་ཡང་བོད་མི་རིགས་དམར་གསོད་གཏོང་མཁན་རེད།
ཀློག་མཁན་རྣམས་ལ་བསལ་བཤད་ཞུ་ཡ་གཅིག་ལ་རྩོམ་འདི་འབྲི་མཁན་བློ་བཟང་དང་འོག་གི་མཆན་འབྲི་མཁན་བློ་བཟང་གཉིས་མི་གཅིག་པ་རེད་མི་འདུག
གང་ལྟར་གཞུང་ངོས་ནས་བོད་ཡིག་ལ་མཐོང་ཆུང་བཏང་བ་ནི་སྐྱོང་ངལ་གྱི་གཞི་མ་ཞིག་རེད་ལ། མི་རིགས་འདིའི་མ་འོངས་བར་གནོད་ངེས་རེད།
ཕོ་ལྟོག་ན་ལྟོ་འཚོལ་བ་ལས། ཡི་གེ་མི་འཚོལ། ལྟོ་རྒྱབ་དང་ཕུགས་འདུན་སྲུང་མི་ཐུབ་པའི་སྐད་ཡིག་ཞིག་གིས་ཅི་བྱེད།
ཕ་ས་གོར་མོ་རྡག་པས་མནན་ནས། ནམ་མཁའ་གོར་མོ་ཏོག་གིས་འཇོག་མ་ཐུབ་ན། བོད་སྐད་ཉམ་རྒྱུ་རེད། བོད་དཔེ་རྩེག་རྒྱུ་རེད།
བོད། བོད་ཡུལ། བོད་སྐད། བོད་ཡིག་ཤི་འི་མི་འཇུག་ཟེར་ན། དུས་གཅིག་དུ་ཚང་མ་མཉམ་སྐྱོབས་བྱེད་དགོས་བ་ལས། གཅིག་སྐྱོབས་གཉིས་ཤི་འི་ལམ་ཁ་ནས་རྒྱལ་ཁ་ཞིག་ལ་རེ་བ་ནི་ལམ་དབུ་མའི་གླུན་ཕྲུག་ཚོ་རེད་ཟེར་རྒྱུ་ཡིན། གོ་ན་སེམས་ཀི་སྐད་ཆ་ཡིན། གོ་མེད་མི་ལ་དུག་མཆུ་ཡིན།
ཨནུ་ཐང་ཁྱོད་བདེན། འོག་གི་མཆན་པོ་ང་བོད་ཡིག་གོམ་པ་དང་པོའི་ནང་ཡོད། གོང་གི་ཁོང་བོད་ཡིག་ཐར་ཕྱིན་པ་ཞིག་ཡིན་ས་རེད། འོག་གི་མཆན་པོ་ཁ་ཡོད་ལག་ཡོད་ཀྱི་འགུལ་མཁན་ཞིག་ཡིན། གོང་གི་ཁོང་ལག་འགུལ་ཡོད་མེད་མི་ཤེས་ཏེ་སེམས་ཤུགས་ཅན་ཞིག་རེད་འདུག་བསམ།
གནམ་ཞེས་པ་ཁྱེད་རང་ཕོ་བ་ལྟོག་ནས་ཤི་སོང་བ་ཞིག་གི་རྣམ་ཤེས་ཡིན་པ་འདྲ། སྐད་ཡིག་དང་རིག་གཞུང་བདག་པོ་རྒྱབ་ན་ལྟོ་རྒྱབ་ཞར་ལ་ཡོང་གི་རེད། ལྟོ་རྒྱབ་ཙམ་ལ་བསམ་སྡད་ན་ལྟོ་རྒྱབ་ཡང་འགྲུབ་རྒྱུ་ཁག་པོ་རེད།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས།
དྲི་བ། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་སྐོར་གྱི་བཀའ་འདྲི་ཞིག་ཞུས་ཆོག་པ། ང་ཚོའི་སྐད་ཡིག་འདི་ངོ་བོ་དང་བཀོལ་སྤྱོད་གང་གི་ཆ་ནས་རྒྱལ་སྤྱིའི་ཚད་ལྡན་གྱི་ཡིག་རིགས་གྲས་སུ་གཏོགས་ཀྱང༌། བཙན་བྱོལ་དུ་སློབ་གྲྭ་ཁག་གིས་གཙོས་སྤྱི་ཚོགས་ཐོག་ལག་ལེན་བྱེད་མཁན་ཧ་ཅང་ཉུང་ངུ་ཡིན། གཞོན་སྐྱེས་མང་པོ་ཞིག་བོད་ཡིག་ལ་དོ་སྣང་དང༌། ཚོར་སྣང་མེད་པ་དེ་ལ་ཧ་ཅང་བློ་འཚབ་ཆེན་པོ་འདུག བོད་ནང་མཚོན་ན་ཕ་སྐད་སྲུང་སྐྱོབ་ཚོགས་པ་བཙུགས་ནས་རང་ཉིད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་བརྩི་འཇོག་བྱེད་བཞིན་ཡོད་པ་དང༌། ྋགོང་ས་མཆོག་གིས་ཀྱང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལ་བཀའ་སློབ་རིམ་པར་སྩལ་ཡོད་ཀྱང༌། འདིར་སྐད་ཡིག་སྲུང་སྐྱོབ་ཀྱི་ཕྱོགས་ལ་ནུས་པ་ཤུགས་ཆེན་པོ་ཞིག་ཐོན་གྱི་མེད་པའི་སྣང་ཚུལ་འདུག་པས་གནས་སྟངས་འདིའི་ཐད་ལ་ྋགོང་ས་མཆོག་གི་དགོངས་ཚུལ་ཞིག་བཀའ་གནང་རོགས།
བཀའ་ལན། དེ་ནི་དངོས་ཡོད་གནས་ཚུལ་རེད། སྔར་ཕྱི་ལོ་ ༡༩༦༠ ལོར་ཤེས་རིག་ཚོགས་ཆེན་ཐེངས་དང་པོ་འཚོགས་པའི་སྐབས་དེར་སློབ་ཚན་རྣམས་རིམ་བཞིན་བོད་སྐད་ཐོག་བསྒྱུར་ནས་སློབ་དགོས་ཀྱི་འདུག་ཅེས་བརྗོད་ཡོད། སྐབས་དེར་ང་ཚོའི་ངོ་ཤེས་པོ་ལན་ཌིའི་སྤོ་བོ་ལགས་གཅིག་དང༌། རྨོ་བོ་ལགས་གཅིག་ཡོད། ཁོང་གཉིས་བཟའ་ཚང་མིན། ཧ་ཅང་ཡག་པོ་ཡོད། རྨོ་བོའི་མིང་ལ་ཨུ་མ་དྷི་ཝི་ཟེར་བ་དང༌། ང་ཚོས་སྤོ་བོ་ལགས་དེར་པོ་ལན་སྤོ་བོ་ལགས་ཞེས་བརྗོད་ཀྱི་ཡོད། སྤོ་བོ་ལགས་ཀྱིས་སྐབས་དེར་སློབ་ཚན་རྣམས་བོད་ཡིག་ཏུ་བསྒྱུར་རིམ་བཞིན་སློབ་རྒྱུ་དང༌། ཐ་ན་ཉིན་རེ་ཉིན་རེ་འཁྲིད་རྒྱུའི་སློབ་ཚན་དེ་ཉིན་གཅིག་གིས་གོང་དུ་བོད་ཡིག་ཏུ་བསྒྱུར་ནས་བོད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་ཞེས་བཤད་ཡོད།
ངས་དོ་སྣང་བྱུང་བ་གཅིག་ལ། ཕྱི་ལོ་ ༡༩༥༤ ལོར་ང་ཚོ་རྒྱ་ནག་པེ་ཅིང་དུ་ཕྱིན་པ་རེད། ཕྱི་ལོ་ ༡༩༥༥ ལོར་རྒྱ་ནག་གི་ས་ཁུལ་ཁག་ལ་ལྟ་སྐོར་དུ་འགྲོ་སྐབས་བྱང་ཤར་ཁུལ་ཀོ་རི་ཡ་དང་ས་མཚམས་འཁེལ་བ་དེར་ཡན་པན་ཀོ་རི་ཡ་ཞེས་པའི་མི་རིགས་ཀྱི་རང་སྐྱོང་ཆུང་ཆུང་ཞིག་ཡོད། དེར་ལྟ་སྐོར་བྱེད་སྐབས་ཁོང་ཚོའི་མཐོ་རིམ་སློབ་གྲྭའི་སློབ་ཚན་རྣམས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་འདུག་པ་དེ་ལ་དོ་སྣང་བྱུང༌། ངེས་པར་རང་ཉིད་ཀྱི་སྐད་ཡིག་ཐོག་སློབ་ཚན་ཆ་ཚང་སློབ་ཐུབ་པ་ཞིག་དང༌། དབྱིན་ཇི་དང་རྒྱ་ཡིག་ལྟ་བུ་སློབ་རྒྱུ་ནི་སྐད་ཡིག་རྐྱང་པ་བསླབ་རྒྱུ་དང་དེ་མིན་གྱི་སློབ་ཚན་གཞན་རྣམས་བོད་ཀྱི་སྐད་ཡིག་གི་ཐོག་ནས་ཆ་ཚང་སློབ་ཁྲིད་ཐུབ་པ་བྱུང་ན་ཞེས་སྐབས་དེར་སྐད་ཆ་བྱུང་བ་རེད།
འོན་ཀྱང་སྐབས་དེར་ལམ་སང་ལག་ལེན་བསྟར་ཐུབ་པ་བྱུང་མེད། གང་ལགས་ཤེ་ན། སློབ་ཚན་རྣམས་ཀྱི་སློབ་དེབ་མེད་ཅེས་དེ་ལྟར་ལུས་པ་རེད། དེ་རྗེས་བར་སྐབས་ནས་བོད་ཕྲུག་ཁྱིམ་སྡེས་འཛིན་གྲྭ་ལྔ་པ་བར་སློབ་ཚན་ཆ་ཚང་བོད་ཡིག་ཏུ་བསྒྱུར་ནས་སློབ་ཁྲིད་བྱས་ཡོད། དེ་ལྟར་སློབ་ཁྲིད་བྱས་པ་ལ་དགེ་མཚན་ཡང་འདུག་ཅེས་བརྗོད་ཀྱི་འདུག སློབ་ཕྲུག་རྣམས་ལ་སློབ་ཚན་ཁྲིད་སྐབས་སྐད་དེ་བོད་སྐད་ཀྱི་ཐོག་ནས་ཁྲིད་སྟབས་སློབ་ཕྲུག་ཚོར་སྐད་ཀྱི་ཐོག་ནས་དཀའ་ངལ་མེད། དེ་མིན་སློབ་ཚན་གཞན་དབྱིན་སྐད་ཐོག་ནས་ཁྲིད་སྐབས་སྐད་གསར་པ་ཞིག་དང་སློབ་ཚན་གྱི་ནང་དོན་ཡང་གསར་པ་ཞིག་ཡིན་སྟབས། ཤེས་རྟོགས་ཆ་ཚང་ཡོང་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག བོད་སྐད་རང་གི་ཐོག་ནས་སློབ་ཁྲིད་བྱས་ན་ཤེས་རྟོགས་ཡག་པོ་ཡོང་གི་འདུག་ཅེས་སྐད་ཆ་བྱུང་བ་རེད། དེས་ན་ང་ཚོས་དེ་ལྟར་ལག་ལེན་འདི་ལྟར་བསྟར་གྱི་ཡོད། གངས་ཅན་སྐྱིད་གཤོངས་སུ་སྲོལ་རྒྱུན་གྱི་མེས་དབོན་སློབ་གྲྭ་བཙུགས་ནས་སློབ་ཚན་ཆ་ཚང་བོད་སྐད་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད།
ང་ཚོས་ཐོག་མ་ནས་དེ་ལྟར་དོ་སྣང་བྱས་ཡོད། འོན་ཀྱང་ཕྱོགས་གཅིག་ནས་མཐོ་རིམ་གྱི་སློབ་སྦྱོང་རྣམས་དབྱིན་སྐད་ཀྱི་སློབ་ཚན་ཐོག་ནས་འགྲོ་དགོས་པ་དེས་དཀའ་ངལ་གཅིག་འཕྲད་པ་དང༌། གཉིས་ནས་ང་ཚོའི་སློབ་དེབ་དེ་དག་ཀྱང་ཚགས་ཚུད་པོ་ཞིག་བྱུང་མེད་པ་ཐག་གཅོད་རེད།
སྔ་ལོ་ངོས་ནས་སྡུག་སྐད་བརྒྱབ་པ་ཡིན། ང་ཚོའི་སློབ་གྲྭ་ཁག་བཙུགས་ནས་ལོ་ལྔ་བཅུ་ཙམ་སོང་ཡོད། འདས་པའི་ལོ་ངོ་ལྔ་བཅུའི་ནང་ནས་ཐོག་མའི་ལོ་བཅུ་དང་ཉི་ཤུ་ནི་ང་ཚོ་འཐོམས་སངས་རྒྱུ་ཡིན་པས་ཁག་མེད། ཐོག་མར་སློབ་གྲྭ་འཛུགས་རྒྱུའི་ཐོག་བསམ་བློ་བཏང་སྟེ་དེའི་ཐོག་ཨུ་ཚུགས་བརྒྱབ་པ་ལས་གཞན་བྱ་རྒྱུ་བྱུང་མེད། དེ་རྗེས་ལོ་ཉི་ཤུའི་རིང་ཡར་རྒྱས་གཏང་རྒྱུའི་ཐོག་ཤུགས་རྒྱག་དགོས་ཞེས་འབོད་སྐུལ་ཧ་ཅང་མང་པོ་བྱས་པ་ཡིན། འོན་ཀྱང་འདོད་བློ་ཁེངས་པའི་ཡར་རྒྱས་ཤིག་བྱུང་མེད་པར་འཆར་ཅན་ཁོ་ནའི་ཐོག་ཏུ་ཕྱིན་ཡོད། དེ་ལྟར་ཏན་ཏན་འཐུས་ཤོར་ཕྱིན་འདུག འཐུས་ཤོར་ཕྱིན་ཟིན་པ་ལ་བྱ་རྒྱུ་གང་ཡང་ལྷག་མེད། ད་ཕན་འཐུས་ཤོར་སོང་བ་རྣམས་རྒྱུ་གང་དང༌། རྐྱེན་གང་གིས་འཐུས་ཤོར་སོང་བ་དེ་ལ་ཞིབ་འཇུག་བྱས་ཏེ་མ་འོངས་པར་དེ་ལྟར་འཐུས་ཤོར་མི་ཡོང་བའི་བསམ་བློ་གཏོང་དགོས། ཞེས་སྔ་ལོ་ཤེས་རིག་ཚོགས་ཆེན་འཚོགས་སྐབས་ཤོད་རྒྱུ་བྱུང༌། ད་ལྟ་འགུལ་བསྐྱོད་ཅིག་རྒྱག་གི་ཡོད་པ་རེད།
དེ་བཞིན་ཕྱོགས་གཅིག་ནས་སློབ་ཕྲུག་རང་ཉིད་ཀྱི་ངོས་ནས་ཀྱང་བོད་ཡིག་ལ་དེ་ཙམ་གྱི་དོ་སྣང་དང༌། དོན་གཉེར་མ་བྱས་པ་ཞིག་ཀྱང་ཡོང་སྲིད་པ་ཡིན། དཔེར་ན་བོད་ནང་ཆ་བཞག་ན། ས་ཁུལ་འགའ་ཤས་ཧ་ཅང་ཡག་པོ་ཡོད་པ་ལྟ་བུ་འདུག ཕལ་ཆེར་མདོ་སྨད་ཀྱི་ཁུལ་ནས་བོད་ཡིག་ལ་ཤུགས་ཆེན་པོ་རྒྱག་གི་ཡོད་པ་ལྟ་བུ་འདུག དེ་མིན་རང་སྐྱོང་ལྗོངས་ལྟ་བུར་ཆ་བཞག་ན། བོད་ཡིག་ཐོག་ཆེད་མངགས་དམ་དྲག་བྱེད་ཀྱི་ཡོད། ཉེ་ཆར་ལྷ་སར་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་མི་ཞིག་ཐུག་འཕྲད་བྱུང༌། དེས་རྒྱ་དཔོན་ཁྲིན་ཁུན་ཡོན་ཟེར་བ་ལྷ་སར་བསླེབས་རྗེས་སློབ་གསོའི་ཐད་འགྱུར་བཅོས་ཆེན་པོ་ཞིག་བཏང་སོང༌། དེའི་གོང་བོད་ལྗོངས་སློབ་གྲྭ་ཆེན་མོར་བཤེས་སྤྲིང་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རྣམས་ཁྲེན་ཁུན་ཡོན་བསླེབས་པ་ནས་བཟུང་སྟེ་དེ་དག་ཚང་མ་མཚམས་འཇོག་བྱེད་དུ་བཅུག་ནས། རྒྱ་ཡིག་གི་སློབ་དེབ་ནས་ཚུར་བཤུས་ཏེ་སློབ་ཁྲིད་བྱ་རྒྱུ་ལས། བོད་ཡིག་རང་གི་ཐོག་ནས་རྩ་འཛིན་བྱེད་ས་མེད་པ་ཆགས་སོང་ཞེས་དང༌། མིང་ཚིག་ཀྱང་ཆོས་ཀྱི་གོ་དོན་ཡོད་པའི་མིང་ཚིག་བེད་སྤྱོད་ཆོག་གི་མ་རེད་ཅེས་བསྒྱུར་བཅོས་བཏང་སོང༌། དེ་ནས་བཟུང་འཐུས་ཤོར་ཤུགས་ཆེ་ཕྱིན་སོང་ཞེས་བརྗོད་ཀྱི་འདུག དེ་ལྟ་བུའི་གནས་ཚུལ་གཅིག་གི་ཐོག་ནས་ཀྱང་ཡོང་གི་ཡོད།
བདེན་པ་ཡིན་མིན་མི་ཤེས་ཀྱང༌། སྔ་ལོ་ངས་གོ་ཐོས་བྱུང་བ་ཞིག་ལ། བོད་རང་སྐྱོང་ལྗོངས་ནས་རྒྱ་ནག་དབུས་གཞུང་ལ་བསམ་འཆར་ཞིག་ཕུལ་བའི་ནང་སྔོན་འགྲོའི་སློབ་ཚན་ནས་བཟུང་རྒྱ་ཡིག་གཙོ་བོར་བྱས་ཏེ་སློབ་དགོས་པ་དང༌། དེ་མིན་དགོན་སྡེ་ཁག་ཀྱང་རྒྱ་ནག་ནང་གི་དགོན་པ་དང་ལྷ་ཁང་ལྟར་དཀོན་གཉེར་ཁ་ཤས་གཞག་རྒྱུ་ལས་དེ་མིན་སློབ་གཉེར་བྱེད་ཡུལ་གྱི་ལྟེ་གནས་བྱས་ཏེ་གྲྭ་པ་མང་པོ་སྡོད་རྒྱུ་འདི་ཡག་པོ་མི་འདུག་ཅེས་པའི་བསམ་འཆར་བཤད་ཡོད། དེ་ལྟར་འགལ་རྐྱེན་ཧ་ཅང་མང་པོ་འཕྲད་བཞིན་ཡོད་པ་འདི་རྐྱེན་གཅིག་ཡིན།
ཡང་ཕ་མའི་ངོས་ནས་ཁག་གཅིག་གིས་རྒྱ་ཡིག་གཙོ་བོར་བྱས་ཏེ་བསླབས་ན་མ་གཏོགས་རྒྱུགས་སྤྲོད་ཨང་ཀི་མཐོན་པོ་ལོན་ཐུབ་ཀྱི་མེད། བར་སྐབས་ནས་རྒྱུགས་སྤྲོད་གཙོ་བོ་རྒྱ་ཡིག་ཐོག་བྱེད་དགོས་པ་ལས་བོད་ཡིག་གི་ཐོག་ལ་འགྲོ་རྩིས་མེད་པ་ལྟ་བུ་བཤད་ཀྱི་འདུག དེས་ན་བོད་ཕྲུག་བོད་ཡིག་ཡག་པོ་ཡོད་པ་རྣམས་རྒྱུགས་སྤྲོད་བྱེད་སྐབས་རྒྱུགས་འབྲས་དམའ་པོ་དང༌། རྒྱ་ཡིག་ཡག་པོ་ཡོད་པ་རྣམས་རྒྱུགས་འབྲས་མཐོན་པོ་ལོན་གྱི་ཡོད། རྒྱ་ཡིག་གི་རྒྱུགས་མཐོན་པོ་ལོན་པ་རྣམས་ལ་རྒྱ་ནག་ཏུ་མཐོ་རིམ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མང་བ་ཐོབ་པ་དང༌། བོད་ཡིག་སློབ་སྦྱོང་ཡག་པོ་ཡོད་པ་རྣམས་ལ་མཐོ་རིམ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་ཆགས་དུས་ཕ་མའི་ངོས་ནས་ཕྲུ་གུར་ལས་ཀ་རག་ཐབས་བྱེད་དགོས་པ་དང༌། མཐོ་རིམ་སློབ་གྲྭར་འགྲོ་རྒྱུའི་རེ་བ་བརྒྱབ་སྟེ་རྒྱ་ཡིག་སློབ་སྦྱོང་གཙོ་བོ་བྱེད་དགོས་པའི་ཤུགས་རྐྱེན་ཡོང་གི་འདུག དེ་ལྟར་རྐྱེན་ཧ་ཅང་མང་པོ་ཞིག་ཡོད། དེས་ན།
གཞན་དབང་ཐམས་ཅད་སྡུག་བསྔལ་དང༌། །
རང་དབང་ཐམས་ཅད་བདེ་བ་ཡིན། །
ཞེས་གསུངས་པ་ལྟར། གཞན་དབང་གི་འོག་ཏུ་གནས་དུས་བྱ་རྒྱུ་དེ་ཙམ་མེད། གང་ལྟར་ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་རྣམས་ཀྱིས་ལས་ཀ་འཐུས་ཤོར་ཧ་ཅང་མང་པོ་ཞིག་ཕྱིན་འདུག འཐུས་ཤོར་མི་ཡོང་བ་བྱེད་པ་ལ་ཕྱོགས་ཚང་མས་འགུལ་བསྐྱོད་བྱེད་དགོས་པ་དང༌། སློབ་ཕྲུག་རྣམས་ཀྱི་ངོས་ནས་ཀྱང་དེ་ལ་དམིགས་བསལ་དོ་སྣང་བྱེད་དགོས། ངོས་ནས་གོང་དུ་བརྗོད་པ་ལྟར། བོད་ཀྱི་རིག་གཞུང་གི་ཞག་རྩི་དེ་ནང་ཆོས་ཀྱི་ཐོག་ནས་བཏོན་དགོས་པ་ཡིན། ནང་ཆོས་དང་འབྲེལ་བའི་རིག་གཞུང་གི་ཐོག་ནས་ཐོན་གྱི་ཡོད། ནང་ཆོས་དང་འབྲེལ་བའི་རིག་གཞུང་ལ་རང་ཉིད་དགའ་ཞེན་དང༌། དོ་སྣང་ཞིག་བསླེབས་ན་བོད་ཡིག་འབྲི་རྒྱུ་དང༌། བོད་སྐད་རྒྱག་རྒྱུར་རང་བཞིན་གྱི་མཐོང་སླེབས་ཡོང་བ་ཡིན། སྤྱི་ཚོགས་ནང་རིམ་བཞིན་སློབ་སྦྱོང་གི་ཚད་ཇེ་མཐོར་ཕྱིན་ཏེ་བོད་ཡིག་གི་ཆོས་སྐད་རྣམས་ཤེས་རྒྱུ་གང་ཙམ་མང་དུ་འགྲོ་བ་དང༌། ཕ་མའི་ཤེས་ཚད་ཅུང་མཐོ་པོ་ཆགས་ན་ཕ་མ་དེ་དག་གི་བུ་ཕྲུག་རྣམས་རང་ཤུགས་ཀྱིས་ཁྱིམ་ཚང་ནང་སྐད་ཆ་ཤོད་སྐབས་ཆོས་ཚིག་རྣམས་ཀྱང་རྒྱུན་སྐད་ལྟ་བུ་ཆགས་རྒྱུ་ཡིན། ད་ལྟ་ཆོས་སྐད་དང་ཆོས་ཚིག་རྣམས་སྐད་གསར་པ་ཞིག་གམ། སྐད་གཞན་ལྟ་བུ་ཞིག་ཆགས་ཏེ་དེ་དག་རྒྱུན་སྐད་ཀྱི་ནང་དུ་སླེབས་མི་ཐུབ་པ་སོགས་ཀྱི་ཁྱད་པར་ཡོད། དེ་དག་མང་ཚོགས་སྤྱི་ཡོངས་ཀྱི་ཤེས་ཚད་མཐོ་རུ་ཕྱིན་པ་དང༌། བོད་ཀྱི་སྐད་ཡིག་གི་རིན་ཐང་ཞིག་མཐོང་ན༑ སྐད་ཡིག་དེའི་ནང་དོན་བརྗོད་བྱ་ཟབ་པོ་ཡོད་པ་དེ་དག་ང་ཚོ་བོད་པ་གཅིག་པུའི་དོན་མིན་པར་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་དང༌། ང་ཚོར་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཞིག་འདུག་བསམ་པ་ཞིག་བྱུང་ན། མ་འོངས་པར་མཐོ་སློབ་ཐོན་མཁན་གྱི་སློབ་ཕྲུག་ཅིག་གིས་རང་ཉིད་ཀྱི་མདུན་ལམ་ལ་བསམ་བློ་བཏང་ན་ད་ལྟ་བོད་ཡིག་རྩེ་ཕུད་ཡིན་པ་ཞིག་ཡིན་ཀྱང་མདུན་ལམ་དེ་ཙམ་མེད། དེར་བརྟེན་ད་ལྟ་གོང་དུ་གོ་བསྡུར་བྱུང་བ་དེའི་ཐོག་ནས་ང་ཚོས་ལས་ཀ་ཚགས་ཚུད་ཡག་པོ་ཞིག་བྱེད་ཐུབ་ན། ཕལ་ཆེར་འཛམ་གླིང་འདིའི་ཐོག་གི་མཐོ་རིམ་སློབ་གྲྭ་མང་པོའི་ནང་དུ་ཕལ་ཆེར་བོད་ཕྲུག་སློབ་སྦྱོང་ཡོད་པ་ཚོར་གོ་སྐབས་ཐོབ་པ་ཡོང་གི་རེད། དེ་ནི་ལས་ཀ་ཕྱོགས་མང་པོ་ཞིག་ནས་བྱེད་དགོས་པ་ཡིན་སྟབས། ད་བར་འཐུས་ཤོར་སོང་བ་ལ་དགོངས་དག་ཅེས་བརྗོད་རྒྱུ་ལས་གང་ཡང་ལྷག་མེད།
བཀའ་སློབ་འདི་ཉིད་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ དང་ ༢ ཉིན་དེང་དུས༌བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་སྩལ་སྐབས་བཀའ་སློབ་ནས་ཟུར་བཏོན་ཞུས་པའོ།།
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་
ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ དང་ ༢ ཉིན་དེང་དུས་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་སྐབས་ཀྱི་བཀའ་སློབ་ཟུར་བཏོན་ཞུས་པ།