བཀའ་བློན་ཁྲི་པ་བློ་བཟང་སེང་གེ
དེ་རིང་བཀའ་ཁྲི་མཆོག་གིས་བོད་ནང་གི་ཛ་དྲག་་གནས་སྟངས་ཐད་བསྒྲགས་གཏམ་བརྙན་འཕྲིན་དང་ཡིག་ཐོག་གཉིས་ནས་སྤེལ་འདུག་པ་དང་། བསྒྲགས་གཏམ་ནང་དམིགས་བསལ་ཕྱི་ཚེས ༢༣ དང་ ༢༤ བཅས་སུ་བྲག་མགོ་དང་། རྔ་བ། རྒྱལ་རོང་། གསེར་རྟ་བཅས་སུ་ཞི་རྒོལ་བྱུང་བར་མེ་མདའ་རྒྱབ་པར་ཐུགས་འཚབ་གནང་འདུག་པ་དང་། རྒྱ་གཞུང་གི་བྱེད་སྟངས་དེ་ནི་ནོར་འཁྲུལ་ཡིན་པ་དང་མེ་མདས་གནད་དོན་ཐག་མི་ཆོད་ལ། ཐག་གཅོད་ཀྱི་ཐབས་ལམ་ཡག་ཤོས་གྲོས་མོལ་ལ་སྒུག་བསྡད་ཡོད་པ། ༢༠༠༨ ལོ་ནས་ད་བར་བོད་མི་ཚོར་ཞེ་འཁོན་ཇེ་ཆེར་སོང་ཡོད་པ་སོགས་བཀོད་འདུག གཞན་ཡང་བོད་ནང་གི་བོད་མི་ཚོའི་བློས་གཏོང་འཕྲོ་བརླག་ལ་མི་འགྲོ་བ་བྱ་རྒྱུའི་ཁས་ལན་དམ་བཅའ་ཡང་བསྐྱར་གནང་འདུག་པ་དང་། པེ་ཅིང་གཞུང་གིས་སོ་སོའི་ནང་མི་གསོད་པ་དེ་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀའི་ཁྲིམས་དང་འགལ་ཚུལ་་བཅས་ཀྱི་སྐོར་བཀོད་འདུག མཇུག་མཐར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། བྱེས་འབྱོར་བོད་མི། བོད་དོན་རྒྱབ་སྐྱོར་བ་བཅས་ལ་ ༢ ཚེས་ ༨ ཉིན་ལས་འགུལ་སྤེལ་རྒྱུར་འབོད་སྐུལ་གནང་འདུག གནས་ཚུལ་ཆ་ཚང་གཤམ་གྱི་དྲ་ཐག་སྟེང་བརྙན་འཕྲིན་ལམ་ནས་གཟིགས་ཐུབ།
http://tibetonline.tv/videos/947/tibetan:-statement-by-kalon-tripa-dr.-lobsang-sangay-on-the-recent-killings-of-tibetans
༼ བཀའ་ཁྲིའི་བསྒྲགས་གཏམ་རྒྱལ་སྤྱིའི་ཨང་རྟགས་གཅིག་མཚུངས་ཀྱི་ཡི་གེར་གཏགས་ཏེ་བསྐུར་མེད་པས། ཡི་གེ་འགྱུར་བ་ཐེབས་དབང་གིས་འདིར་ཆ་ཚང་བཀོད་མ་ཐུབ། ༽
བཀའ་ཁྲིས་ཁྲིམས་སྦྱང་པ་སོང་ཁྲིམས་ཐོག་ནས་གནད་འགག་རེ་གཉིས་བཤད་ན་བསམ་སྒུག་བསྡད་ཡོད། ད་གཅིག་བྱོས་ཁོ་རེ་་་།
བསྒྲགས་གཏམ་དེ་དུས་བབ་སོགས་སུ་ད་དུང་མ་ཐོན་པ་ག་རེ་རེད། གནས་ཚུལ་མཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ། ད་བཀའ་ཁྲི་མཆོག་གི་བརྙན་འཕྲིན་ལ་ལྟོས་བསྡད་ཡོད།
བཀའ་ཁྲི་མཆོག་ཐུགས་རྗེ་ཆེ་ད་ཡིན་ན་ཕྱིས་པ་མ་གཏོགས་སྔས་རྩ་བ་ནས་མ་སོང། ཤུགས་རྒྱོབ་བོད་གཞུང་བཀའ་ཤག་གི་གཙོས་བོད་མི་ཚང་མས་ཁ་སྟོང་ཁོ་ན་མ་བཤད་པར་ལག་ལེན་འཁེས་བས་ལས་བསྐུལ་ཞིག་སྤེལ་དགོས་འདུག། །།
ལས་འགུལ་སྤེལ་སྟངས་དང་འབོད་ཚིག དུས་ཚོད་སོགས་དུས་གཅིག་དུ་འཁེལ་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་ཡི་སྐོར་ནས་ཁ་གསལ་བོ་ཞིག་ཡོད་ན་བཟང་གི འབོད་སྒྲ་ཅི་ཞིག་ཡིན། སྣེ་ཁྲིད་དང་ཕྱོགས་སྟོན་ཡོད་པ་ཞིག་ཡོད་ན་བཟང་གི དེ་མིན་དེ་ཉིན་ལས་འགུལ་སྤེལ་རོགས་ཟེར་བ་ཙམ་གྱིས་འགྲིག་གི་མེད་པ་རེད་སྙམ་གྱི་འདུག
བལྟས་པ་ཡིན། བརྙན་འཕྲིན་གྱི་བསྒྲགས་གཏམ་ལ་བལྟས་པ་ཡིན། ད་ལྟ་རང་བལྟས་པ་ཡིན།
ཨ་ཤི་རི་ཁོ།
སྤུན་ཟླ་དམར་གསོད་བཏང་བར་ངར་ཅིག་མི་འདུག
བཀའ་ཁྲི་་ཡིན་པའི་རྟགས་ཅིག་མི་འདུག
མི་མང་སྒུལ་པའི་གཏམ་ཅིག་མི་འདུག
དགྲ་བོ་འདར་བའི་ཚིག་ཅིག་མི་འདུག
དམིགས་བསལ་དང་སྤྱིར་བཏང་ལ་མཚམས་ཤིག་མི་འདུག
ཛ་དྲག་དང་རྒྱུན་ལྡན་ལ་ཁྱད་ཅིག་མི་འདུག
རྩ་དོན་དང་རང་དོན་ཡང་དབྱེར་མེད་དུ།
གཉིད་མ་སད་དང་འདྲ་བའི་གཏམ་ཞིག་ཐོས། ཨ་ཤི་རི་ཁོ།
ཐོ་ལོ་བཤགས། རྗེས་ཕྱོགས་དེ་ལས་དྲག་པར་སྨོན།
ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ལ་འདི་ལས་ལྷག་ཅིག་མི་མང་གི་ངོས་ནས་གོ་སྐབས་སྩོལ་རྒྱུ་ཡོད་པ་མ་རེད་ལ། གཞུང་གི་དབུ་འོག་དཔུང་འདེགས་ཀྱང་བྱེད་ཀྱི་ཡོད་པ་མ་རེད། ད་འགོ་ཁྲིད་ཚོས་མ་འཇོན་དུས་ད་ཚར་སོང་བ་རེད། དབུ་ཁྲིད་ཚོ་ལོ་རྒྱུས་ནང་གི་ཉེས་ཅན་པའང་མ་ཆགས་རང་ཆགས་རེད། དེ་སེམས་ལ་བཟུང་ནས་དོན་དང་ལྡན་པར་གྱིས།
བློ་བཟང་སེང་གེས་ཧམ་པ་མ་བཤད་པར་དོན་དག་འཇུས་ནས་སྣ་འདྲེན་དུ་ཕེབས།
པད་མ་ཆོས་འབྱོར་གྱིས་ཕུང་དཀྲུག་མ་རྒྱགས་པར་སྤྱི་སེམས་བཅངས་བཞིན་ཕེབས།
འབྲོང་ཆུང་དངོས་གྲུབ་ཀྱིས་ཅིག་ཡོད་མདོག་མ་སྟོན་པར་ནུས་པ་ཕྱི་ནང་ཚང་མར་བེད་སྤྱོད་གཏོང་བཞིན་ཕེབས།
ཚེ་རིང་དོན་གྲུབ་ཀྱིས་མི་མང་ལས་འགུལ་ལ་དཔལ་འབྱོར་གྱི་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་སྒྲིག་གཞི་བཞིན་ཕེབས་ཤོག
རྒྱ་རི་སྒྲོལ་མས་རྗེ་བཙུན་པད་མར་ལག་རྡང་སྦྲེལ་ནས་བུད་མེད་ཐམས་ཅད་ཀྱི་སྣ་འདྲེན་བཞིན་ཕེབས་ཤོག
བདེ་སྐྱིད་ཆོས་དབྱིངས་ཀྱིས་རྣམ་པ་སྟོན་རྒྱུ་དང་ལྐོག་འཁྲིག་བྱ་རྒྱུ་བཞག་ནས་བོད་དོན་ངོ་མ་ཞིག་ལ་བསམ་བློ་གཏོང་བཞིན་ཕེབས་ཤོག
སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་སྤྱི་ལྷན་གྱིས་ཁོང་ཚོ་དང་མཉམ་རུབ་བྱེད་བཞིན་ཕེབས་ཤོག
ང་ཚོ་ཚང་མ་ཕ་ཡུལ་བོད་དུ་འཐབ་རྩོད་བྱེད་དུ་འགྲོ
ཤི་གསོན་དུས་ཚོད་ཐུང་ཐུང་ནང་གསལ་བོ་འབྱེད་དུ་འགྲོ
བོད་གཞུང་མང་གཉིས་ཀ ལོངས་ཤོག
སེང་གེ་བཀའ་ཤག་འདམ་སེང་མིན་པར་ཤོག།
གཡུ་རིལ་སྔོན་པོ་འགྱིག་སྐུད་མིན་པར་ཤོག།
ལས་འགུལ་ཆེན་མོའི་སྣེ་ཁྲིད་བྱེད་པར་ཤོག།
མི་མང་ཁྲིད་ནས་ལམ་ལ་ཆས་པར་ཤོག།
ལས་འགུལ་གྱི་མིང་། ༼ བོད་གཞུང་མང་ཕ་ཡུལ་དུ་བསྐྱོད་པ། ༽
ལས་འགུལ་གྱི་ངོ་བོ། འཚེ་བ་མེད་པ།
ལས་འགུལ་གྱི་མངོན་འདོད། ༼ མིང་དོན་མཚུངས་པའི་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་སྤྲོད་དགོས། ༽
ལས་འགུལ་གྱི་སྣེ་ཁྲིད་པ། བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག
ལས་འགུལ་འཛུལ་ཞུགས་པ། བོད་གཞུང་མང་ཡོངས།
ལས་འགུལ་གྱི་འགྲོ་གྲོན། སྤྱི་འཐུས་ལྷན་ཚོགས་ནས་ཐོབ་རྒྱུ།
ལས་འགུལ་གྱི་མཚོན་དོན། བོད་ཀྱི་དར་ཆ་དང་༧གོང་ས་མཆོག་གི་སྐུ་པར་འཕྱར་རྒྱུ།
ལས་འགུལ་གྱི་འགྲོ་བསྐྱོད། ཞི་བའི་གོམ་བགྲོད།
ལས་འགུལ་མགོ་འཛུགས། ༢༠༡༢། ༣། ༡༠། རྡ་རམ་ས་ལ།
ལས་འགུལ་མཇུག་བསྡུ་ས། ཕོ་བྲང་པོ་ཏཱ་ལའི་ཐང་ཆེན།
ལས་འགུལ་མཇུག་བསྡུ་དུས། བཀའ་ཁྲི་མཆོག་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་དང་། དེ་ནས་སྲིད་འཛིན་གསར་པ་ཞིས་ཆིན་ཕིན་ལ་མཇལ་ནས་བཀའ་མོལ་གྲུབ་པ་དང་། རང་སྐྱོང་གི་གནས་བབ་ལ་བསྐྱར་དུ་བོད་མི་མང་ལ་མོས་མཐུན་ཡོད་མེད་ཀྱི་འོས་ཤོག་བླུགས་རྗེས།
ལས་འགུལ་མཇུག་གྲུབ་མཚམས། ༧གོང་ས་མཆོག་རྔམ་བརྗིད་ལྡན་པའི་ངང་བོད་དུ་གདན་འདྲེན་ཞུ་རྒྱུ།
ལས་འགུལ་ཁྲོད་འདས་ཟིན་པ་རྣམས་ལ། དཔལ་ལྡན་བཀའ་ཤག་གིས་མཛད་སྒོ་འཚོགས་སྟེ་ནང་མིར་༼ གཟི་བརྗིད་ལྡན་པའི་མི་ཚེ་༽ཞེས་པའི་གསེར་གྱི་སྐར་མའི་གཟེངས་རྟགས་འབུལ་རྒྱུ།
བོད་རྒྱལ་ལོ། བོད་མི་རྣམས་ལམ་ལ་ཆས། བོད་གཞུང་མང་གཉིས་ལམ་ལ་ཆས།
ལོངས་ཤོག ལོངས་ཤོག ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ཚོ།
གཞིས་ལུས་བོད་མི་རྣམས་ཀྱིས་གཅེས་པའི་ཚེ་སྲོག་བོད་རང་བཙན་ཆེད་གཏོང་ཐུབ་ན། ང་ཚོས་ཁོང་རྣམ་པར་གདུང་སེམས་མཉམ་བསྐྱེད་ཙམ་ཡང་བྱེད་མི་ཐུབ་དོན་ཅི་ཡིན་ནམ། ཁོང་རྣམ་པའི་ཚེ་སྲོག་ནི་ང་ཚོའི་ཚེ་སྲིག་ཡིན་ལ། ཁོང་རྣམ་པའི་དམིགས་འདུན་ཡང་ང་ཚོའི་དམིགས་འདུན་ཀྱང་ཡིན།
བཀུར་བར་འོས་པའི་བཀའ་ཁྲི་བློ་བཟང་སེང་གེ་ལགས།
མ་བརྗེད་རོགས། གོ་སྐབས། གོ་སྐབས། གོ་སྐབས།
ཁྱེད་ཀྱིས་སྒུག་བཞིན་པའི་གོ་སྐབས་ཡང་བསྐྱར་སླེབས་བྱུང་། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་རྒྱལ་སྤྱིའི་ཐོག་རྒྱ་ནག་སྲིད་གཞུང་ཁྲིམས་གཏུགས་བྱེད་རོགས།
༡༽ གཞིས་ལུས་བོད་མི་རྣམས་རྒྱ་མིའི་བཙན་འོག་ཏུ་གསོན་པོར་སྡུག་བསྔལ་མྱོང་བཞིན་སྡོད་པ་ལས་འཆི་ན་དགའ་བའི་བདེན་དཔང་།
༢༽རྒྱ་ནག་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཀྱང་མི་རེ་ཟུང་འཛིན་བཟུང་ཙམ་ལས་མི་བྱེད་པ་དང་། བོད་མིའི་ཞི་བའི་ངོ་རྒོལ་ཐོག་མེ་མདའ་བརྒྱབས་ཏེ་མི་མང་དམར་གསོད་བྱེད་བཞིན་ཡོད་པ་ནི། མི་རིགས་དབྱེ་འབྱེད་ཀྱི་བདེན་དཔང་།
༣༽གཞིས་ལུས་བོད་མི་རྣམས་ཀྱིས་དད་པ་བྱེད་ཡུལ་༧གོང་ས་མཆོག་ལ་ངོ་ལོག་བྱེད་དགོས་པ་ཆོས་དད་རང་དབང་མེད་པའི་བདེན་དཔང་།
༤༽བོད་ནང་བྱུང་དང་འབྱུང་བཞིན་པའི་དྲང་བདེན་གྱི་གནས་ཚུལ་རྣམས། རྒྱ་ནག་སྲིད་གཞུང་གིས་འཁྱོག་བཤད་བྱས་ཏེ། འཛམ་གླིང་མི་མང་འགོ་སྐོར་གཏོང་བཞིན་ཡོད་པ་གསར་འགོད་རང་དབང་མེད་པའི་བདེན་དཔང་བཅས། དངོས་ཡོད་ཀྱི་བདེན་དཔང་དེ་དག་ཁྱེར་ནས་རྒྱལ་སྤྱིའི་ཐོག་ཁྲིམས་གཏུགས་བྱེད་རོགས།
མི་མང་ལ་ལས་འགུལ་སྤེལ་དགོས་ཞེས་བཀའ་སློབ་གནང་བ་ཙམ་མ་ཡིན་པར། བཀའ་ཁྲི་དངོས་ཀྱིས་སྣེ་ཁྲིད་གནང་ནས་དོན་ཕན་ལྡན་པའི་ལས་འགུལ་སྤེལ་རོགས།
ཐུགས་རྗེ་ཆེ།
བཀའ་བློན་ཁྲི་པ་མཆོག་གིས་དབྱིན་ཡིག་ཐོག་གསག་བསྒྲགས།
Statement by Kalon Tripa Dr. Lobsang Sangay on the recent killings of Tibetans
As Chinese everywhere were celebrating the first couple of days of the Year of Dragon on January 23rd and 24th, 2012. Chinese police fired indiscriminately on hundreds of Tibetans who had gathered peacefully to claim their basic rights in Drakgo, Serthar, Ngaba, Gyarong, and other neighboring Tibetan areas. Six Tibetans were reportedly killed and around sixty injured some critically.
Because of gruesome acts such as these and the systematic repression of Tibetans, the resentment and anger amongst Tibetans against Chinese government has only grown since the massive uprising of 2008.
Ever since the invasion of Tibet, the Chinese government has claimed that it seeks to create a socialist paradise. However, basic human rights are being denied to Tibetans, the fragile environment is being destroyed, Tibetan language and culture is being assimilated, portraits of His Holiness the Dalai Lama are banned, and Tibetans are being economically marginalized. Tibet is in virtual lockdown. Foreigners have been barred from travelling to Tibet now and the entire region is essentially under undeclared martial law.
I urge the Chinese leadership to heed the cries of the Tibetan protestors and those who have committed self-immolation. You will never address the genuine grievances of Tibetans and restore stability in Tibet through violence and killing. The only way to resolve the Tibet issue and bring about lasting peace is by respecting the rights of the Tibetan people and through dialogue. As someone deeply committed to peaceful dialogue, the use of violence against Tibetans is unacceptable and must be strongly condemned by all people in China and around the world.
I call on the international community to show solidarity and to raise your voices in support of the fundamental rights of the Tibetan people at this critical time. I request that the international community and the United Nations send a fact-finding delegation to Tibet and that the world media be given access to the region as well. The leaders in Beijing must know that killing its own “family members” is in clear violation of international and Chinese laws, and such actions will cast further doubts on China’s moral legitimacy and their standing in world affairs.
I want to tell my dear brothers and sisters inside Tibet that we hear your cries loud and clear. We urge you not to despair and refrain from extreme measures. We feel your pain and will not allow the sacrifices you have made go in vain. You all are in our heart and prayers each and every day.
To my fellow Tibetans, I request you not to celebrate Losar (Tibetan New Year), which falls on February 22 this year. However, please observe the basic customary religious rituals such as burning incense, going to temple and making traditional offerings.
To demonstrate our solidarity with Tibetans in Tibet, I urge Tibetans and our friends around the world, to participate in a worldwide vigil on Wednesday, February 8, 2012. Let’s send a loud and clear message to the Chinese government that violence and killing of innocent Tibetans is unacceptable! I request everyone to conduct these vigils peacefully, in accordance with the laws of your country, and with dignity.
http://www.youtube.com/watch?v=iUmpJXs0Krg
བཀྲ་ཤིས་བདེ་ལེགས། ཚང་མས་མཁྱེན་གསལ་རེད། ཅེས་སྲིད་འཛིན་མཆོག་གིས་གསུངས་སོང་།
གསུངས་སྟངས་འདི་ལ་བལྟས་ན་སེམས་ཚབ་མེད་པའི་རྟགས་རེད། སེམས་གཏིང་ནས་སྔངས་ཚབ་མེད་ན། སྲིད་དོན་ལ་མཁས་པ་ཙམ་གྱིས་གང་ཡང་འགྲུབ་རྒྱུ་ཁག་པོ་རེད།
http://tibetonline.tv/videos/947/tibetan:-statement-by-kalon-tripa-dr.-lobsang-sangay-on-the-recent-killings-of-tibetans
Hello Lobsang Sangye
I feel extremely shame to read your dirty words. Here you said, “The leaders in Beijing must know that killing its own “family members” is in clear violation of international and Chinese laws”. But we Tibetans never accept that we are Chinese family member. Chinese government also knows it very clearly Tibet is not their own family member. They don’t feel they are killing their own family member but kill their enemy or Tibetan.
Since you believe that you are a family member of china, please don’t call my brothers and Sisters to Tibetan people. You have no right to say that as you declared you are a Chinese guy.
With clear decision
Tiger
ཕྱི་ཟླ་༢་ཚེས་༨ ཉིན་ལས་འགུལ་སྤེལ་རྒྱུར་འབོད་བསྐུལ་བྱས་པ་ཙམ་ལས། ལས་འགུལ་གྱི་འབོད་སྒྲ་དང་ལས་འགུལ་གྱི་སྣེ་འཁྲིད་སོགས་གང་ཡང་ལབ་རྒྱུ་མེད་པའི་སྤྱིར་གཏམ་དེ་ལ་ལྟས་ན་། གོང་གི་དྲ་གྲོགས་བསམ་ཡོད་འགའ་ཞིག་བཀའ་ཁྲི་མཆོག་གི་སློབ་སྟོན་པར་བཀོད་ན་མི་བཟང་ངམ།། །།
Sure you will get a big award from Chinese government for this word.
Chinese military are killing Tibetan people with powerful weapons inside of Tibet and Mr. Lobsang Sangye is killing History of Tibet with his dirty words.
ད་གཞི་ནས་བློ་སེང་གི་རུམ་ན་དགྱ་ནག་གི་ལག་ཁྱེར་སྦས་ཡོད་པ་ལྷང་ལ་བུད་སོང་བ་རེད། རང་ཉིད་ནང་མི་ཡིན་པའི་ཁས་ལན་གཙང་མ་ཞུས་པའི་དེ་རིང་། བློ་སེང་གི་གདོང་རིས་དངོས་གནས་དེ་ཁྱི་གདོང་ཡིན་པ་གསལ་བ་རེད། དཔའ་བོ་ཚོས་རང་དབང་དང་རང་བཙན་ཟེར་གི་ཡོད། ཁོས་དགྱ་ནག་གི་ནང་མི་ཡིན་ལབ་དུས་ཅི་འདྲའི་བརྗོད་དཀའ་བའི་གནད་དོན་ཞིག་རེད་ཨང་།
ཁ་བྱང་དེ་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་ཡངགནས་སྐབས་ཞུ་གི་མིན་།
བཙན་བྱོལ་བོད་མིའི་སྲིད་སྐྱོང་མཁས་དབང་བློ་སེང་མཆོག་གིས་པད་ཅིང་གཞུང་གི་འགོ་ཁྲིད་རྣམས་རྒྱལ་སྤྱིའི་ཁྲིམས་ཐོག་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་གསུང་པ་དེ་ཧ་ཅང་རྗེས་སུ་ཡི་རང་ཡོད།
ང་ཚོའི་གཏམ་དཔེ་ལ་འབུ་དུང་དཀར་འོ་མས་སོ་ལེ་དེ་སྒྲ་ཆུ་སྲིན་བྱུང་ན་རྒྱག་བྱེད་ཡིན་ཞེས་ཟེར་བ་ལྟར་
ཁྱེད་ནི་ཁྲིམས་ཐོག་ནས་འབུམས་རམས་ཐོན་པ་ཞིག་ཡིན་པས་ཁྱེད་ཀྱི་ཕྱགས་ལས་ལ་གྲུབ་འབྲས་ཤིག་ཏན་ཏན་ཐོབ་གི་རེད་། ང་ཚོ་མི་མང་ནས་ཀྱང་བཀའ་ཁྲི་མཆོག་ལ་འབོད་སྐུལ་གནང་བ་དེ་སྣང་མེད་དུ་གཏོང་མི་རུང་།
ཟླ་བ་༢ ཚེས་ ༨ ང་ཚོ་མི་མང་ནས་ཀྱང་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ན་གཡང་བཙེའི་སྒང་གི་ཡལ་སྒྲོན་གི་དཔེ་ལྟར་ཡག་པོ་ཡོང་ས་རེད་།
བོད་རྒྱལ་ལོ།
ཁ་བྱང་དེ་ལ་བསམ་ཚུལ་ཞིག་ཞུ་འདོད་བྱུང་ཡངགནས་སྐབས་ཞུ་གི་མིན་།
བཙན་བྱོལ་བོད་མིའི་སྲིད་སྐྱོང་མཁས་དབང་བློ་སེང་མཆོག་གིས་པད་ཅིང་གཞུང་གི་འགོ་ཁྲིད་རྣམས་རྒྱལ་སྤྱིའི་ཁྲིམས་ཐོག་ལ་ཞུ་གཏུགས་བྱེད་རྒྱུ་ཡིན་གསུང་པ་དེ་ཧ་ཅང་རྗེས་སུ་ཡི་རང་ཡོད།
ང་ཚོའི་གཏམ་དཔེ་ལ་འབུ་དུང་དཀར་འོ་མས་སོ་ལེ་དེ་སྒྲ་ཆུ་སྲིན་བྱུང་ན་རྒྱག་བྱེད་ཡིན་ཞེས་ཟེར་བ་ལྟར་
ཁྱེད་ནི་ཁྲིམས་ཐོག་ནས་འབུམས་རམས་ཐོན་པ་ཞིག་ཡིན་པས་ཁྱེད་ཀྱི་ཕྱགས་ལས་ལ་གྲུབ་འབྲས་ཤིག་ཏན་ཏན་ཐོབ་གི་རེད་། ང་ཚོ་མི་མང་ནས་ཀྱང་བཀའ་ཁྲི་མཆོག་གི་འབོད་སྐུལ་གནང་བ་དེ་སྣང་མེད་དུ་གཏོང་མི་རུང་།
ཟླ་བ་༢ ཚེས་ ༨ ང་ཚོ་མི་མང་ནས་ཀྱང་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ན་གཡང་བཙེའི་སྒང་གི་ཡལ་སྒྲོན་གི་དཔེ་ལྟར་ཡག་པོ་ཡོང་ས་རེད་།
བོད་རྒྱལ་ལོ།
རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་བསད་བཏང་བར་བཀའ་བློན་ཁྲི་པའི་བསྒྲགས་གཏམ།
ཕྱི་ཟླ་ ༡ ཚེས་ ༢༣ དང་ ༢༤ ཉིན་རྒྱ་རིགས་ཚོས་དཔྱིད་གསར་དུས་སྟོན་ནམ། ལོ་གསར་གྱི་དགའ་སྟོན་ལ་རོལ་བཞིན་པའི་སྐབས་བོད་ཀྱི་ས་ཁུལ་བྲག་འགོ་དང༌། རྔ་པ། རྒྱལ་རོང༌། གསེར་རྟ་སོགས་སུ་བོད་མི་བརྒྱ་ཕྲག་བརྒལ་བས་ཞི་བའི་སྒོ་ནས་སོ་སོའི་གཞི་རིམ་ཐོབ་ཐང་ཁག་རྩོད་རྒྱུའི་ལས་འགུལ་སྤེལ་བར། ཉེན་རྟོག་མི་སྣས་མང་ཚོགས་ཐོག་མེ་མདའ་བརྒྱབས་ནས་གནས་ཚུལ་ཐོན་གསལ་ལྟར་ན་མི་དྲུག་དེ་མ་ཐག་རྐྱེན་འདས་སུ་བཏང་བ་དང༌། དྲུག་ཅུ་ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག
ཡ་ང་སྙིང་རྗེ་མེད་པའི་དྲག་སྤྱོད་འདི་རིགས་དང༌། འཆར་གཞི་ལྡན་པའི་སྒོ་ནས་བོད་མིར་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། ཁྱད་པར་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་ཆེན་མོ་ནས་བཟུང་བོད་མིའི་སེམས་ནང་རྒྱ་ནག་གཞུང་ལ་ཞེ་འཁོན་ཇེ་ཆེར་སོང་ཡོད།
བོད་བཙན་བཟུང་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁ་འུད་བཤད་ཀྱང༌། དངོས་ཡོད་གནས་ཚུལ་དེ་ལས་ལྡོག་སྟེ། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན། བོད་མིའི་སྐད་ཡིག་དང་རིག་གཞུང་རྩ་བརླག་གཏོང་བཞིན་པ་དང་ྋགོང་ས་མཆོག་གི་སྐུ་པར་ཉར་རྒྱུར་དམ་དྲག དཔལ་འབྱོར་དབྱེ་འབྱེད། བོད་ས་ཡོངས་སུ་དམ་དྲག་དང༌། ཐ་ན་ཕྱི་རྒྱལ་མི་སྣ་འགྲུལ་བཞུད་བྱེད་རྒྱུར་ཡང་བཀག་འགོག་བྱས་ཡོད། མདོར་ན་ད་ལྟའི་ཆར་བོད་ཁུལ་ཡོངས་རྫོགས་ཡོངས་གྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞི་འོག་ཚུད་ཡོད།
རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཞི་བའི་སྒོ་ནས་བོད་མི་གྱེན་ལངས་བྱེད་མཁན་རྣམས་དང༌། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་འབོད་སྒྲར་ཐུགས་སྣང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དྲག་གནོན་དང་བསད་རྡུང་གི་ལམ་ནས་བོད་ནང་བརྟན་ལྷིང་དང༌། བོད་མིའི་དངོས་ཡོད་དཀའ་ངལ་ནམ་ཡང་བསལ་ཐབས་མེད་ཅིང༌། བོད་དོན་འགྲིག་ཆགས་དང༌། ཞི་བདེ་ལྷིང་འཇགས་ཡོང་བའི་ཐབས་ལམ་ཉག་གཅིག་པུ་ནི། བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་དང༌། གྲོས་མོལ་གྱི་ལམ་ནས་ཡོང་བ་བྱེད་དགོས། གྲོས་མོལ་བྱེད་རྒྱུར་ང་ཚོ་ཆོད་སེམས་བརྟན་པོ་ཡོད་ཀྱང༌། བོད་མིར་འདི་འདྲའི་དྲག་གནོན་བྱས་པ་ནམ་ཡང་ངོས་ལེན་ཐུབ་ཐབས་མེད། རྒྱ་རིགས་ཐེ་བའི་འཛམ་གླིང་མི་མང་ཡོངས་ཀྱིས་བྱེད་བབ་འདི་རིགས་ལ་ཤུགས་ཆེན་པོའི་སྒོ་ནས་སྐྱོན་བརྗོད་གནང་དགོས།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང༌། བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་ཀྱི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཞིབ་འཇུག་མི་སྣ་དང༌། གསར་འགཽད་མི་སྣ་འགྲོ་བསྐྱོད་ཆོག་པའི་རེ་འདུན་ཞུ་རྒྱུ་ཡིན། པེ་ཅིང་གི་འགོ་ཁྲིད་ཚོས་ཤེས་དགོས་པར་སོ་སོའི་བྱབྱཁྱིམ་ཚང་གི་མི་བྱབྱདམར་བསད་འདི་ལྟར་བཏང་བ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་ཁྲིམས་དང་ཡང་འགལ་བ་ཆགས་ཡོད། བྱེད་བབ་འདི་རིགས་ཀྱིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་བཟང་སྤྱོད་ལ་སྔར་བས་དྭོགས་པ་ཆེ་རུ་དང༌། ཆ་འཇོག་འཐོབ་པར་འགོག་རྐྱེན་བཟོས་ཀྱི་ཡོད།
གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམ་པར་ཞུ་རྒྱུར། ཁྱེད་ཚོའི་འབོད་སྒྲ་ང་ཚོས་གསལ་པོ་གོ་རྟོགས་བྱུང༌། ཁྱེད་ཚོའི་བློས་བཏང་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞིང༌། ཁྱེད་ཚོའི་བདེ་དོན་བསྒྲུབ་རྒྱུ་དེ་དུས་རྟག་ཏུ་ང་ཚོའི་སེམས་ནང་ཡོད་མུས་ཡིན། དེ་མཚུངས་འུ་ཐུག་ཐབས་ཟད་ཀྱིས་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་འཁེལ་གྱི་ཡོད་སྟབས་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་མ་གཏོགས་རྒྱས་སྤྲོས་ཀྱི་དུས་སྟོན་རིགས་མ་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས་གཞིས་བཞུགས་བོད་མིར་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཡོངས་སུ་ལས་འགུལ་སྤེལ་གནང་ཡོང་བའི་འབོད་སྐུལ་ཟུ་རྒྱུ་ཡིན། བོད་མི་ཉམ་ཆུང་ཚོའི་ཐོག་འདི་འདྲའི་དྲག་གནོན་དང་བསད་རྡུང་བྱས་པ་ངོས་ལེན་ཐུབ་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས། ཚང་མས་ཞི་བའི་སྒོ་ནས་ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་སྒོ་ནས་ལས་འགུལ་ནང་མཉམ་ཞུགས་གནང་བའི་འབོད་སྐུལ་ཞུ་གི་ཡོད།
ང་ཚོས་ཅི་ལྟར་ལབ་པ་དང་། རེ་བ་རྒྱབ་ཀྱང་། དེང་སང་བློ་སེང་ལ་རྐུབ་སྟེག་ཐོབ་ཚར་འདུག་སྟབས། ཁོང་གིས་དོན་ཕན་ལྡན་པའི་འགུལ་བསྐྱོད་ཅིག་རྒྱག་གི་མ་རེད་འདོད། ད་ཐེངས་གོ་སྐབས་འདི་འང་བརླག་ངེས་པར་བསམས། དེ་བས་ང་ལྟ་བུར་མཚོན་ན། ད་ལྟ་ནས་ཁོང་ལ་རེ་བ་རྒྱག་རྒྱུ་ལས་བོད་ནང་ནས་རིམ་བསྟུད་མི་མང་པོ་མེར་བསྲེགས་མ་བཏང་ན་འདོད་མཁན་གྱི་གྲས་ཡིན།
གོང་གི་གསར་འགྱུར་འདི་བརྒྱུད་ནས་བོད་གཞུང་དྲ་བ་ནས་བསྒྲགས་གཏམ་འདིར་ཀློག་ཐུབ་པ་བྱུང་། འོན་ཀྱང་ཡིད་ཚིམས་པའིོ་ཚིག་གཅིག་མཐོང་རྒྱུ་མི་འདུག
བཀའ་ཁྲི་གསར་པ་འུ་ཐུག་ནས་བསྡད་འདུག ཛ་དྲག་གི་གནས་ཚུལ་འདི་འདྲར་རྒྱ་ནག་གཞུང་བསྟུན་མཁས་བྱེད་དགོས་ངེས་ཀྱང་། བསྟུན་མཁས་བྱེད་སྟངས་ཤིག་ཡོད་པ་རེད། ད་བར་བོད་མི་རིགས་གུང་ཁྲན་དམར་ཤོག་གི་ནང་མི་རེད་ཟེར་མཁན་ཞིག་བྱུང་ཡོད་པ་མ་རེད། ཚིག་འདི་ལ་དོན་འབྲས་མ་སོན་ན། ཁྱེད་ཀྱི་སྐྱག་པ་ཤོར་བ་དང་གཅིག་མཚུངས་རེད། མི་མང་པོས་ཁྱེད་ནས་གངས་ཅན་སྐྱིད་གཤོངས་ནས་སྡོད་རྒྱུར་བརླག་མི་ཁེལ་ཟེར་བ་དེ་ད་ནི་བདེན་པ་འདྲ་ཞིག་འདུག ང་ནི་སྔོན་མ་ཁྱེད་ལ་འོས་ལྡུགས་མཁན་གྱི་གྲས་ཡིན། ད་ནི་ཡིད་ཆེས་སྲབ་ཏུ་སྲབ་ཏུ་འགྲོ་གྱིན་འདུག ཤུགས་རྒྱོབ།
ཕྱི་ཟླ་དང་པོ་འདིའི་ཕྱི་ཚེས་ ༨ ཉིན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷོ་རིན་པོ་ཆེ་མཆོག་གིས་སྐུ་ལུས་མེར་བསྲེགས་བཏང་བས་ན། ཟླ་བ་གཅིག་ཏག་ཏག་ཕྱིན་རྗེས་ཀྱི་ཕྱི་ཟླ་གཉིས་པའི་ཚེས་ ༨ ཉིན་གྱི་བཀའ་ཁྲིས་བཀའ་བཀོད་ལྟར་བོད་དོན་ལས་འགུལ་ནང་ལ་བོད་མི་འབོར་ཆེན་འཛོམས་ཐུབ་པའི་རེ་བ་དང་། རེ་བསྐུལ་ཞུ་རྒྱུ་ལགས།
དེ་རིང་ཡང་བླད་མེད་རེ་གཟུང་གི་རང་གི་ནུས་པ་གང་ཡང་སྟོན་མི་དགོས་པ་མི་སྐྱོན་ལས་གཞན་སྟོན་མི་ཤེས་མཁན་ཚོ་ད་དུང་གང་མང་མང་ཞིག་
སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་་་པེ་ཅིང་གི་འགོ་ཁྲིད་ཚོ་ལ་ཞུ་དགོས་ཡ་གཅིག་ག་རེ་འདུག་ཟེར་ན་་ཁྱེད་རང་ཚོས་ཕྱོགས་གཅིག་ནས་བོད་མི་ཁྱིམ་ཚང་གཅིག་ཡིན་ཟེར་ནས་ཟེར་གི་ཡོད་རེད། ཕྱོགས་གཉིས་ནས་དྲག་མནོན་གྱི་སྲིད་ཇུས་འདི་འདྲ་བསྟར་བ་དེར་རྒྱལ་སྤྱི་དང་རྒྱལ་ནག་གི་ཁྲིམས་ཡིན་ནའང་འགལ་གི་ཡོད་རེད།ཞེས་འདུག་པ་མ་གཏོགས་་བོད་མི་རིགས་འདི་རྒྱ་ནག་དང་ཁྱིམ་ཚང་གཅིག་ཡིན་གསུངས་མི་འདུག
ཁྱོད་རང་ཚོས་སྲིད་འཛིན་མཆོག་གི་བཀའ་སློབ་ཡག་པོ་ཉན་ནས་བཤད་ན་ཡག་པོ་རེད་འདོད། མ་གཏོགས་ནོར་འཁྲུལ་སུ་ཡིས་བཤད་ཀྱི་ཡོད་མེད་གསལ་པོ་རེད་འདུག
སྲིད་འཛིན་སེང་གེ་མཆོག་གིས།
བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་ཞུ་རྒྱུར། ཁྱེད་རྣམ་པའི་འབོད་སྒྲ་དེ་ང་ཚོས་གསལ་བོ་རྟོགས་ཐུབ་ཀྱིན་འདུག ཁྱེད་ཚོས་བློས་གཏོང་མཛད་པ་དེ་དག་ང་ཚོས་ནམ་ཡང་བརྗེད་ཐབས་མེད། ཁྱེད་ཚོའི་བདེ་དོན་བསྒྲུབ་རྒྱུ་དེ་དུས་ནམ་ཡང་ང་ཚོའི་སེམས་ཁོངས་ན་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
འདི་ལས་ལྷག་གཅིག་ག་རེ་གསུངས་དགོས་པ་འདུག་གམ། བོད་གངས་ཅན་པའི་སྲིད་འཛིན་མཆོག་གིས་གསུངས་ནོར་མི་འདུག་སྙམ་མོ། ངོ་མ་དགའ་པོ་བྱུང་། ཐུགས་རྗེ་ཆེ།
ཅོ་རི་ལགས་ཀྱིས་རྒྱབ་སྐྱོར་བྱ་ནའང་རྫུན་མ་བཤད་ནས་རྒྱབ་སྐྱོར་བྱས་ན་དེ་ལྐུགས་པའི་ལས་ཀ་ཆགས་འགྲོ་ཡི་རེད། གོང་གི་བཀའ་ཁྲིའི་བསྒྲགས་གཏམ་ནང་གི་ཚིག་ཇི་བཞིན་དྲངས་ན།
༼ པེ་ཅིང་གི་འགོ་ཁྲིད་ཚོས་ཤེས་དགོས་པར་སོ་སོའི་”ཁྱིམ་ཚང་གི་མི་”དམར་བསད་འདི་ལྟར་བཏང་བ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་ཁྲིམས་དང་ཡང་འགལ་བ་ཆགས་ཡོད། ༽ ཅེས་པ་འདི་རེད།
ད་ཁྱེད་ནས་ལྐུགས་རྟགས་མ་སྟོན་པར་གཟུ་བོས་རྩ་དོན་ཤོད་ཐུབ་ལྟ་རྒྱུ་གལ་ཆེན་རེད།
ལྷག་པ་ཚེ་རིང་ལགས།
སྲིད་འཛིན་སེང་གེའི་བཀའ་སློབ་བསྙན་དཔར་བལྟས་པ་ཡིན། དེ་འདྲ་གསུངས་མི་འདུག་་་ཁྱེད་ཀྱིས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་དམ།
http://tibetonline.tv/videos/947/tibetan:-statement-by-kalon-tripa-dr.-lobsang-sangay-on-the-recent-killings-of-tibetans འདིར་ནས་ཤོག་་་་མ་གོ་ན་སྐད་སྒྱུར་ཞིག་རེག་མིན་ལྟོས།
ཅོ་རི་གླེན་ཕྲུག་ལགས།
བོད་གཞུང་གི་དྲ་རྒྱར་བཀོད་པའི་བསྒྲགས་གཏམ་དེར་གཟིགས་དང་། ཡིག་ཐོག་ཏུ་འདུག
ཨེ་་སྤྱང་པོ་ལྷག་ཚེ་ལགས་་་བོད་གཞུང་གི་དྲ་བརྙན་ནས་སྲིད་འཛིན་མཆོག་གི་བཀའ་སློབ་ཚ་པོ་ཚ་པོ་ཐེངས་བཞི་ཉན་པ་ཡིན། བོད་སྐད་མ་གོ་ན་སྤྱང་མདོག་མ་བྱེད་་་་ཁོ་རེ།
ཡིག་ཏུ་ཕབ་མཁན་མི་དེ་ཁྱེད་འདྲ་བའི་སྦྱང་པོ་ཞིག་ཡིན་པར་འདྲ། སྤྱི་ཚོགས་རྙིང་པའི་སྐབས་སུ་མགོ་སྐོར་བཏང་ནང་བཞིན་དེང་སང་ཡོང་གི་མ་རེད་་་ད།
ཨ་རོ་གླེན་ནག་ཅོ་རི་ཉི་མ་ལགས། བཀའ་ཁྲི་གསར་པས་འདི་འདྲ་ཟེར་གྱི་འདུག
༼ The leaders in Beijing must know that killing its own “family members” is in clear violation of international and Chinese laws.
པེ་ཅིང་གི་འགོ་ཁྲིད་ཚོས་ཤེས་དགོས་པར་སོ་སོའི་”ཁྱིམ་ཚང་གི་མི་”དམར་བསད་འདི་ལྟར་བཏང་བ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་ཁྲིམས་དང་ཡང་འགལ་བ་ཆགས་ཡོད། ༽
སྐད་ཆ་འདི་བོད་གཞུང་གི་སྲིད་བྱུས་དང་མཐུན་པ་མ་རེད། བཀའ་ཁྲི་ཁོང་ཐའེ་ཝན་ཧའོ་ལན་ཚོགས་པའི་གསོ་ཕྲུག་ཡིན་ཙང་སྐད་ཆ་འདི་འདྲ་ཤོར་གྱི་ཡོད་ཀྱང་། འདི་བོད་མི་མང་གི་མངོན་འདོད་མ་རེད། དབུ་མའི་ལམ་གྱི་དགོངས་དོན་དང་མི་མཐུན་པ་རེད། དེ་ཨེ་ཤེས །
ཨོ་བློ་སེང་སྲིད་འཛིན་མ་རེད། དེ་ཡང་ཤེས་པ་གྱིས། དེ་མ་གཏོགས་ཁྱེད་ཚོའི་གླེན་པའི་ཞེན་ཁོག་གིས་ཁུངས་འཁྱོལ་གྱི་མ་རེད།
བློ་སེང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་རེད།
སྲིད་སྐྱོང་གསུམ་པ་ཌོག་ཊོར་བློ་བཟང་སེང་གེ་ལགས་རྒཡ་གཞུང་ལས་རྒྱལ་འགྱུར་ཅིག བདེན་པ་ཉིད་རྒྱལའགྱུར་ཅིག བོད་རྒྱལ་ལོ། །
ད་ཡིན་ན་ལྟས་མོ་འདུག་གང་ལྟར་ཁྱེད་གཉིས་གཅིག་གིས་ཞེན་ཆགས་ཀྱི་བསམ་པས་སྐྱག་རྫུན་བཤད་བཞིན་འདུག། རྫུན་མའི་རྒྱབ་སྐྱོར་གྱིས་མི་ཕན་པ་ཤེས་ན་གང་ཡག་རེད་སྙམ།། །།
སྲིད་འཛིན་མིན་པས་རྒྱུ་མཚན་ཅི་ཡོད་དམ། སྲིད་སྐྱོང་བ་དང་སྲིད་འཛིན་ལ་ཁྱད་པ་ག་རེ་ཡོད་དམ། སྤྱང་དང་ཁ་ཏྭ་སྤྱང་་་ཁ་ཏྭས་་་་་་་་་་་་་་་་་་་་་་་་་་་་ཧཧཧ བོད་རིགས་ལ་སྲིད་འཛིན་མེད་ན་ཁྱོད་སྐྱོད་པོ་འདུག་གམ།