ནམ་མཁའ།
དུས་རབས་ཉེར་གཅིག་གི་དུས་མགོར་ནས་བཟུང་། རྒྱ་ནག་སྲིད་གཞུང་གི་སྲིད་དབང་སྒེར་གཅོད་པ་ཚོའི་བར་དབང་ཆ་འཕྲོག་རྩོད་ཀྱིས་འགལ་ཟླ་རྣོ་ངར་ཅན་ཏུ་གྱུར་ཏེ། པེ་ཅིན་སྲང་ལམ་ནས་མེ་མདའི་སྐད་ཐོས་པ་ཡང་ཐེངས་གཅིག་མིན། འདི་འདྲའི་དབང་རྩོད་ཀྱི་འགལ་ཟླ་རྣོ་ངར་ཅན་བྱུང་བ་འདི་ནི། རྒྱ་ནག་དམར་ཕྱོགས་ཚོགས་པ་ལ་མཚོན་ནས་བཤད་ན། གནས་ཚུལ་གསར་བ་ཞིག་དང་ཆབ་སྲིད་དབང་རྩོད་ཀྱི་དམག་འཁྲུགས་གྲང་མོ་གསར་པ་ཞིག་གང་ཡང་མིན། དཔེར་ན་མའོ་ཙེ་ཏུང་གི་སྐབས་སུ་ཡང་། ལིན་པིའོ་ཡིས་མའོ་ཙེ་ཏུང་གསོད་རྩིས་བྱས་ཏེ་སྲིད་བློན་ཀྲིག་ཨེན་ལིན་གྱིས་ཐེངས་འགར་བསྐྱབས་ཡོད་པ་དང་གཅིག་མཚུངས་རེད།
ཡིན་ན་ཡང་འཛམ་གླིང་གི་ཆབ་སྲིད་དཔྱད་བརྗོད་པ་ཚོས། འདི་དང་རྐྱེན་བྱས་ཏེ་རྒྱ་ནག་དམར་ཕྱོགས་ཚོགས་པ་འཐོར་བཤིག་ཏུ་འགྲོ་བར་རེ་བ་བྱེད་བཞིན་ཡོད་པ་འདྲ་མོད། འོན་ཀྱང་ངས་བསམ་ཚུལ་ལ་འདི་དང་རྐྱེན་བྱས་ཏེ་ད་རུང་དམ་རུ་གཏོང་སྲིད་སྙམ།
རྒྱུ་མཚན་ནི། ང་ཚོས་མའོ་ཙེ་ཏུང་གི་སྐབས་ཀྱི་དབང་ཆ་འཕྲོག་རྩོད་ཀྱི་འགལ་ཟླའི་གནས་བབ་ལ་ཁ་ཕྱིར་འཁོར་སྟེ་བསམ་གཞིགས་བྱས་ཆོག མའོ་ཙེ་ཏུང་གི་སྐབས་ནས་བཟུང་གནས་ཚུལ་འདི་བརྒྱུད་ནས་ཡོང་སྟེ། མའོ་ཡིས་ཁོའི་འཐབ་གྲོགས་གང་མང་ཞིག་བཙོན་འཇུག་བྱས་ཏེ་མི་ཚེ་བཙོན་ཁང་ནང་བསྐྱལ་ཡོད། དཔེར་ན་༼ལིའུ་ཧྲོ་ཆི་དང་དམག་དཔོན་ཆེན་མོ་ཕིན་ཏྰེ་ཧྭེ་ད་རུང་ཏིན་ཞོ་ཕེན་༽སོགས་མའོ་ཡི་འཐབ་གྲོགས་མང་པོ་བཙོན་འཇུག་བྱས། དེ་དག་བཙོན་ཁང་དུ་འཇུག་དགོས་བའི་རྒྱུ་མཚན་དངོས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པའི་དབང་གིས་དབང་ཆ་འཕྲོག་རྩོད་བྱས་པ་རེད།
སྐབས་དེར་མའོ་ཡིས་དབང་ཆ་གཅིག་སྡུད་ཀྱིས་རང་གི་བྱས་ཉེས་འགེབས་སྲུང་ཆེད། རྒྱ་ནག་རྒྱལ་ཡོངས་སྨྱོ་མཆོངས་རྒྱག་ཏུ་བཅུགས་ཏེ་རིག་གནས་གསར་བརྗེ་ཡི་ལས་འགུལ་སྤེལ། དུས་སྐབས་དེར་མའོ་ཙེ་ཏུང་ལ་མཚོན་ནས་བཤད་ན་ཅུང་ཟད་སྟབས་ལེགས་པ་ཞིག་ནི། དེང་སང་བཞིན་བརྡ་འཕྲིན་གྱི་དུས་རབས་མིན་པས་ཁོས་གང་བྱས་ཐམས་ཅད་ཕལ་ཆེར་རྒྱ་ནག་མི་དམངས་དང་འཛམ་གླིང་གིས་གནས་ཚུལ་གསལ་བོར་ཤེས་ཐུབ་མེད།
ཡིན་ན་ཡང་སྐབས་དེའི་སྡུག་བསྔལ་མྱོང་མཁན་ཏིན་ཞའོ་ཕིན་ལྟ་བུ་སོགས་ཀྱིས་གནས་ཚུལ་ཆ་ཚང་གསལ་བོར་ཤེས་ཡོད་པས། ཏིན་ཞའོ་ཕིན་ཡང་བསྐྱར་རྒྱ་ནག་གི་དབང་འཛིན་པ་གྱུར་དུས། ཁོས་སྔོན་གྱི་སྡུག་བསྔལ་གང་མྱོངས་ལ་འཁོན་ལན་སློག་ཆེད། མའོ་ཙེ་ཏུང་གི་སྐྱེ་དམན་ཅང་ཆིན་སོགས་མི་བཞི་ཕྱོགས་ཁག་ཞེས་མིང་ངན་པ་ཞིག་བཏགས་ཏེ་བཙོན་འཇུག་བྱས་པ་རེད།
ཏིན་ཞའོ་ཕིན་འདས་རྗེས་ནས་བཟུང་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་མའོ་དང་ཏིན་ཞའོ་ཕིན་བཞིན་ཆབ་སྲིད་ཀྱི་དབང་ཆ་མི་གཅིག་གིས་ཐག་གཅོད་བྱེད་ཐུབ་པའི་ནུས་པ་ཅན་ཞིག་བྱུང་མེད། དེས་རྐྱེན་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོ་ཕྱོགས་གཉིས་སུ་མཆེད་དེ། ཅང་ཧོའུ་བར་གྱི་འགལ་ཟླ་ཞེས་ཕྱི་སྡོད་རྒྱ་རིགས་དང་ནང་ལོགས་ཀྱི་གཉིད་སད་བཞིན་པའི་རྒྱ་རིགས་ཚོས་གླེང་སློང་བྱས་པ་རེད། གླེང་སློང་འདི་ནི་དོན་དངོས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་ཕྱོགས་ཁག་འདི་གཉིས་ཀྱི་འགལ་ཟླའི་གཞི་རྩ་ནི་རྒྱ་ནག་མི་དམངས་ཀྱི་བདེ་སྡུག་གི་ཆེད་དུ་བྱུང་བ་ཞིག་མ་ཡིན་པར། ཁོང་ཚོའི་དབང་ཆ་འཕྲོག་རྩོད་ཀྱི་ཆེད་དུ་ཡིན་པ་དེང་སང་གསལ་རུ་འགྲོ་གི་ཡོད།
གལ་སྲིད་རྒྱ་ནག་མི་དམངས་ཀྱི་བདེ་སྡུག་ཆེད་དུ་འགལ་ཟླ་བྱུང་བ་ཡིན་ཚེ། རྒྱ་ནག་གི་རྩ་ཁྲིམས་ལྟར་སྐད་ཡིག་རང་དབང་དང་སྐད་འབོད་རང་དབང་སོགས་ལག་བསྟར་བྱེད་དགོས་མོད། འོན་ཀྱང་དེ་ལས་ལྡོག་སྟེ་མི་དམངས་ཀྱི་བདེ་སྡུག་གླེང་མཁན་གྱི་ཁྲིམས་རྩོད་པ་སོགས་ཀྱང་ཉེས་མེད་ཀྱིས་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱེད་བཞིན་ཡོད། གནས་ཚུལ་འདིས་གང་མཚོན་གྱི་ཡོད་དམ་ཟེར་ན། གུང་ཁྲན་ཏང་གིས་གཏན་འབེབ་བྱས་ཟིན་པས་རྩ་ཁྲིམས་ལ་ནུས་པ་མེད་པར། རྒྱ་ནག་མི་དམངས་ཁྲིམས་ཀྱིས་དབང་བསྒྱུར་མི་བྱེད་པར་སྲིད་དབང་སྒེར་གཅོད་པ་ཚོས་དབང་ཤུགས་ཁོ་ནས་དབང་བསྒྱུར་བྱེད་བཞིན་ཡོད་པ་མཚོན་ཐུབ། གལ་ཏེ་སྲིད་གཞུང་ཚད་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་ཚེ་ཁྲིམས་ཀྱིས་རྒྱལ་ཁབ་བསྐྱངས་ཀྱི་ཡོད།
དཔེ་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། མི་དམངས་སྐྱོ་བོ་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱིས་གནམ་བདེ་སྒོ་མོའི་ཆེ་ཡི་མདུན་ནས་ཉིན་གཅིག་ལ་མི་ཉི་ཤུ་ཙམ་གྱིས་དུག་སྨན་འཐུང་སྟེ་རང་ཤི་རྒྱབ་ཡོད། གནས་ཚུལ་འདིས་རྒྱ་ནག་གི་རྩ་ཁྲིམས་ལ་དབང་བསྒྱུར་བྱེད་པའི་ནུས་པ་མེད་པར་དབང་ཆ་སྒེར་གཅོད་ཀྱི་དབང་ཤུགས་ཁོ་ནས་མི་དམངས་ལ་ཁ་ལོ་བསྒྱུར་ཏེ་རྒྱལ་ཁབ་སྐྱོང་བཞིན་ཡོད་པ་གསལ་བོ་མཚོན་ཐུབ། གནས་ཚུལ་འདི་འདྲ་མང་པོ་ཞིག་གིས་ཀྱང་རྒྱ་ནག་དམར་ཕྱོགས་སྲིད་གཞུང་ལ་ཁྲིམས་དང་མཐུན་པའི་གནས་ལུགས་བཤད་ས་མེད་པ་སེམས་པ་ཐང་པོ་ཅན་ཞིག་ཡིན་ཚེ་གསལ་བོ་ཤེས་ཐུབ།
རྩ་ཁྲིམས་གཅིག་གི་འོག་ནས་མི་རིགས་མི་འདྲ་གཉིས་ལ་ཁྲིམས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་ཡོད་པའི་དཔེར་མཚོན་གཞན་ཞིག་གི་སྒོ་ནས་བཤད་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཨ་མའི་ཐོག་ན་༼ཆོས་ལུགས་དད་མེད་རང་དབང་ཡིན༽བཀོད་ཡོད་པ་དེ་རིང་ཡང་ད་རུང་གསལ་བོ་ཡོད། ཡིན་ནའང་། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་ལ་རྒྱ་ནག་གི་མགོ་ཁྲིད་ཏང་ཡོན་ཞིག་ཡིན་ན་ཡང་རྒྱ་གར་རྡ་རམ་ས་ལར་མཇལ་འཕྲད་དུ་ཡོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་ཅི་ཡང་མེད། འོན་ཀྱང་བོད་མི་རིགས་ཞིག་ཆེད་མངགས་ཀྱིས་མཇལ་འཕྲད་ཡོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་རུ་བརྩི་བ་མ་ཟད། ད་རུང་བཙོན་ཁང་དུ་འཇུག་གི་རེད། དོན་ངོ་མ་མཇལ་སའི་མི་གཅིག་ཡིན་ལ་ཡོང་སའི་ཡུལ་ཡང་གཅིག་ཡིན།
ཐ་ན་རྒྱ་ནག་གི་མགོ་ཁྲིད་ལས་ཟུར་དང་ཡང་ན་ལས་ཐོག་པ་གང་ཡིན་ཀྱང་ཁོང་ཚོའི་ཁྱིམ་ཚང་ནང་༧གོང་ས༧མཆོག་གི་སྐུ་པར་སྒྲིགས་བཤམས་ཆོག་པ་མ་ཟད། ད་རུང་གསར་འགྱུར་འགོད་མཁན་སོགས་མི་སུ་ལ་ཡང་བསྟན་ཀྱང་ཉེས་པ་ཅི་ཡང་མེད། འོན་ཀྱང་བོད་མི་རིགས་ལས་བྱེད་མགོ་ཁྲིད་ཕར་ཞོག་ཐ་ན་མི་དམངས་དཀྱུས་མ་ཚོས་ཀྱང་སྐུ་པར་སྒྲིགས་བཤམས་མཐོང་ཚེ་ཆབ་སྲིད་ཀྱི་ནག་ཉེས་སུ་བརྩིས་ཏེ་བཙོན་འཇུག་དང་། ཡང་ན་ཉེས་ཆད་ལྕི་མོ་གཅོད་ཀྱི་ཡོད། འདི་ནི་རྩ་ཁྲིམས་གཅིག་གི་འོག་ན་ཁྲིམས་མི་འདྲ་བ་གཉིས་ལག་བསྟར་བྱེད་བཞིན་པའི་དཔེ་མཚོན་ཙམ་ཡིན། ཕྲན་གྱིས་འདིར་བཤད་འདོད་པའི་སྐད་ཆ་གཙོ་བོ་ནི། རྒྱ་ནག་སྲིད་གཞུང་གིས་རྩ་ཁྲིམས་ནང་བཀོད་པ་ལྟར་རྒྱལ་ཁབ་སྐྱོང་མ་ཐུབ་ཚེ། ལྐོག་ཟ་རུལ་སུངས་ལ་ཁ་གཡར་སྟེ་རྒོལ་རྡུང་ཅི་ལྟར་བྱས་ཀྱང་མི་དམངས་ལ་རང་དབང་མེད་པ་གཅིག་མཚུངས་ཡིན།
རྒྱ་ནག་གི་རྨི་ལམ།
ཞིན་ཅིན་ཕེན་སྲིད་འཛིན་ལ་བསྡད་མ་ཐག་གཏམ་བཤད་སྐབས། རྒྱ་ནག་གི་རྨི་ལམ་ནས་མགོ་བརྩམས་ཏེ་གཏམ་བཤད་བྱས་ཡོད།དེ་ཡང་ཞིན་ཅིན་ཕེན་གྱི་གཏམ་བཤད་ཐོག་མ་བཤད་དུས། ནང་ཁུལ་ནས་རྙོག་དྲ་བྱུང་སྟེ་གཏམ་བཤད་དུས་ཚོད་སྐར་མ་འགའི་རྗེས་ལུས་ཐེབས་ཏེ་ཁོས་འཛམ་གླིང་གི་གསར་འགོད་པ་ཡོངས་ལ་དགོངས་དག་དང་འབྲེལ་བའི་གསལ་བཤད་ཐུང་ངུ་ཞིག་བྱེད་དགོས་བྱུང་། ལོ་གསུམ་ཕྱིན་པའི་དེ་རིང་གི་ཉིན་མོ། ད་རུང་རྒྱ་ནག་མི་དམངས་ཀྱིས་གང་ཞིག་༼རྒྱ་ནག་གི་རྨི་ལམ༽ཡིན་པ་ཤེས་ཐུབ་མེད།
ང་ཚོས་ལོ་གསུམ་རིང་གི་སྲིད་འཛིན་ཞིན་ཅིན་ཕེན་གྱི་ལས་བསྡོམས་ལ་བལྟས་ཚེ། དེ་ནི་ཁོ་རང་ཉིད་ཀྱི་རྨི་ལམ་ཞིག་ཡིན་པ་ལས་རྒྱ་ནག་གི་མི་དམངས་དུང་ཕྱུར་མང་པོའི་རྨི་ལམ་ཞིག་མིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག སྲིད་འཛིན་ཞིས་ཀྱིས་ལྐོག་ཟ་རུལ་སུངས་ལ་ཁ་གཡར་སྟེ་སྟག་དང་སྦྲང་མ་མཉམ་གསོད་བྱས་ཡོད།
ཡིན་ན་ཡང་དངོས་གནས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བྱེད་འདོད་ཡོད་ཚེ།རྒྱ་ནག་གི་སྲིད་བློན་ཟུར་བ་༼ཝུན་ཅ་པའོ་༽ནང་མི་ལ་ཡང་རྒོལ་རྡུང་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་ནི་ཨ་རིའི་ནེའུ་ཡོག་༼དུས་བབ་༽སྟེང་༼ཝུན་ཅ་པའོ༽ཡི་སྐྱེས་དམན་གཙོ་བྱས་ཏེ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བཀོད་ཡོད་པ་མ་ཟད། ཁོ་རང་སྲིད་བློན་ལས་ཐོག་སྐབས་སུ། ཁོས་ཁྲིམས་གཏུགས་བྱེད་ཀྱི་ཡིན་ཟེར་ནས་སྐད་ངན་དགུང་ལ་འཕྱོ་མོད། འོན་ཀྱང་གྲགས་འགུལ་ཅི་ཡང་མེད་པར་འཇམ་ཐིང་ངེར་དེ་རིང་རྒྱ་ནག་གི་རྡོ་རྗེ་ཕ་ལམ་གྱི་ཚོང་ཁང་མང་པོའི་བདག་པོ་ཆགས་ཡོད། འདིར་གཅིག་པོ་བསམ་བློ་ཞིབ་མོར་བཏང་ཚེ། ལྐོག་ཟ་རུལ་སུངས་ཁོ་ནར་དམིགས་ཏེ་སྟག་རྒན་ཚོ་གསད་པ་མིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག
ཕྲན་གྱིས་གོང་དུ་བཤད་པ་བཞིན། རྒྱ་ནག་རྒྱལ་ཁབ་ཁྲིམས་ཀྱིས་དབང་བསྒྱུར་མི་བྱེད་པར་མིའི་དབང་ཤུགས་ཀྱིས་དབང་བསྒྱུར་བྱེད་བཞིན་ཡོད་པ། དེ་རིང་སྟག་རྒན་མང་པོ་ལྕགས་དྲའི་ནང་ཚུད་པ་ཙམ་ལས་རྩ་ཁྲིམས་ནང་བཀོད་པ་ལྟར་ཁྲིམས་ཀྱིས་ཉེས་ཆད་གཅོད་ཐུབ་ཀྱི་མེད། རྒྱུ་མཚན་ནི། ཀྲོའུ་ཡའོ་ཁང་ལྟ་བུ་སྟག་རྒན་དང་དུག་སྦྲང་མང་པོས་ལོ་ཚོད་མ་ལོན་པའི་བུ་མོ་ལོ༼༡༣ནས་༡༦༽བར་གྱི་བུ་མོ་མང་པོ་བཙན་གཡེམ་བྱས་ཡོད་པ་མ་ཟད། དེ་འདྲའི་གྲངས་ཀ་སུ་མང་ལ་འགྲན་བསྡུར་བྱེད་བཞིན་ཡོད་པ་ནག་ཉེས་ཅན་ཁོང་ཚོས་ཁས་ལེན་བྱེད་ཀྱི་ཡོད། སྤྱིར་རྒྱ་ནག་གི་རྩ་ཁྲིམས་ལྟར་ན་ལོ་ཚོད་མ་ལོན་པའི་བུ་མོ་ལ་བཙན་གཡེམ་བྱས་ཚེ་རྩ་ཁྲིམས་ལྟར་སྲོག་ཁྲིམས་ཀྱི་ཉེས་ཆད་ཡོད།
ཡིན་ན་ཡང་དེ་རིང་ད་རུང་སྟག་རྒན་དང་དུག་སྦྲང་མང་པོ་སྲོག་ཁྲིམས་ཀྱི་ཉེས་ཆད་གཅོད་ཐུབ་ཀྱི་མེད། འདི་ཁོ་ནས་ཀྱང་རྒྱ་ནག་སྲིད་གཞུང་གིས་གཏན་འབེབ་བྱས་བའི་རྩ་ཁྲིམས་ནི། གནམ་བདེ་སྒོ་མོ་ཆེ་ཡི་སྒོ་ངོས་ཐོག་གི་མའོ་ཙེ་ཏུང་གི་འདྲ་པར་བཞིན།འཛམ་གླིང་མི་དམངས་དང་རྒྱ་ནག་མི་དམངས་དུང་ཕྱུར་མང་པོའི་མིག་མདུན་གྱི་ཆུ་ངོགས་གཏམ་རྒྱུད་ཀྱི་སྒྲུང་དེབ་བཞིན་ཀློག་དེབ་ཁོ་ན་གྱུར་ཡོད་པ་ལས། ལག་བསྟར་བྱེད་སའི་མི་ནག་ཉེས་ཅན་གོང་རིམ་གྱི་མི་སྣའི་ཐོག་བྱེད་ཀྱི་མེད། གལ་ཏེ་རྩ་ཁྲིམས་ལྟར་ལག་བསྟར་བྱས་ཡོད་ཚེ། ལུག་བསད་ན་ར་འདར་བའི་ལོ་རྒྱུས་བཞིན། སྟག་རྒན་ཚོ་མི་དམངས་ཀྱི་མིག་མདུན་ནས་སྲོག་ཁྲིམས་བཅད་ན་དུག་སྦྲང་ཚོ་ཞོར་དུ་འདར་སིག་རྒྱག་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་ཞིག་ཡིན།
རྒྱ་ནག་གུང་ཁྲན་ཏང་གི་དཔོན་རབས་ཚོའི་ཆགས་སྤྱོད་ཀྱི་བྱ་སྤྱོད་འདི་ནི། མའོ་ཙེ་ཏུང་གི་སྐབས་ནས་དར་བའི་ལུགས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད། མའོ་ཙེ་ཏུང་གིས་ཀྱང་ཁོའི་ཉལ་ཁང་གི་སྒོ་འགྲམ་ནས་བུ་མོ་མཛེས་མ་མང་པོ་བསྡུས་ཏེ་ཁོའི་མཉམ་དུ་ཞབས་བྲོ་རྒྱག་ས་བཟོས་སྟབས། དམག་སྤྱི་ཆེན་མོ་ཕིན་ཏྰེ་ཧྭེ་ཡིས་ཚོགས་ཐོགས་ནས་ངོ་རྒོལ་བྱས་ཏེ། ཕིན་ཏྰེ་ཧྭེ་བཙོན་ཁང་དུ་འགྲོ་དགོས་བའི་རྒྱུ་རྐྱེན་གཙོ་བོ་གཅིག་དེ་རེད།
ནམ་མཁས་ཡོ་རུབ་ནས ༢༨/༢/༢༠༡༥ ལ་བྲིས།
ནམ་མཁའ་འདི་སུ་ཡིན་མི་ཟེས་ཀྱང་། མི་ཡ་རབས་ཀྱི་ཁྱིམ་ཚང་འཁྲུངས་པ་ཐེ་ཚོམས་མི་འདུག་གོ ད་ལྟ་ཆ་ཚང་ཀློག་ཁོམ་མ་བྱུང་བས་་་་་་་་་ རྗེས་སུ་མཇལ་འོངས།
ནམ་མཁའི་མིང་ཅན་གྱིས་གུང་ཁྲན་ལ་དཔྱད་ཁུལ་བྱས་འདུག་ཀྱང་། དེ་ཙམ་གྱི་ཞིབ་ཚགས་དང་གནད་ལ་མི་འཁེལ།
དཔྱད་རྩོམ་བྲིས་པ་ལེགས་ཚོགས་ཆེའོ། །
ཡག་པོར་དཔྱད་དེ་འབྲི་དགོས་མ་གཞི་ནས་གཞན་གྱི་སྐྱོན་ཏག་ཏག་བསྒྲུབ་ན་གང་འདྲ་ཡོད་མིན་ཀྱང་མི་ཤེས། རྒྱ་ནག་གིས་བོད་ཀྱི་བླ་མ་རོ་ལངས་བརྒྱབ་འདུག་ཅེས་བཤད་ན་གང་འདྲ་ཡོང་ངམ།
ཡག་པོ་བྲིས་འདུག
ཤེས་ཡོན་པའི་ཉམས་འདུག
ཡིན་ཡང་རྒྱ་དགའ་ཚོས་མཐོང་ན་སེམས་མི་སྐྱིད་པ་ཡོང་སྲིད།
ཆོས་ཁས་མི་ལེན་པའི་མི་ཞིག་ནམ་ཡང་རོ་ལངས་རྒྱག་མི་་ཐུབ་། རོ་ལངས་ཟེར་བ་དེ་ཆོས་་ཁས་ལེན་མཁན་དང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་་བྱེད་མཁན་གྱི་མི་ལ་ཡོང་སྲིད་པ་ལས་་ཆོས་མེད་དམར་པོའི་ལུང་པར་ནམ་ཡང་ཡོང་མི་ཐུབ་་། མ་འོ་ད་ལྟ་རྡོ་རྗེ་ཐིག་དམྱལ་་ལ་འདུག་འཇིག་རྟེན་འདི་མ་འཇིག་བར་མི་ཡུལ་ཡོང་རྒྱུའི་ལག་ཁྱེར་རག་མི་འདུག་བ།་བོད་མི་ཚོ་བཞེད་དགོས་པ་མ་རེད་།ཧ་ཧ་
མའོ་ཙེ་ཏུང་ནི་རྒྱ་ནག་མི་དམངས་ཞིང་བྲན་ཕྲི་ཚོ་ཡར་ལངས་གཅིང་དཀྲོལ་གཏོང་མཁན་རླབས་ཆེན་གྱི་མི་ཞིག་རེད་
རེད། མའོ་རླབས་ཆེན་དེ་ཛབ་ཆེན་ཡིན་ཙང་རླབས་ཆེན་དུ་མཐོང་བ་རེད།
རེད། མའོས་སྤྲང་ཚོགས་ལ་སྙིང་གཅེས་ནས། དམར་ལུགས་དགའ་དད་དང་གྱེན་ལངས་པ་རླབས་ཆེན་པ་རེད།
རེད། མའོ་ཐོག་མར་མི་ཤེས་ཡོན་མི་དམན་པ་ཅིག་ལ། སེམས་ཤུགས་ཀྱི་གོང་བུ་དང་། ལྷག་བསམ་རྣམ་དག་ཅིག་རེད།
རེད། རྗེས་སུ་རང་ལ་དབང་ཆ་། ཆ་འཇོག་སླེབས་དུས། ཆོས་མེད་ཀླ་ཀློ་ཡིན་ཙང་། རང་ལ་མ་དགའ་མཁན་ཚོ་དམར་གསོད་པ་རེད།
རེད། ད་དུང་རང་གི་བཟའ་ལ་དྲང་པོ་མེད་པ་དང་ཅིག
རེད། རང་གི་བཟའ་ཟླ་ལྔ་ནས། ཁཤས་ལས་བཟའ་བྲལ་བྱས་པ་དང་། གཅིག་སྨྱོ་བ་དང་། གཅིག་རང་ཤི་བརྒྱབ་དགོས་བྱུང་བ་རེད།
རེད། བོད་རིགས་ས་ཡ་གཅིག་དང་། གྲངས་ཆུང་གཉིས་དམར་གསོད་བཙོན་འཐུག་དང་སྡུག་ཤི་ཐེབས་བཅུག་པས་རླབས་ཆེན་རེད།
རེད། ཛམ་གླིང་ནང་མི་འབོར་མང་ཤོས་གསོད་མཁན་དང་། དེ་ཡང་མའོས་བསད་པའི་མི་གྲངས་ས་ཡ་བདུན་ཅུ་ཟིནད་པ་ཚོད་དཔག་བྱ་སའི་མི་གསོད་མཁན་རླབས་ཆེན་ཁོ་རེད་གདའ། མར་ཕྲུག་ཚོ།། །།
ངོ་མ་རླབས་ཆེན་རེད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོད་པ་རེད་
ཞིང་བྲན་ཕྲི་ཚོ་བརྒྱ་ཡི་འཛམ་གླིང་མཐོང་བ་རེད་
མ་འོ་སླར་ཕེབས་ན་ང་ཚོ་བོད་མིའི་དགའ་བསུ་་ཡོད་།
བོད་པའི་མཐོ་རིམ་མི་སྣ་ཚོར་ལས་དཀའ་ཡག་པོ་རག་ས་་རེད་།
ཁོང་ཚོ་ཌོ་ལར་རྗེས་ལ་མང་པོ་འགྲོ་དགོས་པ་མ་རེད་།
ང་ཚོ་མི་མང་ལ་ཁྱད་པར་གང་ཡང་མེད་།
རྒྱལ་ཁབ་སུའི་འོག་ཏུ་བསྡད་ཀྱང་ཟ་ཡས་དང་ཐུང་ཡས་་གོས་དེ་ནི་རག་གི་རེད་
གཞན་པ་ང་ཚོ་མིི་མང་ལ་གཏམ་མི་དགོས་ནོར་མི་དགོས་སྐྱེ་དམན་རྣམ་པ་
མཛེས་པོ་མི་དགོས་།།
རིལ་རྒོལ་འཐབ་རྩོད་དེ་ལ་མཇུག་འབྲས་ཤིག་ཡོང་གི་རེད་འདོད། རྩོམ་པ་པོས་བཤད་པ་ལྟར་མའོ་ཡིས་ལིན་པའོ་དང་ཏན་ཞོ་ཕིང་སོགས་བཙུན་དུ་བཅུག་ནས་རིག་གནས་གསར་བརྗེ་ཡི་ལས་འགན་སྤེལ། སྤྱིར་རྒྱ་ནག་ནང་དང་སྒེར་བོད་ལ་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་དཀའ་ངལ་བཟོས།
དེའི་རྗེས་མའོ་ཤི། ཏན་ཞོ་ཕིང་བཙོན་ནས་ཐར། མི་བཞི་ཕྱོགས་ཁག་ལ་འཐབ་རྩོད་བྱས། དེའི་མཇུག་འབྲས་ཆོས་ལུགས་དད་པའི་རང་མོས་བཟོས། མཉམ་ལས་བགོས། ཕྱི་ཕྱོགས་སུ་སྒོ་མོ་ཕྱེས། བཙན་བྱོལ་བ་བོད་ནང་དུ་ཐུག་འཕྲད་ཡོང་བཅུག
ཞིས་ཅན་ཕིང་གི་རུལ་རྒོལ་འཐབ་རྩོད་འདི་ལའང་མཇུག་འབྲས་ཤིག་ཏན་ཏན་ཡོང་གི་རེད། བཟང་ཕྱོགས་ནས་གྲུབ་འབྲས་འཐོན་འོང་དང་ངན་ཕྱོགས་ནས་མཇུག་འབྲས་སྨིན་འོང་བཤད་དཀའ་ནའང་འགྱུར་བ་ཞིག་ཡོང་ངེས་ཅན་རེད་འདོད།
ངས་བསམ་ཚུལ་བྱས་ན་རུལ་་རྒོལ་འཐབ་རྩོད་འདིས་རྒྱ་ནག་དམངས་གཙོའི་ཕྱོགས་སུ་བསྐྱོད་པའི་རྒྱུ་བསགས་ཀྱི་འདུག་འདོད། ཏང་གི་ལྐོག་ཟ་རུལ་སུངས་ཚོའི་ནང་མི་དང་སྤུན་ཆེད། ཟུར་མོ་དང་དགའ་རོགས་སོགས་མང་པོ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་བསླེབས་བསྡད་ཡོད། ལྐོག་ཟ་་བྱས་པའི་སྒོར་མོ་མང་པོ་ནུབ་ཕྱོགས་པའི་རྒྱལ་ཁབ་ཁག་གི་དངུལ་ཁང་ནང་དུ་བཞག་ཡོད།
ཨོ་སི་ཁྲེ་ལིས་ཡ་ཡིས་ལྐོག་ཟ་རུལ་སུངས་དེ་དག་རྒྱ་ནག་པ་ཕྱིར་རྩོས་སྤྲོད་བྱ་ཡི་ཡིན་ཟེར་བཞིན་ཡོད། ཨ་རི་ཡིས་ལྐོག་ཟ་རུལ་སུངས་ཨ་རི་ནང་དུ་ཡོང་བཅུག་མིན་མདོག་མདོག་བཤད་ཀྱི་ཡོད། མི་རྒྱུ་གཉིས་ཀ་ནུབ་ཕྱོགས་བསླེབས་ཚར་བའི་རྒྱ་རིགས་ཚོས་ངོས་ནས་བཤད་ན་རང་ཉིད་དང་རྒྱུ་ནོར་སྐྱོབ་ཆེད་དུ་ཐབས་ལམ་གཅིག་ཡོད་པ་ནི་རྒྱ་ནག་དམངས་གཙོ་ལ་སྒྱུར་གྱི་དེ་རེད།
ད་ལྟའི་དམར་ཕྱོགས་གུན་ཁྲན་ཏང་མུ་མཐུད་གནས་པ་ཡིན་ན་ནུབ་ཕྱོགས་སུ་ཡོད་པའི་རྒྱ་རིགས་ལྐོག་ཟན་པ་དེ་དག་གིས་རྒྱུ་འགོ་སྲོག་འགོ་ཙམ་ཐོན་པའི་དབང་དུ་བཏང་ཡང་རྒྱ་ནག་ནང་དུ་འགྲོ་བའི་གོ་སྐབས་རྩ་བ་ནས་མེད། སོ་སོའི་ལུང་པའི་བདག་ཐང་སོ་སོ་ལ་མེད་པ་ཆགས་འགྲོ་གི་རེད།
གཉིས་ནས་་་ནུས་ཕྱོགས་སུ་ཡོད་པའི་རྒྱ་རིགས་འདི་དག་ལ་དམངས་གཙོའི་རང་དབང་གིས་ཤུགས་རྐྱེན་ཐེབས་ཀྱི་རེད། རྒྱ་མི་རིགས་ཀྱི་ཆེད་དུ་དམངས་གཙོ་ཟེར་བ་འདི་གལ་ཆེན་པོ་ཞིག་ཡིན་པར་མྱོང་བའི་ཐོག་ནས་ར་འཕྲད་འབྱུང་གི་རེད། དེས་ཐོག་ཏུ་ཨ་རི་གཙོ་བོ་གྱུར་པའི་ནུས་ཕྱོགས་རྒྱལ་ཁབ་ཁག་གིས་གོ་སྐབས་དང་བརྟེན་ནས་རྒྱ་ནག་དམངས་གཙོའི་ཕྱོགས་སུ་འགྲོ་བ་ལ་སྐུལ་ལྕག་གཞུས་ཀིན་རེད།
རུལ་རྒོལ་འཐབ་རྩོད་འདིས་རྒྱ་ནག་དམངས་གཙོའི་ཕྱོགས་བསྐྱོད་པའི་རྒྱུ་བསག་ཡོད། གུན་ཁྲན་ཏང་ཚེ་ཐུང་རེ་འགྲོ་བའི་རྐྱེན་བསག་གི་ཡོད། རྒྱུ་རྐྱེན་མང་པོ་ཞིག་ཚང་འོང་དུས་གུང་ཁྲན་དམར་པོ་འཐོར་བཤིག་འགྲོ་གི་རེད་འདོད་དོ།
འོ་རེད། གཅིག་བརྗེད་འདུག གལ་ཆེ་ཤོས་ཅིག་བརྗེད་འདུག དེ་ནི། མའོས། བུད་མེད་ལོ་ཆུང་རང་ལོ་༼༡༢༽བཅུ་གཉིས་ཡན་ནས། ལོ་རྒན་བར་དུ་བུད་མེད་༼༣༥༠༽གསུམ་བརྒྱ་ལྔ་བཅུ་ལ་བཙན་གཡེམ་བྱེད་མཁན་ཧན་རིགས་རླབས་ཆེན་ཁོ་རེད། །ཧཧཧཧཧཧཧཧཧཧ།། །།
མི་ཤེས་ཤེས་འདོག་།ཧ་ཧ་
སོ་སོའི་ལུང་པ་མི་ལ་ཤོར་།
ད་དུང་རྒྱ་ནག་གི་ཆབ་སྲིད་གླེང་།
ཧ་ཧ་
རྒྱ་ནག་པའི་ཆབ་སྲིད་བོད་པས་མ་ཤེས་ནས་ལུང་པ་རྒྱ་ལ་ཤོར་སོང་རེད་་་་་སྙིང་རྗེ་་་མྱི་འདི་ཚོས་ཇུས་ཏོག་ཡང་བྱེད་ཤེས་ཀྱི་མི་འདུག་་་་ཧཧ
འབྲུག་རྒྱལ་པོ་ཐམས་ཅད་མཁྱེན་པ་མིན་ཀྱང་རྣམ་དཔྱོད་དང་མིག་རྒྱང་ག་འདྲ་ཡག་པོ་ཡོད་འདུག མི་འབོར་འབུམ་བཞི་ཙམ་ལས་མེད་པའི་འབྲོག་ཡུལ་རང་བཙན་ཡོད་རྒྱལ་ཁབ་བྱས་ནས་བཞུགས་འདུག་ག འཛམ་གླིང་སྤྱིའི་ཆབ་སྲིད་འགྲོ་སྟངས་ཤེས་ནས་བྱུང་བ་རེད་ད། མ་གཏོགས་འབྲུག་པ་སྟོབས་ཆེ་ཆེ་དང་དམག་མང་མང་གིས་རང་བཙན་རག་སོང་བ་དེ་འདྲ་མ་རེད་ད།
བོད་པའི་ཐམས་ཅད་མཁྱེན་པ་ཡིན་ཟེར་མཁན་ཚོའི་མདོག་རྒྱབ་ལ་ལྟོས་དང་། ཐམས་ཅད་མཁྱེན་གྱི་ཕར་ཞོག རྐུབ་པ་གོས་ཐུང་མེད་མཁན་འབྲུག་རྒྱལ་པོའི་མཁྱེན་པ་ཙམ་ཡང་མ་མཁྱེན་པ་རེད། རྒྱ་ནག་པའི་ཆབ་སྲིད་མ་ཤེས། རྒྱལ་སྤྱིའི་གནས་སྟངས་མ་ཤེས། བོད་རྒྱལ་ཁབ་རྒྱལ་ཚོགས་ཀྱི་ནང་དུ་དེབ་སྐྱེལ་ཙམ་ཡང་བྱས་མ་ཤེས་པའི་ཐམས་ཅད་མཁྱེན་པ་དེ་ཚོ་ལས་ལྐུག་པ་ཞིག་སུ་ཡོད་དམ།་་་་་ཧཧ
ནམ་མཁས་མུ་མཐུད་ནས་བྲིས་ཤོག་ཨ། ཕ་བཟང་གི་བུ། འབྲུག་པ་རྐྱག་ཤོར་དང་། བལ་པོ་རྙག་ཤོར་གཉིས་ལ་རེ་ཅོ་ཅོ་རི་བ་དེ་ཚོས་རེ་བ་བཅོལ་དགོས་ན་ལེགས་པ་ལས། ང་ཚོས་དེ་ཚམ་རེ་བ་བཅོལ་དགོས་མེད།
ཀརྡོ་་་ཡང་རྒྱགས་ཚད་འཐུང་ཚར་པེ། མཆན་ཡག་པོ་བཀླགས་ཐུབ་ཀྱི་མི་འདུག་གམ། འབྲུག་དང་བལ་ཡུལ་གཉིས་ལ་རེ་བ་བཅོལ་དགོས་རེད་ཅེས་སུས་བཤད་འདུག་གམ་་་་ཨ ཁྱོད་ངོ་མ་བཟི་ཚར་འདུག་ཡ ཉུང་ཙམ་འཐུང་མ་གཏོགས་མཆིན་པ་བཤིག་ཡོང་།་་་་་ཧཧ
ཅོ་རིས་མའོའི་སྐོར་མང་ཙམ་ལྟོས།
http://www.tibettimes.net/news.php?showfooter=1&id=9798
བོད་པའི་ཐམས་ཅད་མཁྱེན་པ་ཚོ་སྔར་ཡང་་ཐམས་ཅད་མཁྱེན་པ་ཡིན་པ་ལྟར། དུས་ད་ལྟ་ཡང་ཐམས་ཅད་མཁྱེན་པ་ཡིན་ལ་ཛམ་གླིང་ཞི་བདེའི་དེད་དཔོན་དུ་གྱུར་ནས་བཞུགས་ཡོད། དེ་འདྲ་འབྲུག་པ་དང་། བལ་པོ་སུ་གང་གིས་འཇོན་མེད་པ་དེ་ཅོ་རི་སོགས་ཀྱིས་་ཤེས་དགོས་པ་གལ་ཆེ།
དྲ་གྲོགས་ལྷན་རྒྱས་ཕེབས་ནས་དཔྱད་མཆན་གང་གནང་རུང་དགའ་བསུ་ཞུ་གི་ཡོད།སྐུ་ཞབས་ཅོ་ཉི་ལགས་ཀྱི་འགྱུར་བ་འགྲོ་བཞིན་འདུག་ཟེར་བ་དེ་བདེན་པའི་གནས་ལུགས་ཡོད་མོད།འོན་ཀྱང་ཕྲན་གྱིས་དམ་རུ་འགྲོ་སྲིད་ཟེར་བ་དེ་བོད་སོག་ཡུ་གསུམ་ལ་དམིགས་ནས་བཤད་ཀྱི་ཡོད། སྲིད་འཛིན་མའོ་ནས་ཏིན་བར་དུ་རྒྱ་ནག་རྒྱལ་ཡོངས་ལ་ལྷོད་གཡེངས་བཏང་མེད།ཡིན་ཡང་ཏིན་གྱིས་ལྷོད་གཡེངས་བཏང་པ་རེད། ཐབས་སྐྱོ་བ་ཞིག་ལ་བོད་ཐོག་འཛིན་པའི་སྲིད་ཅུས་ལ་འགྱུར་བ་ཆེན་པོ་བཏང་མེད། ཡིན་ཡང་རིག་གནས་གསར་བརྗེ་དང་བསྡུར་ན་འགྱུར་བ་གནམ་ས་བརྗེ་བ་ལྟ་བུ་རེད། དེ་ལྟ་ན་ཡང་ཅང་ཧོའུ་ནས་བཟུང་མི་རིགས་ཀྱི་སྐད་ཡིག་དང་ཆོས་དད་རང་དབང་སོགས་ལ་དམ་རུ་བཏང་བ་མངོན་སུམ་རེད།གང་ལྟར་ཡང་རྒན་ཀརྡོ་སོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
འདས་པ་ལ་སློབ་སྦྱོངས་གྱིས།
ད་ལྟ་བ་ལ་དྲང་ཚོད་བཟུང་།
མ་འོངས་པ་ལ་རེ་བ་རྒྱོབས།
འདས་པའི་དུས་སུ། རྒྱ་གཞུང་གིས། བོད་དང་བོད་མིར་ཕན་ལས། གནོད་མང་བ་བྱས་ཚར་བ་རེད།
ད་ལྟའི་དུས་སུ། རྒྱ་གཞུང་གི་ཕན་གནོད་འདྲེས་མ་བྱེད་བཞིན་པ་འདི། དྲང་པོའི་བློ་ཡིས། དཔྱད་འཇོག་བྱེད་དགོས།
མ་འོངས་པ་ལ། རྒྱ་ཡིས་བོད་ལ་ཁ་བྲལ་མི་འོངས་པ་ལ་རེ་ན། བོད་པས་ཀྱང་། རྒྱ་གཞུང་ལ། མིང་དོན་མཚུངས་པའི་རང་ལྗོངས་ལ་རེ་མི་དགོས་སམ། ལགས།། །།
མཆན་འདེབས་པོ་ལ་ལས་བོད་ཀྱི་བརྡ་དག་དང་མི་མཐུན་
ཞིང་། ཡི་གེའི་སྦྱོར་བ་སོགས་ཤེས་ཀྱང་ཉམས་མ་བཞག་པ
་གང་ལྟར་རུང་། མཆན་གྱི་གོ་བརྡ་འཕྲད་དཀའ་ཐོག ཡིག་
ནོར་མང་བ་ནི་རྒྱུན་ལྡན་རེད། བོད་ཀྱི་སྐད་ལ་ཤ་ཞེན་དང
་དུང་བ་མངའ་ན་ནི། མ་མཐར་ཀློག་པོས་མཆན་འདེབས་པོ
ས་ཅི་ཞིག་བཤད་ཀྱིན་ཡོད་པ་གོ་ཐབས་ལ་འབད་གལ། དེ་
མིན་འབྱུང་འགྱུར་རང་གིས་བྲིས་པ་གང་ཞིག་རང་གིས་མི་གོ་བའི་ཚད་དུ་ལྷུང་ཉེན་མཐོང་བས། འབོད་བསྐུལ་ཞུས་པ་
ཙམ་ཡིན། སྤྱིར་དྲྭ་བ་འདིར་འཇུག་པ་ཡོངས་བོད་ཀྱི་སྐད་
ཡིག་ལ་དགའ་ཞེན་ལྡན་ཞིང་། འཛིན་སྐྱོང་སྤེལ་བར་དགའ
་མགུས་ཡི་རང་བྱེད་མཁན་འབའ་ཞིག་སྣང་ན། དེ་ལྟའི་
་བསམ་བཞིན་ཡིག་ནོར་མི་འབྱུང་བར་ཟབ་རོགས།
རྒྱལ་དབང་བརྒྱད་པའི་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུང་ཆོས་ཀྱི་སྐབས་ཁྲོམ་བཤད་སྩལ་ཀྱིན་འདུག་པ་བདག་གིས་དངོས་སུ་ཐོས་སོ། ཞེས་པ་འདི་ཉིད་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གྱིས་སྤར་པ་དེབ་ཤོག་གྲངས་༥༧༥་ན་ཡོད།
་
ཅལ་ཅོལ་ལ་ངའི་ཁ་སྐད་དུ་འཆལ་ཆོལ་ཟེར། བོད་ཀྱི་བསྟན་སྲིད་གང་ཡིན་རུང་ལེགས་པ་ཚགས་ཚུད་པ་་འབྱུང་བ་ལ་ཡི་གེ་དག་པོ་དགོས་པ་གཙོ་ཆེ། དོན་འདི་ལ་དགོངས་ནས། རང་ཅག་རྣམས་ཀྱི་རྣམ་འདྲེན་བླ་ན་མེད་པ། ༧གོང་ས་ཆེན་པོས་ཡི་གེ་འབྲི་ན། ཡི་གེ་དག་པ་འབྲི་དགོས། དེ་མིན་མ་འབྲི་ན་ལེགས་ཞེས་གསུངས་པ་རྨ་མེད་པ་ཡིན།
་
བདག་གི་ཡིག་ནོར་ལ་ཞུས་དག་མཛད་ན་བཀའ་དྲིན་དུ་འགྱུར་རོ།
༧གོང་ས་མཆོག་ལ་རྒྱ་ནག་གིས་ཡང་སྲིད་སྐོར་སྐྱོན་བརྗོད།
2015-03-09 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པདྨ་འཕྲིན་ལས།
བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པདྨ་འཕྲིན་ལས།
པར། VOA
༧གོང་ས་མཆོག་གིས་ནང་པ་སངས་རྒྱས་ཀྱི་ཆོས་ལ་སྐུར་འདེབས་གནང་གི་ཡོད་སྐོར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་འདུག
དེ་ཡང་ད་ཐེངས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་བ་ནི། དེང་སྐབས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་བཞིན་པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཞེས་པ་དེ་ཚོགས་པའི་ཞོར་དུ་བོད་རང་སྐྱོངས་ལྗོངས་ཀྱི་སྤྱི་ཁྱབ་པ་པད་མ་འཕྲིན་ལས་ཀྱིས་བརྗོད་ཡོད་པ་རེད། ཁོང་གིས། གལ་སྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་དབུས་གཞུང་གིས་ངོས་འཛིན་གནང་མེད་པ་ཡིན་ན་ངོས་འཛིན་གནང་མཁན་སུ་ཡང་ཡོད་པ་མ་རེད། དེ་འདྲ་སོང་ཙང་༧གོང་ས་མཆོག་གིས་ཆོས་ལ་སྐུར་འདེབས་ཙམ་མ་ཟད། བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་གནང་གི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། ཡང་པད་མ་འཕྲིན་ལས་ཀྱིས་གལ་སྲིད་༧གོང་ས་མཆོག་གིས་ཡང་སྲིད་ཕེབས་ཀྱི་མ་རེད་གསུངས་པ་ཡིན་ན། དེ་འདྲ་ཡོང་ཐབས་མེད་སྐོར་དང་བོད་བརྒྱུད་ནང་པ་ཡིན་པ་སུས་ཀྱང་དེ་ལྟར་ཁས་ལེན་བྱེད་ཐབས་མེད་སྐོར་དང་། ལོ་རྒྱུས་ལ་བརྩི་བཀུར་དང་བོད་བརྒྱུད་ནང་བསྟན་ལ་སྐུར་འདེབས་བྱེད་རྒྱུ་མེད་སྐོར་བརྗོད་ཡོད་པ་རེད།
ད་ཐེངས་རྒྱ་ནག་གུང་ཁྲན་ཏང་གིས་བསྐོ་བཞག་བྱས་པའི་བོད་རང་སྐྱོངས་ལྗོངས་ཞེས་འབོད་པའི་འགོ་ཁྲིད་པད་མ་འཕྲིན་ལས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་གླེང་སློང་བྱས་པ་དེས་༧གོང་ས་མཆོག་གིས་ནམ་ཀུན་ནས་བཀའ་གནང་བ་བཞིན་༧གོང་ས་མཆོག་གང་ཉིད་ལས་ཆོས་མེད་སྨྲ་བ་གུང་ཁྲན་ཏང་ལ་༧གོང་ས་མཆོག་གི་ཡང་སྲིད་སྐོར་བློ་འཚབ་ཆེ་བ་ཡོད་སྐོར་བཀའ་གནང་བ་དེ་སླར་ཡང་དངོས་བདེན་ར་འཕྲོད་བྱུང་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།
གོང་གི་མཆན་23 པ་ན། སོག་པོ་བསྟན་དར་ལྷ་རམས་པས། ཞེས་པ་ཆད་ཡོད་པར་དགོངས་དག་ཞུའོ།
༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གིས་སེམས་ཁྲལ་སྐྱོན་བརྗོད།
2015-03-11 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun
རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun
དྲ་བཤུས། XH
རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཞོར་དུ་༧གོང་ས་མཆོག་གི་ཡང་སྲིད་ཐད་སེམས་ཁྲལ་སྐྱོན་བརྗོད་བྱས་འདུག
དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་བཀོད་གསལ་ལྟར་ན། རྒྱ་ནག་གཞུང་གི་དགག་པ་སྐྱོན་བརྗོད་ལ་བཟོདབསྲན་དང་། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བསྟུན་མཁས་བྱས་པའི་ཤུགས་རྐྱེན་འོག་ཉེ་བའི་དུས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ ཕྱིའི་ཡུལ་གྲུ་ཁག་གི་དབུ་ཁྲིད་ཚོས་མཇལ་འཕྲད་གནང་རྒྱུ་ཉུང་དུ་ཕྱིན་ཡོད་ཚུལ་དང་། ཁ་ས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཞོར་དུ། རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqunགིས། རྒྱལ་སྤྱིའི་ཐོག་ཏཱ་ལའི་བླ་མའི་ཆེ་མཐོང་ལ་དོ་དབྱིངས་ཉུང་དུ་འགྲོ་བཞིན་པ་དེ་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིའི་འོག་བོད་མིའི་གནས་སྟངས་ཡར་རྒྱས་འགྲོ་བཞིན་པའི་རྒྱུ་མཚན་ལ་ཐུག་གི་ཡོད་ལུགས་གཏམ་བཤད་བྱས་འདུག Zhu weiqunགིས་མུ་མཐུད་བརྗོད་པར། ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་འདྲ་ཞིག་རུང་གནས་ཚུལ་ལ་རྒྱུས་མངའ་གོ་རྟོགས་མེད་པར། གལ་སྲིད་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་ཚེ་རྒྱལ་ཁབ་དེའི་ཐོག་རྒྱ་ནག་གཞུང་གིས་ལྟ་ཚུལ་སྡུག་པོ་ཡོང་རྒྱུ་ཡིན་ཚུལ་ཉེན་བརྡ་བཏང་པ་དང་ཆབས་ཅིག་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཙམ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་། ཏཱ་ལའི་བླ་མར་དོ་དབྱིངས་ཆུང་དུ་འགྲོ་ཡོད་པ་དང་། བོད་ནང་དུའང་དེ་མཚུངས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་ཡོད་པ་ནི། ཉེ་བའི་དུས་སུ་རང་ལུས་མེར་བསྲེག་གི་གནས་ཚུལ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་དག་ལས་གསལ་པོ་མངོན་ཐུབ་རྒྱུ་ཡིན་ལུགས་གཏམ་བཤད་བྱས་འདུག ཡང་ཁོང་གིས། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཕེབས་ཕྱོགས་ཐད་ལ་སྐབས་རེར་ཡང་སྲིད་ཕྱིའི་མི་རིགས་སུ་འཁྲུངས་རྒྱུ་དང་། སྐབས་རེར་བུད་མེད་འཁྲུངས་རྒྱུ་སོགས་དགོངས་ཚུལ་སྣ་ཚོགས་གསུངས་བཞིན་ཡོད་པ་དེ་དག་ནི་བོད་ཀྱི་ཆོས་དང་། རྒྱལ་ཁབ་ལ་གུས་བརྩི་མེད་པའི་རྣམ་པ་གསལ་པོ་མཚོན་གྱི་ཡོད་ལུགས་སྐྱོན་བརྗོད་དང་སྐྱོན་འཛུགས་དྲག་པོ་བྱས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།