༄༅།། ཀྲུང་གོའི་གཙོ་འཛིན་སྐུ་ཞབས་ཧུའུ་ཅིན་ཐའོ་ལགས་སུ།
ཁྱེད་རང་ཚོའི་ཀྲུང་གོའི་རྒྱལ་ཁབ་གསར་བ་བཙུགས་རྗེས་ང་ཚོའི་བོད་གངས་ཅན་ལ་དམག་ཤུགས་གཙོ་བཀོལ་གྱིས་དབང་བསྒྱུར་པ་ནས་དེ་རིང་བར་ལ་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཁུལ་དུ་མ་ནས་རྒྱ་གཞུང་ལ་ངོ་རྒོལ་ཆེ་ཆུང་ཆུ་གཉེར་བཞིན་བྱུང་ཡོད་པ་ལ་ད་ནི་བཅིངས་འགྲོལ་དམག་གིས་བསྐོར་ནས་མ་བསྡད་ན་མེ་སྟག་གིས་རི་བོ་བསྲེག་ཉེན་ལྟ་བུར་ཐུག་ཡོད་པས་ཁྱེད་རང་ཚོ་ཡང་སེམས་ཁྲལ་དང་འུ་ཐུག་གིན་ཡོད་པ་མཐོང་ཐུབ།
མི་རིགས་རང་སྐྱོང་གི་གནད་དོན་ངོ་མ་ཐག་གཅོད་གཙང་མ་ཞིག་མི་བྱེད་པར་དམ་བསྒྲགས་དང་མགོ་སྐོར་རང་བཞིན་གྱིས་ལོ་ཟླ་སྐྱེལ་ཐབས་འདིའི་མཐའ་འབྲས་ནི་རྒྱལ་ཁབ་ཁ་འཐོར་ལ་འགྲོ་རྒྱུ་ཞིག་མ་ཡིན་ནམ། མ་མཐའ་ཡང་སྤྱི་ཚོགས་ལྷིང་འཇགས་ཟེར་བ་ཞིག་ཡོང་ཐབས་བྲལ་བའི་བྱ་བ་ཞིག་རེད། ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་མི་རིགས་ཀྱི་བསམ་བློ་བ་དང་འཇོན་ཐང་ཡོད་པ་མང་པོར་གཉའ་གནོན་བྱེད་པའི་སྲིད་ཇུས་དེ་ནི་མི་རིགས་འདྲ་མཉམ་དང་འཆམ་མཐུན་ལ་བསམ་བཞིན་དུ་འགལ་རྐྱེན་བཟོས་པ་རང་ཡིན།
བོད་གཅིག་པུར་མཚོན་ན་ཡང་། དེ་སྔ་འབའ་བ་ཕུན་ཚོགས་དབང་རྒྱལ་ལྟ་བུའི་མར་ལེ་རིང་ལུགས་པ་ངོ་གནོང་མི་དགོས་པའི་གསར་བརྗེ་དམར་ཞིང་མཁས་པ་ཁོང་ལ་ཡང་མི་རིགས་རིང་ལུགས་ཀྱི་ཞྭ་མོ་གཡོགས་ནས་བཙོན་འཇུག་ལོ་མང་བྱས་པ་མ་ཟད་ད་ལྟ་ད་དུང་ཁོང་ཉིད་ལ་ཕྱི་སྐྱོད་ཀྱི་ཐོབ་ཐང་སྤྲད་མེད། པཎ་ཆེན་རིན་པོའི་ཆེའི་དངོས་ཐོག་བདེན་འཚོལ་གྱི་ཡིག་འབྲུ་ཁྲི་བདུན་དེ་ཡང་ཁོང་གི་ནག་ཞྭར་གྱུར་པ་རེད་ལ་ད་དུང་ཁས་ལེན་ཡག་པོ་ཞིག་གནང་མེད། ཁོང་གི་སྐུ་སྲོག་ཡལ་སྟངས་དེ་ཡང་དོགས་གཞི་ཅན་ཡིན། ད་དུང་ཚེ་རིང་འོད་ཟེར་དང། ཐེའུ་རང། ཞོགས་དུང་སོགས་ནས་ད་ལྟ་རང་བཟུང་བའི་རྩོམ་པ་པོ་མེ་ལྕེ་ལགས་འདི་རིགས་ནི་མི་རིགས་ཀྱི་གཉིད་སད་པའི་དཔའ་རྒོད་ཡིན་ལ། དོན་དམ་གྱི་ཀྲུང་གོའི་དམངས་གཙོ་ཡར་རྒྱས་དང་མི་རིགས་འདྲ་མཉམ་འཆམ་མཐུན་ལ་དགོངས་པ་བཞེས་མཁན་ཏག་ཏག་ཀྱང་རེད། དེ་བས་དམངས་གཙོ་རིང་ལུགས་པ་དང་རྒྱལ་གཅེས་པ་འདི་རིགས་ལ་གཉའ་གནོན་བྱས་ན་བོད་ཀྱི་ཤེས་ཡོན་ཅན་གྱིས་གཙོས་མི་དམངས་ཀྱིས་ཇི་ལྟར་ཏང་དང་རྒྱལ་ཁབ་ལ་དགའ་བསུ་བྱེད་དམ།
བོད་ཀྱི་ཆོས་ལུགས་དད་མོས་ཀྱིས་གཙོས་མིའི་རང་དབང་གི་འཚོ་བ་ལ་ཕོག་ཐུག་ཆེན་པོ་བཟོས་པས་ཡིད་ཀྱི་སྡུག་བསྔལ་དེ་དག་རང་ལུས་མེ་རུ་བསྒྲོན་ནས་བདེན་དཔང་བྱེད་མཁན་རྒྱུད་མར་འབྱུང་བཞིན་པ་འདི་དག་གི་མངོན་འདོད་ཅི་ཡིན་མི་མཐོང་ངམ། ད་དུང་ཡང་ཀྲུང་གོའི་མི་རིགས་གནད་དོན་ལ་ངོས་ཟིན་མི་ཐུབ་བམ།
ལོ་རྒྱུས་ཀྱི་འགན་ཁུར་ཅིག་དང་དེ་རིང་གི་གོ་སྐབས་འདིར་བསྟུན་ནས་བདག་གིས་པེན་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོའི་མིང་ཐོག་ནས་ཁྱེད་རང་གཙོས་ཏང་ཀྲུང་དབྱང་ལ་འབོད་སྐུལ་ཆེན་པོ་གཉིས་རང་ཞུ་རྒྱུར།
ཀ༽ཏཱ་ལའི་བླ་མ་ནི་དོན་དངོས་ཀྱི་འཛམ་གླིང་ཞི་བདེའི་གྲགས་ཅན་མི་སྣ་དང་ས་སྟེང་ཡོངས་ཀྱི་སངས་རྒྱས་ཆོས་ལུགས་པའི་དབུ་ཁྲིད་དམ་པ་ལགས་པས། ཁོང་ལ་སྐྱོན་འཛུགས་ངོ་རྒོལ་བྱས་ན་བོད་མི་ཚང་མར་མ་ཟད་རྒྱལ་སྤྱིའི་མི་དམངས་ཀྱང་དགའ་གི་མ་རེད། དེ་བས་ཁོང་ལ་བརྩི་བཀུར་དང་ཡིད་ཆེས་ཀྱིས་མཇལ་འཕྲད་ཅིག་གནང་རྒྱུ་ནི་བོད་དོན་ཙམ་མིན་པར་ཕྱོགས་ཡོངས་ཀྱི་དགེ་མཚན་ཆེན་པོ་ཞིག་ཡིན། སྐུ་ཞབས་ཝང་ལི་ཞུང་གིས་བོད་ཀྱི་གནད་དོན་གྱི་ལྡེ་མིག་ནི་ཏཱ་ལའི་བླ་མ་རེད་ཟེར་བར་ཡང་རྒྱུ་མཚན་ཆེན་པོ་ཡོད། ༼འོན་ཀྱང་ཁྱེད་ཅག་ཏཱ་ལའི་བླ་མར་མཇལ་རྒྱུར་ཧ་ཅང་སྐྲག་གི་ཡོད་པ་འདྲ། དེ་ནི་རྫུན་པ་དྲང་བདེན་ལ་འཇིགས་པ་ཟེར་བ་མིན་ན་ཁོག་རྒྱ་ཞིག་སྐྱེད་པའི་དུས་ལ་བབས་འདུག༽
ཁ༽ སྲིད་བློན་ཝུན་ཅ་པོ་ལགས་ཀྱིས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་ཀྱིས་དམངས་གཙོ་ཚད་མཐོར་སྤེལ་དགོས་སྐོར་ལ་གསུང་བཤད་ནན་པོ་གནང་བཞིན་པ་འདིར་ང་ཚོ་ཡང་ཧ་ཅང་དགའ་བོ་བྱུང། དེ་བཞིན་རྒྱ་བོད་སོག་ཡུ་གུར་སོགས་དམངས་གཙོ་དོན་གཉེར་གྱི་མི་རིགས་ཀྱི་ཁག་གི་རྩོམ་པ་པོ་རྣམ་པས་གཙོས་བདེན་ལུགས་ཀྱི་ཞུ་འབོད་དང་སྐད་འབོད།འཚེ་མེད་ངོ་རྒོལ་གནང་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད། དེ་དག་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་ཞྭ་གཡོགས་རྐྱང་གིས་འཇིགས་སྐུལ་དང་བཙོན་འཇུག དྲག་གནོན་བྱེད་པ་རིགས་མཚམས་འཇོག་ཡོང་བ་ཞུ། གནད་དོན་དེ་གཙང་སེལ་བྱེད་འདུན་གྱི་སྤོབས་པ་ཡོད་ན་ཁོང་ཚོ་ཐམས་ཅད་བསྐོངས་ཏེ་རང་དབང་གི་བགྲོ་གླེང་ཚོགས་ཆེན་ཞིག་བསྡུས་ན་དེ་ནི་དུས་རབས་ཉེར་གཅིག་པའི་ཀྲུང་གོའི་ཆབ་སྲིད་ཀྱི་དཔལ་ཡོན་གསར་བ་ཞིག་ཆགས་ངེས་ལ། རང་དབང་དམངས་གཙོའི་སྒོ་འཕར་ཆེན་པོ་ཞིག་ཀྱང་ངང་གིས་འབྱེད་ཐུབ་རྒྱུ་རེད། མི་རིགས་འདྲ་མཉམ་དང་མི་དམངས་ལ་རང་དབང་དང་འདྲ་མཉམ་ཐོབ་ཐང་བཅས་ཁ་ཡོད་ལག་ཡོད་ཅིག་སྤྲོད་ཐུབ་མིན་ནི་ད་ལྟའི་ཀྲུང་གོའི་ལས་དབང་ལ་རག་ལས་མི་འདུག་གམ།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས།
༢༠༡༡།༡༡།༡ལ་ཕུལ་ལོ།
ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་ཀྱིས་འདིའི་ནང་དོན་ཅུང་ཁ་གསལ་གྱིས་རྒྱ་ཡིག་ཏུ་ཕབ་སྒྱུར་གནང།
ཧུའུ་ཅིན་ཐོའོ་ཡིས་བོད་ལ་འཛིན་པའི་དྲག་སྤྱོད་ཀྱི་སྲིད་ཇུས་ལ་ཡག་ཕྱོགས་ནས་འགྱུར་བ་ཞིག་ཇི་སྲིད་བར་དུ་མ་བཏང་ཚེ་དེ་སྲིད་བར་དུ་བོད་དུ་མཆེད་བཞིན་པའི་མེ་ལྕེ་དེ་ཆད་མི་སྲིད་པས། ད་ནི་འགྱུར་བ་གཏོང་བའི་དུས་ལ་བབས་ཡོད་པ་ཧུའུ་ནས་ཅིས་ཀྱང་ཤེས་དགོས།
ཨ་ལྷ་མོ། སྔོན་དུས་སུ་ཁྱེད་ཀྱིས་མཆན་མཐོང་ནས་ཞིབ་བལྟ་རེ་བྱེད་ཀྱིན་ཡོད། རྩོམ་ལའང་སྨོས་མེད་རེད། ད་ནི་རྒྱུ་མཚན་གང་ལ་ཐུག་པ་སྨོས་མ་དགོས་པའི་ཐོག ཀློག་པའི་འདོད་པ་དེ་རྩ་བ་ནས་བརླགས་ཚར་སོང་ལ། པེན་་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཟེར་བའི་མིང་ཐོས་ཡོངས་དུས་སྐྱུགས་མེས་ལོང་དགོས་པ་ཞིག་ཆགས་སོང་།
སོག་ལྷ་ལགས། ཕོ་རོག་དཀར་པོ་ཆགས་བཞིན་ཆགས་བཞིན་པའི་ངམ་ནག་གཏིང་རིག་གིས་གཡོ་རྒྱུ་དེ་ཚོ་དངོས་གནས་དགོད་བྲོ་ཡག་རང་རེད། འདི་འདྲའི་ཀླད་ཆུང་ཞིག་འདུག ད་ང་ཤ་ཡང་ཚ་གིན།
སུ་ཞིག་གིས་དོན་ལྡན་གྱི་ལས་ཤིག་བྱས་ན་དོན་མེད་ཀྱི་སྐད་ཅོར་དང་ངོ་རྒོལ་བྱེད་པའི་ལྟས་ངན་འདི་དག་གི་སེམས་ལ་གདོན་ཞུགས་ཡོད་པ་འདྲ། སྐད་ཅོར་དང་ངོ་རྒོལ་བྱེད་ས་ཁྱོད་ཅག་གི་མདུན་ན་ཡོད་པ་དེ་སུ་ཡིན་མིན་ཤེས་པར་གྱིས་ཤིག ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་པར་མཛོད་ཅིག
ཆོ་མེད་ཀྱི་སྐད་ཅོར་མང་པོ་ཞིག་སྒྲོག་གིན་འདུག ལྟོས་དང་དེ་ཚོ་ནི་སུ་ཡིན་མི་ཤེས་པའི་དགྲ་དགའ་གཉེན་སྡུག་གི་གཞི་རེད། དེ་ལས་པེན་བོད་ཀྱི་ཚོགས་་གཙོ་རྒན་ཆབ་བྲག་པ་ལ་རྗེས་སུ་ཡི་རང་ཡོད། ཡིན་ནའང་གནད་དོན་དེའི་སྐོར་ཚོགས་མི་ཚང་མར་དཀའ་ཡང་རྒྱུན་ལས་རྣམ་པར་གོ་བསྡུར་ཞིག་བྱུང་ཡོད་ཤག་རེད།
ལན་མེད་ཀྱང་སྐྱོན་མེད། གཙོ་བོ་སྐད་ཆ་རེ་བཤད་རྒྱུ་གལ་ཆེ།
ཆོས་འཕེལ་ལགས་དང་འཇམ་དཔལ་རལ་གྲི་ལགས། ད་ནི་གཞན་གྱིས་ཅིག་བྱས་སོང་དང་ཅིག་བྱེད་ཀྱི་མི་འདུག་ཟེར་ནས་འདུག་པ་ལས། རང་ཉིད་ཀྱིས་ལས་དོན་སྤེལ་ན་རེད། ཐུབ་ན་མཉམ་འགྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་དྲུང་དུ་སོང་སྟེ་རང་ལུས་མེར་སྲེག་གིས་བོད་སྤྱི་དོན་ངོམ་རིན་ཡོད་པ་ཞིག་སྒྲུབས། གལ་སྲིད་དེ་མི་ཐུབ་ན་རྒྱ་གར་རྒྱལ་སར་སོང་སྟེ་རྒྱལ་ཚོགས་ཡན་ལག་མདུན་ནས་ཟས་བཅད་ངོ་རྒོལ་སོགས་བྱོས། རྒྱ་ལ་དེ་དང་དེ་འདྲ་ཅི་ཡང་མི་ཐུབ་ན། གཞན་གྱིས་ལས་དོན་སྤེལ་བར་འདྲེ་སྐད་མ་རྒྱག དེ་སེམས་ལ་ཟུངས།
པེན་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོའི་མིང་ཐོག་ནས། ཀྲུང་གོའི་གཙོ་འཛིན་ཧུའུ་ཅིན་ཐོར་ཕུལ་བའི་ཡི་གེ།
ཞེས་པ་དེ་དྲ་ཐོག་དུ་བཀླགས་པ་ཡིན། པེན་བོད་ཀྱི་རྩོམ་པ་པོའི་ཚོགས་གཙོ་དང་རྩོམ་པ་པོ་གྲགས་ཅན་གྱི་མིང་དང་རྗེས་འབྲེལ་གྱི་ཞུ་ཡིག་དེ་བརྗོད་བྱ་དང་བརྗེད་བྱེད་ཀྱི་ཚིག་སོགས་གངཅི་ཐད་ལ་འདོད་པ་འཁོང་མ་སོང་། འོན་ཀྱང་མེད་པ་ལས་ལོས་ཡག། ཧུའུ་ཅིན་གྱིས་དེར་ཉན་འཇོག་བཞག་མིན་ཇི་ལྟར་ཡང་། ཞུ་ཡིག་དེ་ཁོང་ལ་སྤྲིངས་པ་ཡིན་པས་ཁོང་རང་གི་ལག་ཏུ་འབྱོར་ངེས་པར་ཞིག་ཕུལ་དགོས། དྲ་ཐོག་ཙམ་གྱི་ཞུ་འབུལ་ཞིག་ཡིན་ཚེ་དེ་ནི་དྲ་འབུའམ་དྲ་ཐོག་གི་འཆལ་གཏམ་ཞིག་ཏུ་ཁོ་ཚོས་ངེས་འཛིན་བྱེད་པར་གསལ་པོ་རེད། དེས་ན་རྒྱུད་ལམ་གང་ཞིག་གི་ཐོག་ནས་དེ་ཧུའུ་ལ་ཕུལ་བ་ཡིན་ནམ།
སྨྱུག་ཐོགས་ཚོགས་གཙོ་ལགས།
ཀུན་སློང་རྣམ་པར་དག་པའི་ཕྱག་ལས་དེའི་རིགས་ལ་རྗེས་སུ་ཡི་རངས་གྲངས་མེད་ཞུ་བཞིན་ཡོད་ན། རྒྱུན་ལས་དང་ཚོགས་མི། རྩོམ་པ་པོ་ཚང་མས་མཚན་རྟགས་འགོད་གལ་ཆེ་བར་མཐོང་ངོ་།
ལྷ་མོ་སྐྱབས་ལགས། སྤྱི་ཕན་གྱི་བྱ་བ་འདི་འདྲ་རེ་སྒྲུབ་ཐུབ་ན་ཡག་པོ་རེད་རྗེས་སུ་ཡི་རང་ཡོད། དེ་མིན་ནང་ཁུལ་སྐྲུག་གཞིའི་རྩོམ་དེ་འདྲ་སྤེལ་ན་དགོས་པ་གང་ཡང་མི་འདུག
སྤྱིར་བཏང་ཁ་སང་དེ་རིང་ཁོ་བོས་ཡིན་མིན་ལ་མཆན་བུ་འདེབས་ཀྱིན་མེད་མོད། དེ་རིང་འདིར་རྒྱབ་སྐྱོར་གྱིས་ཚུལ་དུ་བཀའ་དྲིན་ཆེ། ཚོགས་གཙོ་ལགས་སེམས་ཤུགས་མ་ཆགས། འདི་ལྟ་བུའི་ལས་དོན་གལ་ཆེན་བསྒྲུབ་པ་ལ་སེམས་པ་ན་སྤྱད་ཀྱི་མཆན་བུ་འདེབས་པ་དེ་ཡག་པོ་མི་འདུག དྲང་མོར་བཤད་ན་རང་རང་ས་ནས་ཁ་རོག་གེར་འདུག་རྒྱུ་གལ་ཆེ། བོད་ནང་གི་གནས་སྟངས་ལ་ལྟོས་དང་། དེ་གཅིག་ཡིན། ཤར་ཁུག་དང་བཀའ་ཁྲིའི་སྐོར་ལ་ཁོ་བོས་རྙོག་དྲ་དང་ཡག་པོ་མི་འདུག་བསམ་སྟེ་མཆན་གཅིག་ཀྱང་བཏབ་མེད། འོན་ཀྱང་། ཁག་ཅིག་གིས་བསམ་བཞིན་དུ་ཨ་མདོ་ཚོ་ཟེར་དུས་ངོ་མ་སྙིང་ལངས་ཀི། ཁྱེད་ཚོས་ཨ་མདོ་ཚོ་ཟེར་དུས་ང་ཡང་ཨ་མདོ་ཞིག་ཡིན་པའི་མི་བདེ་གི གཞན་དང་མི་འདི་དང་གན་གྱིས་སྒེར་གཅོད་དང་འགྲིག་མ་སོང་ལབ་ན་ཆོག་གི དེ་ནི་ཕན་ཚུན་གྱི་བློ་བསམ་ཚུལ་མ་མཐུན་པས་རེད། འོན་ཀྱང་། ཁ་ནས་ཆོལ་གསུམ་གཅིག་སྒྲིལ་དང་གཞན་གྱིས་ཞེན་ཁོག་བྱས་སོང་ཟེར། ལག་ནས་ཨ་མདོ་བ་རེ་ཟུང་གི་བྱ་སྤྱོད་དང་འདོད་མོས་ལ་ཨ་མདོ་བའི་ཞེས་ཆོལ་ཁ་དྲུད་ནས་ཡོང་གི སྤུན་ཟླ་ཚོ་ད་ནས་བཟུང་ཨ་མདོ་དང་ཁམས་པ། དབུས་གཙང་ཞེས་དམིགས་ཀྱིས་བཀར་ནས་མི་གླེང་རོགས་ཞུ།
རྒན་ལགས་དང་ཀུན་ཐར་གཉིས་ལ་ཐུགས་རྗེ་ཆེ་ཞུ། བོད་ཡིག་ལས་རྒྱ་བསྒྱུར་མའི་ཚིག་དོན་འབྲེལ་ཆགས་པ་དང་ཁ་གསལ་གོ་བདེ་འདྲ་འདུག རྒྱ་བསྒྱུར་མ་གཤམ་གྱི་དྲ་ཐག་ན་གསལ། ད་རུང་རྒྱ་ཡིག་གི་དྲ་བ་གང་མང་ཐོག་གཏོང་རོགས་ཞུ།
http://chinesepen.org/Article/gjbhdt/201111/Article_20111104020143.shtmt
ཡི་གེ་དེ་ཅུང་གཉོམ་དྲགས་པ་དང་ཧུའུ་གཅིན་འཐུང་གིས་འཐུང་ནའང་སྐོམ་པ་དེ་ཙམ་སེལ་ཐུབ་ཀྱི་མི་འདུག གང་ལྟར་ལག་ནས་ཅི་ཡང་མི་འཇོན་པའི་ངའི་གཤམ་གྱི་ཚིག་དེ་ཚོ་ཤོར་སོང་།
༡།ད་ལྟ་མཆེད་བཞིན་པའི་མེ་ལྕེ་འདིས་འབྱུང་ཁུངས་གལ་ཆེ་ཞིག་ནི་ཧུའུ་གཅིན་འཐུང་ལྷ་སའི་དམར་ཤོག་དྲུང་ཆེ་ཡིན་སྐབས། བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་ཚབས་ཆེན་བྱས་པ་ལས་བྱུང་པ་དང་། དྲག་གནོན་འདི་ལ་རྐང་སྟེགས་བྱས་ནས་ཁོ་རང་རྒྱ་ནག་གི་སྲིད་འཛིན་ཆགས་པ་དེ་དྲན་གསོ་སློང་དགོས།
༢། ད་ལོ་ནི་ར་ཤི་ཡ་དམར་ཤོག་རྒྱལ་ཁབ་འཐོར་ཞིག་ཏུ་ཕྱིན་ནས་མི་ལོ་༢༠ འགོར་བའི་ལོ་ཡིན་ལ། བསྒྱུར་བཅོས་ལ་ཁ་མ་ཕྱོགས་ཚེ་རྒྱ་ནག་དམར་ཤོག་འདི་ཁོང་གི་ཡབ་མེས་ར་ཤི་ཡའི་དུར་ཁྲོད་ལ་འགྲོ་རྒྱུ་ཐག་མི་རིང་བའི་དྲན་སྐུལ་བྱ་དགོས།
༣། ཡི་གེ་འདི་ལས་ཝུན་ཅ་པོ་ལ་རྒྱབ་སྐྱོར་གྱིས་ཧུའུ་དང་ནང་དམེ་ཞིག་ལ་རེ་བཞིན་པ་མཐོང་མོད། ཡིན་ནའང་༢༠༠༨ལོ་ཝུན་ཅ་པོ་ཡིས་ལོའཽ་སི་ནས་ཏྰ་ལའི་བླ་མས་ཁོང་གི་ཤུགས་རྐྱེན་བེད་སྤྱད་ནས་བོད་ནང་གི་ངོ་རྒོལ་ཞི་འཇམ་ཡོང་བའི་རོགས་ཕན་གནང་དགོས་ཞེས་བའི་ལུང་དེ་དང་། ཝུན་གྱི་བསྒྱུར་བཅོས་སྐོར་གྱི་གཏམ་བཤད་མང་ཙམ་གླེང་དགོས་བར་འདོད།
http://chinesepen.org/Article/ རྒྱ་ཡིག་གི་རང་བཙན་སྙུག་ཚོགས་དྲ་བ་ན་བཀོད་འདུག ང་བོད་ཡིག་སྐྱབས་ཡིན་པས་རྒྱ་ཡིག་ཡག་པོ་མི་ཤེས། རེ་འདུན་གཉིས་ཧ་ཅང་གལ་ཆེན་དང་དོན་སྙིང་ལྡན་པ་ཞིག་རེད་ལ། སྔོན་གླེང་ཡང་གནད་འདུས་ཤིག་རེད།
བཀའ་དྲིན་ཆེ་རྗེས་སུ་ཡི་རངས་ཞུ།
དགེ་མཐོང་ལགས་ཤར་ཕྱོགས་ཁུག་རྟའི་གནད་དོན་འདིའི་སྟེངས་ནས་ཁྱེད་རང་ནི་མི་དྲང་ཚུགས་ཅན་ཞིག་ཡིན་པ་མཐོང་སོང་བས་དགའ་ཡོད། ང་ལ་མཚོན་ན་ཡང་ཆོས་ཞེན་དང་ཆོལ་ཞེན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ལ། ཆོལ་ཁ་གང་རུང་གི་མིང་བཏོན་ནས་སྐྱོན་བརྗོད་བྱེད་འདོད་གཏན་ནས་མེད། འོན་ཀྱ་ཤར་ཕྱོགས་ཁུག་རྟའི་གླེང་རྙོག་འདིའི་ཐད་ལ་བཙན་བྱོལ་ནང་ཅུང་ཟད་ཐོས་རྒྱུ་ཡོད་པའི་མདོ་སྨད་ཀྱི་རྩོམ་པ་པོ་མང་པོ་ཕྱོགས་སྒྲིལ་གྱི་རྣམ་པ་ཐོན་སོང་བ་ནི། དཔེར་ན་ལྷ་མོ་སྐྱབས་ལགས་དང་རྒན་རབ་གསལ་ལགས་གསལ་ལེ་རྒྱལ་ལགས་བཅས་ནས་དངོས་སུ་ཤར་ཁུག་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་སོང་ལ། ནམ་རྒྱུན་བཀའ་ཁྲི་ལ་རྒྱབ་སྐྱོར་གནང་མཁན་བོན་རྒྱ་ལགས་ནས་ཀྱང་ཤར་ཁུག་གི་དག་འབུད་ཡི་གེ་ཟིན་བྲིས་ནང་ལ་དྲངས་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་དང་། རྒྱུན་དུ་མཆན་བུའི་ཁྲོད་མཐོང་དཀོན་པའི་རྒན་ཀླུ་སྨྱོན་ལགས་དང་མཛང་མ་ཚེ་རིང་སྐྱིད་སོགས་ནས་ཀྱང་མཆན་བུའི་ལམ་ནས་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་པ་སོགས་འདི་ལྟ་བུའི་རྣམ་པ་འདི་མཐཽང་བའི་དབང་གིས་ངས་འདི་རིགས་མུ་མཐུད་ནས་མི་ཡོང་བའི་ཆེད་དུ་ཆོལ་ཁའི་མིང་བཏོན་དགོས་ཐུག་སོང་བ་ལས། ཆོལ་ཁའི་ཞེན་ཁོག་བྱས་ནས་ཆོལ་ཁའི་མིང་བཏོན་པ་ཞིག་གཏན་ནས་མིན་ལ། མིང་བཏོན་པ་འདིས་ཁྱེད་དང་ཁྱེད་ལྟ་བུའི་གཟུ་བོར་གནས་པའི་མདོ་སྨད་མི་མང་སུའི་ཐུགས་ལ་ཕོག་ཡོད་ཀྱང་ངས་དགོངས་སེལ་ཞུ་བཞིན་ཡོད། རྗེས་ཕྱོགས་ནས་ང་ཚོ་ཚང་མའི་ངོས་ནས་ཆོས་ཞེན་དང་ཆོལ་ཞེན་གྱི་རྣམ་པ་མི་ཐོན་པ་གནང་དགོས་རྒྱུ་ནི་ཤོན་ཏུ་གལ་ཆེ་བོ།
དགེ་མཐོང་ལགས། ཤར་ཕྱོགས་ཁུག་རྟའི་གནད་དོན་འདིའི་སྟེངས་ནས་ཁྱེད་རང་ནི་མི་དྲང་ཚུགས་ཅན་ཞིག་ཡིན་པ་མཐོང་སོང་བས་དགའ་ཡོད། ང་ལ་མཚོན་ན་ཡང་ཆོས་ཞེན་དང་ཆོལ་ཞེན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ལ། ཆོལ་ཁ་གང་རུང་གི་མིང་བཏོན་ནས་སྐྱོན་བརྗོད་བྱེད་འདོད་གཏན་ནས་མེད། འོན་ཀྱ་ཤར་ཕྱོགས་ཁུག་རྟའི་གླེང་རྙོག་འདིའི་ཐད་ལ་བཙན་བྱོལ་ནང་ཅུང་ཟད་ཐོས་རྒྱུ་ཡོད་པའི་མདོ་སྨད་ཀྱི་རྩོམ་པ་པོ་མང་པོ་ཕྱོགས་སྒྲིལ་གྱི་རྣམ་པ་ཐོན་སོང་བ་ནི། དཔེར་ན་ལྷ་མོ་སྐྱབས་ལགས་དང་། རྒན་རབ་གསལ་ལགས། གསལ་ལེ་རྒྱལ་ལགས་བཅས་ནས་དངོས་སུ་ཤར་ཁུག་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་སོང་ལ། ནམ་རྒྱུན་བཀའ་ཁྲི་ལ་རྒྱབ་སྐྱོར་གནང་མཁན་བོན་རྒྱ་ལགས་ནས་ཀྱང་ཤར་ཁུག་གི་དག་འབུད་ཡི་གེ་ཟིན་བྲིས་ནང་ལ་དྲངས་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་དང་། རྒྱུན་དུ་མཆན་བུའི་ཁྲོད་མཐོང་དཀོན་པའི་རྒན་ཀླུ་སྨྱོན་ལགས་དང་མཛང་མ་ཚེ་རིང་སྐྱིད་སོགས་ནས་ཀྱང་མཆན་བུའི་ལམ་ནས་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་པ་སོགས། འདི་ལྟ་བུའི་རྣམ་པ་འདི་མཐོང་བའི་དབང་གིས་ངས་འདི་རིགས་མུ་མཐུད་ནས་མི་ཡོང་བའི་ཆེད་དུ་ཆོལ་ཁའི་མིང་བཏོན་དགོས་ཐུག་སོང་བ་ལས། ཆོལ་ཁའི་ཞེན་ཁོག་བྱས་ནས་ཆོལ་ཁའི་མིང་བཏོན་པ་ཞིག་གཏན་ནས་མིན་ལ། མིང་བཏོན་པ་འདིས་ཁྱེད་དང་ཁྱེད་ལྟ་བུའི་གཟུ་བོར་གནས་པའི་མདོ་སྨད་མི་མང་སུའི་ཐུགས་ལ་ཕོག་ཡོད་ཀྱང་ངས་དགོངས་སེལ་ཞུ་བཞིན་ཡོད། རྗེས་ཕྱོགས་ནས་ང་ཚོ་ཚང་མའི་ངོས་ནས་ཆོས་ཞེན་དང་ཆོལ་ཞེན་གྱི་རྣམ་པ་མི་ཐོན་པ་གནང་དགོས་རྒྱུ་ནི་ཤོན་ཏུ་གལ་ཆེ་བོ།
དྲང་བདེན་གྱི་སྙུག་ཐོགས་པ་དང་གཟུར་གནས་ཀློག་པ་པོ་རྣམ་པས་དགོངས་འཆར་ཅི་གནང་ཚང་མར་དགའ་བསུ་ཡོད། ང་ཚོ་ནི་ནམ་ཡང་ང་ཚོ་སྟེ། སྙུག་རྩེ་ལ་ཕྱོགས་རེས་མེད་པར་སྤྱི་ཚོགས་ཀྱི་སྐྱོན་མཚང་སྔོག་ཅིང་མིའི་རིགས་ཀྱི་དགེ་མཚན་གླུ་རུ་ལེན་མཁན་ཡིན།
http://www.oizoblog.com/bbs/viewthread.php?tid=2755&extra=page%3D1
སྤྱིར་བཏང་ཡིན་ན་རྒན་ཆབ་བྲག་ལགས་ཀྱིས་རྒྱ་ནག་འགོ་གཙོ་ཧུའུ་ཅིན་ཐོར་དངོས་དོན་གྱི་ཞུ་སྙན་ཕུལ་བ་ཡག་པོ་ཞིག་ཏུ་མཐོང་སོང་ལ། འདི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་བསྒྲུབ་དགོས་པའི་དོན་དག་གལ་ཆེན་ཞིག་ཀྱང་རེད། གུང་ཁྲན་དམར་གཞུང་ལ་མཚོན་ན་དུས་ཚོད་དང་སྐར་ཆ་རེ་རེའི་ནང་དུ་སྙན་ཞུ་གང་མང་ཞིག་འབྱོར་ཀི་ཡོད་ནའང་། ཡི་གེ་དེ་རིགས་ལ་ལྟ་ཀློག་བྱས་ཟིན་པའི་དབང་དུ་བཏང་ཡང་དཀའ་སེལ་གྱི་ལས་དོན་ལས་བཟློག་ཏེ་དམ་དྲག་དང་བཙིར་གནོན་གྱི་བྱེད་སྒོ་ཆེ་ནས་ཆེ་རུ་བསྐྱེད་བཞིན་པ་མངོན་གསལ་དོད་པོ་ཞིག་རེད། ད་ནི་ལམ་ཀ་གཞན་གང་ཡང་མེད་པས་རྒྱལ་གཅེས་སྙིང་སྟོབས་ཀྱི་སྤོབས་སེམས་བརྟས་ཆེ་བའི་དཔའ་རྒོད་འདི་རིགས་ཀྱི་རྗེས་ཟིན་པར་བྱས་ཏེ་གཞི་རྒྱ་ཆེ་བའི་རང་དབང་ལས་འགུལ་ཞིག་བོད་ཁམས་ཡོངས་སུ་སྤེལ་མ་ཐུབ་ཚེ་མུ་མཐུད་དུ་བཙོན་འཇུག་དང་གནར་གཅོད་ཀྱི་ལོ་ཟླ་རིམ་བརྒྱུད་བྱས་ཏེ་བོད་པའི་རིག་གཞུང་མ་ལག་དང་བཅས་པ་ཤུལ་མེད་དུ་འགྱུར་རྒྱུའང་གདོན་མི་ཟ་ཞིག་རེད།
ད་དུང་འདི་ཡང་་་ང་ཚོས་གང་བྱས་པ་ཚང་མ་རྒྱ་ནག་གཞུང་གིས་ཉིན་རེ་བཞིན་མཐོང་གིན་ཡོད། དེ་བས་རྒྱལ་སྤྱི་དང་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་རྒྱུ་ཡང་ངོ་རྒོལ་དང་འབྲེལ་བའི་བདེན་མཐའ་གསལ་ཐབས་ཀྱི་ཆ་རྐྱེན་ཞིག་ཡིན་པར་འདོད། འདི་རིགས་ཀྱིས་བོད་ནང་གི་རྩོམ་པ་པོ་རྣམ་པས་གཙོས་གཟུར་གནས་ཀློག་མཁན་མང་པོར་ང་ཚོས་ཧ་ཅང་བྱེད་འོས་པ་ཞིག་བྱེད་ཀྱིན་ཡོད་པའི་བརྡ་ལན་གསལ་བོ་འཕྲོད་ཀྱིན་ཡོད་སྙམ།
http://zhu-ruiblog.blogspot.com/
西藏流亡笔会会长拉姆加给胡锦涛的公开信
རྒན་ལྷ་མོ་ལགས་ཁྱེད་ཚོས་བོད་མིའི་སྤྱི་དོན་ལ་འབད་བརྩོན་གང་འདྲ་གནང་ཡང། ཕྱོགས་ཞེན་ཅན་ལ་སྐྱོན་ཁོ་ནར་སྣང་སྲིད། དཔེར་ན། མཁྲིས་ནད་ཅན་ལ་དུང་དཀར་གསེར་པོར་སྣང་བ་ལྟ་བུ་ཡིན།། །།
ལྷ་མོ་སྐྱབས་ལགས། རྗེས་སུ་ཡི་རངས་ཡོད། ལས་ཀ་གང་ལས་བརྟན་དགོས། ཐུགས་རྗེ་ཆེ།
རྒན་ལྷ་མོ་སྐྱབས་ལགས་ཀྱིས་འགན་རང་སྒྲུབ་ཀྱིས་སྙན་ཞུ་བྲིས་པ་ཧ་ཅང་ལེགས། གང་ལྟར་རྩོམ་པ་པོ་རྣམས་ཀྱི་མི་རིགས་ཀྱི་སྣེ་ཁྲིད་མཁན་ཡིན་པས་ནམ་ཡང་དེ་ལྟར་གནང་དགོས། དེ་ནི་ཁྱོད་ཅག་ཡོན་ཏན་པ་རྣམས་ཀྱི་ལས་འགན་ཡིན། མཆན་འདེབས་པ་མང་པོ་ཞིག་གིས་རྒན་ལྷ་མོས་ཕྱོགས་རིས་བྱས་སོང་བའི་སྐད་ངན་རེ་རྒྱག་གི་འདུག དེ་ནི་མི་འདི་རྣམས་བཀའ་ཁྲི་ལ་དགའ་ཞེན་མང་དྲགས་པས་རེད་སྙམ། བཀའ་ཁྲི་ནི་ང་ཚོ་བོད་མི་རིགས་ཀྱི་བཀའ་ཁྲི་ཡིན་པས། ང་ཚོ་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་ལོས་ཞུ། ཡིན་ན་ཡང་། ད་རེས་ཤར་ཕྱོགས་ཁུག་རྟར་བཟུང་བའི་བཀའ་ཁྲིའི་ཐག་གཅོད་དེ་ཏག་ཏག་བསྡད་མ་སོང་ལ། བཀའ་ཁྲིའི་དབང་ཚད་ལ་མ་རན་པའི་ཐག་གཅོད་ཅིག་ཆགས་འདུག མི་མང་གིས་བདམས་པའི་སྤྱི་མི་དེའི་སྐྱོན་ཡོ་སྲིང་བྱེད་རྒྱུའི་དབང་ཚད་ཀྱང་མི་མང་ལ་ཡོད་དགོས་སྟབས། རྒན་ལྷ་མོ་སྐྱབས་དང་རབ་གསལ་སོགས་ཀྱིས་ལྷག་བསམ་བཅངས་ནས་གཏམ་སྲོང་བོར་སྨྲས་པ་ལས་བཀའ་ཁྲིར་སྐྱོན་བརྗོད་བྱས་པ་ཞིག་མ་རེད་ལ། ལྷག་པར་ཆོལ་ཁའི་བར་འཐེན་ཁྱེར་བཟོས་པ་དེ་བས་ཀྱང་མ་རེད། གང་ལྟར་མཆན་བུ་པ་རྣམས་ཀྱིས་ཀྱང་རང་གི་སྐད་ཆར་འགན་འཁྱེར་དགོས་པ་འདུག
དུས་བབ་དྲ་ཐོག་ཏུ་མཆན་འདེབས་མི་ཐུབ་པས་མཆན་ལན་དང་མཆན་བུ་གང་ཡོད་འདི་གར་འདེབས་ཀྱི་ཡོད། དེ་བས་དུས་བབ་སྟེང་མཆན་ལན་མེད་པར་དགོངས་དག་ཞུ་བཞིན་ཡོད།
རྒན་ལྷ་མོ་སྐྱབས་ལགས་ཀྱི་བྱ་བཞག་ལ་ཡི་རངས་དང་ལེགས་སོ་ཞུ་རྒྱུ་ཡིན། འདི་ལྟར་རང་རང་གི་སྐབས་སུ་བབས་པའི་ལས་དོན་སྒྲུབ་ཐུབ་པ་བྱུང་ཚེ་རང་རེའི་བདེན་མཐའ་གསལ་བར་རྒྱུན་རིང་མི་དགོས་སྙམ།
པེན་བོད་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཧུའུ་ལ་སྐད་གཅིག་རྒྱབས་པར་ཡག་པོ་རེད་དེ། ཧུའུ་ནི་འོན་པ་འོན་ཀྱང་ལ་སོང་གོ་མདོག་ཁ་པོ་མ་རེད། བོད་ནང་དཔའ་བོ་དང་དཔའ་མོ་ཚོས་མངོན་སུམ་དུ་རང་ལུས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མེར་སྒྲོན་ཀྱང་ད་དུང་ཧུ་ཡིས་རང་ཉིད་ལོང་བ་ཡིན་ཁུལ་བྱེད་བཞིན་པ་ནི་མཐོང་ཆོས་སུ་གྱུར། སྤྱིར་སྟངས་ཁོང་ལོང་བ་དང་འོན་པ་མིན་ན་སྔར་ནས་གོ་ཚོད་དང་རིག་ཚོད་ཡིན།
དེ་ནས་ཝུན་ཅའོ་པའོ་ཡིས་ཆབ་སྲིད་ཟློས་གར་འཁྲབ་མཚན་ལ་དགའ་མདོག་སྨྲ་བ་ནི་པེན་བོད་མཐུན་ཚོགས་ཀྱིས་ཅོལ་ཆུང་གི་གཏམ་ཁོ་ནའོ། འོན་ཀྱང་ངོ་རྒོལ་དང་སྐད་འབོད་རྒྱགས་རྒྱུ་ནི་ང་ཚོའི་འོས་འགན་རེད་ལ་འཆར་ཅན་འདྲ་ཞིག་ཀྱང་རེད།
མེ་ལྕེ་ལགས་གློད་འདུག
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/%E0%BD%95-%E0%BD%A1-%E0%BD%A3-%E0%BD%A3-%E0%BD%A3-%E0%BD%96/%E0%BD%A2-%E0%BD%98-%E0%BD%94-%E0%BD%94-%E0%BD%98-%E0%BD%A3-%E0%BD%A3%E0%BD%82%E0%BD%A6/
ཧུའུ་ཅིན་ཐའོ་སོགས་ཀྱིས་ཀྲུང་གོར་ཡང་དག་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡོད། དེས་འགྲིག་གི་ཡོད། ཆབ་སྲིད་ལ་གནད་དོན་མེད། མི་རིགས་ཀྱི་གནད་དོན་མེད་ཟེར་གྱིན་ཡོད། དེ་ལ་ཕྱི་ནང་གི་མི་མང་པོས་དེ་འདྲ་ཞིག་མིན་ཚུལ་ལ་དགག་རྒྱག་དང་ངོ་རྒོལ་བྱེད་ཀྱིན་ཡོད། དེ་བས་དེ་ལ་ཀྲུང་གོའི་སྲིད་བློན་ཝུན་ལགས་ཀྱི་སྐད་ཆ་དེ་ཚོ་རྒྱབ་རྟེན་གྱི་ལུང་ཡག་ཤོས་ཤིག་ཆགས་ཀྱིན་ཡོད།
དགྲ་ལ་འཐབ་དུས་རང་ཕྱོགས་ཀྱི་ནུས་པའི་ཐོག་ལ་དགྲ་ཕྱོགས་ཀྱི་མཐུན་རྐྱེན་ཁ་སྣོན་རྒྱག་ཤེས་ན་འཐབ་ན་མི་རྒྱལ་བ་མེད་པའི་དོན་སྙིང་དེ་ཡོད་པ་རེད། དེ་མ་རེད་དམ་གསེར་འབྲུག་སྡེར་ལྔ་ལགས།
མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལ་བོད་ནང་ནས་གསར་བརྗེ་བ་ཕུན་ཚོགས་དབང་རྒྱལ་ལགས་གཙོས་བསམ་ཤེས་དང་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་དང་འབྱུང་བཞིན་ཡོད། ཝང་ལིས་ཞུང་སོགས་རྒྱ་རིགས་མཁས་པའི་རྒྱབ་སྐྱོར་བ་ཡང་ཇེ་མང་ཇེ་མང་ལ་འགྲོ་བཞིན་ཡོད། ད་ལྟའི་བོད་ནང་གི་རང་སྲོག་མེར་མཆོད་ཀྱི་འབོད་སྒྲ་མང་ཆེ་བ་ཡང་ཡིད་བཞིན་ནོར་བུ་བོད་ལ་ཕེབས་ཐུབ་རྒྱུ་དང་བོད་ལ་རང་དབང་ཆ་ཚང་ཞིག་དགོས་འདུན་དེ་རེད། དེ་བས་བོད་ཀྱི་གནད་དོན་ཐག་གཅོད་ཡིན་ན་ཡང་འདྲ། བོད་གཞིས་ལུས་ཀྱི་རེ་འདུན་ཡིན་ན་ཡང་འདྲ། གང་ལྟར་རྒྱ་ནག་གཞུང་གིས་ཡིད་བཞིན་ནོར་བུ་ལ་མཇལ་འཕྲད་དང་ཕེབས་བསུ་བྱེད་རྒྱུར་ང་ཚོས་འབོད་སྐུལ་ཞུས་ཡོད། དོན་དག་འདི་རྒྱ་གཞུང་ལ་ལག་པ་བཏང་ནས་སྒྲུབ་རྒྱུ་ཞིག་མ་གཏོགས་ང་ཚོ་རང་ཁོ་ནས་བོད་ལ་ཕེབས་སྐྱེལ་ཞུ་མི་ཐུབ་པ་ཞིག་རེད། ཡང་གཅིག་བཤད་ན་བཀའ་ཁྲི་གསར་བས་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་གི་ཡིན་གསུང་བཞིན་པའི་ཕྱག་ལས་འདིའི་རྒྱབ་སྐྱོར་ཞིག་ཀྱང་ཆགས་ཡོད་པར་འདོད།
རེ་འབོད་གཉིས་པའི་ནང་ལ་རྒྱ་ནག་གི་དམངས་གཙོའི་སྒོ་མོ་ཆེ་རུ་འབྱེད་དགོས་ཚུལ་དེ་ཡིན། དེ་ཡང་གསར་འགོད་རང་དབང་དང་རྩོམ་འབྲིའི་རང་དབང་གིས་གཙོས་སྨྲ་བརྗོད་རང་དབང་མ་སྤྲད་ན་གནད་དོན་ངོ་མ་རྩད་གཅོད་དཀའ་ལ་གནད་དོན་ངོ་མ་སེལ་ཐབས་ཀྱང་དཀའ། ལྷག་པར་དུ་ཡང་གཉིད་ལས་སད་ཟིན་པའི་ཤེས་ཡོན་ཅན་གྱི་དཔུང་སྡེ་དེ་སླར་ཡང་གཉིད་དུ་འཇུག་ཐབས་ནི་སྟོང་བསམ་ཡིན། སྲིད་འབྱོར་རིག་གསུམ་གང་ཐད་ནས་ཀྱང་ཤེས་ཡོན་ཅན་ནི་མི་དམངས་ཀྱི་སྣེ་ཁྲིད་པའམ་ལམ་སྟོན་པ་ཆགས་ཡོད་པས། ང་ཚོས་གནས་ལུགས་འདིའི་ཐོག་ནས་གྲངས་ཉུང་མི་རིགས་དང་གྲངས་མང་མི་རིགས་ཀྱི་ཚབ་མཚོན་པ་དག་ལ་མ་ཉེས་ཁག་གཡོགས་ཀྱིས་མགོ་གནོན་བྱེད་མཚམས་འཇོག་དགོས་པར་མ་ཟད་ཁོང་ཚོའི་བསམ་ཚུལ་རྒྱུས་ལོན་གྱི་རང་དབང་གཏམ་བཤད་ཚོགས་ཆེན་ཞིག་སྐོང་དགོས་པའི་འབོད་སྐུལ་ཞུས་པ་ཡིན།
ད་དུང་རེ་འབོད་ཞུ་དགོས་ངེས་གཅིག་ནི། བོད་རང་སྐྱོང་ལྗོངས་དང་བོད་རིགས་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་བཅས་པར་བཅའ་ཁྲིམས་དགོངས་དོན་ལྟར་གྱི་མི་རིགས་སྲིད་ཇུས་ལག་ལེན་དང་མིང་དོན་མཚུངས་པའི་མི་རིགས་རང་སྐྱོང་ཞིག་ཆགས་ཐབས་བྱེད་དགོས་པ་དེ་ཡིན། དེ་ཡང་སྙིང་པོ་ནི་བོད་མི་རིགས་ཀྱི་ས་ཁོངས་ཚང་མར་བོད་སྐད་ཡིག་གཉིས་ཀྱིས་ལས་དོན་ཚང་མ་གཙོ་སྒྲུབ་བྱེད་དགོས་པ་དེ་ཡིན།
འབོད་སྐུལ་འདི་ནི་ཡར་སྲིད་གཞུང་དང་བར་རང་རིགས་དབུ་ཁྲིད། འོག་ཤེས་ཡོན་ཅན་དང་མི་དམངས་ཚང་མར་ཞུ་འོས་པ་ཞིག་ཡིན།
གཉིས་སྨན་དབུ་མའི་ལམ་ལ་མཐའ་གཅིག་ཏུ་འགྲོ་མ་ཐུབ་ན་བོད་དོན་བདེན་དོན་ཁ་གསལ་དུ་འགྲོ་བ་ལ་འགོར་འགྱངས་ཆེ་རུ་འགྲོ་ངེས་མི་འདུག་གམ། ཚང་མས་སོམས་ཤིག
༧གོང་ས་མཆོག་གིས་ “ བོད་མི་ཚོས་རང་ལུས་མེར་བསྲེགས་བྱེད་པ་དེ་ཨུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཤིག་ཆགས་ཡོད་སྟབས། རྒྱ་ནག་དཔོན་རིགས་ཚོས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱ་དགོས་པ་རེད། ༢༠༠༩ ལོར་རྒྱ་ནག་ཀོང་ཏུང་ (Guangdong)ཞིང་ཆེན་དམར་ཤོག་མགོ་ཁྲིད་ཅིག་གིས། ཏང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཅེས་བཤད་ཡོད་ལ། སྲིད་བློན་ཝུན་ཅཱ་པའོ་ཡིས་ཀྱང་རྒྱ་ནག་ཆབ་སྲིད་ལ་བཅོས་བསྒྱུར་གཏོང་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་ནག་མགོ་ཁྲིད་ཚོས་གནད་དོན་དེའི་ཐོིག་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་དུས་ལ་བབས་ཡོད་ཅེས ” གསུངས་འདུག
དུས་བབ་དྲ་བ་ལས།
༡༩༤༩ ནས་ ༡༩༡༡ བར་གྱི་ལོ་ངོ་ ༦༢ ཡུན་གྱི་ཀླ་ཀློ་གདུག་རྩུབ་ཅན་འགོ་མའོ་ཙེ་ཏུང་ནས་ད་ལྟའི་ཧྰུ་ཅིན་ཐའོའི་བར་གྱིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་བཤུ་ཤོག་བཏང་མ་ཚར་བསྡདཔ་ནི། རྒྱ་ནག་དམར་གཞུང་ངོ་ཚ་བའི་གནས་སུ་མི་མཐོང་ངམ། རྒྱ་ཆེ་རིགས་ཚོ།
What’s on your mind?
Chap Lha
གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ཆེན་པོ་ཞིག
SURPRISE PROTEST IN EMBASSY CHINA IN PARIS..BY TIBETAN VOLUNTEERS AND FRENCH SUPPORTS.4..11.2011.
http://www.youtube.com
http://www.youtube.com/watch?v=evBYa3vezLo
རྒྱལ་ཁབ་སོ་སོའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་ཁག་གི་ནང་ལ་ཡང་གོང་ལྟར་འཆར་གཞི་ཡོད་པའི་སྒོ་ནས་གློ་བུར་འཇབ་རྒྱུགས་ཀྱིས་ཞི་རྒོལ་བྱས་ན་ཕན་ནུས་ཆེན་པོ་འདུག་སྙམ། ད་དུང་སྦྱར་ཡིག་དང་་ཡི་གེ་གཏོར་བ་སོགས་ཀྱིས་གཞུང་ཚབ་ཁང་ཚང་མར་དུག་སྦྲང་གི་རྒོལ་ཐབས་ལག་བསྟར་གནང་འཐུས་སྙམ།
རྒྱ་ནག་གི་མགོ་ཁྲིད་རྙིང་བ་འདི་ཚོའི་འཇུག་མ་བསྡུས་པར་དུ་རེ་བ་ཅང་ཨེ་ཡོད་ན་བསམ་གྱིན་ཡོད། གང་ལྟར་ཉིན་ཅིག་དམངས་ཚོགས་ལ་འགྱུར་ནི་རེད་་་་་དེ་དེས་བོད་མི་ཕལ་ཆེར་གཞན་གྱི་ངོར་འགྱུར་ཡང་ཚར་ཡོད་རྒྱུ་རེད་བསམ་ནས་སེམས་ཁྲལ་ཡོང་གི་འདུག་ཡ།
གཞན་གྱི་ངོ་བོར་འགྱུར་བཞིན་འདུག དེ་བས་ཨང་དང་པོ་དེ་སོ་སོས་རང་ཉིད་ཀྱི་ངོ་བོ་སྲུང་དགོས། དེ་ཡང་གཙོ་བོ་རང་གི་སྐད་ཡིག་དང་རིག་གཞུང་མ་བརླགས་པ་བྱེད་དགོས། ལྷག་དཀར་དམ་བཅའི་ལས་འགུལ་དེ་ངོ་མ་བྱ་སླ་དོན་སྙིང་ཆེ་བ་ཞིག་རེད། དཔེར་ན་་ཉིན་རེའམ་གཟའ་ལྷག་པ་ལ་་་ང་བོད་ཡིན་དང།་ངས་བོད་ལྭ་གོན་གི་ཡིན། ངས་བོད་ཡིག་སྦྱོང་གི་ཡིན། ངས་བོད་སྐད་བཤད་གི་ཡིན། ངས་བོད་དོན་གླེང་གི་ཡིན་ཟེར་བ་ལྟ་བུའི་མི་རིགས་རང་གི་ངོ་བོ་སྲུང་སྐྱོབ་ཀྱི་ཐབས་ལམ་ཞིག་རེད།
ངའི་བསམ་ཚུལ་ནོར་མེད་ན་འདི་འདྲ་རེད།
ང་ཚོས་འདི་ནས་ལས་འགུལ་སྤེལ་དགོས་པ་ཁ་ཡོད་ལག་ཡོད་ཀྱི་དངོས་བདེན་རེད། དེ་ལས་ཀྱང་གལ་ཆེ་བ་ནི་རང་རིགས་རིགས་གཞུང་སྐད་ཡིག་ཡ་རབས་གོམས་གཤིས་བཟང་བོ་བདག་གཅེས་བྱེད་རྒྱུ་ཧ་ཅང་གི་གལ་གནད་ཆེ་བར་མཐོང་གི་འདུག ་་་་་རང་རིགས་ངོ་བོ་བརླགས་ཚར་བའི་རྗེས་སུ་་་་་་་རང་སྐྱོང་་་་རང་བཙན་གང་ཞིག་ཐོབ་ཀྱང་དགེ་མཚན་དེ་ཙམ་མཐོང་གི་མེད་་་་་འདི་གཅིག་ཡིན། རང་རིགས་བོད་རིགས་སྤྱི་དང་ལྷག་པར་དུ་སྙུག་ཐོགས་པ་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མི་དམངས་ཀྱི་གོ་རྟོགས་སད་འཇུག་དགོས་པ་སྙུ་གུ་ཐོགས་པའི་དགོས་པ་རེད་་་་དེ་ཙམ་ཡིན།
བོད་ཡིག་གིས་བོད་ཀྱི་ངོ་བོ་སྲུང་ཐབས་དེ་བོད་མི་རེ་རེར་འཁྲི་བའི་འོས་འགན་དང་མི་རེས་བྱེད་དགོས་ངེས་དང་བྱེད་ཐུབ་པ་ཞིག་ཀྱང་ལགས་པས། བོད་དོན་ཐད་ལ་འདི་ལས་ལྷག་པའི་དམ་བཅའ་ཞིག་ཡོད་དམ།
སློབ་དཔོན་མཆན་བུ་བ།
དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་གང་ཞིག་ས་ཐག་རིང་མིན་ཡང་མི་མཐོང་ངམ། ལམ་ཐག་གི་རིང་ཐུང་ལ་བལྟ་ན་རྒྱབ་སྐྱོར་གྱི་མང་ཉུང་དང་དོན་དངོས་དང་ཐག་གང་ཉེ་དེ་གཙོ་བོ་རེད།
ཆབ་བྲག་ལགས།
ཧུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གནད་དོན་གླེང་སྟངས་ནི་འཆར་ཅན་གྱི་དམར་ཤོག་འགོ་འཁྲིད་ཚོས་གླེང་སྟངས་ད་ག་རང་འགྱུར་བ་ཕྱིན་མེད་ལ་དམར་ཤོག་སྲིད་གཞུང་མགོ་རྟིང་མ་བསློགས་བར་དུ་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ཀྱིས་ནུས་པ་གང་ཡང་འདོན་མི་ཐུབ་ལ་དགག་རྒྱག་དང་ངོ་རྒོལ་ཙམ་གྱི་འཕན་ནུས་ཤིག་དཀའ་མོ་རེད།
དེ་ནས་ཝུན་གྱིས་ཆབ་སྲིད་རང་བཞིན་གྱི་གཏམ་བརྗོད་འཁྲབ་སྟོན་དེ་གྲང་ཉུང་མི་རིགས་དང་ལྷག་ཏུ་བོད་ཀྱི་དཀའ་རྙོག་གི་གནད་དོན་ཆེད་དམིགས་པ་ཞིག་རྩ་བ་ནས་ཡིན་རྒྱུ་མ་རེད་ལ། བོད་ཐོག་འཛིན་པའི་སྲིད་བྱུས་ནི་དམར་ཤོག་འགོ་འཁྲིད་སུ་འདྲ་ཞིག་ཡིན་ཡང་གཅིག་པ་གཅིག་རྐྱང་རེད་མ་གཏོགས་ལོགས་སུ་གྱུར་པ་ཞིག་ངས་ངོས་འཛིན་ཞུ་གི་མེད་ལ་ཡིད་ཆེས་ཀྱང་རྩ་བ་ཉིད་ནས་མེད་ལགས། ཝུན་གྱིས་གཏམ་བཤད་དེ་མེ་ཏོག་བ་བུའི་གསར་རྗེའེ་ལས་འགུལ་འགོ་ཚུགས་སྐབས་དེར་ཡིན་པ་ཡོད། ཁ་ནས་དམངས་གཙོའི་སྐོར་གཏམ་བཤད་སྤེལ་གྱིན་སྤེལ་གྱིན་ལག་ལེན་དངོས་ལ་དྲག་པོའི་ཁྲིམས་ཀྱིས་རྡུང་རྡེག་ཚ་ནན་གཏོང་གིན་གཏོང་གིན་བྱས་པ་ནི་མངོན་སུམ་ཡིན་ལ། སྐབས་དེ་དུས་རྒྱ་ནག་ནང་གནད་དོན་དབྱེ་ཞིབ་པ་མང་པོས་ཝུན་གྱི་གཏམ་བཤད་དེ་ཆབ་སྲིད་རང་བཞིན་གྱི་འཁྲབ་སྟོན་ཡིན་པ་གསལ་བཏོན་བྱས་པ་ཆབ་བྲག་ལགས་ཀྱི་མཁྱེན་མེད་པ་འདྲ། གང་ལྟར་ཁ་དང་ཞེ་ཕུགས་མི་མཐུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ངོ་མ་དེ་རེད། བྱས་ཙང་བོད་འདི་འཛུགས་བསྐྲུན་དང་ཡར་རྒྱས་ལ་སྙད་དེ་བསླུ་བྲིད་ཀྱི་ལམ་དུ་འདུག་སེ་བྱས་ནས་འཁྲིད་པ་རེད་དོ། ང་ནི་རྒྱ་རྒན་འདི་ཚོ་ལ་ཡིད་ཆེས་རྩ་བ་ནས་མེད་ལ་འཕར་སྤྱང་དཀར་པོ་ཡིན་ནའང་འདྲ། ནག་པོ་ཡིན་ནའང་འདྲ། གསེར་པོ་ཡིན་ནའང་འདྲ་གང་ལྟར་འཕར་སྤྱང་ནི་འཕར་སྤྱང་རང་རེད།
གསེར་འབྲུག་སྡེར་ལྔ་ལགས། ཀྲུང་གོ་ཡོངས་ལ་འགྱུར་བ་འགྲོ་བ་དང་མཉམ་དུ་བོད་ལ་ཡང་འགྱུར་བ་འགྲོ་དགོས་པ་ལས་བོད་གཅིག་པུར་འགྱུར་བ་ཞིག་ཡོང་སྟངས་མེད། འགྱུར་བ་གཙོ་བོ་དེ་ཀྲུང་གོ་དམངས་གཙོ་ངོ་མར་འགྱུར་དགོས། འདི་མི་རིགས་ཐུན་མོང་གི་རེ་བ་རེད། དེའི་ཕྱིར་༸གོང་ས་མཆོག་གིས་ཀྱང་”༢༠༠༩ ལོར་རྒྱ་ནག་ཀོང་ཏུང་ (Guangdong)ཞིང་ཆེན་དམར་ཤོག་མགོ་ཁྲིད་ཅིག་གིས། ཏང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཅེས་བཤད་ཡོད་ལ། སྲིད་བློན་ཝུན་ཅཱ་པའོ་ཡིས་ཀྱང་རྒྱ་ནག་ཆབ་སྲིད་ལ་བཅོས་བསྒྱུར་གཏོང་དགོས་སྐོར་བརྗོད་ཡོད་སྟབས། རྒྱ་ནག་མགོ་ཁྲིད་ཚོས་གནད་དོན་དེའི་ཐོིག་ངེས་པར་དུ་བསམ་བློ་གཏོང་དགོས་པ་རེད།”ཅེས་གསུངས་སོང་བ་མ་མཐོང་ངམ།
ཁྱོད་ཀྱིས་ཆབ་སྲིད་ཀྱི་དམག་རྒྱག་སྟངས་ཤེས་ཀྱིན་མེད་པ་འདྲ།
རྒྱ་ནག་དབྱེ་ཞིབ་པ་མང་པོས་ཅི་བཤད་ན་དེའི་རྗེས་སུ་འགྲོ་དགོས་དོན་མེད། སོ་སོའི་ཐད་ཀྱི་དམག་སོ་སོས་རྒྱག་དགོས་པ་རེད། རྔ་ཇི་ལྟར་བརྡུངས་ན་བྲོ་དེ་ལྟར་འཁྲབ་དགོས་ཟེར་བའི་གནས་ལུགས་དེ་ལག་ལེན་བྱེད་དགོས་པ་རེད། གོ་སྐབས་དམ་འཛིན་དང་ཁེ་ཕན་ལེན་ཤེས་ཟེར་བ་དེ་ཚོ་གལ་ཆེན་པོ་རེད།
རང་བཙན་དང་དབུ་ལམ་གཉིས་ལམ་ཐག་རིང་ལོས་བསྡུར་ན་གཅིག་པ་འདྲ་ཞིག་རེད།
ངས་དེ་སྔོན་མང་མང་ཞུ་མྱོང་ཡོད། རྒྱུ་མཚན་ཀྲུང་ནན་ཧེའེ་ཡི་དམར་ཤོག་སྲིད་གཞུང་འགྱུར་བ་ཕྱིན་མ་ཕྱིན་ལ་རག་ལས་པ་རེད། རྒྱབ་སྐྱོར་གྱི་མང་ཉུང་ཞིག་གསུངས་འདུག། རྒྱབ་སྐྱོར་བ་དེ་ཚོ་ནི་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་རེད། རྒྱ་ནག་གི་དངུལ་བུན་གྱིས་ག་པར་འཐེན་འཐེན་རེད། བྱས་ཙང་དཔེར་ན་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་བ་དེ་ཚོར་གཅིག་གཟིགས་དང་། དོན་དངོས་ཀྱི་རྒྱབ་སྐྱོར་བ་ག་ཚོད་གཅིག་འདུག་ཞིབ་རྩིས་གཅིག་སྐྱོན་དང་། རྒྱ་ནག་ནང་ལ་ཆ་བཞག་ན་ཤེས་ཡོན་ཅན་དང་རྩོམ་བྲིས་པ་ཁ་ཤས་ཀྱི་རྒྱབ་སྐྱོར་བས་རྒྱ་ནག་མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་གི་ཚབ་མཚོན་མི་ནུས་ལ། དཔེར་ན་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་ཞིང་ཆེན་ཁག་མང་པོར་སློབ་ཕྲུག་སྟོང་ཕྲག་མང་པོས་ང་ཚོར་ངོ་རྒོལ་བྱས་སོང་ལ་ཕྱི་རྒྱལ་ཁག་ཏུ་མཐོ་རིམ་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་དེ་ཚོས་༧གོང་ས་མཆོག་ཕྱི་རྒྱལ་ལ་ཆིབས་བསྒྱུར་གནང་སྐབས་ངོ་རྒོལ་ག་ཚོད་བྱེད་ཀྱི་འདུག།
དེ་ཚོ་ཚང་མ་མ་འོངས་པ་རྒྱ་ནག་གི་གསོན་རྩ་ཤ་སྟག་རེད་ད། བྱས་ཙང་དོན་དངོས་ཀྱི་གནས་སྟངས་དེ་འདྲ་རེད།
ངས་རྒྱ་ནག་དམར་ཤོག་སྲིད་གཞུང་འགྱུར་བ་མ་ཕྱིན་བར་དུ་བོད་ལ་འགྱུར་བ་ཞིག་བཤད་ཀྱི་མེད། ་
དམར་ཤོག་འགོ་འཁྲིད་རེ་གཉིས་ཀྱིས་རྒྱ་ནག་ཆབ་སྲིད་བཅོས་བསྒྱུར་གཏོང་མི་ཐུབ་ལ་ཀྲུང་གོ་དམངས་གཙོ་ངོ་མར་འགྱུར་བར་དམར་ཤོག་སྲིད་གཞུང་ངེས་པར་དུ་མགོ་རྟིང་བསློགས་དགོས་པ་རེད། དེ་མིན་དཀའ་མོ་རེད།
ངས་ཆབ་སྲིད་ཀྱི་དམག་རྒྱག་སྟངས་མི་ཤེས་ཀྱང་ཟུར་བལྟས་ལེབ་མཐོང་རང་རེད།
ཨོ་ཡ་་་རྒྱ་ནག་ལ་འགྱུར་བ་མགྱོགས་པོ་འགྲོ་བར་ང་ཚོས་ལས་འགུལ་སྣ་ཚོགས་སྤེལ་དགོས་པ་རེད། ཁ་རོག་ལ་བསྡད་བཞག་ན་འགྱུར་བ་འགྲོ་དཀའ་བ་རེད། ཝུན་ཅ་པོ་ཡང་བླུན་པོ་མ་རེད། ཁོས་དེ་ལྟར་བཤད་ན་མི་མང་གི་རྒྱ་སྐྱོད་ཡོད་པ་རེད། ད་དུང་རྗེས་འབྲང་བ་ཡོད་པ་རེད། གཙོ་བོ་དམར་ཤོག་པ་ནང་ཁུལ་གྱི་འགལ་བ་དེ་རིགས་ཇེ་ཆེར་གཏོང་དགོས་པ་རེད།
རྒྱབ་སྐྱོར་བས་ཕན་ཐོགས་མེད་ན་ང་ཚོས་གང་ས་གང་ནས་ལས་འགུལ་སྤེལ་ནས་དྲིལ་བསྒྲགས་བྱས་ནས་ཅི་བྱེད། ལྷག་པར་རྒྱ་གཞུང་གིས་མ་དགའ་བའི་རྣམ་འགྱུར་སྟོན་པ་དང་སྐད་ངན་འཆོར་དགོས་དོན་མེད་ག དེ་སྔོན་རྒྱ་རིགས་ནང་ན་བོད་ལ་རྒྱབ་སྐྱོར་དང་བོད་ཤེས་མཁན་དུ་ཙམ་ཡོད་་ད་ལོ་རེ་བཞིན་དུ་ཇེ་མང་མ་རེད་དམ་་་ཆུ་ཐིགས་བསགས་ན་རྒྱ་མཚོ་རེད། རྒྱབ་སྐྱོར་བ་ཡང་དེ་བཞིན་རེད། མི་དམངས་དུང་ཕྱུར་མང་པོས་བོད་ལ་རང་བཙན་སྤྲོད་དགོས་ལབ་སྲིད་གི་མ་རེད། ཡིན་ན་ཡང་ཁོ་རང་ཚོ་ལ་ཡང་རང་དབང་དང་ཐོབ་ཐང་་དམངས་གཙོ་དེ་ཚོ་མཁོ་བ་རེད། དེའི་ཆེད་དུ་ལང་གི་རེད། དེ་བས་མི་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་དང་ནུས་པ་ཆིག་སྒྲིལ་དགོས་གལ་ཆེ་བ་རེད།
ཁྱེད་ཀྱིས་བལྟས་ན་ང་ཚོས་དམར་ཤོག་སྲིད་གཞུང་ཕམ་ཉེས་འགྲོ་བར་སྒུག་སྡོད་དགོས་པ་རེད་དམ། ཡང་ན་འཕག་འཚག་རེ་བྱེད་དགོས་པ་རེད། བྱེད་རྒྱུ་ཅང་ཡོད་དམ་མེད། ང་ཚོས་བྱེད་ཀྱིན་པ་འདི་དག་གིས་ཅི་ཡང་མི་ཕན་པ་རེད་དམ། འོ་ན་ཕན་ཤོས་ཅི་ཞིག་བྱེད་དགོས།
༢༠༠༨་ལོར་ཕྱི་སྡོད་རྒྱ་རིགས་ཀྱིས་ཅིའི་ཕྱིར་བོད་ལ་ངོ་རྒོལ་བྱས་པ་རེད། ཀྲུང་གོ་ནི་ཁོ་ཚོའི་རྒྱལ་ཁབ་རེད། དེ་ལ་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་འདྲ་ཞིག་རྩེད་རྒྱུར་མི་དམངས་ཅིས་མི་དགའ། དེ་ལ་བོད་ཀྱིས་ངོ་རྒོལ་བྱས་པ་རེད། དེ་བས་རྒྱ་རིགས་ཚོ་མ་དགའ་བ་རེད། དེ་ཁག་ཡོད་པ་མ་རེད།
གུང་ཁྲན་ཏང་ཕམ་ཉེས་གང་མྱུར་འགྲོ་བར་གཅིག་ནས་གུང་ཁྲན་ཏང་གི་དབང་འཛིན་པ་ཁག་གི་བར་གྱི་དབང་ཆ་འཕྲོག་རྩོད་དང་ལྐོག་རྔན་རུལ་སུངས་དེ་དག་ཤུགས་ཆེར་འགྲོ་བ་དང། གཉིས་ནས་མི་རིགས་ཁག་དང་ལྷག་པར་རྒྱ་རིགས་མི་དམངས་ཀྱིས་ཏང་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུ། རང་དབང་དང་ཐོབ་ཐང། དམངས་གཙོ་བཅས་བརྩོན་ལེན་གྱི་བསམ་སྦྱོར་ཇེ་ཆེར་འགྲོ་རྒྱུ་དེ་རེད། ནང་གི་འཐོར་རྐྱེན་དེ་དག་ལ་ཕྱི་གླིང་ཁག་ནས་ཀྱང་ཤུགས་རྐྱེན་སྣ་ཚོགས་འཇོག་ཐུབ་པ་རེད། མ་མཐར་ཡང་ཕྱི་སྡོད་མི་རིགས་ཁག་གིས་རྒྱལ་ནང་གི་རང་་གི་མི་རིགས་ཁག་ནང་ལ་བློ་འབྱེད་དང་ངར་ཤུགས་སྤེལ་ཐུབ་ངེས་རེད། དེས་ན་ཝུན་ཅ་པོ་ནི་ང་ཚོའི་འཇིག་རྡེའི་གཙོ་བོ་ཞིག་ཆགས་ཀྱིན་ཡོད།
ང་དགུ་ལོར་དམར་པོའི་སྲིད་གཞུང་གིས་བོད་ཁམས་ཡོངས་རྫོགས་མངའ་འོག་ཏུ་བཅུག་ཟིན་ཀྱང་བོད་མིའི་སེམས་ཁམས་ད་དུང་དབང་འོག་ཏུ་བཅུག་ཐུབ་མེད། འདི་བོད་རང་གི་སྐད་ཡིག་དང་རིག་གཞུང་གསོན་པོར་བཞུགས་པ་འདིའི་བཀའ་དྲིན་ཉག་གཅིག་རེད། བོད་མིའི་ཁྱད་རྟགས་ངོ་མ་ནི་སྐད་དང་རིག་གཞུང་གི་སྒང་ན་ཡོད། འདི་ཉམས་སོང་ན་བོད་ཀྱི་འདུ་ཤེས་བརླག་འགྲོ་གི་རེད། དཔེར་ན་དཔའ་རིས་སོགས་ལུང་ཁུལ་ཁ་ཤས་ལ་སྐད་དང་རིག་གཞུང་ཉམས་རྒུད་དུ་སོང་བས་དཔའ་རིས་ཀྱི་བོད་མི་དག་གིས་བོད་སྐད་མི་ཤེས་པ་དང་དཔའ་རིས་བོད་ཡིན་མིན་གྱི་སྐད་ཆ་ཡང་དེའི་ཐོག་ནས་བྱུང་བ་རེད། བོད་ཀྱི་ལོ་རྒྱུས་སྟེང་གནས་བབས་གལ་ཆེན་བཟུང་ཡོད་པའི་དཔའ་རིས་ས་ཆ་དེ་དེང་སང་རྒྱ་ཡི་གྲོང་སྡེའི་རྣམ་པ་ཞིག་ལས་བོད་ཀྱི་ཁྱད་རྟགས་གང་ཡང་མཐོང་རྒྱུ་མེད་པ་ལྟ་བུ་རེད། ཉེན་ཚབས་ཆེ་བ་འདི་བཙན་བྱོལ་ཁྲོད་ན་འདི་སྣང་མེད་རེད།
ཨ་ལྷ་མ། ཁྱེད་རང་ཡོད་སའི་ལུང་པར་རྒྱ་ནག་གཞུང་ཚབ་མི་འདུག་བས། གལ་སྲིད་འདུག་ན་ཁྱེད་རང་རྐང་པ་སྒྲོག་གིས་བསྡམ་ནས་འདུག་བས། ཆོས་བཤད་ཁྲམ་པའི་ཁ་ལ་ཡོད། མི་ཆུ་ལ་གཡུག་པར་རང་ཆུ་ཁར་འགྲོ་དགོས་པར་གནས་ལུགས་རེད། དཀའ་ལས་སྣ་གཅིག་རྒྱག་མ་དགོས་པར་ཁ་བདེ་མོ་གཅིག་པུའི་དོན་དག་འགྲུབ་སྣང་ཤར་བ་ཨ་ལྷ་མ་ཇི་འདྲའི་བླུན་ལ་རང་འདོད་ཆེ་བ་ཞིག་རེད་ཨང་།
རྒྱ་ནག་དམངས་ཚོགས་དང་གཞུང་གི་བར་ལ་འགལ་བ་བཟོ་སྟངས་གཅིག་ནི་དཔར་འབྱོར་ཉམས་རྒུད་ལ་བཏང་རྒྱུ་འདི་རེད། ང་ཚོ་ཕྱི་ལ་ཡོད་པའི་བོད་རིགས་ཚོས་རྒྱ་ནག་ནང་ནས་ཡོང་བའི་ཅ་དངོས་ལ་ངོ་རྒོལ་ཤུགས་ཆེན་བྱེད་མ་ཐུབ་རུང་སོ་སོ་གནས་སའི་རྒྱལ་ཁབ་ནང་ན་རྒྱ་མི་ཚོས་ཅ་དངོས་རྫུན་བཟོ་བྱེད་ཀྱིན་པ་འདི་རིགས་ལ་། ངོ་རྒོལ་བྱས་ནས་མི་དམངས་ལ་ཤེས་སུ་འཇུག་རྒྱུ་དེ་ཡང་གནད་དོན་གཅིག་རེད། བྱུང་ན་ཅ་དངོས་རྫུན་བཟོ་བྱེད་སའི་ཚོང་ཁང་འོག་གི་གསང་བའི་བཟོ་ཁང་དེ་ཚོགས་པར་ལ་བརྒྱབས་ཏེ་གཞུང་དང་མི་དམངས་ལ་སྟོན་དགོས་པ་རེད། ཨ་རིའི་ནིའུ་ཡོག་གཅིག་པུར་མཚོན་ན་ཡང་ཅ་དངོས་རྫུན་བཟོ་བྱེད་ཀྱིན་ཡོད་པ་དེ་གའི་བོད་པ་མང་ཆེ་བས་ཤེས་གསལ་རེད། ཅ་དངོས་རྫུན་བཟོ་བྱེད་མཁན་འདི་ཚོའི་རྒྱབ་ན་རྒྱ་ནང་གི་ཅ་དངོས་ཕྱིར་འདྲེན་ཚོང་གཉེར་བ་མང་བོ་དང་འབྲེལ་ནས་ཡོད་ནི་རེད། མཐར་དེད་ན་རྒྱ་གཞུང་གི་ལས་བྱེད་མི་མི་སྣ་ཆེ་གྲས་དག་ལ་ཐུག་ཡོད་ནི་རེད། འདི་རིགས་ཆུང་ཆུང་ལ་མ་རྩིས་པར་ངོ་རྒོལ་རེ་བྱེད་ཐུབ་ན་ཕན་གྱིན་རེད། རྫུན་བཟོས་བྱས་པའི་ཅ་དངོས་དག་འགོག་ཐུབ་ན་རང་ཤུགས་ཀྱིས་རྒྱ་ནག་གི་དཔར་འབྱོར་དང་མི་དམངས་བར་ལ་འགལ་བ་ཏོག་ཙམ་རེ་ཡོང་སྲིད་པ་རེད་། འདི་རིགས་ཆུང་ཆུང་རེ་མ་བསམ་དྲིན་ཆེན་ཚོ།
ང་ཚོ་བོད་མི་ཚོས་རྒྱ་ནག་གི་ཅ་དངོས་མ་ཉོས་པས་རྒྱ་ནག་གི་དཔལ་འབྱོར་ལ་ཕམ་ཉེས་ཅི་ཙམ་འགྲོའམ། དེ་ལས་བོད་རིགས་རང་སྐྱོང་ཁུལ་རྣམས་སུ། རྒྱ་དང་ཁ་ཆེའི་ཟ་ཁང་དང་ཚོང་ཁང་རིགས་ལ་འགྲོ་རྒྱུ་ཉུང་དུ་བཏང་ནས་དེའི་ཚབ་ལ་བོད་རང་གི་ཟ་ཁང་དང་ཚོང་ཁང་རིགས་བཟུང་ན་མི་རིགས་གཞན་གྱི་དཔལ་འབྱོར་དང་རིག་གནས་ཀྱི་སིམ་འཛུལ་དེ་རིགས་འགོག་པར་ཕན་ནུས་ཐུབ། ཁོ་ཚོ་རང་བཞིན་གྱིས་གནས་མི་ཐུབ་པ་ཆགས་ངེས།
ཅ་དངོས་རྫུན་བཟོའི་མཚང་གཏོར་དང་ངོ་རྒོལ་ཡག་པོ་རེད། དེང་སང་རྒྱ་ནག་གི་དཔལ་འབྱོར་དེ་རྒྱལ་སྤྱི་དང་འབྲེལ་བས་རྒྱལ་སྤྱིའི་གནོན་ཤུགས་དངོས་དེ་ཡང་དཔལ་འབྱོར་ཐོག་ནས་བྱེད་དགོས་པ་གལ་ཆེ་ཡང་དེ་ཡང་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བས་དཀའ་མོ་རེད།
བོད་མིའི་སེམས་ཁམས་དབང་དུ་སྒྱུར་ཐུབ་མེད་པ་བདེན་པ་རེད། སྐད་ཡིག་རིག་གཞུང་ཉམས་ཆག་ལ་འགྲོ་བཞིན་པ་ཡང་བདེན་པ་རེད། བོད་མིའི་སེམས་ཁམས་དེ་ད་དུང་ཡང་བོད་མིའིསམེས་ཁམས་འདུལ་དཀའ་བ་དེར་གནས་དགོས་ན་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་བདེན་པ་རེད། ལྷག་པར་དུ་བོད་ནང་ལ་ཧ་ཅང་གལ་ཆེ་བས་རང་རིགས་ཤེས་ཡོན་ཅན་དང་འགོ་ཁྲིད་ཚོས་གཙོ་འགན་ཁུར་ནས་སློབ་གྲྭ་ཁག་ནང་ལ་འདིའི་ས་བོན་གྲུང་པོ་ཞིག་འདེབས་དགོས་ངེས་རེད། བཙན་བྱོལ་བོད་གཞུང་དམངས་ཀྱིས་ཀྱང་དེའི་ཐད་ལ་ནུས་པ་ཆེ་ཙམ་འདོན་དགོས་ངེས་རེད།
རྣམ་དཔྱོད་ལྡན་པ་འགའ་ཞིག་གིས། ང་ཚོས་ཧུའུ་ཅིན་ཐོའི་མིང་ཐོག་ལ་ཕུལ་བའི་སྙན་ཞུ་དེར་རྒྱབ་སྐྱོར་དང་འབྲེལ་བའི་དགོངས་ཚུལ་གསུངས་པ་དང། བོད་ཀྱི་ངོ་བོ་སྲུང་བ་ལ་བོད་ཡིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གལ་ཆེའི་སྐོར་གྱི་མཆན་འདེབས་གནང་པར་བཀའ་དྲིན་ཆེ། ད་དུང་སྐབས་དོན་དང་འབྲེལ་བའི་དགོངས་འཆར་ལྷུག་བརྗོད་ཡོང་བ་ཞུ།
ཆོས་གྲུབ་ལགས་ཀྱིས་བསླབ་བྱ་ངར་པོ་གནང་བ་བཀའ་དྲིན་ཆེ། ངས་རང་གིས་བྱེད་ནུས་པའི་རིགས་བྱས་དང་བྱེད་ཀྱིན་ཡོད། གོང་དུ་ངས་བཤད་པ་རྣམས་ལས་མ་འགྲིགས་ས་དང་མི་བདེན་པ་རེ་ཡོད་ན་མཛུབ་མོ་རི་སྟོན་གནང་རོགས། ཁ་བདེ་ན་དཔོན་དང་ལག་བདེ་ན་གཡོག ཟེར་བ་ཞིག་ཀྱང་ཡོད་པས། དཔོན་ཞིག་བྱེད་ན་མ་མཐའ་ཡང་ཁ ལྕེ་བདེ་དགོས། ཁ་ལྕེ་བདེ་མིན་དེ་ཡང་ཀླད་པ་ལ་རག་ལས་ཡོད། ང་དཔོན་པོ་མ་རེད་མོད་དྲ་བ་འདིའི་ནང་གི་དང་བླང་དཔོན་ཆུང་ཞིག་ཡིན།
གུང་ཐང་འཇམ་པའི་དབྱངས་ཀྱིས། སྐད་རིགས་མང་པོ་ཤེས་ན་བཟང་མོད་ཀྱང་།།རང་གི་ཕ་སྐད་བརྗེད་ན་ངོ་ཚ་རེད། །ཅེས་གསུངས་པ་དེ་གནད་འགག་ཆེན་པོ་རེད། ལྗེའུ་མི་རིགས་ལ་སྔོན་ཆད་ལྗར་མན་དམར་ཕྱོགས་ཚོགས་པས་དམར་བསད་དང་སྡུག་དགུ་མནར་གཅོད་ཚད་མེད་བཏང་མྱོང་མཁན་དེ་འདྲའི་མི་རིགས་ཤིག་ལོ་ངོ་སྟོང་ལྷག་གི་རིང་འཛམ་གླིང་གང་སར་ཁ་ཐོར་དུ་ཕྱིན་ནས་གནས་ཡོད་ཀྱང་ད་ཆ་ཁོ་ཚོར་རང་བཙན་ཐོབ་པ་རེད།
རྒན་རབས་པ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱི་སྙན་ཞུ་འདི་ནི་བཙན་བྱོལ་གྱི་དེ་རིང་དང་མཐུན་འདུག་ལ། ཕུགས་རྒྱང་རིང་པོའི་བོད་རྒྱའི་མདུན་ལམ་ནང་སྨན་ངེས་པ་ཞིག་རེད། དེ་དང་མཉམ་དུ་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་རིགས་གྲོགས་པོ་ཚོར་ལག་སྦྲེལ་བྱས་ནས་མདུན་བསྐྱོད་བྱེད་རྒྱུ་ལས་ལྷག་གི་ལམ་ཁ་གཞན ཞིག་མི་འདུག
འཛམ་གླིང་གི་ས་སྒང་ཧྲིལ་པོར་གངས་ཅན་པའི་ས་བོན་སྐྱེས་བཞིན་པའི་དུས་སྐབས་འདིར་གཞན་དག་མ་འཇོན་ཡང་རང་རང་སོང་ས་བསྡད་ས་ནས་རྐང་རྗེས་ཡིད་དུ་འོང་བ་རེ་ཡོད་པ་བྱེད་ཐུབ་རྒྱུ་དེ་དོན་ཆུང་ལ་བརྩི་མི་རུང་།
ཐ་ན་ཟ་ཁང་ཞིག་ཏུ་འང་དེ་ལྟར་བྱེད་དགོས་པ་རེད། མི་ཚོས་བོད་མི་ཟེར་དུས་བུང་གུ་ལྟ་བུའི་སྣང་ཆུང་གཏོང་ས་ཞིག་ཏུ་གྱུར་ཚེ་མ་བཟང་བ་རེད།
བོད་ཡིག་ལ་སྐྱབས་སུ་མཆིའོ། བོད་མི་ལ་སྐྱབས་འཇུག་གནང་རོགས། བོད་དོན་གྱི་བདེན་མཐའ་སེལ་བར། བོད་ཡིག་གིས་ནམ་ཡང་མི་བསླུ།
བོད་ཡིག་ལ་གསོལ་བ་འདེབས་སོ། བོད་མིན་ཡང་བོད་འདྲར་སྒྱུར་རོགས། བོད་དོན་ལས་གཞན་ཡང་སྤྱི་དོན། བོད་ཡིག་གིས་སྒྲུབ་རྒྱུར་མཐུ་ཡོད།
བོད་ཡིག་ལ་དམ་བཅའ་འབུལ་ལོ། བོད་ཡུལ་ནི་ཆོལ་ཁ་གསུམ་པོ། བོད་ཡིག་གིས་རང་སྐྱོང་བྱེད་པར། བོད་གཞོན་ཚོར་རེ་སྐུལ་བྱེད་ངེས།
བཟང་གི་ལགས།
“ ང་ཚོའི་རྩྭ་ཐང་དང་ང་ཚོའི་རང་དབང་ཕྱིར་སྤྲོད། སོག་རིགས་དམར་གསོད་གཏོང་རྒྱུ་མཚམས་འཇོག་བྱོས། རྒྱ་མི་སོག་ཡུལ་ནས་ཕྱིར་འཐེན་བྱོས། རྒྱ་མི་རྣམས་རྒྱའི་ལྕགས་རི་རིང་པོའི་ལྷོ་རྒྱབ་ཏུ་ཕྱིར་ལོག་བྱོས།” སོགས་ཀྱི་འབོད་ཚིང་སྒྲོག་གིན་སོག་རིགས་ཚོས་ཀྱང་མེ་ལྕེ་ཞིག་བསྒྲོན་བྱུང། ཡིན་ན་ཡང་མེ་དཔུང་ཞིག་ཏུ་འགྱུར་བར་ང་ཚོའི་མེ་ལྕེ་རྣམས་ལྷན་དུ་སྤུངས་དགོས།
བོད་ཀྱིས་རྒྱ་ནག་བོད་ནས་ཕར་རྒྱུགས་ཞེས་པ་དེ་གནའ་ནས་ད་བར་རང་འཇགས། ཡུ་གུར་བས་ཀྱང་དེ་འདྲ་རང་རེད། དོན་ངོ་མ་ཆབ་སྲིད་ཀྱི་འབོད་སྒྲ་འདི་ལ་གུང་ཁྲན་ཏང་ཕར་རྒྱུགས་དང་ཕམ་པར་རྒྱོབ་ཅེས་ཁ་གསལ་དགོས། གྲངས་ཉུང་མི་རིགས་ཚོས་ཕན་ཚུན་གདུང་སེམས་མཉམ་སྐྱེད་ངོ་མ་ཞིག་བྱེད་བསམ་ན་བྱེད་སྟངས་དེ་སོ་སོའི་ས་ནས་སོ་སོ་གཅིག་པུའི་ཁེ་ཕན་ཙམ་གྱི་འབོད་སྒྲ་ལས་བརྒལ་ཐུབ་དགོས།
གལ་ཏེ་བོད་དང་ཡུ་གུར་བས་འདི་ལ་ལྟད་མོ་བལྟས་ཏེ་མ་བསྡད་པར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེ་ཙམ་ཞིག་བསྟན་ན་ཚུར་ལ་ཡང་དེ་བཞིན་གདུང་སེམས་སྐྱེད་ངེས།
ང་ཚོ་ཚང་མ་རྒྱལ་དར་གཅིག་ཐོག་གི་སྐར་མ་ཡིན་པས་ཡང་ན་ལག་མགོ་གཅིག་གི་མཛུབ་མོ་རྣམས་ཡིན་པས་ཁུ་ཚུར་དམ་པོ་ཞིག་བཅའ་ཐུབ་མིན་ནི་དགྲ་བོར་གདོང་ལེན་གྱི་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་མིན་ལ་རག་ལས་ཡོད། དེ་བས་ད་ནི་བཀའ་ཤག་གིས་ཀྱང་གདུང་སེམས་མཉམ་སྐྱེད་དགོས་པའི་བཀའ་ཞིག་གནང་རན་མ་རེད་དམ།
མི་རིགས་སྐྱིད་སྡུག་གི་མནའ་འབྲེལ་ཚོགས་པ་ཞིག་ཅི་འདྲའི་གལ་ཆེ་ཨང། གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་དམག་ཇུས་འདི་དངོས་སུ་འཐེན་ལུགས་མི་ཤེས་ན་ཡང་ཚོགས་སྡེ་ཁག་ལ་གོ་རྒྱུ་ཅན་གྱི་སྐད་ཆ་རེ་བཤད་དགོས་ངེས་རེད་སྙམ།
ཚོགས་གཙོ་མཆོག རྒན་ལྷ་མོ་སྐྱབས་ལགས།
ད་ཆ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ང་ཚོ་རྒྱལ་དར་གཅིག་གི་སྟེང་གི་སྐར་མ་ཆགས་ཟིན་པར་ཁས་ལེན་དགོས་སམ། དེ་ལྟར་ན་༸གོང་ས་མཆོག་གིས་ད་བར་ཞལ་གྱིས་མ་བཞེས་པའི་རྒྱ་ནག་གཞུང་གི་སྔོན་འགྲོའི་ཆ་རྐྱེན་དོན་
གྱིས་ཁས་བླང་བར་མི་འགྱུར་རམ། ཞི་མོལ་མ་བྱུང་བར་ང་ཚོའི་ངོས་ནས་༼བོད་རང་བཙན་༽གཙང་མའི་ལོ་རྒྱུས་ཀྱི་དམ་བཅའ་བརྟན་པོར་
འཛིན་དགོས་པ་མ་ཡིན་ནམ། ཡང་ན་ད་ཆ་གང་ཡང་མངོན་དུ་མ་གྱུར་བའི་སྐབས་འདི་ནས་དམར་ཤོག་ལ་ཡིད་ཆེས་ཀྱིས་ཅུང་ཟད་གློད་རྒྱུ་
ཡིན་ནམ། ལན་ཞིག་གསུངས་རོགས་གནང་། ངའི་བསམ་པར་ང་ཚོའི་མངོན་འདོད་མ་འགྲུབ་བར་མུ་མཐུད་བཀའ་སྤྱི་གཉིས་ལས་གྲུབ་པའི་༼དགའ་ལྡན་ཕོ་བྲང་གཞུང་༽གི་ལང་ཕྱོགས་ཀྱི་རྒྱུན་ངེས་པར་དུ་བསྐྱངས་དགོས་ཀྱི་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ང་ཚོའི་མངོན་འདོད་ཡིག་ཆ་སྤྲད་པ་དེ་ད་ཆ་རྒྱ་ནག་དབང་འཛིན་པས་རྡོག་རོལ་མུ་མཐུད་
གཏོང་
བཞིན་པ་ལས་བཟང་པྱོགས་ཀྱི་འགྱུར་བ་སྤུ་ཙམ་ཡང་མ་བྱུང་བའི་ཕྱིར།
ཚོགས་གཙོ་མཆོག རྒན་ལྷ་མོ་སྐྱབས་ལགས།
ད་ཆ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ང་ཚོ་རྒྱལ་དར་གཅིག་གི་སྟེང་གི་སྐར་མ་ཆགས་ཟིན་པར་ཁས་ལེན་དགོས་སམ། དེ་ལྟར་ན་༸གོང་ས་མཆོག་གིས་ད་བར་ཞལ་གྱིས་མ་བཞེས་པའི་རྒྱ་ནག་གཞུང་གི་སྔོན་འགྲོའི་ཆ་རྐྱེན་དོན་
གྱིས་ཁས་བླང་བར་མི་འགྱུར་རམ། ཞི་མོལ་མ་བྱུང་བར་ང་ཚོའི་ངོས་ནས་༼བོད་རང་བཙན་༽གཙང་མའི་ལོ་རྒྱུས་ཀྱི་དམ་བཅའ་བརྟན་པོར་
འཛིན་དགོས་པ་མ་ཡིན་ནམ། ཡང་ན་ད་ཆ་གང་ཡང་མངོན་དུ་མ་གྱུར་བའི་སྐབས་འདི་ནས་དམར་ཤོག་ལ་ཡིད་ཆེས་ཀྱིས་ཅུང་ཟད་གློད་རྒྱུ་
ཡིན་ནམ། ལན་ཞིག་གསུངས་རོགས་གནང་། ངའི་བསམ་པར་ང་ཚོའི་མངོན་འདོད་མ་འགྲུབ་བར་མུ་མཐུད་བཀའ་སྤྱི་གཉིས་ལས་གྲུབ་པའི་༼དགའ་ལྡན་ཕོ་བྲང་གཞུང་༽གི་ལང་ཕྱོགས་ཀྱི་རྒྱུན་ངེས་པར་དུ་བསྐྱངས་དགོས་ཀྱི་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ང་ཚོའི་མངོན་འདོད་ཡིག་ཆ་སྤྲད་པ་དེ་ད་ཆ་རྒྱ་ནག་དབང་འཛིན་པས་རྡོག་རོལ་མུ་མཐུད་
གཏོང་བཞིན་པ་ལས་བཟང་པྱོགས་ཀྱི་འགྱུར་བ་སྤུ་ཙམ་ཡང་མ་བྱུང་བའི་ཕྱིར།
ལོ་རྒྱུས་ཐོག་གི་རང་བཙན་ནི་ཡོད་ཡོད་པ་རེད། དེ་མ་བཤད་ཀྱང་མེད་པར་འགྲོ་རྒྱུ་མེད་པ་རེད། ད་ལྟའི་གནས་བབ་ད་ལྟའི་གནས་བབ་རེད། ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་ཀྲུང་གོའི་མངའ་ཁོངས་སུ་གནས་བཞིན་པ་འདི་རེད། སྐད་ཆ་གཞན་ཞིག་ནས་བཤད་ན་བཙན་དབང་འོག་ལ་གནས་པ་རེད།
ད་དགའ་ལྡན་ཕོ་བྲང་བའི་བོད་གཞུང་ཟེར་བ་ཞིག་མེད་ལ་བོད་རང་བཙན་ཟེར་བའི་རྡོག་རྡོག་ཅིག་དེ་བས་ཀྱང་མེད། རྒྱལ་རྟགས་དང་བོད་གཞུང་གི་མིང་དང་བཅས་པ་གསར་བརྗེ་བྱས་ཚར་བ་རེད། དེ་བས་གནའ་བོའི་ལོ་རྒྱུས་ཤིག་བརྩད་ན་དོན་སྟོང་བ་རེད།
ཆབ་བྲག་ལགས།
དམར་ཤོག་སྲིད་གཞུང་ཕམ་ཉེས་འགྲོ་རྒྱུར་མ་སྒུག་རང་སྒུག་འདྲ་ཞིག་རེད། འོན་ཀྱང་ལས་འགུལ་སྤེལ་མི་དགོས་པ་ཞིག་བཤད་མེད་ལ་གོ་རིམ་དང་འཆར་གཞི་ལྡན་པའི་སྒོ་ནས་སྣ་མང་རང་བཞིན་ཅན་གྱི་ལས་འགུལ་སྤེལ་དགོས་ལ། ལས་འགུལ་སྤེལ་སྟངས་གཞིས་བྱེས་གཉིས་ལག་གདང་སྦྲེལ་དགོས་པ་མ་ཟད་འབོད་ཚིག་ཀྱང་གཅིག་པ་དགོས་པ་རེད། འབོད་ཚིག་དང་མངོན་འདོད་མི་གཅིག་པའི་ལས་འགུལ་ལ་ནུས་པ་འཐོན་རྒྱུ་ཞིག་དཀའ་མོ་རེད། ཆབ་སྲིད་ཀྱི་དྲིལ་བསྒྲགས་གང་མང་རྒྱལ་སྤྱིའི་རྒྱུད་ལམ་སྟེང་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ལྡན་ཡོད་ལ་འབད་རྩོན་ཡང་གནང་དགོས་ངེས་རེད།
ངས་རྒྱལ་སྤྱིའི་རྒྱབ་སྐྱོར་མི་དགོས་ཞེས་བཤད་མེད་ལ། ངས་ཁ་ཡོད་ལག་ཡོད་དམ་ཁ་བཤད་དོན་གནས་ཀྱི་རྒྱབ་སྐྱོར་བ་འཚོལ་དགོས་པར་འདོད།
ངས་དེ་སྔ་མང་མང་ཞུས་མྱོང་། རྒྱ་མི་རིགས་དེ་ཚོ་ཁ་ཕྱི་ལ་བསྐོར་ཡོང་དུས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་རང་བཞིན་གྱི་མངོན་ཡོང་གི་འདུག་ཞེས་བཤད་ཡོད། དཔེར་ན་ ༢༠༠༨ ལོར་ས་བྱི་ཞི་རྒོལ་སྐབས་དེ་དུས་བོད་ནང་གི་གནས་སྟངས་ནི་དྲག་པོའི་དམག་གིས་མདོ་དབུས་ཁམས་གསུམ་གང་སར་དམར་གསོད་དང་རྡུང་རྡེག་ཚ་ནན་འོག་བོད་མི་རིགས་ནི་དམྱལ་བ་མི་ཡུལ་དུ་མྱང་དགོས་བྱུང་བ་རྒྱལ་སྤྱིའི་རྒྱུད་ལམ་ཁག་ནང་མངོན་སུམ་དུ་རིག་རྒྱུ་ཡོད་ཀྱང་རྒྱ་ནག་ནང་རྒྱུད་ལམ་བཀག་འགོག་གི་མི་རིག་པར་ཆ་ཞོག། འོན་ཀྱང་ཕྱི་སྡོད་རྒྱ་རིགས་དང་རྒྱ་རིགས་སློབ་ཕྲུག་ཚོས་གསལ་གསལ་ཐིང་ཐིང་རིག་ཡོད་ཀྱང་ད་དུང་ང་ཚོར་ངོ་རྒོལ་བྱེད་སྟངས་ལ་བལྟས་ན་ཁོང་ཁྲོ་མ་ཟ་རང་ཟ་རེད། དངོས་གནས་བྱས་ན་དམངས་གཙོ་དང་འགྲོ་བ་མིའི་འཐོབ་ཐང་ཡར་ཐོན་ཅན་གྱི་ལུང་པར་བསྡད་ཡོད་པའི་ཁུལ་རེད། ཨ་ཙི་གཏོག་ཙམ་བསམ་བློ་གུ་ཡངས་དགོས་ལ་བསམ་ཤེས་ཀྱང་ཅུང་ཟད་དགོས་ངེས་རེད། དེ་ལྟར་མེད་ན་ཡང་ཁྲེལ་དང་ངོ་ཚ་ནི་ངེས་པར་དུ་དགོས་ཀྱང་དེ་ལས་ལྡོག་པར་བྱས་པ་ནི་མེ་ཚ་བའི་སྒང་ལ་ཤིང་བཤགས་པའི་དཔེ་ལྟར་སེམས་ལ་རྨ་ཁ་ཆེན་པོ་བཟོས་སོང་།
ཆབ་བྲག་ལགས་ཀྱིས་ཐུགས་རྒྱ་ཡངས་མདོག་གིས་ཁོ་ཚོར་ཐུགས་ཁག་མེད་ཅེས་གསུངས་པ་ནི་ཧ་ཅང་གི་ངོ་མཚར་ཆེ་ལ་ས་ཐོབ་ཀྱི་སེམས་དཔའ་མིན་ལས་ཆེ།
ངས་ནི་རང་ཉིད་ནུས་མཐུ་དང་འཇོན་ཐང་། ད་དུང་རང་ཉིད་ནུས་ཤུགས་ལྡན་པའི་རྡུལ་ཕྲན་འཚོན་ཚ་ཞིག་ཡིན་ཆོག་ཨ་བསམ་གི་འདུག། དེ་ལྟར་ཡིན་ན་ངས་གུང་ཁྲན་འདི་སྐད་ཅིག་གི་ཐལ་བའི་རྡུལ་དུ་བརླགས་རྒྱུ་ནི་ཐེ་ཚོམ་མེད། འོན་ཀྱང་རང་ཉིད་ལ་དེ་ལྟར་མི་ལྡན་ཙང་གནས་སྐབས་རིང་མི་འཁུར་རང་འཁུར་རེད། རེད་དེ་ངའི་བོད་དང་ངའི་མི་རིགས་ཀྱི་ཁ་རྗེ་དབང་ཐང་རྒྱུ་ནོར་ལོངས་སྤྱོད་ཚེ་སྲོག་བཅས་པར་གཉའ་སྣོན་ཤུ་ཞོག་དང་གཏོར་བཅོམ་འཕྲོག་གསུམ་བྱས་པའི་འཁོན་འཛིན་ཡོད་ལ། སྲོག་ལན་སྲོག་གི་འཇལ་རྒྱུ་ནི་མི་རྗེ་ཀུན་ལ་བདག་པར་སོང་ཙང་ངས་ནམ་ཡང་ཤ་འཁོན་ཡོད། དངོས་གནས་ཡིན་ང་ཤི་ཡང་འཁོན་འཛིན་ནམ་ཡང་ཡལ་མི་སྲིད་ལ་སེམས་གཙོ་སྨྲ་བ་རིང་ལུགས་ཀྱི་བརྗོད་པ་ལྟར་གདོན་འདྲེར་སྐྱེས་ནས་ཤ་འཁོན་འཇལ་སྲིད་པ་རེད། སྐབས་དེ་དུས་ཆབ་བྲག་ལགས་བཞུགས་ཡོད་ན་གཤིན་པོའི་སྦྱིན་སྲེག་གི་ཆོ་གར་བྲེལ་ནས་བཞུགས་མདོག་ཁ་པོ་རེད། རེད་པཱ་རྒན་ཆབ་བྲག་ལགས།
རྩོམ་པ་པོའི་མཐུན་ཚོགས་འདིའི་ནང་དུ་དབྱིན་ཡིག་ཏུ་རྩོམ་འབྲི་མཁན་གྱི་བོད་མི་རྩོམ་པ་པོ་ག་ཚད་ཅིག་ཡོད་དམ། རྩོམ་པ་པོ་རྣམས་བོད་ཡིག་གཅིག་པུའི་ནང་དུ་འབྲི་མཁན་ཡིན་ཚེ། དེ་ནི་སྐད་ཡིག་དང་འབྲེལ་བའི་ཆབ་སྲིད་ཀྱི་ཐོག་ནས་མགོ་བོ་ནང་གུག་ཙམ་བྱེད་རྒྱུ་མ་གཏོགས། མཐུན་ཚོགས་འདི་བོད་ཀྱི་སྤྱི་ཚོགས་ལས་བརྒལ་ཏེ་ཐར་ཆོད་རྒྱུ་ཞིག་ཨེ་ཡོད་བསམ་པ་ཞིག་འདུག
རྒྱ་ནག་གི་རྩོམ་པ་པོ་ཝང་ལིས་ཞུང་ལྟ་བུ་ལ་རྒྱལ་སྤྱིའི་ཐོག་ཏུ་བདག་པོ་བརྒྱག་མཁན་འདུག་ག བཙན་བྱོལ་ནས་བསྡད་དེ་སྨྱུག་ཁ་རྒྱལ་སྤྱི་ལ་ཕྱོགས་རྒྱུ་ནི་བོད་ཀྱི་རྩོམ་པ་པོ་ཚོའི་ལས་འགན་ཡིན་པར་འདོད།
གྲོགས་པོ་རྣམས་པ།
དོན་མེད་ཀྱི་བཤད་ཡ་མ་མང་།
དོན་མེད་ཀྱི་འབྲི་ཡ་མ་མང་།
གཞི་ལུས་བོད་མི་མང་ལ་གཟིགས་དང།
གཅེས་པའི་ལུས་སྲོག་དེ་བོད་ལ་འབུལ།
གཅེས་པའི་ཕ་མ་སོགས་རྒྱབ་ལ་བཞག་ནས་འགྲོ་བ་དེ་མཐོང་ཐོས་མ་བྱུང་ངམ།
ད་དུང་དྲྭ་བའི་མདུན་ལ་བདེ་ལྷོད་གེར་བསྡད་ནས་རུ་ང་ཕྲག་དོག་རྐྱང་པའི་གཞན་སྐྱོན་བརྗོད་པའི་མི་ཚེ་འདའ་བ་ལས་བོད་ཆོས་དང་མི་རིགས་ཀྱི་དོན་ལ་ཕན་པའི་རང་ནུས་གང་ལྕོག་གི་ཟས་བཅད་ངོ་རྒོལ་སོགས་གང་དྲག་གི་ལས་ལ་བརྩོན་དང་རང་གཞན་གཉིས་ཀ་ལ་དེ་དགེ་མཚན་ཆེ་བར་མཐོང་ངོ། དགོངས་པ་མ་ཁྲེལ་སྐུ་ཚེ་རིང་བར་ཤོག་གྲོགས་རྣམས་པ།།།
ཕྱི་སྡོད་རྒྱ་རིགས་ཀྱིས་༢༠༠༨ལོར་བོད་མིའི་ཁ་གཏད་དུ་ངོ་རྒོལ་བྱེད་དོན་ཅི་རེད། ཕར་ལ་རྒོལ་ན་ཚུར་ལ་ཡང་རྒོལ་བ་དེ་ང་ཚོ་མི་ནག་གི་རང་གཤིས་མིན་ནམ། རྒྱལ་སྤྱིའི་རྩེད་འགྲན་ཆེན་ཀྲུང་གོར་འཚོགས་རྒྱུར་ང་ཚོས་ངོ་རྒོལ་ཤུགས་ཆེན་པོ་བྱས་པས་ཁོང་ཚོ་ཡང་མ་དགའ་བ་རེད། རྒྱུ་མཚན་དེས་ཁག་མེད་པ་རེད་ཟེར་བ་ཡིན། གཉིས་ནས་སྐབས་དེར་རྒྱ་གཞུང་གིས་བོད་ཀྱི་ཞི་རྒོལ་གྱི་ངོ་བོ་དྲག་སྤྱོད་ཡིན་ཚུལ་དང་མི་རིགས་བར་གྱི་འགལ་བ་ཞིག་ཡིན་ཚུལ་ལ་འུར་སྒྲོག་བྱས་པས་ཀྱང་རེད།
དོན་ངོ་མ་ཕྱི་སྡོད་རྒྱ་རིགས་བརྒྱ་ཆ་དགུ་བཅུ་ཆབ་སྲིད་ལ་དོ་སྣང་མེད་པ་སྒོར་མོ་ཁོ་ནར་མགོ་འཁོར་ནས་ཡོད་པ་ཞིག་རེད། མི་རིགས་ཀྱི་ཞེན་ཁོག་སུ་ཆེ་བསྡུར་ན་བོད་དང་ཁ་ཆེ་སོག་པོ་སོགས་ཀྱང་ཨང་རིམ་དང་པོའི་ནང་ན་ལོས་ཡོད།
པེན་བོད་ཀྱི་མཐུན་ཚོགས་ནང་ན་དབྱིན་རྒྱའི་རྩོམ་འབྲི་བའམ་ཡིག་སྒྱུར་བ་ཡང་ཡོད། འོན་ཀྱང་གྲངས་ཚད་ཉུང་ངུ་རེད། བོད་མི་ཡིན་པའི་རྩོམ་འབྲི་བ་དང་སྒྱུ་རྩལ་པའི་རིགས་སུ་ཡང་ཞུགས་ཆོག་པ་རེད། སྒོ་ཕྱེས་ཡོད་པ་རེད། མ་ཞུགས་ན་ཐབས་ཤེས་མེད། ཆེད་དུ་འབོད་སྐུལ་ཡང་ཞུ་གིན་མེད།
བོད་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ན་ཡང་རང་བཙན་ལེན་པའི་ཐབས་ཚུལ་མེད། ད་དུང་གཞོན་སྐྱེས་མང་པོ་ཞིག་གིས་བོད་རང་བཙན་ཟེར་བའི་ལོ་རྒྱུས་རྒྱུབ་ལྗོངས་ཀྱང་ཡག་པོ་མི་ཤེས། ཚང་མས་བོད་རང་བཙན་ང་དགུ་ལོར་ཤོར་བ་རེད་ཅེས་དང། ཡང་ན་དོན་ཚན་བཅུ་བདུན་བཞག་པ་ནས་ཤོར་བར་ངོས་འཛིན་གྱིན་ཡོད་པ་རེད། ངོ་མ་བཤད་ན་དགའ་ལྡན་ཕོ་བྲང་བའི་མངའ་ཁོངས་ཀྱི་ཚད་གཞི་ངོ་མ་གང་འདྲ་ཞིག་ཆགས་ཡོད་མེད་ཀྱང་མི་ཤེས། ཕལ་ཆེ་བས་བོད་བཙན་པོའི་སྐབས་ཀྱི་བོད་ཆེན་པོ་དེ་འདྲ་ཞིག་དགོས་པར་འདོད་ཀྱིན་ཡོད། དེ་ནི་ལོ་ངོ་ཆིག་སྟོང་ལྷག་སྔོན་གྱི་གནའ་སྒྲུང་ཞིག་རེད། གལ་ཏེ་དེ་འདྲ་ཞིག་ད་དུང་རྩོད་དགོས་ན་འཛམ་གླིང་ན་རྙོག་གྲ་ཅི་འདྲའི་མང་པོ་ཞིག་འབྱུང་གི་རེད་ཨང།
བོད་རང་བཙན་རྩོད་མཁན་ཚོས་ཐོག་མར་བོད་ཀྱི་ལོ་རྒྱུས་ཡག་པོ་ཞིག་ཤེས་དགོས། འདབ་གཤོག་གཉིས་ལྡན་མེད་ན་དུས་རབས་ཉེར་གཅིག་པའི་གནམ་འཕང་གཅོད་མི་ཐུབ།
དྲག་མཚོན་སྤྱད་ནས་སྙིང་ནད་རྩོད་འདོད་རང་ཡིན་ན་དྲག་རྒོལ་དང་འཇིགས་སྐུལ་རིང་ལུགས་པའི་ལས་འགུལ་དངོས་སུ་སྤེལ་དགོས་པ་རེད། དེ་ནས་རང་གཞན་གཉི་ག་ལམ་སང་ཚར་འགྲོ་གི་རེད། དེའི་མདུན་ལམ་དེ་རེད། དེ་དཔའ་བོ་གླེན་པ་ཚོའི་སྤྱོད་ཚུལ་ཞིག་རེད།
སྨན་བླ་སྐྱབས་ཀྱི་ཚིག་ཅིག་གཡར་ན།
༼ལོ་རྒྱུས་ནི་ལོ་རྒྱུས་རེད། འགྱ་སོང་ནི་རེད༽ཅེས་པ་འདི་རེད། ལོ་རྒྱུས་སྟེང་གི་ཐོབ་ཐང་དེ་སུས་ཀྱང་མེད་པར་བཟོ་ནུས་ཀི་མ་རེད། ལོ་རྒྱུས་སྟེང་ན་ཡོད་པ་ཙམ་གྱིས་དེང་སང་མེད་པ་དང་། ལོ་རྒྱུས་སྟེང་ན་མེད་པར་དེང་སང་ཡོད་པ་དེ་འདྲ་དེང་གི་འཛམ་གླིང་འདིར་མཐོང་རྒྱུ་མང་གི
ཡང་ལོ་རྒྱུས་སྟེང་ན་ཡོད་པ་ལ་དེང་སང་མེད་ན་དེང་གི་བོད་མི་རིགས་འདི་ལ་བདེ་སྐྱིད་ལྡན་ནམ། རང་དབང་ཡོད་དམ། ཐོབ་ཐང་དགོས་སམ། ལོ་རྒྱུས་སྟེང་ན་ཡོད་མེད་དེས་ཕན་གི་མི་འདུག་སྙམ།
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/
འདི་ན་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་གཞས་ཚིག་ཅིག་ཡོད། སུ་ཞིག་གིས་ལེན་ཐུབ་པའི་རེ་བ་ཡོད།
བཀུར་འོས་ཆབ་བྲག་པ་ལགས།
ཉིད་ཀྱི་དྲྭ་རྒྱུའི་ནང་དུ་འཛུལ་མི་ཐུབ་ཀི ཁ་བྱང་ནོར་བ་མི་འགྲོ་བསམ་ནས་གང་སར་བཙའ་ཡང་མ་རྙེད་ཐལ། ཁོམ་པོ་རེ་བྱུང་ན་དྲ་བར་འཛུལ་སྟངས་ལ་སླར་ཡང་ལམ་སྟོན་རེ་གནང་ཐུབ་ན་་་་་་་་ང་གཙོས་པའི་ཀློག་མཁན་དང་ཉན་མཁན་ཚང་མར་ཕན་གྱིན་རེད་་་་་་་དེ་ཙམ་ཡིན་་་
རྩམ་དགའ་ལགས།
གོང་གསལ་ཁ་བྱང་དེའི་ཐོག་ལ་རྡེབ་ན་འཆར་གི་རེད། ཡང་མིན་ན་འོག་གི་ཁ་བྱང་འདི་ཐོག་ནས་གཟིགས་རོགས།
དཀར་ཆག་ནང་གི་་དེ་རིང་གི་སྒོ་བྱང་དང་དེའི་ནང་གསེས་དག་གསར་ཤོས་རིགས་ཡིན།
http://www.chapdaklhamokyab.fr/
ཆབ་བྲག་ལགས།
བོད་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ན་རང་བཙན་ལེན་པའི་ཐབས་ཚུལ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ༧སྐུ་མདུན་སྐུ་གོང་མས་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་འདུག། བྱས་ན་༧སྐུ་གོང་མས་བོད་རང་བཙན་ཟེར་བའི་ལོ་རྒྱུས་རྒྱབ་ལྗོངས་ཡག་པོ་མི་མཁྱེན་པ་ཨེ་རེད། དེ་ནས་ང་དགུའི་རྗེས་༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་གཞུང་བཅས་པ་བཙན་བྱོལ་དུ་ཕེབས་མ་ཐག་ཡང་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་བ་རེད། འོ་ན་༧གོང་ས་མཆོག་གིས་ཀྱང་བོད་རང་བཙན་གྱི་ལོ་རྒྱུས་རྒྱབ་ལྗོངས་ཡག་པོ་མི་མཁྱེན་པ་ཨེ་རེད། ད་དུང་བོད་རང་བཙན་གྱི་དཔའ་བོ་དཔའ་མོ་མང་པོ་བྱུང་དང་འབྱུང་བཞིན་པ་རེད་ཁོང་རྣམས་ཀྱིས་ཀྱང་དེ་དེ་བཞིན་མི་མཁྱེན་པ་འདྲ། མ་ཟད་ཁོང་རྣམས་ཀྱིས་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ཚད་གཞི་ངོ་མ་གང་འདྲ་ཡིན་མིན་མཁྱེན་གྱི་མེད་པ་འདྲ། བྱས་ན་མདོ་དབུས་ཁམས་གསུམ་ལ་སྔར་ནས་རང་བཙན་གཙང་མ་མེད་པ་ཆབ་བྲག་ལགས་དང་ཨ་ལགས་ཀླུ་སྨྱོན་ཚང་གིས་མ་གཏོགས་མཁྱེན་གྱི་མེད་པ་འདྲ།
ལོ་ངོ་ཆིག་སྟོང་སྔོན་བོད་བཙན་པོའི་སྐབས་ཀྱི་བོད་ཆེན་པོའི་རྒྱལ་ཁབ་དེ་གནའ་སྒྲུང་མ་རེད་ལ་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ཡོད་པ་རེད། དེ་རྩོད་ན་འཛམ་གླིང་ན་རྙོག་གྲ་བཟོ་བྱེད་ཅིག་ཨེ་རེད། འོ་ན་དེ་འདྲ་ཞིག་རྩོད་མི་ཆོག་པ་ཞིག་གང་ན་འདུག། བོད་རང་བཙན་རྩོད་མཁན་ཚོས་ལོ་རྒྱུས་ཤེས་ནས་རྩོད་ཀྱི་ཡོད་རེད་ལ་རང་བཙན་མིན་པ་ལ་རང་བཙན་ཡིན་ཟེར་གྱིན་མེད་པ་རེད། བྱས་ཙང་ཇིའུ་མི་རིགས་ལ་དཔེ་ལོངས་སྔར་ནས་ལོགས་སུ་གྱུར་པའི་རང་བཙན་རྒྱལ་ཁབ་ཞིག་མེད་པ་ལ་ད་ཆ་རང་བཙན་གྱི་རྒྱལ་ཁབ་ཞིག་བསྐྲུན་འདུག། ང་ཚོ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཡིན་གིན་ཡིན་གིན་ལ་རང་བཙན་མ་རེད་ལབ་ན་གུང་ཁྲན་ལ་ཐུགས་ཁག་ཅི་ཡོད། དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་ཞེས་པའི་དཔེ་ལྟར་གུང་ཁྲན་ཚང་ལ་གསོལ་སྤགས་འབུལ་མཁན་གྲས་རང་རེད། བྱབ་ཆུང་འདི་ཚོའི་སྐད་ཆར་བྲོ་བ་མེད་ཀི། དེ་འདྲ་ཡིན་ན་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་མི་ལོག་པར་གང་ཡིན་ནམ། ཁྱེད་ལ་སྣེ་ལེན་ཟབ་རྒྱས་ཞུ་ངེས། བོད་རྒྱལ་ལོ། བོད་རང་བཙན་རྒྱལ་ལོ། ཀི་ཀི་སཱོ་སཱོ་ལྷ་རྒྱལ་ལོ། རྗེ་ཡི་འགོ་ལྷ་བཅུ་གསུམ་རྒྱལ་ལོ། འབངས་ཀྱི་སྲོག་ལྷ་བཅུ་གཉིས་རྒྱལ་ལོ།
རྒན་ཆབ་བྲག་ལགས་ནས་ལམ་སྟོན་གནང་བར་བཀའ་དྲིན་ཆེ།
དྲྭ་གྲོགས་གསེར་འབྲུག་སྡེར་ལྔ་ལགས་་་་་ངར་མ་ལངས། ང་ཚོ་ཚང་མ་ལ་རང་བཙན་གཙང་མ་ཐོབ་ན་བསམ་པའི་རེ་བ་ཡོད་པ་གཅིག་པ་རེད། ཡིན་ཡང་ད་ལྟའི་རྒྱ་ནག་གི་གནས་བབ་དང་བོད་ཀྱི་ཛ་དྲག་གནས་སྟངས་སོགས་ཕྱོགས་མང་བོ་ཞིག་ལ་གཟིགས་ནས་རང་བཙན་ནས་རང་སྲིད་རང་སྐྱོངས་ལ་ཕེབས་པ་རེད། བོད་མི་རེ་རེར་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ངེས་ལ། ཨ་མའི་བུ་སུས་འཇོན་ཡང་རང་བཙན་ལེན་ཆོག་གི་རེད། རང་བཙན་ལེན་པའི་ཐབས་ཚུལ་མ་རྙེད་ཙང་དབུ་མའི་ལམ་ལ་ཕེབས་པར་གསལ་བོ་རེད་པ། མ་གཞི་ནས་རང་བཙན་རྩོད་པའི་ཐོབ་ཐང་དང་་་་་རང་བཙན་ལེན་པའི་ཐབས་ཚུལ་གཉིས་རྩ་ནས་གཅིག་པ་མ་རེད། བོད་མི་སུ་ཡིན་ཡང་རང་བཙན་རྩོད་པའི་ཐོབ་ཐང་ཡོད་པས་རང་བཙན་ལེན་པའི་ཐབས་ཚུལ་སྟོན་ཤོག་ལབ་ན་ཅུང་ཁག་པོ་མ་རེད་དམ། ང་འདྲ་བའི་བོད་མི་མང་བོ་ཞིག་གིས་བོད་འདི་དེ་སྔོན་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ཤེས་ཀྱིན་ཡོད་ན་ཡང་། གཞན་གྱིས་བཙན་འོག་ལ་ཤོར་ཟིན་པའི་རྒྱལ་ཁབ་འདི་ཚུར་ལེན་ཐབས་ལ་མགོ་རྨོངས་ནས་ཡོད། དབུ་མའི་ལམ་འདི་ལས་གཞན་ཐར་ལམ་གསར་བ་ཞིག་རྙེད་ཀྱིན་མེད། དེ་ཙམ་ཡིན།
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་མིང་ཐོག་ནས་རྒྱ་ནག་གི་སྤྱི་ཁྱབ་སྲིད་འཛིན་ལ་བསམ་ཚུལ་ཕུལ་འབྱོར་ཐུབ་པ་དེ་ཡག་པོ་ཞེ་དྲག་རེད་བསམ་གི་འདུག །དངོས་ཡོད་དང་འཚམས་པའི་གནས་ཚུལ་བརྗོད་འདུག་ལ་རྩོམ་པ་པོ་ཚོས་ཡིག་ཐོག་ནས་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་བར་ཡང་རྒྱ་རིགས་གྲོགས་པོ་དང་མཉམ་དུ་ཡིག་ཐོག་ནས་བསམ་ཚུལ་བརྗེ་ལེན་གང་མང་བྱེད་ཐུབ་ན་དགེ་མཚན་ཆེ་བར་ངོམ། བྱུང་ཚར་བ་ནི་བྱུང་ཚར་བ་རེད། དེ་བས་འཛམ་གླིང་གི་འགྱུར་བ་དང་བསྟུན་ནས་དངོས་པོ་དང་འཚམས་པའི་ལམ་བུར་བསྐྱོད་ཐུབ་པ་བྱུང་ན་ལམ་ཁ་ཡག་ཤོས་ཤིག་རེད་བསམ་གི་འདུག །རང་བཙན་ཟེར་བ་ས་ཆའི་བདག་དབང་ཞིག་རེད། འདི་ཡང་འགྱུར་མེད་རྟག་བརྟན་ཞིག་ཨེ་ཡིན་སྙམ། སྔོན་ནས་ད་བར་སྟོབས་ཆེ་བས་སྟོབས་ཆུང་བ་ཟོས་ནས་ཡོང་བ་རེད། ད་ཆ་འཛམ་གླིང་སྤྱི་ཡོངས་ཀྱིས་ཁས་ལེན་པའི་རང་བཙན་རྒྱལ་ཁབ་བརྒྱ་དང་གོ་ལྔ་ཡོད་པ་རེད། ཐེ་ཝན་རྩིས་ན་བརྒྱ་དང་གོ་དྲུག་རེད། དེའི་ནང་དུ་བོད་ཚུད་ཡོད་པ་མ་རེད། སྔར་གྱི་ལོ་རྒྱུས་གཅིག་བུ་བགྲང་ནས་ཁུངས་འཁྱོལ་བ་ཞིག་ཨེ་ཡོང་སྙམ། ད་ལྟའི་ཆར་བོད་ནང་གི་དངོས་ཡོད་དཀའ་ངལ་ནི་བོད་མིའི་ཐོབ་ཐང་དེ་རེད། འདི་མེད་པ་ཡིན་ཙང་ཐ་ན་རང་གི་ལུས་སྲོག་མེར་བསྒྲོན་ནས་ཐོབ་ཐང་འདི་རྩོད་ལེན་བྱེད་གི་ཡོད་པ་རེད།
གསེར་འབྲུག་སྡེར་ལྔ་ལགས།
” ད་དུང་གཞོན་སྐྱེས་མང་པོ་ཞིག་གིས་བོད་རང་བཙན་ཟེར་བའི་ལོ་རྒྱུས་རྒྱུབ་ལྗོངས་ཀྱང་ཡག་པོ་མི་ཤེས།”ངས་བཤད་པའི་ཚིག་དེ་འདི་རེད། ཁྱོད་ཀྱིས་ཁ་གཞན་ཞིག་ལ་བསྒྱུར་ན་འབྲེལ་མེད་དོན་གཞན་རེད།
ལོ་ཆིག་སྟོང་སྔོན་གྱི་དོན་དག་ཅིག་རྩོད་ན་དེ་ཤི་ཚར་བའི་རོ་ཞིག་གླེང་བ་འདྲ་བོ་རེད། མ་གཞི་ནས་བཙན་པོའི་སྐབས་ཀྱི་རྒྱལ་ཁབ་ཆག་ཉེས་དེ་གུང་ཁྲན་ཏང་ལ་འབྲེལ་བ་ཅི་ཡང་མེད། མི་རིགས་ཚང་མས་ཁྱོད་ལྟར་གནའ་སྔ་མོའི་རོ་ཞིག་ཡར་ལངས་དགོས་པར་རྩོད་ན་སྤྱི་ཚོགས་འཆམ་མཐུན་དང་ལྷིང་འཇགས་ཟེར་བ་ཞིག་ཡོང་ཐབས་མེད།
རྩམ་དགའ་དང་མིག་བརྒྱད་པ་རྣམ་པ་གཉིས་ཀྱི་དངོས་ཐོག་བདེན་འཚོལ་གྱི་གླེང་མོལ་འདི་རིགས་ལ་བསམ་གཞིགས་གནང་རོགས།
བོད་རང་བཙན་རྩོད་མཁན་ཚོས། ཐོག་མར་བོད་རང་བཙན་གྱི་ཚད་གཞི་དེ་ཐག་བཅད། དེ་ནས་དེ་ཇི་ལྟར་ཤོར་ཚུལ་གྱི་བྱུང་རིམ་བཤད། དེ་ནས་ད་ལྟའི་གནས་བབ་དངོས་གླེང། དེ་ནས་རང་བཙན་དེ་འདྲ་ཞིག་བསྐྱར་གསོ་བྱེད་པར་ང་ཚོར་རྨང་གཞི་དང་མཐུན་རྐྱེན་ཅི་ཞིག་ཚང་མིན་ལ་བལྟས། དེ་ནས་ཐབས་ཚུལ་གང་ཞིག་ཡོད་མེད་བཅས་ལ་དཔྱད་ཞིབ་བྱས་རྗེས་གཞི་ནས་རྨི་ལམ་དེ་མངོན་འགྱུར་ཐུབ་མིན་ཐག་གཅོད་འོས། གཞི་ལམ་འབྲས་བུའི་རྣམ་གཞག་ཅི་ཡང་མེད་པར་བོད་རང་བཙན་ཡིན་་བོད་རང་བཙན་ཡིན་་ཞེས་མ་ཎི་འདོན་འདོན་བྱས་ནས་ཅི་ལ་ཕན།
མ་གཞི་ནས་འབོད་ཚིག་དེས་བོད་རང་བཙན་མ་རེད་ཅེས་བཤད་མཁན་ཚོར་ང་ཚོར་རང་བཙན་ཡིན་ཞེས་ལན་བཏབ་པ་ཙམ་རེད། དེ་ལས་བོད་བཙན་དགོས། བོད་རང་བཙན་ལེན་གི་ཡིན། རང་བཙན་འཐབ་རྩོད་བྱེད། ལྟ་བུའི་འབོད་ཚིག་ནི་ཁྱོད་རང་ཚོ་ལ་དགོས་ངེས་ཀྱི་འབོད་ཚིག་དག་རེད། རྗེས་མ་ནས་སྐད་འབོད་རྒྱག་ན་རྒྱག་ཤེས་དགོས།
གལ་སྲིད་ཁྱེད་རྣམ་པ་ལྟར་བོད་རྒྱ་འོག་ཏུ་ཡིན་པ་གཟི་བརྗིད་དུ་རློམ་གྱི་ཡོད་ན།
༸གོང་ས་མཆོག་གིས་རྒྱ་ནག་གཞུང་ནས་སྟོན་པའི་སྔོན་འགྲོའི་ཆ་རྐྱེན་དེ་ཚོ་ཞལ་བཞེས་མ་གནང་བར་བོད་མི་མང་པོའི་ཚེ་སྲོག་ཤོར་དུ་འཇུག་དགོས་དོན་གང་ཡིན་ནམ། རང་བཙན་རྩོད་པའི་སྤོབས་པ་དང་།ཐབས་ལམ།
གཟི་བརྗིད་བཅས་གང་ཡང་མེད་སྙམ་ནས་རྒྱ་གཞུང་གང་བཤད་ཉན་དགོས་ན་། ལོ་རྒྱུས་སྟེང་གི་བོད་རང་བཙན་ ཞེས་པའི་ཚིག་སྐམ་པོ་དེ་ཙམ་ཞལ་བཞེས་གནང་ན་སྐྱོན་གང་ཡོད་དམ། གནད་དོན་འདིའི་ཐད་རྒྱ་གཞུང་དཱོགས་གཞི་གཙོ་བོ་དེ་ཆགས་ཡོད་པས་དགོས་མེད་ཀྱི་ཚིག་སྐམ་འདི་ཙམ་གྱི་དོན་དུ་བོད་མི་སྟོང་
ཕྲག་མང་པོའི་ཚེ་སྲོག་དང་རྒྱུ་ནོར་དང་བཅས་པ་མང་པོ་ཤོར་དང་ཤོར་བཞིན་པ་མ་ཡིན་ནམ།
ཁོ་བོའི་རྨོངས་འཆར་ནི། ད་ལྟའི་གནས་སྐབས་ཀྱི་བོད་རང་བཙན་རྩོད་པའི་ཐབས་ལམ་ཡག་ཤོས་དེ་གཞོན་སྐྱེས་སེམས་ཤུགས་ཆག་རུ་མ་བཅུག་
པར་བསམ་བློའི་སློབ་གསོ་གཏིང་ཟབ་འདས་པའི་ལོ་རྒྱུས་དང་སྦྲེལ་ནས་བོད་རང་བཙན་གྱི་ལྟ་བ་དང་བོད་མིའི་ངོ་བོ་མཚོན་བྱེད་
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། ཕ་སྐད་་། ་རིག་གཞུང་དང་བཅས་པ་སྲུང་སྐྱོབ་བྱས་ཏེ་རྒྱ་གར་ལ་མཐའ་མཚམས་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ལ་ཉེན་ཚབ་ཤིན་ཏུ་
ཆེན་པོ་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་དེ་ཡིན།
བོད་རང་བཙན་དང་དབུ་མའི་ལམ་མངོན་འདོད་གཉིས་བར་ལ་འགྲུབ་དཀའ་སླའི་ཁྱད་པར་དང་། སྒྲུབ་དཀའ་སླའི་ཁྱད་པར་གང་ཡང་མེད་པ་མ་ཟད། མྱུར་དལ་གྱི་ཁྱད་པར་དེ་བས་ཀྱང་མེད་པས་དེ་དག་ལ་མགོ་འཁོར་དགོས་དོན་གང་ཡང་མེད།
རྒྱུ་མཚན་དེའི་དབང་གིས་ད་ཆ་ང་ཚོས་བོད་རང་བཙན་གྱི་ལྟ་བ་བརྟན་པོར་འཛིན་རྒྱུ་ནི་བོད་རང་བཙན་སླར་གསོ་བྱ་ཆེད་ཀྱི་
ཐབས་ལམ་གྱི་གཙོ་བའི་ནང་གི་གཙོ་བོ་དེ་ཡིན་པས་། དམིགས་ཡུལ་དེ་དག་གཙོ་བོར་བཞགས་ཏེ་ལས་འགུལ་སྣ་མང་སྤེལ་ན་མྱུར་དུ་འཐོབ་པར་ཐེ་ཚོམ་གང་ཡང་མེད་དོ་།
ནོར་བཅོས། ༡༽ ཞལ་བཞེས་མ་གནང་ན་སྐྱོན་གང་ཡོད་ཅེས་དགག་སྒྲ་བསྣན་རོགས་གནང་།
༢༽ལོ་རྒྱུས་དང་སྦྲེལ་ནས་རྒྱབ་ཏེ་ཞེས་སོགས་སུ་བཅོས་གནང་མཁྱེནེ། མི་ཡག་ཡག་མདོགས་དང་མི་བཟང་བཟང་མདོགས་ཀྱི་
བྱབ་ཆུང་གི་སྐད་ཆ་དེ་ཚོ་ནི་རང་མགོ་རྡུང་བྱེད་ཀྱི་ཐོ་བ་དང་གཉིས་སུ་མ་མཆིས་སོ།
བོད་ཀྱི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་འདི་ལ། རང་བཙན་རྩོད་མཁན་དང་དབུ་མའི་ལམ་འདོད་མཁན་ཚང་མ་ལ་སེམས་ཁྲལ་ཡོད་པ་འདྲ་འདྲ་རེད་ལ། སེམས་ཤུགས་དང་ལ་རྒྱལ་ཡོད་པའང་གཅིག་མཚུངས་རེད། ཡིན་ཡང་ང་ཚོའི་ལངས་ཕྱོགས་མ་འདྲ་བས་ལས་མགུལ་གང་སྤེལ་ཡང་ནུས་པ་དེ་ཙམ་སླེབས་ཀྱིན་མེད་པར་ཁས་མི་ལེན་རང་ལེན་རེད། ལངས་ཕྱོགས་འདི་གཉིས་ལས་གང་གིས་ཛ་དྲག་གི་གནས་སྟངས་འདི་ལས་འགྱོགས་པོ་ཐར་ཐུབ་མིན་ལ་བསམ་བློ་ཞིབ་མོར་བཏང་དགོས་པ་གལ་ཆེན་པོ་རེད། རང་བཙན་རྩོད་མཁན་ཚོས་ངེས་པར་དུ་ཤེས་དགོས་པ་དེ་སྔོན་གྱི་ལོ་རྒྱུས་གཅིག་པུ་མ་ཡིན་པར། ད་ལྟའི་རྒྱ་ནག་གི་གནས་བབ་དང་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོད་མེད་བཅས་ལ་བལྟ་དགོས་པ་རེད། དབུ་མའི་ལམ་དུ་ཕེབས་མཁན་ཚོས་ཀྱང་༧་གོང་ས་མཆོག་དང་གཞུང་གི་འཛིན་སྐྱོངས་གཅིག་པུར་བལྟས་ནས་འདུག་མི་ཉན་པར་རྒྱ་བོད་ཞི་བའི་གྲོས་མོལ་ཡོང་བར་ཐར་ལམ་ཕྱོགས་འདྲ་མིན་ནས་འཚོལ་དགོས་པ་རེད། རྒྱ་མིའི་སྲིད་ཇུས་འདི་ལ་མི་དགའ་མཁན་ང་ཚོ་གཅིག་པུ་མ་རེད། རྒྱལ་ཁབ་ཕལ་ཆེ་བ་དགའ་མོས་མེད་ན་ཡང་དཔར་འབྱོར་དང་མི་གྲངས་དམག་གི་སྟོབས་ཤུགས་བཅས་གང་གི་ཕྱོགས་ནས་དོ་གི་མེད་ཙང་ཁ་རོག་གེར་མི་འདུག་རང་འདུག་འདྲ་ཞིག་ཆགས་ཡོད་རེད། ངས་འདི་ནས་ང་ཚོ་ཁ་རོག་འདུག་དགོས་ཞུས་ཞུ་གི་མེད། ཕྱོགས་ཚང་མ་ལ་བལྟ་དགོས་པ་དང་་་་རང་བཙན་དང་་་དབུ་མ་་་་འདི་གཉིས་ཀྱི་བར་ཐག་རིང་ཐུང་དང་་་་་རྒྱལ་སྤྱིའི་རྒྱབ་སྐྱོར་གང་གི་ཕྱོགས་ལ་ཡོང་གི་འདུག་པར་ཤེས་རྒྱུ་གལ་ཆེན་པོ་རེད་ཅེས་ཞུའོ། །
དྲ་གྲོགས་རྩམ་དགའ་ལགས་ཀྱི་དངོས་ཐོག་བདེན་འཚོལ་གྱི་དགོངས་ཚུལ་གསུངས་པར་དགའ་བྱུང་།
ངས་ངར་ལངས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཆབ་བྲག་ལགས་ཀྱིས་བོད་འདི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རང་བཙན་གཙང་མ་མ་ཡིན་པར་རྒྱ་ནག་གི་ཆ་ཤས་རྒྱ་སྡེ་ཡིན་པ་འདྲ་ཞིག་མང་མང་བཤད་སོང་བ་མ་ཟད་ཁོང་ལ་རྒྱ་ཞེན་བླ་ན་མེད་པ་ཞིག་འདུག་པས་ངར་མ་ལངས་རང་ལངས་འདྲ་ཞིག་ཆག་སོང་། སྤྱིར་ངས་ནམ་རྒྱུན་རང་བཙན་དང་རང་སྐྱོང་གཉིས་ཀ་འབྲས་བུའི་དོན་ལ་མཉམ་གནས་རེད་ལབ་ཀྱི་ཡོད། རྒྱུ་མཚན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱངས་དམར་ཤོག་སྲིད་གཞུང་འགྱུར་བ་ཕྱིན་མ་ཕྱིན་ལ་རག་ལུས་པ་རེད། དེ་ཡང་དམར་ཤོག་སྲིད་གཞུང་མགོ་རྟིང་ལོག་ནས་ཀྲུང་གོ་དམངས་གཙོ་ཡང་དག་པའི་ཕྱོགས་སུ་སྐྱོད་ན་ང་ཚོར་རང་བཙན་འཐོབ་སྲིད་པ་རེད་ལ་རང་སྐྱོང་ཡང་འཐོབ་སྲིད་པ་རེད། དེ་མིན་རང་བཙན་བཞག་ནས་རང་སྐྱོང་ཡང་དཀའ་བའི་གནས་རེད། ཅི་རེད་ལབ་ན་ང་ཚོས་ཀྲུང་གོར་མགོ་འབུལ་ལུས་འབུལ་གྱིས་རང་སྐྱོང་མངོན་འདོད་ཡིག་ཆ་དེ་ལ་ཀྲུང་ནན་ཧེའེ་ནས་ནམ་ཡང་ངོས་ལེན་མེད་མཁར་ངོ་བོ་བསྒྱུར་བའི་རང་བཙན་དང་། རྣམ་པ་མི་མངོན་པའི་རང་བཙན། ཕྱེད་རང་བཙན་སོགས་རང་བཙན་རྣམ་པ་དུ་མར་དབྱེ་འདུག།
རང་བཙན་ལེན་པའི་ཐབས་ཚུལ་དང་རང་སྐྱོང་ལེན་པའི་ཐབས་ཚུལ་གཉིས་ལ་བལྟས་ན་ང་ཚོའི་མིག་སྔར་འཆར་འོང་བ་ནི་རང་སྐྱོང་ལེན་པའི་ཐབས་ཚུལ་ཁོ་ན་བཟང་ཤོས་འཆར་སྲིད་ཀྱང་དོན་དངོས་ལ་རྙོག་འཛིང་རང་བཞིན་ཅན་གྱི་ཞི་མོལ་དང་གྲོས་མོལ་འབྲེལ་མོལ་གྱི་རྒྱུད་རིམ་མང་པོའི་ནང་ནས་གསལ་པོར་རྟོགས་ཐུབ། དེ་ཡང་དངོས་ཐོག་བདེན་འཚོལ་གྱི་གནས་ལུགས་ལ་བལྟ་དགོས་པར་འདོད།
མིག་བརྒྱད་པའམ་ཚངས་པ་ལགས།
ད་ཆ་གོ་ལ་ཧྲིལ་པོར་རྒྱལ་ཁབ་བརྒྱ་དང་གོ་ལྔའི་ནང་ཁོ་སཱོ་ཝོ་ཚུད་ཡོད་དམ་མེད། ཡོད་ན་ལོ་གཉིས་གོང་གི་ཁོ་སོ་ཝོ་དེ་འཛམ་གླིང་རྒྱལ་སྤྱིས་ངོས་ལེན་ཡོད་དམ་མེད། མེད་ན་ལོ་གཉིས་གོང་རང་བཙན་གང་འདྲ་སེ་རག་པ་རེད་དམ། དེ་ནས་ཐེ་ཝན་རྒྱལ་སྤྱིས་རྒྱལ་ཁབ་གཅིག་ལ་ངོས་ལེན་ཡོད་དམ་མེད། མེད་ན་ཁྱོད་ཀྱིས་རྒྱལ་ཁབ་བརྒྱ་དང་གོ་དྲུག་ནང་བཞག་དགོས་དོན་གང་ཡིན་ནམ། མ་ཟད་ཐེ་ཝན་རང་བཙན་གཙང་མ་རེད་དམ་མ་རེད། ཐེ་ཝན་རྒྱ་ནག་གི་ཆ་ཤས་རེད་དམ་མ་རེད། མ་ཡིན་ན་རྒྱལ་སྤྱིས་ངོས་ལེན་ཡོད་མེད་ལ་བལྟ་དགོས་དོན་གང་ཡིན་ནམ། ལན་གསལ་པོ་ཡོད་པར་བགྱིས།
ཆབ་བྲག་ལགས།
བོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རང་བཙན་རེད་དམ་མ་རེད། འོ་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བོད་འདི་ཀྲུང་གོའི་མངའ་ཁོངས་རེད་དམ་མ་རེད། དྲི་བ་གཅིག་འདི་ཡིན།
དེ་ནས་ལོ་ངོ་ཆིག་སྟོང་སྔོན་གྱི་བེམ་རོ་དེ་རོ་ལངས་རྒྱགས་སྲིད་པ་རེད་ལ། དཔེར་ན་ད་ལོ་ཨེ་ཇིབ་དཔྱིད་ཀའི་གསར་རྗེའི་ལས་འགུལ་གྱིས་ཨ་རབ་གླིང་གི་རྒྱལ་ཁབ་མང་པོ་ལོ་ངོ་སྟོང་ཕྲག་ནང་བྱུང་མ་མྱོང་བའི་རོ་ལངས་ཆེན་པོ་རྒྱབ་སོང་ལ་ཉེ་འཆར་རང་ལཱི་བཱི་ཡའི་དྲག་པོའི་སྲིད་དབང་སྒེར་འཛིན་གཱ་དྷ་ཧྥི་དམར་གསོད་བཏང་ནས་གནམ་སའི་འགྱུར་ལྡོག་ཕྱིན་སོང་ལ་མི་སྲིད་པ་མང་པོ་བྱུང་དང་འབྱུང་བཞིན་པ་རེད།
དེ་ནས་སྤྱི་ཚོགས་འཆམ་མཐུན་དང་ལྷིང་འཇགས་ཟེར་བ་དེ་གང་འདྲ་ཞིག་ངོས་འཛིན་དགོས་སམ། དེ་ཕྱོགས་གཉིས་ཀར་ལྟོས་དགོས་རེད་ཡང་ན་ཕྱོགས་ཡ་གཅིག་ལ་ལྟོས་དགོས་རེད། ངས་ངོས་འཛིན་ནོར་མེད་ན་ཁྱེད་ཀྱིས་གསུངས་པ་ལྟར་ན་ང་ཚོས་གུང་ཁྲན་ལ་བསྟུན་པ་མ་གཏོགས་གུང་ཁྲན་གྱི་ང་ཚོར་ཚུར་བསྟུན་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ། སྐད་འབོད་དེ་ཡང་རང་ཉིད་ཀྱི་མངོན་འདོད་ལབ་མི་ཆོག་པ་འདྲ་ཞིག་ག་རེ་རེད། ཕར་སྟུན་མཁས་ག་ཚོད་བྱས་ཀྱང་ཚུར་དམར་གསོད་དང་བཙོན་འཇུག་རྡུང་རྡེག་ཚ་ནན་ཀྱང་ཀྱང་སྤྱི་ཚོགས་འཆམ་མཐུན་དང་ལྷིང་འཇགས་ག་པར་ནས་བསྐྲུན་དགོས་རེད། ཧུའུ་ཡིས་འཆམ་མཐུན་སྤྱི་ཚོགས་ཟེར་བ་དེ་ཁོ་པའི་བྱ་སྤྱོད་ལ་བལྟས་ན་ཁོ་རང་གི་རྨི་ལམ་བཏང་ན་མ་གཏོགས་མངོན་འགྱུར་ཡོང་མི་སྲིད་པ་ཞིག་རེད།
དེ་ནི་ཁྱེད་རང་གིས་ཧུའུ་ཡི་རྗེས་མཐུན་དང་རྗེས་ཟློས་འདྲ་ཞིག་ཆགས་འདུག།
དེ་ནས་ཆབ་བྲག་ལགས་ངོ་རྒོལ་དང་རྔམ་སྟོན་ཁྲོམས་བསྐོར་ལ་ཕེབས་ཀྱི་ཡོད་ཤག། ཡོད་ན་འབོད་ཚིག་ག་རེ་བསྒྲོགས་གནང་གི་ཡོད། ངས་ངོས་འཛིན་ནོར་མེད་ན་ཁྱེད་ཀྱིས་ཕྱག་ལ་སྐར་ལྔའི་དར་དམར་བསྣམས་ཞལ་ནས། བོད་ཀྲུང་གོའི་ཆ་ཤས་རེད། རྒྱ་རིགས་དང་བོད་རིགས་ཕ་མ་གཅིག་གི་སྤུན་རེད། བོད་ལ་རང་སྐྱོང་དགོས། ང་ཚོ་ལ་གང་ཡང་མི་དགོས། ང་ཚོ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་གི་ཡིན་ཞེས་སྐད་འབོད་གནང་གི་མེད་དྲོ། ངས་ནི་སྐད་འབོད་དང་ངོ་རྒོལ་རྔམ་སྟོན་ཁྲོམས་བསྐོར་ལ་འགྲོ་དུས་ལག་པར་གངས་སེང་གི་དཔར་རིས་ཅན་གྱི་བོད་ཀྱི་རྒྱལ་དར་དེ་འཁྱེར་ཁ་ནས་གང་བྱུང་མང་བྱུང་རེད། ཆབ་བྲག་ལགས་ནང་བཞིན་གོ་རིམ་དང་འཆར་གཞི་དེ་འདྲ་ཞེ་དྲག་ཡོད་མ་རེད། འདི་ལྟར། བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་གུང་ཁྲན་མར་རྒྱུགས། མར་རྒྱུགས་མར་རྒྱུགས་དམྱལ་བར་རྒྱུགས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྱི་ལོར་བརྟན་པར་ཤོག། བོད་ཀྱི་དོན་གྱི་བདག་པོ་ཡིན་ཙང་བོད་ལ་ཞབས་སོར་འཁོད་པ་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་དགོས། བོད་ནང་ཆོས་དད་རང་མོས་དགོས། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དབུས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ག་མྱུར་གློད་བཀྲོལ་་དགོས། བོད་ནང་དམར་གསོད་འཚམས་འཇོག་དགོས། མཉམ་འབྲེལ་རྒྱལ་ཚོགས་གཉིདལས་ལོངས་གཉིད་ལས་ལོངས། སོགས་འདྲ་མིན་རེད་ཆབ་བྲག་ལགས་ཀྱི་གཟིགས་ན་སྐད་འབོད་རྒྱག་ཤེས་ཀྱི་མི་འདུག་དགོངས་ཀྱི་རེད་དེ་ང་རང་གི་སེམས་ནང་གི་འབོད་ཚིག་ཡིན་ལྷད་མེད་དྭངས་གཙང་ཡིན་ལ་ངས་ནམ་ཡང་འབོད་ཚིག་དེ་ལས་འགྱུར་བ་མེད།
དེས་ན་མཐའ་མར་དྲི་བ་གཅིག་ཡོད། ཐབས་ཚུལ་བཟང་བའི་དབུ་མའི་ས་ལམ་གྱི་རང་སྐྱོང་མངོན་འདོད་དེ་གོ་རྒྱུ་ཚོད་རྒྱུ་དང་མཐོང་མཐོང་རིག་རིག་མེད་པ་ག་རེ་བྱས་པ་རེད་ཞེས་འདྲི་ཡི་ཡོད།
སྐུ་ཚེ་ཁྲི་ལོ་ནས་ཁྱི་ལོ་ཞེས་པ་དེ། ཁྲི་ལོར་བཅོས་རོགས།
སྤྱི་ལོ་༢༠༡༡་ཟླ་བ་༩་ཚེས་༤་ལ་ས་རྒྱུས་རིག་པས་ཐོ་འགོད་བྱས་པ་ལྟར་ན་ཐེ་ཝན་ཚུད་པའི་རང་བཙན་རྒྱལ་ཁབ་བརྒྱ་དང་གོ་དྲུག་ཡོད་པ་རེད། ཨི་ཊ་ལིའི་རོ་མན་ཨེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ལྟེ་གནས་ vatican ་ནི་འཛམ་གླིང་ནང་རང་བཙན་རྒྱལ་ཁབ་ཆུང་ཤོས་དེ་ཡིན་པ་རེད། མི་འབོར་༧༧༠་ཙམ། རྒྱ་ཁྱོན་ཀི་ལོ་མི་ཊར་༢་ཙམ་གྱི་གྲོང་ཁྱེར་དེ་ནི་ཨེ་ཤུའི་བླ་ཆེན་སྦོལ་མཆོག་གི་གདན་ས་རེད། འབྲུག་དང་ཀོ་སོ་ཝོ་རང་བཙན་རྒྱལ་ཁབ་ཀྱི་ཐོ་འགོད་ནང་དུ་ཚུད་ཡོད་པ་རེད། གང་ལྟར་བོད་ནི་ད་ཆ་རང་བཙན་རྒྱལ་ཁབ་ཡིན་པར་ངོས་ལེན་བྱེད་མཁན་ཕལ་ཆེར་ཡོད་པ་མ་རེད། ད་ག་རེ་ཡིན་ན་མིན་ན་རྒྱ་ནག་དེ་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་ན་རེ་བ་ཞིག་ཡོད་པ་རེད། ད་ལྟའི་ཆར་དངོས་ཡོད་ཀྱི་དཀའ་ངལ་ནི་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་དེར་ཐུག་ཡོད་པ་རེད། དེའི་ཐོག་ནས་སྐད་འབོད་བརྒྱབ་ན་ནུས་པ་ཐོན་གྱི་རེད་ལ། རྒྱུ་མཚན་ཡང་ཡོད་པ་རེད། གྲངས་འབོར་གྱི་ཆ་ནས་འཇིག་ལ་ཉེ་བའི་ཉེན་ཁ་ཡོད་པ་དང་།
སྤྱི་ལོ་༡༩༩༠་ལོའི་ལོ་མགོ་ནས་བོད་མི་རིགས་ཀྱི་གྲངས་འབོར་ཞིབ་གཤེར་བྱས་པ་ལྟར་ན་བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མིའི་གྲངས་འབོར་ཁྲི་ཉིས་བརྒྱ་དགུ་དང་། མཚོ་སྔོན་ཞིང་ཆེན་ཁོངས་སུ་བོད་མིའི་གྲངས་འབོར་ཁྲི་དགུ་བཅུ་གོ་གཅིག །ཟི་ཁྲོན་ཞིང་ཆེན་ཁོངས་སུ་བོད་མིའི་གྲངས་འབོར་ཁྲི་བརྒྱ་དང་བརྒྱད་ལྷག །ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་བོད་མིའི་གྲངས་འབོར་ཁྲི་སུམ་ཅུ་སོ་དྲུག་ལྷག་ཙམ། ཡུན་ནན་ཞིང་ཆེན་ཁོངས་སུ་བོད་མིའི་གྲངས་འབོར་ཁྲི་བཅུ་གཅིག་ལྷག་ཙམ་ཡོད་པ་རེད། རིག་གནས་གསར་བརྗེའི་སྔོན་དང་ད་ལྟའི་གྲངས་འབོར་ལ་ཧེ་བག་ཆེན་པོ་ཞིག་ཕྱིན་ཚར་བ་རེད། ད་དུང་རང་བཙན་གྱི་ལམ་དུ་འགྲོ་རྒྱུ་ཟེར་ན་བོད་མི་རིགས་འཆི་ལམ་དུ་དེད་པ་ལས་གང་ཡང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད།
བགྲོ་གླེང་ལ་ཉན་རྒྱུ་འདུག ལྷག་པར་དུ་གསེར་འབྲུག་སྡེར་ལྔ་ཟེར་བ་འདི་རྒྱལ་ཞེན་ཆེ་ཞིང་ཤེས་རྟོག་ཟབ་པའི་མི་ཞིག་རེད་ཨང་སྙམ། ངས་ཚང་མ་ཀློག་གིན་ཡོད། བགྲོ་གླེང་མུ་མཐུད་རོགས་ཞུ། ང་དང་ང་འདྲ་བ་ཚོར་ཧ་ཅངཕན་གི་འདུག
དྲ་གྲོགས་མིག་བརྒྱད་པའམ་ལྷ་ཆེན་ཚངས་པ་ལགས།
ངས་དྲིས་པའི་དྲི་བར་ད་དུང་ལན་གསལ་པོ་བྱུང་མི་འདུག་ཞུ་རྒྱུ་ཡིན།
དྲ་གྲོགས་གཅན་བཟོད་རྒྱམ་ལགས།
དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་།། གུས་གསེར་འབྲུག་སྡེར་ལྔ་ལ་ཞེན་ཁོག་བླ་ན་མེད་པ་ཞིག་ཡོདཀྱང་གང་སྤྱིར་ཤེས་རྟོགས་ཟབ་མོ་མི་ལྡན་པ་མ་ཟད་ལྷག་པར་དུ་ཆབ་སྲིད་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་དེ་ཙམ་མེད་པ་དང་། ད་དུང་ཆབ་བྲག་ལགས་ཀྱིས་གསུངས་པ་བཞིན་ཆབ་སྲིད་ཀྱི་དམག་རྒྱག་སྟངས་ནི་དེ་བས་ཤེས་ཀྱི་མེད། འོན་ཀྱང་ཆབ་སྲིད་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ་ཕན་ཚུན་གྲོ་གླེང་འདི་འདྲ་བརྒྱུད་ནས་ངའི་ཆབ་སྲིད་ཀྱི་གོ་རྟོགས་ཆེ་རུ་འགྲོ་རེ་དང་ལྷག་པར་དུ་བོད་སྐད་ཡིག་ཐོག་སྦྱངས་པ་ཅུང་ཟད་ཡར་རྒྱས་མི་ཡོང་ངམ་སྙམ་པས་བསྐུལ་ཏེས་བསམ་ཚུལ་ཅུང་ཟད་གླེང་རྒྱུར་འབད་ཁུལ་ཡིན།
ངས་ཧྥ་རན་སིའི་གཞུང་ཚབ་ཁང་གི་སྒོ་འགྲམ་ནས་མི་མང་ལ་གཏམ་བཤད་འདྲ་བོ་ཞིག་དང་ལྷན་དུ་བོད་སྐད་དང་རྒྱ་སྐད་གཉིས་ཐོག་ནས་སྐད་འབོད་ཚིག་གཅིག་རང་བྱས་པ་ནི། གུང་ཁྲན་ཏང་ཕམ་པར་རྒྱོབ། ཅེས་པ་འདིའོ།
དུག་སྡོང་གི་རྩ་བ་ནས་གཅོད་དགོས་པ་ལས་ཡལ་ག་དང་ལོ་མ་བཅད་ནས་མི་ཕན། དཔེར་ན་ཧུའུ་ཅིན་ཐོ་ཕམ་པར་རྒྱོབ་ཅེས་པ་ལྟ་བུ་རེད།
ངས་དེང་སང་ཤུགས་ཆེན་པོས་གླེང་བཞིན་པ་ནི་བོད་དང་སོག་པོ་ཡུ་གུར་མན་ཇུ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཀྱི་ནུས་ཤུགས་ཆིག་སྒྲིལ་གྱིས་གུང་ཁྲན་ཏང་ལ་རྒོལ་དགོས། དེ་ཡང་དམངས་གཙོའི་དགོས་འདུན་ཁོ་ན་ནི་མི་རིགས་ཁག་དང་མི་དམངས་དུང་ཕྱུར་མང་པོའི་མངོན་འདོད་ཡིན་ལ། ཏང་གི་སྲིད་ཇུས་ལ་གནོད་པའི་རེ་འདུན་ཆེ་ཤོས་ཀྱང་ཡིན།
གལ་ཏེ་ང་ཚོས་བོད་རང་བཙན་བྱེད་འདོད་ཡོད་ན་ཡང་དེ་ལ་དེ་སྔའི་རང་བཙན་གྱི་ལོ་རྒྱུས་དགོས་པའི་ངེས་པ་མེད། གྲངས་མང་མི་རིགས་ཀྱི་དབང་སྒྱུར་འོག་ལ་ཡོད་པའི་གྲངས་ཉུང་མི་རིགས་དག་ལ་མི་རིགས་རང་སྐྱོང་དང་ཡང་ན་མི་རིགས་རང་བཙན་བྱེད་པའི་ཐོབ་ཐང་ཡང་ཡོད་པ་དེ་གསར་བརྗེའི་སློབ་དཔོན་སྔ་མ་དག་གི་དགོངས་དོན་རེད་ལ་དམངས་གཙོའི་རང་དབང་ཆེ་ཤོས་དེ་ཡང་རེད། འོན་ཀྱང་ད་སྔ་བར་ལ་ང་རང་ཚོའི་རང་བཙན་སྐད་འབོད་དང་རང་བཙན་རྩོད་དགོས་ཟེར་མཁན་ཚོར་བོད་རང་བཙན་སྐོར་གྱི་འཆར་འགོད་ས་ཁྲ་གསལ་བོ་གཅིག་ཀྱང་མེད། ཅིག་ཡོད་པ་ནི་ལོ་རྒྱུས་ཐོག་བོད་དེ་རང་བཙན་ཞིག་ཡིན་པའི་སྒྲུབ་བྱེད་ཁོ་ན་བཙལ་དང་འཚོལ་བཞིན་པ་འདི་རེད།
སྔར་རང་བཙན་ཡིན་མིན་དེ་གལ་ཆེན་པོ་མིན། རང་བཙན་ལེན་ཐུབ་དང་མི་ཐུབ་ལ་ལྟོས། ལེན་ཐུབ་ན་ཡང་ཕྱིས་སུ་རང་བཙན་ཡོད་ན་ཕན་ཐོགས་ག་ཚོད་ཙམ་ཡོད་མེད་ལ་ཡང་སོམས་དགོས།
ང་ཚོའི་རང་སྐྱོང་གི་རྨང་གཞི་གཙོ་བོ་ད་ད་ཡོད་བོད་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་རྣམས་རེད། ས་ཁོངས་གཅིག་ཡིན་ལ་མི་རིགས་ཀྱང་གཅིག་ཡིན་པའི་དངོས་ཡོད་གནས་སྟངས་འདིའི་ཐད་ནས་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ལ་སྒྲིལ་རྒྱུའི་གཞི་རྩའི་ཆ་རྐྱེན་ཚང་ཡོད། དེའི་ཐོག་ལ་མཐུན་རྐྱེན་གཙོ་བོ་དེ་ཆོལ་ཁ་གསུམ་པོའི་བོད་མི་ཚོས་རང་སྐྱོང་གཅིག་འདོད་མིན་གྱི་གནད་དོན་དེ་ཡིན། དེའི་ཐོག་ཕྱིའི་རྒྱབ་སྐྱོར་དང་ནང་གི་མི་རིགས་ཁག་གིས་རྒྱབ་སྐྱོར་གཉིས་འཛོམས་དགོས། ངས་ཚད་གཞི་འདིའི་ཐོག་ནས་བལྟས་ན་བོད་ཡོངས་རང་སྐྱོང་གཅིག་གི་ཆ་རྐྱེན་ཕལ་ཆེར་ཚང་གིན་འདུག ད་དུས་ཚོད་ཀྱི་སྔ་ཕྱི་ཙམ་རེད།
བོད་རང་བཙན་དང་བོད་རང་སྐྱོང་གཉིས་ཀྱི་མཐུན་རྐྱེན་གྱི་ཆ་ནས་གང་ཞིག་ཡོང་གི་ཡོད་མེད་དེ་གཙོ་བོ་རེད། ཆབ་སྲིད་ཀྱི་དམག་དོན་མཁས་པ་ཞིག་ཡིན་ན་གོམ་པ་རིམ་བགྲོད་དང་ཐག་སྣེ་འཕེན་སྟངས་ཤིག་ཀྱང་ཡོད་པ་རེད། ཐད་ཀར་དུ་རང་བཙན་རྩོད་ན་ཁ་བྲལ་བའི་ཉེས་འདོགས་ཀྱིས་བཙོན་འཇུག་བྱེད་ཀྱིན་འདུག་ག མི་རིགས་རང་སྐྱོང་བཤད་ན་དེ་ལྟའི་ཚབས་ཆེན་དུ་མི་འགྱུར། ལོ་རྒྱུས་ཀྱི་དུས་ཚོད་ལ་ཕ མཐའ་མེད་པས་གོམ་པ་ཇི་ལྟར་བགྲོད་དགོས་མིན་ལའང་རིམ་གྱིས་བལྟ་ཆོག་པ་རེད།
དེས་ན་སྐབས་དོན་ནི་སྲོག་ཉེན་ལས་ཐར་ཐབས་བྱ་རྒྱུ་དེ་རེད། དབུ་མའི་ལམ་ནི་ཐབས་ཚུལ་འདི་རེད། སྲོག་ཉེན་མེད་པ་ཆགས་རྗེས་གཞི་ནས་ཇི་ལྟར་འགུལ་དགོས་ན་དེ་ལྟར་འགུལ་ཆོག་པ་རེད།
བོད་ལ་མཚོན་ན་བོད་ཡིག་བེད་སྤྱོད་ཡར་རྒྱས་གཏོང་རྒྱུ་འདི་གོང་གི་རང་སྐྱོང་ཆ་རྐྱེན་དེའི་ཐོག་ལ་ཆེས་གལ་ཆེ་ཤོས་ཤིག་རེད། དེ་བས་ད་ཡོད་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་དག་གིས་མ་མཐར་ཡང་བོད་ཡིག་སྲུང་སྐྱོབ་ཐུབ་དགོས།
བརྒྱ་བཤད་ཚིག་གི་རྩ་བ། སྟོང་དཀྲུགས་འོ་མའི་མར་ལོ་འདི་ན་འདུག ༼ཆབ་སྲིད་ཀྱི་ཐག་སྣེ་འཕེན་སྟངས་༽ཞེས་པ་དེ་ངས་ཀྱང་དྲན་ཡོད་ལ་དེར་ང་ཡང་མོས་མཐུན་ཡོད། འོན་ཀྱང་ཚོགས་པ་འདྲ་མིན་གྱི་ལྟ་གྲུབ་ཀྱི་སྲོལ་བོའི་ལངས་དེ་རྩད་བསྡད་ན་ཆོ་མི་འདུག་ལ། ཚོགས་པ་མང་པོ་གསར་འཛུགས་བྱས་པས་ཀྱང་མི་ཕན། དེང་སང་དྷ་ས་ན་མིང་ཡོད་པའི་ཚོགས་པ་རྙིང་པ་དེ་ཚོ་ད་དུང་མི་གསུམ་བཞི་རེས་ཉར་འདུག འོན་ཀྱང་ལས་ཀ་ཅི་ཞིག་བྱས་དང་བྱེད་བཞིན་པ་ངས་འདི་ནས་ཞུ་མི་དགོས་པར་འཛམ་གླིང་གར་སར་གནས་བཅས་པའི་བོད་མི་གཙོས་བོད་དོན་ཤེས་མཁན་ཚོས་ཤེས་ཀི་རེད།
གསེར་འབྲུག་གིས་བཤད་པ་ལྟར་ཡིན་ཀྱང་ང་ལྟ་བུར་བློ་སྐྱེད་རེ་རེག་གི་འདུག མུ་མཐུད་ནས་དཀྱེལ་ཡངས་ཀྱིས་བགྲོ་གླེང་གནང་བར་ཞུ།