—ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ།
བོད་ལུགས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་བཟོ་བཀོད་ཆེས་ཆེར་ལེགས་པའི་ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་འདི་ནི། ཕྱི་ལོ་༢༠༠༩ ལོར་བོད་དབུས་ལྷ་ས་ནས་བོད་ཀྱི་བཙོན་པ་སྐོར་ཞིག་གིས་ཆེད་བཟོས་གནང་ཞིང་། དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་གལ་གནད་ཅན་དུ་གཙོར་དམིགས་ཀྱིས་སྤུས་ཀ་རས་གཞིའི་ཐོག་ལ་ཕུལ་བྱུང་ཚེམ་དྲུབ་ཀྱི་བཟོ་རྩལ་བཀོལ་ཏེ་ཡིད་དབང་འདྲེན་པའི་མཛེས་ཆོས་རབ་ཏུ་མངོན་པར་བྱས་འདུག་པ་དང་། དེ་བཞིན་པོ་ཏ་ལའི་མདུན་དུ་རྒྱལ་བའི་མཆོད་རྟེན་ཆ་བརྒྱད་དམ་ཐུན་མོང་ཡོངས་གྲགས་སུ་མཆོད་རྟེན་བརྒྱད་དུ་ཞུ་བ་རྣམས་ཀྱང་ཚེམ་དྲུབ་དང་ལྷན་དུ་བཞེངས་བཀོད་བྱས་འདུག་པས་ནི། བརྙན་རིས་འདིར་དེ་བས་ཀྱང་བཀྲག་མདངས་ཆེ་བའི་མཛེས་ཆ་བསྣན་ཞིང་དང་བ་འདྲེན་པའི་ཆ་ཤས་སུའང་་ཕྱོགས་ཀུན་ནས་བསྐྲུན་འདུག
དེ་བཞིན་ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་འདིའི་འཕྲེད་(Length) ཀྱི་རིང་ཚད་ལ་དེང་ལུགས་ཀྱི་གོམ་ཚད་Feet ཉེར་བཞི་24 ལྷག་ཡོད་པ་དང་། ཞེང་ཀའི་ཚད་(Wide) ལ་གོམ་ཚད་Feet བཅུ་བཞི་14 ལྷག ཚེམ་དྲུབ་ཀྱི་དཀྱུས་གཞུང་དངོས་ཀྱི་ཚད་ལ་གོམ་ཚད་Feet ཉེར་གཅིག་21 བཅས་ཀྱི་ཚད་གཞི་འདུག་སྟབས། འདི་ནི་ཚོགས་ཁང་ཆེན་པོ་ཞིག་གི་སྡིངས་ཆའི་རྩིག་ངོས་ལ་དཔྱངས་བཤམས་ཐུབ་པ་བྱུང་ན། ཤིན་ཏུ་ནས་བརྗིད་ཆགས་ཡིད་འོང་ཕུན་ཚོགས་སུ་འགྱུར་བ་ནི་པར་རིས་ལ་གཟིགས་པ་ཙམ་གྱིས་མཁྱེན་གསལ་ཡོང་བ་ལྟར་ལགས་སོ།།
མཐའ་དོན། ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་མ་འདི་བཞིན་རྒྱ་ཁྱོན་ཆེ་བའི་སྡིངས་ཆ་ཞིག་གི་རྩིག་ངོས་སུ་དཔྱངས་བཤམས་ཡོང་ཐབས་ལ་དམིགས་ཏེ་བཙོང་འཆར་ཡོད་པ་ལགས་ན། སྐུ་ཉིད་དགོས་མཁོ་མཆིས་རིགས་སུ་རུང་གིས་གཤམ་གསལ་གློག་འཕྲིན་དང་ཁ་པར་བརྒྱུད་ནས་འབྲེལ་གཏུག་གནང་བར་འཚལ།
འབྲེལ་བ་བྱ་ཡུལ།
གློག་འཕྲིན། jorden007@hotmail.com
ཁ་པར། 434-465-3539
ཧཧཧཧ་་་འགྲེལ་བཤད་སྙན་པོ་ཅིག་རྒྱག་ཁར་འཚོང་ཡ་རེད་འདུག་ཨ་་་་་་་ནམ་རྒྱུན་ནས་མགོ་བརྡུང་མཁས་པོ་དེ་འདྲ་ཅིག་མིན་ནམ།
ཉི་མ་དམར་པོ་ཡིན་པའི་རྒྱུ་མཚ་ཅི་རེད།
༅༅།་ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་བཞེངས་མཁན་སུ་ཡིན་དང།ས་གནས་ག་པར་ཡིན་པ།
རིན་འབབ་ཇི་ཡིན་གསལ་པོ་འཁོད་གནང་ན་དེ་གཞིགས་པའི་འབྲེལ་བ་ཞུ་རྒྱུ་བསམ།
སྤུས་ལེགས་ཤིག་ཡོད་བཟོ་འདུག་ ཨ་སྒོར་ག་ཚོད་བྱེད་དམ།
བོད་མིའི་རིག་གཞུང་སྲུང་སྐྱོབས་ལ་ངོས་འཛིན་དགོས་
པ་རེད་སྒེར་གྱི་དཔལ་འབྱོར་འདུ་འགོད་ལ་ཆ་བཞག་
དགོས་རེད་།
༅༅།་ཕོ་བྲང་པོ་ཏ་ལའི་བརྙན་རིས་ཚེམ་དྲུབ་བཞེངས་མཁན་སུ་ཡིན་དང།ས་གནས་ག་པར་ཡིན་པ།
རིན་འབབ་ཇི་ཡིན་གསལ་པོ་འཁོད་གནང་ན་དེ་ལ་གཞིགས་པའི་འབྲེལ་བ་ཞུ་རྒྱུ་བསམ།
སྤུས་ལེགས་ཤིག་ཡོད་བཟོ་འདུག་ ཨ་སྒོར་ག་ཚོད་བྱེད་དམ།
ཀུན་ཕན་ཚང་གི་ལ་རྩེ་ཡིས་ཉོ་ན་ཐང་།
ཨོ། དོན་དངོས་རང་གི་ཆེད་རེད་འདུག
ལྷ་ས་ན་དེ་འདྲའི་བཙོན་པ་རང་དབང་ཅན་སྐྱིད་པོ་ཡོད་འདུག
ཀུན་སློང་ཡག་གི་རིན་གོང་ཁེ་བོ་ཡིན་རྒྱུ་རེད།
ལྷ་སའི་པོ་ཏ་ལ་རང་རེད་འདུག། བཙོན་པ་རང་གི་ལས་ཀ་རེད་འདུག།
རྣམ་པ་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ།
པོ་ཏ་ལའི་བརྙན་རིས་འདི་ནི་གྲགས་ཅན་ལྷ་བྲིས་པ་ཨ་མདོ་བྱམས་པ་ལགས་ཀྱི་དགེ་ཕྲུག་རྩེ་གྲས་ལྷ་སར་གནས་བཞུགས་པ་ཞིག་གིས་རས་གཞིའི་ཐོག་ལ་སྐྱ་ཐིག་ཕབ་ཏེ་མ་ཕྱིར་བཀོད་པ་གང་ཞིག་དེར། ཁྲིམས་ཐག་བཅད་ཡོད་པའི་བོད་མི་བཙོན་པ་ཁ་ཤས་ཀྱིས་འཁྱོལ་དཀའི་དུས་ཚོད་བཀོལ་སྤྱོད་ཀྱིས་དེའི་ཐོག་ཚེམ་དྲུབ་བརྒྱབ་པ་ཞིག་ཡིན།
བརྙན་རིས་འདི་བཞེངས་ཡུལ་ནི་ལྷ་ས་རང་ཡིན་ཞིང་། ཡོང་ཁུངས་ཀྱང་ལྷ་ས་རང་ཡིན།
གལ་སྲིད་དངོས་འབྲེལ་གྱིས་ཉོ་འདོད་ཡོད་མཁན་ཚོས་གོང་གསལ་འབྲེལ་བ་བྱ་ཡུལ་དེ་བརྒྱུད་ནས་སྒེར་འབྲེལ་གནང་རོགས་ཞུ། ཐུགས་རྗེ་ཆེ།
རྒྱ་ནག་གིས་བཙོན་པ་ཚོར་ལས་ཀའི་གླ་ཆ་སྤྲད་ཀིན་མེད་པ་ནི་ཡོངས་གྲགས་ཡིན། དེའི་ཕྱིར་ཁོང་ཚོས་སེན་འགོ་ཁྲག་དང་སེན་གཏིང་གནག་གིས་ངང་ནས་བཟོ་བའི་ཐང་ཀ་བཙོང་བའི་ཁེ་ཕན་སུ་ལ་ཐོབ། ང་ལྟོས་ན་རིན་མེད་ངང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་ལ་སྦྱིན་པ་བཏང་ན་བཟང་གི
ཤེས་ཡོན་ངེས་དགོས།
༅༅།་ཤེས་ཡོན་རྨོངས་མུན་སེལ་བའི་ཉི་མ་ཡིན།། ཤེས་ཡོན་ཚ་གདུང་འཇོམས་པའི་ཟླ་བ་ཡིན།།
ཤེས་ཡོན་ལེགས་ཚོགས་བཀྲ་བའི་རྒྱུ་སྐར་ཡིན།། ཤེས་ཡོན་ལམ་ལ་བརྩོན་དང་བོད་པ་ཚོ།།
ཤེས་ཡོན་རྒུད་ཀྱང་མི་བསླུ་མཛའ་ཤེས་ཡིན།། ཤེས་ཡོན་མཚོན་གྱིས་མི་ཕྱེད་རྡོ་རྗེ་ཡིན།།
ཤེས་ཡོན་སྤྱད་ཀྱང་མི་ཟད་གཏེར་མཛོད་ཡིན།། ཤེས་ཡོན་ལམ་ལ་བརྩོན་དང་གངས་ཕྲུག་ཚོ།།
༅༅། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སླར་ཡང་རྒྱ་ཆེའི་མང་ཚོགས་ནས་འོས་བསྡུ་གནང་ནས་རྒྱལ་ཁ་ཐོབ་པར་བསྔགས་བརྗོད་དང་བཀྲིས་བདེ་ལེགས་ཞུ་གི་ཡོད།།
སྐུ་ཁམས་བདེ་བའི་མཆོག་གསུལ་ལ་སྨོན་ལམ་འདེབས།
བོད་རྒྱལ་ལོ།།
༅༅། འདི་ནམ་ཡང་དྲན་པར་གྱིས།
དགེ་སློང་བདག་གམ་མཁས་རྣམས་ཀྱི།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།
བརྟག་པར་བྱ་ལ་ང་ཡི་བཀའ།།་བླང་བར་བྱ་ལ་གུས་ཕྱིར་མིན།།
༅༅། སྔོན་བསགས་ལས་དབང་བཙན་པོས། སྐྱིད་པོ་ཞིག་འདུག་ན་བསམ་ཡང།།
སེམས་འདི་ནི་མི་སྐྱིད་ཅི་ཞིག་ལ།། གླུ་ཆུང་ཞིག་ལེན་ན་བསམ་ཡང།།
སྙན་པོ་ཞིག་ཡོང་ས་མ་རེད། ཨ་རག་ཞིག་འཐུང་ངོ་བསམ་ན་ཡང།།
གྲོགས་པོ་ཚོ་ཐུག་རྒྱུ་མི་འདུག། གླུ་དབྱངས་ཞིག་ལེན་ན་བསམ་ཡང།།
སྐད་སྙན་པོ་ཞིག་ཡོང་ས་མ་རེད།།
སྨོན་ལམ་ཞིག་རྒྱབ་ན་ལེགས་པ་ཞིག་མངོན།།
༅༅། རྒན་རབས་ཕལ་ཆེར་ཕྱི་མའི་ཞིང་ལ་གཤེགས།། འཆི་བའི་ཁ་ཆེམས་ས་དང་རྡོ་ལ་ཐིམས།།
གཞོན་སྐྱེས་ཕལ་ཆེ་ནུབ་ཕྱོགས་མི་ཡུལ་འགྱར།། སྐྱིད་དང་སྡུག་གི་འཚོ་བ་ཁོ་ན་བྱེད།།
༅༅། གསེར་ཉི་མ་གླིང་ཆེན་གཞན་ལ་ཤར།། དུང་ཟླ་བ་སྤྲིན་ནག་གྲིབ་མས་བསྒྲིབས།།
ཡིད་མུན་སེལ་སྐར་ཆེན་འཕགས་རིར་ཤར།། ཡུལ་གངས་ཅན་རྨོངས་པའི་མུན་པ་འཐིབས།།
ལྷ་ཆོས་སྐྱོང་སྲུང་མ་གང་ན་བཞུགས།། བོད་གངས་ཅན་སྐྱོ་སྡུག་གཟིགས་ལགས་སམ།།
མཐུ་ནུས་པ་ཡོད་ན་སྐྱོབ་རན་འདུག། མཐུ་གདམས་ངག་ཡོད་ན་བཤད་རན་འདུག།
ད་འདི་ུམུར་མ་བཞུགས་རྒྱུན་རིང་སོང།། སྒུག་སྒུག་ནས་མི་ཚེ་རྫོགས་རན་སོང།།