འཇམ་དབྱངས་དཀར་པོ།
ཨི་ཊ་ཡི་མི་(Italian) བགྲེས་སོང་ཞིག་ཨ་རིའི་ནེའུ་རྗེར་སི་(New Jersey) ན་ཁེར་རྐྱང་དུ་བསྡད་ཡོད། བགྲེས་སོང་གིས་ལོ་རེ་བཞིན་གྱི་ར་སྐོར་ནང་ལ་བླ་མ་སྨན་ཐང་(tomato) འདེབས་དགོས་བསམ་ཡང་། ས་ཆ་མཁྲེགས་པོ་ཆགས་ཏེ་འདེབས་ལས་བྱེད་དཀའ་བར་གྱུར། སྔོན་ཆད་བཙོན་ཁང་དུ་ཡོད་པའི་བུ་ཝིན་སིན་ཊི་(Vincent) ཡིས་ཁོ་ལ་བླ་མ་སྨན་ཐང་འདེབས་རོགས་བྱེད་ཀྱི་ཡོད། བགྲེས་སོང་དེས་རང་གི་བུ་ལ་ཡི་གེ་ཞིག་བྲིས་ཏེ་བླ་མ་སྨན་ཐང་འདེབས་ལས་བྱེད་མི་ཐུབ་པའི་དཀའ་ངལ་དེ་འགྲེལ་བཤད་མི་རྒྱག་ཀ་མེད་དུ་གྱུར།
བརྩེ་བའི་བུ་ཝིན་སིན་ཊི།
ངའི་སེམས་ཧ་ཅང་སྐྱོ། གང་ལ་ཞེ་ན། ད་ལོ་ངས་ང་ཡི་བླ་མ་སྨན་ཐང་གི་ཚལ་ཞིང་དེ་འདེབས་མི་ཐུབ་པ་འདྲ་བོ་འདུག ང་ཧ་ཅང་རྒས་འཁོགས་ཆགས་ཏེ་ཚལ་ཞིང་ཆུང་ཆུང་འདི་ཡང་རྐོ་སློག་བྱེད་མི་ཐུབ། གལ་སྲིད་ཁྱེད་རང་འདིར་ཡོད་ན་ངའི་དཀའ་ངལ་འདི་སེལ་རྒྱུ་ཡིན་པ་ངས་ཤེས་ཡོད་ལ། འདས་ཟིན་པའི་ལོ་ཟླ་དེ་དག་བཞིན། ཁྱེད་རང་ངའི་ཆེད་དུ་ཚལ་ཞིང་འདི་རྐོ་སློག་བྱེད་རྒྱུར་དགའ་བོ་ཡོད་པ་ཡང་ངས་ཤེས་ཡོད།
བརྩེ་བ་དང་བཅས་ཨ་ཕས།
ཉིན་ཤས་རྗེས་བུ་ཡིས་བསྐུར་བའི་ཡི་གེ་ཞིག་འབྱོར།
བརྩེ་བའི་ཨ་ཕ།
ཚལ་ཞིང་དེ་རྐོ་སློག་མ་བྱེད། དེའི་འོག་ལ་རོ་ཁ་ཤས་སྦས་ཡོད།
བརྩེ་བ་དང་བཅས་ཝིན་གྱིས།
དེའི་ཕྱི་ཉིན་ཞོགས་པ་ཆུ་ཚོད་ ༤ ས་གནས་གསང་བའི་ལས་བྱེད་དང་ཉེན་རྟོག་པ་ཡོང་ནས། རྐོ་སློག་འཕྲུལ་ཆས་ཀྱིས་བགྲེས་སོང་གི་ར་སྐོར་ཡོངས་རྫོགས་བརྐོས་ཀྱང་རོ་གཅིག་ཀྱང་མ་རྙེད། ཁོང་ཚོས་བགྲེས་སོང་དེར་དགོངས་དག་ཞུས་ནས་ལོག་ཕྱིན། ཉིན་དེ་ག་རང་ལ་བགྲེས་སོང་དེར་བུ་ཡི་ཡི་གེ་གཞན་ཞིག་འབྱོར།
བརྩེ་བའི་ཨ་ཕ།
ད་ཁྱེད་རང་གིས་བླ་མ་སྨན་ཐང་གི་ཚལ་ཞིང་དེ་འདེབས་རོགས། འདི་ནི་གནས་སྟངས་འདིའི་འོག་ནས་ངས་སྒྲུབ་ཐུབ་པ་ཡག་ཤོས་དེ་རེད།
ང་ཁྱོད་ལ་དགའ།
ཝིན།
_______________
tomato: ངའི་ཕ་ཡུལ་ནས་བླ་མ་སྨན་ཐང་ཟེར། འབྲུག་ཡུལ་ན་ཡང་བླམ་སྨན་ཐང་ཟེར། བོད་ཀྱི་ཡུལ་ལུང་སོ་སོར་མིང་མི་འདྲ་བ་རེ་ཡོད་ངེས་པས། ཁྱེད་ཀྱི་ཕ་ཡུལ་ནས་འདི་ལ་ཅི་ཟེར་རམ།
Tomato ལ་དེང་སང་གསར་དུ་བཏགས་པ་ཡོད་ན་ཐང་། བོད་མིང་རྙིང་པ་ཞིག་ཡོད་པ་མ་ཤེས། མིང་རྙིང་ཞིག་ཡོད་ན་དེ་གཅེས་པར་བཟུང་ནས་བཀོལ་ན་ཡག་པོ་འདུག སྒྲུང་དེ་ཧ་ཅང་སྙན་པོ་བྱུང་།
ཁམས་འབའ་ཐང་ན་སྔོནལྡུམ་རིགས་འདི་ཡོད་པ་རེད།ཁོང་ཚོས་འདིའི་ལྡུམ་སྒོང་ཟེར་ཅེས་ད་ལོ་བོད་ནང་ཐ་སྙད་གསར་སྒྲིགས་ཀྱི་བགྲོ་གླེང་དེ་ལྟར་གསུངས་སོང་།
དམར་པོ་ཡིན་ཚད་བླ་མ་ཡིན་ན་སྤྲེའུ་སྐུབ་ཡང་བླ་མ་ཡིན་དགོས་རེད་པཱ།
སྒྲུང་སྙན་པོ་བྱུང་། བཙོན་པ་ཚོས་ཡི་གེར་སྐུར་ཚད་ལྐོག་ལྟ་བྱེད་ཀྱི་ཡོད་ས་རེད། དེ་མིན་བུས་ཐབས་ཤེས་དེ་ཁོང་ཚོས་ཇི་ལྟར་ཤེས་ཐུབ། །