གཡང་དཀར་སྒྲོལ་མ། (འཛིན་གྲྭ་བདུན་པ།)
ང་ཚོ་ནི་ཕ་མའི་བརྩེ་སེམས་དང་བྱམས་སྐྱོང་གི་འོག་ཏུ་ནར་སོན་པ་ཞིག་ཡིན་པས། ནང་ཡང་བརྗེད་ཐབས་མེད་པ་ནི་ཕ་མས་རང་གི་སྐྱིད་སྡུག་ལ་མ་བལྟས་པར་ང་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། རིག་གནས་ཡོད་པ་དང་འཇོན་ཐང་ལྡན་པ། མི་གཤིས་བཟང་བའི་མི་ཞིག་ཏུ་འགྱུར་བའི་ཆེད་དུ་རང་གི་ཡོད་ཚད་འབུལ་བའི་བརྩེ་སེམས་དེ་ཡིན།
ཕ་མ་གཉིས་ཀྱི་མིག་མདུན་ན་ང་ཚོ་ནམ་ཡིན་ཡང་སྐར་མ་འོད་ཆེན་ཞིག་ཡིན་པས། ནམ་རྒྱུན་ཡུལ་གྲུ་འདིའི་མཁའ་དབྱིངས་སུ་འོད་ལམ་ལམ་གྱིས་འཚེར། ང་ཚོས་རྒྱུགས་འབྲས་བཟང་བ་ན། ང་ཚོ་ནི་ཕ་མའི་ང་རྒྱལ་ཡིན་ལ། གཟི་བརྗིད་ཅིག་ཀྱང་ཡིན། ང་ཚོས་རྒྱུགས་འབྲས་མི་བཟང་ན། མི་གཞན་གྱིས་རང་ཉིད་ཀྱི་བྱིས་པ་ཇི་འདྲའི་བཟང་བ་བཤད་སྐབས། རང་ཉིད་ཀྱི་ཕ་མས་ནམ་ཡང་མགོ་སྒུར་ནས་འདུག་དགོས།
ང་ཚོ་ལ་ཆམ་ནད་ཕ་མ་གཉིས་ཀྱིས་དུས་ཚོད་སྐར་མ་གཅིག་ལའང་ང་ཚོ་དང་འབྲལ་མི་ཕོད་པར་སྦྱོར་བ་སྨན་དང་བྱམས་པའི་སེམས་ཀྱིས་ང་ཚོ་ལ་གཉོར་སྐྱོང་གང་ལེགས་བྱེད། དེ་ལྟར་ཉིན་འགའ་འགོར་བ་ན་ང་ཚོའི་ཆམ་ནད་ཀྱང་རིམ་གྱིས་སངས་དྲག་ཏུ་འགྲོ་ངེས་ཡིན།
འཇིག་རྟེན་ན་ཆེས་གཟི་བརྗིད་ལྡན་པ་ནི་ཕ་མའི་བྱམས་བརྩེ་ཡིན་ལ་ཚེས་གཞལ་བར་དཀའ་བའང་ཕ་མའི་དྲིན་ལན་རེད། དེ་བས་ཆུང་ཆུང་བྱིས་པ་ཚང་མས་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར་རིག་པའི་ཡོན་ཏན་ལེགས་པར་སྦྱངས་ཏེ་ཕ་མའི་དགོངས་པ་ཇི་བཞིན་བསྒྲུབ་རྒྱུ་ནི་ང་ཚོས་དྲིན་ཆེན་གྱི་ཕ་མ་ལ་འཇལ་བའི་དྲིན་ལན་ཡིན་ལ། ཕ་མའི་བྱམས་བརྩེ་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་ནོ།།
་་་་་ཕ་མའི་དྲིན་ལན་རེད། ་་་་་ རེད་འདི་གཅིག་པུ་མ་གཏོགས། གཞན་བརྒྱད་ལ། ཡིན་རྐྱང་རྐྱང་བྲིས་དགོས་དོན་གང་ཡིན་ནམ། ལགས།
ང་ ཡིན། ངའི་ རེད། ཁྱོད་རེད། ཁྱོད་ཀྱི་རེད། ཁོ་རེད། ཁོའི་རེད། འདི་རེད། འདིའི་རེད། ཅེས་བྲིས་ན་སྐྱོན་གང་ཡོད་དམ། ལགས།
ངའི་དྲི་བ་འདི། འཛིན་གྲྭ་བདུན་པའི་སློབ་ཕྲུག་གཡང་དཀར་སྒྲོལ་མ་ལགས་གཅིག་པུ་ལ་མིན་པར། མོའི་བོད་དགེ་དང་སློབ་སྤྱི་ཡོངས་རྫོགས་ལ་དྲིས་པ་ཡིན་ནོ། ལན་དང་དགག་བཞག་བསྒུག་ནས་བསྡད་ཡོད་དོ།།
སྐྱེས་བུ་དང་པོ་ང་ལ། ཡིན། ང་ཡིན་དང་། དེ་ཡིན་བགྱིད་རེད། དེ་དེ་རང་ཡིན་དགོས། ད་ེགསུམ་ལ་གཞན་པ་རེད་ཐོབ་ཚད་ལ་ཡིན་སྦྱར་བ་ནི་མ་བརྟགས་པ་ཆེན་པོའོ།།