སེང་ཕྲུག་བརྟན་པ།
༡) གནམ་དྭངས་མ་ཕ་ཡུལ་གནམ་འདྲ་མེད།
སྔོ་བསངས་བསངས་གཡུ་ཡི་ཐོག་ཁེབས་ཅན།
དབུས་ཉི་ཟླ་ཕྱོགས་ཀུན་སྐར་ཚོགས་མཛེས།
ཨ་ཙི་ཙི་མཁའ་འགྲོ་འཇའ་ངོར་ཕེབས།
༢) ས་སྐྱིད་པོ་ཕ་ཡུལ་ས་འདྲ་མེད།
ལྗང་སིང་ངེ་སྤང་ཐང་ཡངས་པའི་སྟེང་།
མཚོན་སྣ་ཚོགས་བཀྲ་བའི་མེ་ཏོག་བཞད།
ཨ་ཙི་ཙི་ལྷ་ཡུལ་སར་ཕབ་འདྲ།
༣) ཆུ་གཙང་མ་ཕ་ཡུལ་ཆུ་འདྲ་མེད།
ཆུ་ཡན་ལག་བརྒྱད་ལྡན་ཤེལ་ལྟར་དྭངས།
ལྷ་ལྷ་མོ་ཀུན་གྱི་བྱིན་རླབས་ལྡན།
ཨ་ཙི་ཙི་འགྲོ་ཀུན་བདེ་བ་སྟེར།
༤) རླུང་བསིལ་པོ་ཕ་ཡུལ་རླུང་འདྲ་མེད།
གྲང་བསིལ་བསིལ་སྨན་དྲིས་ནད་ཀུན་སེལ།
མདོ་སྔགས་ཀྱི་ཆོས་སྒྲ་སྒྲོག་དང་ལྡན།
ཨ་ཙི་ཙི་དགེ་ལེགས་ཕྱོགས་སུ་སྤུངས།
༥) མེ་དྲོད་ཅན་ཕ་ཡུལ་མེ་འདྲ་མེད།
མི་མཐུན་ཕྱོགས་ཐམས་ཅད་རང་སར་བསྲེགས།
ཟས་སོགས་ལ་ལུས་གསོའི་བཅུད་ཆེན་བྱིན།
ཨ་ཙི་ཙི་བོད་ཀྱི་ཤིང་མེ་བཟང་།
ལྷ་ཡུལ་འདྲ་བའི་ཕ་ཡུལ་གྱི་ཁྱད་ཆོས་ཀློག་མཁན་རྣམ་པའི་མདུན་ཅོག་སྟེང་བཞག་ཡོད་པར་དགའ་དགའ་སྤྲོ་སྤྲོ་ངང་གཟིགས་རོགས།
འདིའི་ཐོག་གླུ་གཞས་བཟོ་འདོད་ཡོད་ན་དགའ་བསུ་ཞུ།
སེང་ཕྲུག་བརྟན་པས་སྦྱར་བ་དགེའོ།
དབུས་ཉི་ཟླ་ཕྱོགས་ཀུན་སྐར་ཚོགས་ཤར།།
ཨ་ཙི་ཙི་ཉིན་མཚན་དུས་མཉམ་མཚར།།
ས་འདི་འདྲ་གླིང་འདིར་མ་ཟད་པར།།
ལྷ་ཡི་ཡུལ་ལའང་སྲིད་པ་མིན།།
དོན་རང་གིས་མི་གོ་མ་ཤེས་པར།
ཧ་གཞན་གྱི་རྩོམ་ལ་འཕྱ་སྨོད་བྱས།
ལྷོ་སྙན་རྩོམ་ཡུལ་ན་བླུན་པོ་ཁྱེད།
དོན་རྟོགས་པའི་རྩལ་ལ་མི་སྦྱོང་མཚར།
ཕ་ཡུལ་ལ་ཆགས་རྩོམ་རིག་པ།
ཛམ་གླིང་ས་ཡི་གོ་ལ་རུ།
ཆགས་པའི་ཡུལ་ལྗོངས་སྣ་ཚོགས་པ།
རང་གནས་ཡིན་པར་བསམ་ཤེས་དགོས།།
ལ་དྭགས་བྱེ་ཐང་བྱེ་རི།
ཆགས་ཡུལ་ཞིག་ཏུ་མཐོང་མཚར།
དབྱར་དགུན་ཀུན་ལ་ནག་རིལ།
སྡུག་བསྔལ་ཀུན་ཚོགས་ཤིག་ལགས།
ཨ་ཙི་ཙི་དང། འ་ཛི་ཛི་གཉིས་ལ་ཁྱད་པར་ཅི་ཡོད་དམ། ལགས།
ཨ་ཙི་ཙི་་་་ཡང་ན་་་་ཨ་ཙེ་ཙེ་ཟེར་ན་ཧ་ལས་སྒྲ་རེད་ཁྱེད་ཀྱིས་མཁྱེན་གསལ་རེད། ཛི་ཛི་་་དེའི་དོན་གང་ཡིན་མི་ཤེས་བུ།
ཨ་ཙི་འདི་ཡག་ག་ལ། འ་ཛི་འདི་ཞེད་སྣང་ཚ་བ་ལ། ཁྱད་པར་མེད་དམ་སྙམ་ཡང་། ཐག་མི་ཆོད་དོན་གཅིག་ཀྱང་ཡིན་སྲིད།
འདྲ་པོ་རེད
རྩལ་གསུམ་མ་རྫོགས་སེང་ཕྲུག་དེ།།
རྩལ་རྫོགས་རློམས་ནས་ཀུན་ལ་མཆོང།།
ཅོལ་ཆུང་རི་བོང་སུག་ཐུང་དང།།
རྣམ་པ་ཀུན་ནས་མཚུངས་མིན་ནམ།།
བྱེ་ཐང་བྱེ་རི་ཡིན་ན་མོད།།
འབྱོར་ལྡན་ཁྲི་འབུམ་ལྟད་མོར་འབྱོར།།
ཐམས་ཅད་རང་སྣང་རག་ལུས་པས།།
དེ་ལ་སྐྱོན་འབེབས་བླུན་པོའི་ལུགས།།
སེང་ཕྲུག་མ་མཆོང་ཀ་མེད་རེད།
ཁྱི་ཕྲུག་སེང་ཕྲུག་ཡིན་མདོག་གིས།
ཁ་གདངས་མཆེ་གཙིགས་འཇིགས་བསྐུལ་བར།
ལན་ཞིག་མ་སློག་ཅོལ་ཆུང་རེད།
ཁྱུང་སེ་ལགས་བློ་འཇམ་ལགས་ངས་ཀུན་སློང་ངན་པ་བཅངས་ནས་བྱས་པ་དེ་འདྲ་རྩ་བ་ནས་མིན། རྩོམ་ལ་སྤྲོ་བ་འཕེལ་ཕྱིར་སོགས་ཀྱི་སླད་ལས་དང་པོ་བ་ང་ལྟ་བུ་ལ་འགྲན་སེམས་ཤིག་ཡོོདོ་ན་རང་བཞིན་གྱི་དོན་གཉེར་མ་བྱེད་རང་མེད་ངང་འབྲི་དགོས་ཐུག་པ་སོགས་ཡོང་བའི་རྒྱུ་མཚན་ལ་བརྟེན་ནས་ཡིན། དགོངས་པ་མ་ཚོམ་རོགས།
སེང་ཕྲུག་འཆོང་རྩལ་ངོམ་ནས་བྱུང།
དམར་ཡག་སྟག་གིས་བལྟས་ནས་ཡོད།
ཀུན་སློང་ངན་པ་རང་གནོད།
ཀུན་སློང་བཟང་པོ་རང་ཕན།
ལས་དང་པོ་བ་ཕལ་སྐད།
ལས་དང་པོ་པ་ཆོས་སྐད།།
ཕ་ཡུལ་ལ་བསྟོད་རྒྱུ་མ་མང་།།ཕ་ཡུལ་དེ་ད་ལྟ་འགྱུར་འདུག། འགྱུར་ས་དེ་རྒྱ་ལ་འགྱུར་འདུག།ཕ་སྐད་དེ་བཤད་སྟངས་འགྱུར་འདུག།
ངའི་རྨོ་མོའི་ཞལ་ནས་ཐོས་པའི་གཏམ་དཔེར།
རང་ཡུལ་སྡུག་ཀྱང་ཛམ་བུ་གླིང་། མི་ཡུལ་ཏེ། གཞན་ཡུལ་སྐྱིད་ཀྱང་གཡེར་མའི་ཐང་། ཟེར་སྲོལ་འདུག་གདའ།
ལགས་སོ་ཁྱེད་གསུངས་པ་དེ་ག་རང་རེད། མི་སྐྱིད་ཀྱང་ཕ་ཡུལ་མ་བརྗེད། ཕ་ཡུལ་མི་ལག་ཤོར་སོང་བ་དེ་སྡུག་རེད་མ་གཏོགས་ཕ་སྐད་ལ་འགྱུར་བ་མེད་པ་ཡོང་མི་སྲིད་པར་སྙམ། གང་ཞིག་མི་རྟག་པ་ཡིན་ཕྱིན་འགྱུར་བ་ནི་དེའི་ཆོས་ཉིད་རེད། དེ་ང་ཚོ་གཅིག་པུ་མ་རེད་རང་བཙན་ཡོད་པའིརྒྱལ་ཁབ་ཀྱི་ཕ ་སྐད་ཀྱང་གྱུར་དང་འགྱུར་བཞིན་ཡོད་པ་མངོན་གསལ་རེད། ང་ཚོའི་ཕ་སྐད་ལ་འགྱུར་བ་མ་བྱུང་བས་དཀའ་ངལ་ཡོད་པ་དཔེར་ན་ལེགས་སྦྱར་སྐད་ལྟ་བུ་ཆག་བསྡད་ཡོད་རེད། མི་ལ་འགྱུར་བ་ཡོད་པ་བཞིན་སྐད་ལའང་འགྱུར་བ་ཏན་ཏན་དགོས་པ་རེད། དེ་ངའི་བསམ་ཚུལ་ཡིན།
༅༅།་ཡར་འགྲོ་སྤྲིན་དཀར་གྱི་ཕུང་པོ། ལྷོ་ཕྱོགས་འཕགས་ཡུལ་ལ་ཕེབས་ན།
སྐྱབས་མགོན་ཡིད་བཞིན་གྱི་ནོར་བུར། སྐྱོ་བའི་ཞུ་འཕྲིན་འདི་འབུལ་རོགས།
མི་རིགས་སྐྱ་སེར་གྱི་ཚོགས་ལ། ཟབ་བཟང་བདུད་རྕི་ཡི་བཀའ་སློབ་།
གནང་བཞིན་སྐུ་ཁམས་དེ་བདེ་འམ།
ང་ཚོ་ནུབ་ཕྱོགས་ཀྱི་ཡི་ལུང་པར། གནས་པའི་བོད་རིགས་ཀྱི་སྤྱན་ཟླའི།
བོད་ཡུལ་གངས་ཅན་གྱི་ལྗོངས་ལ་། ནམ་ཕེབས་རེ་སྒུག་དེ་ཞུ་བཞིན།