ཁང་ཟླ་སྲས།
ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ། བགྲང་བྱ་འདི་ཟད་རྗེས།
ང་ཚོ་གྱེས་བྲལ་བྱས་ཏེ་མི་ལོ་ཧྲིལ་བོ་བདུན་ཏག་ཏག་འཁོར་སོང༌།
ལོ་ཟླའི་དུས་ཡུན་རིང་མོ་དེའི་དྲན་གདུང་ཁྲོད་ནས།
ཁྱེད་ཚོ་གང་མང་ཞིག་འཇིག་རྟེན་འདིའི་རླབས་ཆེ་བའི་མི་སྣ་སྟེ།
གཅེས་ཕྲུག་ཆུང་ཆུང་འགའི་སེམས་རྟེན་དུ་གྱུར་ཟིན་ནའང༌།
ཅི་ཡང་མ་ཐོབ་པའི་ང༌། ད་དུང་ཡང་སྔར་བཞིན་ས་མཐའི་སྤྲང་འཁྱམས་པ་ཁོ་ན་ཡིན།
ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ།
འཕྲིན་ཡིག་འདི་ཁྱེད་ཚོར་ཐོབ་རྗེས།
ཕྱིར་དྲན་གྱི་རྨི་ལམ་རིང་དུ་འགྲོ་ངེས་ཀྱང༌།
དུངས་ཞེན་གྱི་མཆི་མ་རེ་རེས། ཆུང་དུས་ཀྱི་ང་ཚོའི་གཏམ་རྒྱུད་སྐྱོར་བཞིན།
མཁུར་འདབས་སུ་དམར་མདངས་རྒྱས་པའི་བུ་ཕྲུག་ཚོར།
སྡོད་མི་ཚུགས་པའི་ངའི་ཆུང་དུས་ཀྱི་གཤིས་ཀ་དེར།
འགྲེལ་བཤད་སྙན་མོ་ཞིག་གིས་སློབ་གསོ་བྱེད་ཨེ་མྱོང༌།
སྲིང་ཆུང་ཚོའི་འདས་དོན་ལ་ཕྱི་མིག་ཅེར་དུས།
སྟོན་མཇུག་གི་ལོ་མ་ཇི་བཞིན།
གཞན་དབང་གི་རླུང་ཤུགས་ཀྱིས་གང་སར་བདས་པས།
ལན་རེར་རི་ཚོགས་དང༌། ཆུ་བོའི་ཕ་རོལ་ཏུ་འགྲོ་མྱོང་ལ།
མཚམས་རེར་མཐའ་ཡས་པའི་རྒྱ་མཚོ་དང༌།
གླིང་གཞན་གྱི་གཡོག་མོར་ཕྱིན་པའང་ཉུང་ཉུང་མིན་ཟེར།
ཕ་ཡུལ་གྱི་ངའི་སྲིང་ཆུང་ཚོ། ཁྱེད་ཚོས་ཉོན་དང༌།
ལྷགས་རླུང་གི་རྒྱུ་ཕྱོགས་དང་འགྲོགས་པའི་གཏམ་འདི་ཨེ་བདེན།
ཕ་མ་དང་བྲལ་ནས་གནས་ལ་འགྲོ་བའི་སྔ་དྲོར།
འཁྲེང་ཞེན་གྱིས་གཅུན་པའི་སེམས་པ་དམར་པོ་རང་ཁྱིམ་དུ་ལྷག་རུང༌།
སྐྱོ་གདུང་གིས་དེད་པའི་མཆི་མའི་ཕྲེང་བ།
བཅོས་འཛུམ་དང་འཇིགས་དངངས་ཀྱིས་འགེབས་ཀྱིན།
ཆ་རྒྱུས་གཏན་ནས་མེད་པའི་གཞན་ཡུལ་རྐྱང་རྐྱང་འགྲིམ་དགོས་པ།
ཅི་འདྲའི་ཡི་གར་མི་འོང་པའི་གྲུབ་མཐའ་ཞིག
མགོ་ལུས་ཚང་མ་དྲོན་པོ་རེད་འདུག་གི་ཨ། གངས་རི་ར་བའི་ནང་ལ་འཚོ་དགོས་ན། འདི་འདྲ་ཞིག་ཡིན་ལོས་དགོས། དུས་རབས་ཞིག་ལ་ཕྱི་བལྟས་ཞིག་བྱ་ཐུབ་སོང་བས། དགའ་བ་བྱུང་། པར་འདི་གང་ཞིག་ནས་རག་སོང་། ལན་ཡོད་པར་ཞུ།
པར་འོག་མ་འདི་ངོ་དེབ་ནང་ལ་ཡང་ཡང་ཐོན་སོང་།
པར་འོག་མ་འདི། བོད་ཀྱི་ཡུལ་ལུང་གང་གི་དང་། ག་དུས་ཀྱི་ཡིན་མིན་ཤེས་དགོས་པ་མང་ངོ་།
ཨ་ཙེ་ཙེ་་་གནའ་དུས་ཀྱི་་བོད་མི་ཟེར་ཡ་དེ་་་་་་་ཡ་ང་བ་་་ལ་་་་ཨ
འདི་ཚོ་ཁྱོད་ཀྱི་སྲང་མོ་ཡིན་པ་བདེན་ན་
ཁྱེད་རང་དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ཡིན་པའི་སྣང་བ་སྟེར་གི
སྲིང་
དགེ་འདུན་རྒྱ་མཚོ་ལ། འཇིགས་སུ་རུང་བ་ཞིག་ཡིན་ན་ཡང་། འདི་དག་ང་ཚོའི་ཡབ་མེས་གོང་མ་རེད། གུས་ཞབས་ཡོད་ནི་བྱོས། མི་རིགས་གང་འདྲ་ཞིག་ཡིན་ནའང་སོ་སོའི་གདོད་མའི་རིགས་རྒྱུད་ཚང་མ་འདི་འདྲ་ཡིན་པ་གཅིག་མཚུངས་རེད།