རྔ་བ་ཀུན་བཟང་ནས།
ང་རང་ད་ལྟ་ཐག་རིང་ཡུལ་ན་ཡོད།།
སྤུན་ཟླ་མེད་སའི་རྒྱ་གྲོང་ཞིག་ན་ཡོད།།
ཕུ་ནུ་མིང་སྲིང་ཇི་འདྲའི་དྲན་པ་ལ།།
ཆ་མེད་གཞན་ཡུལ་འདི་ནས་སྐྱོ་བ་ལ།།
ང་རང་ད་ལྟ་གཞན་ཡུལ་ཕྱོགས་ན་ཡོད།།
རྟ་ནོར་མེད་སའི་ཁྱིམ་ཚང་ཞིག་ན་ཡོད།།
རང་ཡུལ་རྩྭ་ཐང་ཇི་འདྲའི་དྲན་པ་ལ།།
བདག་མེད་ས་མཐའ་འདི་ནས་རྒས་སོང་ཐལ།།
ང་རང་ད་ལྟ་ཆ་མེད་གནས་ན་ཡོད།།
ཕ་མ་མེད་སའི་གྲོང་ཁྱེར་ཞིག་ན་ཡོད།།
བྱམས་ལྡན་ཕ་མ་ཇི་འདྲའི་དྲན་པ་ལ།།
རྒྱུད་མེད་གཞན་ཁྱིམ་འདི་ནས་སྐྱོ་བ་ལ།།
༢༠༡༦/༧/༣༡