སྐྱོ་བྲག་དགའ་དབང་།
རོགས་ཚུར་ཉོན་ང་ཡི་ཕ་ཡུལ། །
བོད་གངས་ཅན་དག་པའི་ཞིང་ཁམས།།
སྐྱིད་ཕུན་ཚོགས་འཛོམས་པའི་གནས་མཆོག །
ས་འདི་འདྲ་ཡོད་པ་དཀའ་འོ།།
ཕྱོགས་མཐའ་དག་གསལ་བའི་བར་སྣང་། །
མཐའ་ཀུན་ནས་བསྐོར་བའི་གངས་རི།།
རི་ལུང་པ་ཁྱབ་པའི་སྤང་འཇམ། །
ས་འདི་འདྲ་ཡོད་པ་དཀའ་འོ།།
དྲི་མདོག་དབྱིབས་མཛེས་པའི་ཤིང་སྣ། །
མདངས་སྣ་ཚོགས་བཀྲ་བའི་མེ་ཏོག །
བསིལ་དྭངས་པའི་ཆུ་རྒྱུན་ཆུ་མཚོ། །
ས་འདི་འདྲ་ཡོད་པ་དཀའ་འོ། །
ལུས་སྐད་འགྱུར་བཟང་བའི་བྱ་བྱིའུ། །
སྨན་རྩ་ཆེན་ལྡན་པའི་རི་དྭགས།།
གང་འདོད་འདོད་འབྱུང་བའི་གཏེར་ཁ། །
ས་འདི་འདྲ་ཡོད་པ་དཀའ་འོ།།
ཞིམ་རོ་བཅུད་ཆེ་བའི་འབྲུ་རིགས། །
གཟུགས་སྤུ་སྡུག་ཅན་གྱི་སྒོ་ཕྱུགས།།
སའི་འབྱུང་ཁམས་མཐུན་པའི་ཟས་གོས། །
ས་འདི་འདྲ་ཡོད་པ་དཀའ་འོ།།
ལས་བཟང་ངན་ཐེག་པའི་བོད་མི། །
གཞན་ཡིད་དབང་འཕྲོག་པའི་ཤེས་རིག །
རྒྱུད་ངན་པ་འདུལ་བའི་རྒྱལ་བསྟན། །
ས་འདི་འདྲ་ཡོད་པ་དཀའ་འོ།།
གྲོགས་དེའི་ཕྱིར་བོད་ཀྱི་ཡུལ་གྲུར། །
གཏན་སྡོད་རྒྱུའི་སྐལ་བཟང་བྱུང་ན།།
ཚེ་འདི་དང་ཕྱི་མ་གཉི་གར། །
བདེ་སྐྱིད་པའི་ལམ་སྣ་ཟིན་ངེས། །
སྔོན་ཆད་དག་ཞིང་ཡི་ན་ཡང་།
དེང་སང་དམྱལ་བའི་ཁམས་དང་མཚུངས།
སྔོན་ཆད་གངས་རིས་བསྐོར་ན་ཡང་།
དེང་སང་བྲག་རིའི་གླིང་དང་མཚུངས།
བརྗིད་གངས་རིས་བསྐོར་བའི་ཕ་ཡུལ།།
གནག་རྒྱ་དམར་དགྲ་བོས་བཅོམ་ཐལ།།
ཤ་ཁྲག་རྒྱུན་གཅིག་པའི་སྤུན་ཟླ།།
ཡུལ་ངེས་མེད་ཁ་བྲལ་བཏང་ཐལ།།
བོད་གངས་ཅན་པའི་རིགས་རྒྱུད་རྣལ་མ། །
བོད་ཆག་འཇིག་གི་གནས་ན་ཡོད་དུས། །
བོད་སྐྱོབ་ལ་དལ་བའི་ལོང་མེད་བཞིན། །
བོད་དོན་ལ་ཕྱོགས་མཐའ་ཀུན་ནས་འབོད། །
དགའ་དབང་ལགས་ལ་ཁར་སང་ལྕགས་མོ་མཚོས་འགྲམ་ལྕགས་ཤིག་བཞུས་སོང་བས་ད་ཡིན་ན་སྨྱོན་པའི་གླུ་འདྲ་བ་རེ་ལེན་གྱིན་འདུག་ག
ངན་ཁག་ཡོད་ཚད་སྐྱོ་བྲག་ལ་དཀྲི་ཡ་མི་འདུག་བསམས།
ལྩགས་མོ་འཚོས་སྐྱོ་བྲག་གི་སྡོད་གནས་སོགས་རྩད་གཅོད་བྱས་པ་ནོར་འཁྲུལ་རེད། དེ་ལས་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་བསྐུར་ཞོག་ལབ་ཡོད་ན། སྐྱོ་བྲག་ལ་ཚ་འཕྲུལ་དེ་འདྲ་འཕར་ཡོད་ཀྱི་མ་རེད།