ཕ་ཡུལ་ལ་བསྟོད་པ་སྐྱོ་བོ་ཞིག Posted on 2009-03-19 By tenzin 16 Comments on ཕ་ཡུལ་ལ་བསྟོད་པ་སྐྱོ་བོ་ཞིག ཁྱེད་ཀྱིས་འདི་གཅིག་གཟིགས་ནས་ང་ལ་བསམ་ཚུལ་ཞིག་གསུངས་དང་། http://www.youtube.com/watch?v=CeJ3cQdD3ck&feature=related གླུ་གཞས།, གློག་བརྙན་།
ཁྱེད་དང་ངའི་ནར་སོན་གྱི་ལོ་ཟླ། ཚིག གཅན་མེ་སྟག འབྲོང༌། ཧི་མ་ལ་ཡའི་མཚར་སྡུག་གི་མཚམས་སྤྲིན་ཀློང་ནས རྨ་འབྲི་རྫ་གསུམ་ལྷུང་ལྷུང་གི་རླབས་རྒྱུན་ཁྲོད་ནས ཁྲི་ཤོར་རྒྱལ་མོའི་ངོ་མཚར་གྱི་ལོ་རྒྱུས་དབུས་ནས ངའི་ཆེས་ཐོག་མའི་གདངས་དབྱངས་དང་གཟུགས་བརྙན ཁྱེད་ཀྱི་ལྷད་མེད་པའི་སེམས་ཁོང་དུ་བཞད་ཅིང ངའི་ཆེས་ཐོག་མའི་བསམ་གཞིག་དང་གླུ་སྐད ཁྱེད་ཀྱི་སྙིང་ཉེ་བའི་མིག་ལམ་དུ་འབུལ་ཡོད དུས་དེ་ནས་བཟུང་སྟེ་ངའི་འཇིག་རྟེན་གྱི་སྒོ་མོ་ཕྱེ་བའི་གསེར་མདོག་གི་ལྡེ་མིག་ཁྱོད་ཡིན་ལ སྐབས་དེ་ནས་བཟུང་སྟེ་ངའི་བར་སྣང་གི་རྒྱ་ཁྱོན་གཞལ་བའི་ལང་ལོང་གི་སྤྲིན་ཕུང་ཁྱོད་ཡིན་འདུག ང་ནི་འདི་ལྟར་སྐྱོ་དུབ་དང་རྣམ་དག་གི་སེམས་པས་ཁྱེད་ལ་བསྐྱོད་ཀྱིན་ཡོད ང་ནི་འདི་ལྟར་བག་ཡངས་དང་ཕྱི་གསལ་ནང་གསལ་གྱིས་ཁྱེད་ལ་ཆས་ཀྱིན་ཡོད ཁྱེད་ཀྱི་ས་གཤིན་གཉེར་མོའམ་ཁྱེད་ཀྱི་ཆོས་ཉིད་ཟབ་མོས ང་ལ་རྟག་ཏུ་ཕ་ཡུལ་འདིའི་རུམ་ཁོང་དུ་སྦས་པའི་འཇིག་རྟེན་བཞིན་རྒྱ་ཆེ་ལ་འཇིག་རྟེན་བཞིན་གཏིང་ཟབ་པའི་མི་ཆོས་ལོ་རྒྱུས་ཀྱི་དྲན་ཤིང་འདེགས་སུ་བཅུག་ཅིང སྐྱེས་ཁམས་དག་གཙང་གི་སྨོན་འདུན་འཚོལ་དུ་བཅུག ཁྱེད་ནི་དེ་འདྲའི་ཞི་ཞིང་འཇམ་ལ་ ཁྱེད་ནི་དེ་འདྲའི་སྒམ་ཞིང་བརླིང་ ཁྱེད་ནི་དེ་འདྲའི་ངང་རྒྱུད་རིང་ལ་ ཁྱེད་ནི་དེ་འདྲའི་བརྗིད་ཅིང་མཛེས ཕ་ཡུལ་ཨ་ མ་གཞིར་ ཁྱེད་ནི་ངས་བྲིས་མི་ཚར་བའི་སེམས་གཏིང་གི་སྐད་ཆ་དེ་ཡིན་འདུག ཁྱེད་ནི་ངས་བླངས་མི་ཚར་བའི་དག་གི་དབྱངས་འགྱུར་དེ་ཡིན་འདུག ཁྱེད་ནི་རྩ་བ་ཀླུ་ཡུལ་དུ་ཟུག་པའི་ སྐེད་པ་མི་ཡུལ་དུ་རྒྱས་པའི་ རྩེ་མོ་ལྷ་ཡུལ་དུ་སྨིན་པའི་འདོད་འབྱུང་གི་དཔག་བསམ་ལྗོན་ཤིང་དེ་ཡིན་འདུག སོང་ཀྱིན་སོང་ཀྱིན་དུ་ངས་ཁྱེད་ཀྱི་ཕ་མཐའ་རྙེད་ཀྱིན་མི་འདུག་པ་ཤེས་བྱུང བསྡད་ཀྱིན་བསྡད་ཀྱིན་དུ་ངས་ཁྱོད་ཀྱི་ཐུགས་དགོངས་རྟོགས་ཀྱི་མི་འདུག་པ་ཡང་ཚོར་བྱུང ཁྱེད་ཀྱི་མི་གཞིའི་ཟབ་ས་ན་འཚེར་བའི་འོད་ཀྱི་ཕུང་པོ་དེའི་དབང་གིས ཁྱེད་ཀྱི་འདུ་ཤེས་ཕྲ་ས་ན་སྨིན་པའི་ཙན་དན་ལོ་མ་དེའི་རྐྱེན་གྱིས ཁྱེད་ཀྱི་དད་པའི་ཕྱི་ལོག་ན་འཛུམ་པའི་ཨུག་ཆོས་མེ་ཏོག་དེའི་སླད་དུ ལོ་རྒྱུས་སྨུག་སྤྲིན་བཞིན་མཆེད་པའི་ཁ་སང་ཁྱེད་ཀྱི་ཁྱོན་ཆེ་བའི་ནམ་མཁའ་འདི་རུ་ང་ནི་ནམ་ཡང་འདར་འདར་དུ་འཕུར་བའི་བྱུའུ་ཆུང་ཞིག་ཡིན་སྲིད་ཀྱང་ཁྱེད་ཀྱི་རུམ་ཁོང་དྲོན་མོའམ་ཁྱེད་ཀྱི་ཐུངས་བརྩེ་ཟབ་མོས ང་ལ་ནམ་ཡང་རྒྱང་བསྐྱོད་ཀྱི་བློ་སྤོབས་སྩོལ་བཞིན་མཆིས ང་ལ་ཡང་བསྐྱར་གསོན་ཤུགས་སྩོལ་བཞིན་མཆིས ནར་སོན་གྱི་ལོ་ཟླ་འདི་དག་ནི་ཁྱེད་དང་ངའི་བྱིས་སྒྲུང་ཡི་ལ ཁྱེད་དང་ངའི་དེ་རིང་དང་སང་ཉིན་ཡང་ཅི་ལ་མིན ངས་དག་གཙང་གི་བོད་པའི་སྐད་གདངས་དབུས་ནས ཁྱེད་ཀྱི་འདས་མ་ད་གསུམ་གྱི་ངོ་མཚར་དང་ཀྱག་ཀྱོག ཁྱེད་ཀྱི་འདས་མ་ད་གསུམ་གྱི་འཚོ་སྟངས་དང་དགའ་སྡུག ཁྱེད་ཀྱི་འདས་མ་ད་གསུམ་གྱི་རིགས་གནས་དང་གོམ་འགྲོས་ཡོད་ཚད ཕུ་ནུ་མིང་སྲིང་ཚོའི་སྙན་ལམ་དུ་ཞུ་འབུལ་བྱེད་ཀྱིན་ཡོད ངས་བར་སྣང་འཕྲིན་ལམ་གྱི་རི་མོའི་ལམ་ནས་ཀྱང ཁྱེད་ཀྱི་འདས་མ་ད་གསུམ་གྱི་གྲུབ་འབྲས་དང་སྤྲོ་དགའ ཁྱེད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་དཔལ་ཡོན ཁྱེད་ཀྱི་འདས་མ་ད་གསུམ་གྱི་འདུ་ཤེས་དང་ཁྱད་ཆོས་ཀྱང ཕུ་ནུ་མིང་སྲིང་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུ་ཀྱི་ཡོད དེའི་སྟབས་ཀྱིས་ དུས་རབས་ཉེར་གཅིག་པའི་དེ་རིང ཁྱེད་ཀྱི་འཛུམ་མདངས་ནི་ང་ཡི་མི་ཆེ་འདིའི་རིང་ཐང་ཁ་ནར་གྱུར རིན་ཐང་གིས་བཟོས་པའི་མིང་བྱང་འདི་ན ང་དང་ངའི་ཁྱིམ་གཞིས་ཧྲིལ་བོའི་ངོ་གདོང་ལ་བྱུགས་པའི་གསེར་མདོག་གི་འོད་སྣང་ཡིན་ལ རིན་ཐང་གིས་བཟོས་པའི་མིང་བྱང་འདི་ནི ངའི་སྐད་ཤུགས་མཐོ་རུ་འདེགས་པའི་བློ་སྤོབས་དང་ངའི་སྒལ་ཚིགས་དྲང་པོར་བསྲེངས་པའི་གཞི་རྩ་ཡིན ཡང་གཅིག་བཤད་ན་ རིན་ཐང་གིས་བཟོས་པའི་མིང་བྱང་འདི་ནི ང་ཁོ་ནར་དབང་བའང་མིན་ཏེ་འདི་ནི་ཕུ་ནུ་མིང་སྲིང་ཚོའི་མིག་ལམ་གྱི་ཁྱེད་དང་ངའི་གསལ་ཐག་ཆོད་པའི་གཟུགས་བརྙན་དང་ངོམ་དུ་རུང་བའི་གཅེས་ནོར་གཅིག་པུའང་མ་ཡིན་ནམ དེ་བས་ན་ ངས་ད་དུང་ ཕ་ཡུལ་དང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོ་ མིག་གིས་འཚོས་ནས་ སྙིང་གིས་སྒོམ་ནས་ ངག་གིས་གླིང་ནས་ ང་ད་དུང་ཁྱེད་ཀྱི་ཁ་དོག་བཀྲ་བའི་འཇིག་རྟེན་དུ་ཉུལ་དགོས ང་ད་དུང་ཁྱེད་ཀྱི་རྒྱུ་འབྲས་འཛོམས་པའི་སེམས་ཁོང་དུ་ཉུལ་དགོས ང་ད་དུང་ཁྱེད་ཀྱི་རྟེན་འབྲེལ་ཚང་བའི་ཁྱིམ་གཞིས་སུ་ཉུལ་དགོས དད་དགའི་ལྷག་བསམ་གྱི་ཁ་བཏགས་སྔོན་དུ་སྲིང་བཞིན ཡིད་ཆེས་བསླུ་མེད་ཀྱི་འཛུམ་མདངས་གདོང་ལ་འབྲི་གཞིན རྟག་བརྟན་མི་འགྱུར་བའི་དམ་བཅའ་སྙིང་ལ་བཅངས་བཞིན ངའི་ཕ་ཡུལ་དང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོར རོ་བཅུད་ཕུན་སུམ་ཚོགས་པའི་ཤེས་རིག་གི་ལོངས་སྤྱོད་ཅིག ཐུན་མིན་ཁྱད་དུ་འཕགས་པའི་སྐྱེས་ཁམས་ཀྱི་མཛེས་སྡུག་ཅིག སྣ་མང་རྨད་དུ་བྱུང་བའི་གླུ་གར་འདིའི་མཆོག་ཏུ་གྱུར་བའི་རིག་གནས་ཀྱི་ནིང་བཅུད་ཅིག་ཀྱང་མཛད་མེད་དུ་བསྐྲུན་འདོད ཕ་ཡུལ་ཨ་ དོ་དགོང་ ངས་ལུས་ས་ཁུར་བའི་དུས་རབས་ཀྱི་ཁྲེས་པོ་དག་གནས་འདིར་ཕབས་ནས ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་ཕང་བ་རུ་ངལ་གསོ་ཐེངས་ཤིག་བྱེད་འདོད ཕ་ཡུལ་ཨ་ དོ་དགོང་ ངས་ངག་ལ་གྱེར་བའི་བླ་སྲོག་གི་འབོད་པ་དག་གནས་འདིར་བསྐྱུར་ནས ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་བྱམས་བརྩེའི་བྱིལ་བྱིལ་ཐེངས་ཤིག་མྱོང་འདོད ཕ་ཡུལ་ཨ་ དོ་དགོང་ ངས་ཡིད་ལ་བརྣག་པའི་ན་ཟུག་གི་རྨ་ཁ་དག་གནས་འིར་སྦས་ནས ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་ལོ་གསར་གྱ་སྤྲོ་དགའ་ལ་ཐེངས་ཤིག་རོལ་འདོད
སྙན་ངག་གྱེར་འདོན་འདི་ཐེངས་ཤིག་བལྟས་རྗེས་སུ། ངའི་སེམས་ཁོང་དུ་འཆི་མ་འགོག་མེད་དུ་ཤོར་སོང་བ་མ་ཟད། བོད་ནང་གི་སྙན་ངག་པ་གཅན་མེ་སྟག་དང་འབྲོང་གཉིས་ཀྱིས་བྲིས་པའི་སྙན་ངག་འདི་ནི་དངོས་ནས་ཁྱད་དུ་འཕགས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད་འདུག་པ་མ་ཟད། དེང་ཐོག་རོལ་དབྱངས་ཀྱི་འགོ་བཙུགས་དེ་འོང་དུས་བཙན་བྱོལ་ནས་འཁྲབ་པའི་ཧི་མ་ལ་ཡའི་གློག་བརྙན་ནང་གི་དབྱངས་རྟ་ཞིག་ལྷོད་ཀྱིས་གྲགས་དེ་འོང་བ་ནི་ཏ་རེ་ཏུ་རེ་སོ་ཨ་ཟེར་བའི་དབྱངས་རྟ་སྙན་མོ་དེ་རེད། དེ་ནས་གྱེར་འདོན་པ་བཞིའི་རང་རང་གི་སེམས་པ་སྙན་ངག་དེའི་དྲོད་ཁོལ་བརླན་ནས་གྱེར་ནས་འོང་དུས་དངོས་ནས་སེམས་ནང་དུ་རང་དབང་མེད་པར་སྐྱོ་ངལ་ཞིག་དང་ལྷན་དུ་མིག་ཆུ་ཤོར་སོང་བ་དང་འབྲེལ་རྒྱང་རིང་གི་བོད་མི་ཚང་གི་དད་གུས་དང་ལྷག་བསམ་ཡང་རང་དབང་མེད་པར་སེམས་ཁོང་དུ་སླར་ཡང་ཐེངས་ཤིག་དྲན་དུ་བཅུགས།
ངེད་ལ་ནི་བསམ་ཚུལ་ཅང་མེད། གཞས་པ་ཚོའི་སྐྱོ་བའི་ཚིག་དང་ཤོར་བའི་གདོང་གཉིས་ཀ་མཐོང་ཡོང་གི་ དེ་ལས་ཡིན། བོད་མི་ཚང་མའི་སེམས་ན་ཐུན་མོང་གི་སྡུག་བསྔལ་ཞིག་ཡོད་པ་ནི་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་བའི་སྐྱོ་གར་འདི་རེད། བོད་མི་ཚང་མའི་སེམས་ལ་ཐུན་མོང་གི་རེ་བ་ཞིག་ཡོད་པ་ནི་གཞིས་བྱེས་མཉམ་འཛོམས་བྱུང་རྒྱུ་དེ་རེད། བོད་མི་རེ་རེར་རང་རང་གི་སེམས་ན་མི་རིགས་འདིའི་བདེ་སྡུག་ལ་ཚོར་བ་ཞིག་ཡོད་དགོས། ཚོར་བ་ཡོད་པ་ཙམ་མ་ཡིན་པར་འགན་འཁྲི་རེ་ཡང་འཁུར་ཐུབ་པ་ཡིན་ན། ང་ཚོར་རེ་བ་མེད་པ་ཅི་ལ་ཡིན།
སྙན་ངག་གསར་པ་(བཙན་པོའི་སྐབས་ཀྱི་མགུར་གླུ་བཤད་མེད)འདི་དར་ནས་ད་ལྟའི་བར་མི་ལོ་ཉི་ཤུ་ལྷག་ལས་འགོར་མེད་ནའང་། རྩོམ་སྟངས་ཀྱི་ཆ་ནས་ལུགས་ཁ་ཤས་ཤིག་ཐོན་འདུག་པ་དཔེར་ན། དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་དང་། རེབ་གོང་རྡོ་རྗེ་མཁར། ཆབ་འགག་(སྐབས་དེའི་སྙན་ངག་པ་མང་པོ་ཞིག་གིས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་ལ་ལད་ཟློས་བྱས་ཡོད་པ་མང་)སོགས་ཀྱིས་བྲིས་པའི་རང་མོས་སྙན་ངག་དག་གི་རྩོམ་འགྲོས་གཅིག་ཡིན། ངས་སྙན་ངག་དེ་ལ་‘སྙག་ངག་གྱེར་བདེ་མ་’ཞེས་འབོད། དེའི་ཕྱིས་སུ་བྱུང་བའི་སྙན་ངག་པ་འཇུ་སྐལ་བཟང་(ཁོང་གིས་བྲིས་པའི་ཏུན་ཧོང་ལ་གནས་སྐོར་དུ་ཕྱིན་པ་དང་། ཆེས་ཐོག་མའི་དབྱངས་རྟ་གཉིས་འདིར་ཚུད་མེད)གི་སྙན་ངག་དང་། དཔའ་རྩེ། གཅན་མེ་སྟག ལྷ་རྒྱལ་ཚེ་རིང་(འཛིན་མའི་གདུང་དབྱངས་བཤད་མེད)སོགས་ཀྱི་སྙན་ངག་གི་རྩོམ་སྟངས་རང་གྲོལ་སོགས་ཀྱི་སྙན་ངག་དང་བསྡུར་ན་ཅུང་འགྱུར་བ་ཕྱིན་ཡོད། ཁོང་ཚོའི་སྙན་ངག་ལ་‘སྙན་ངག་ཡིད་ྐློག་མ་’ཞེས་འབོད། དེའི་རྗེས་ཀྱི་སྙན་ངག་པ་ལྡོང་ཆུ་ཤེལ་དང་། ཡི་ཤེས་བཟང་པོ། རྒྱ་གྲོལ། གཅན་རང་སད་(སྐབས་དེར་རྩོམ་སྟངས་གཅིག་པའི་སྙན་ངག་པ་ཤིན་ཏུ་མང་། སྙན་ངག་པ་འདི་ཚོ་དཔེ་མཚོན་ཙམ་ཡིན)སོགས་ཀྱིས་བྲིས་པའི་སྙན་ངག་གི་རྩོམ་སྟངས་ནི་སྔོན་དང་མི་འདྲ་བར་ཅུང་ཆ་མེད་ཅིག་ཡིན། ཁོང་ཚོས་བྲིས་པའི་སྙན་ངག་ལ་‘སྙན་ངག་རང་མྱོང་མ་’ཞེས་འབོད། ད་དུང་སྙན་ངག་པ་གངས་ཞུན་དང་། རྨ་འོད། ཁྱུང་བཟང་སོགས་ཀྱིས་བྲིས་པའི་སྙན་ངག་གི་རྩོམ་སྟངས་ནི་ལུགས་གཞན་པ་ཞིག་རེད་འདུག རྩོམ་སྟངས་དེར་ངས་‘སྙན་ངག་ཡིད་འཇམ་མ་’ཞེས་འབོད་ཀྱིན་ཡོད། གོང་གི་འབྲོང་དང་གཅན་མེ་སྟག་གཉིས་ཀྱིས་བྲིས་པའི་སྙན་ངག་འདི་‘སྙན་ངག་གྱེར་བདེ་མ’འི་རྩོམ་སྟངས་རེད་སྙམ། སྔོན་ཆད་ངས་རང་མོས་སྙན་ངག་སྐོར་ལ་དེབ་ཆུང་ཞིག་འབྲི་དགོས་བསམས་ཏེ་ཉིས་སྟོང་བཞིའི་གོང་དུ་དཔེ་སྐྲུན་བྱས་པའི་རང་མོས་སྙན་ངག་གི་སྙན་དེབ་ཉི་ཤུ་ཙམ་བྐླགས་པ་ཡིན། ཡིན་ན་ཡང་ལོ་གཅིག་གི་གོང་ནས་འབྲི་འཕྲོར་ལུས་བསྡད་ཡོད། གཅིག་ཐང་ན་མཇུག་སྐྱོང་གི་ཡིན། དེ་ཙམ་ཞུ།
གཅིག་བྱས་ན་མ་གསུང་རོགས། འབྲི་གཞུག་གང་མགྱོགས་འགྲུབ་པར་འབད་བརྩོན་བྱེད་ཆོག་ཟེར་ནས་གསུང་རོགས་ཞུ། ང་རང་ལྟ་བུ་ཀློག་མཁན་མང་བོ་ཞིག་ཡོད་ངེས་ཡིན་ལ་དེའི་་ཕན་ས་ཡང་གང་ཙམ་ཞིག་ཡོད་ངེས་ཡིན། ངེད་ཅག་གིས་སྒུག་ནས་འདུག ཁྱེད་ཀྱི་རང་མོས་སྙན་ངག་གི་དཔྱད་རྩོམ་གསར་བ་དེར།
ཆེ༹་རིང་གི་བུ་ལགས། རྡོ་རྗེ་མཁར་དང་ལྗང་བུ་སོགས་བོད་ཀྱི་སྙན་ངག་པ་རྒན་པའི་གྲས་ཡིན་ནའང་ཁྱད་ཆོས་ལྡན་པའི་སྙན་ངག་དང་སྒྲུང་གཏམ་གང་ཡང་མི་འདུག ཡིན་ནའང་རྡོ་རྗེ་མཁར་གྱིས་མུ་མཐུད་དུ་སྒྲུང་གཏམ་དང་མང་པོ་ཞིག་ལ་འབད་བཞིན་འདུག་གྲངས་ཀྱི་ཆ་ནས་དངོས་ནས་ཁོ་ལ་མང་ཡ། གཞན་སྙན་ངག་ལ་དགའ་བའི་ངའི་གྲོགས་པོ་ཆོ༹ས་ས་མཐའི་སྙན་ངག་གི་དགུན་ཤ་ཁྱེད་ཀྱི་ལྷ་འདྲེ་མང་པའི་རི་གྲོང་ནས་ཟེར། དོ་དགོང་འདིར་ཁྱེད་ཀྱི་སྙང་ངག་ཞིག་ལྐོགས་ན་འདོད། ཁོམས་པ་ཡོད་ན་འདིར་སྙན་ངག་གསར་པ་ཞིག་འགོད་རོགས།
མདའ་སྨྱུག་ལགས། ཁྱེད་རང་མི་ནོར་གི་ཡོད་ས་རེད། ལྷ་འདྲེ་མང་བའི་རི་གྲོང་ཟེར་ན་མི་ཤེས། སྙན་དེབ་དེའི་སྐོར་གྱི་གསལ་བཤད་ཅིག་གནང་ན་ཅི་འདྲ་རེད། ཐུགས་རྗེས་གཟིགས།
ཁྱེད་ཀྱིས་བཤད་པ་ཅུང་བདེན་པ་རེད། རེབ་གོང་རྡོ་རྗེ་མཁར་གྱིས་རྩོམ་ཡིག་མང་པོ་ཞིག་བྲིས་འདུག་པ་དཔེར་ན། རྐྱལ་བའི་འཇིག་རྟེན་དུ་མྱུལ་བའི་གཏམ་རྒྱུད་ནི་ྐློག་རིན་ཡོད་པའི་སྒྲུང་རྩོམ་རིང་པོ་ཞིག་རེད། སྙན་ངག་བྱིས་པ་ལ་འཇུག་པའི་སྒོ་ནི་སྙན་གཞུང་མེ་ལོང་མ་སྦྱང་བའི་ལས་དང་པོ་བ་ཞིག་ལ་མཚོན་ན་ཤིན་ཏུ་ལེགས། ད་དུང་ཁོང་གིས་བྲིས་པའི་གླག་རྒོད་ནི་བདག་ཆུང་ཆུང་ཡིན་དུས་གྱེར་འདོན་བྱས་མྱོང་བ་དག་གི་ཁྲོད་ཀྱི་སྙན་ངག་གཅིག་ཡིན། གཞན་ལྗང་བུའི་སྙན་ངག་ལ་རོལ་མྱོང་མང་ཙམ་བྱས་མྱོང་། དམར་པོ་ཁྲག་གི་གླུ་དང་། གཟི་མིག་དགུ་བའི་ནང་གི་དྲི་བ་ཞེས་པའི་སྙན་ངག་རེ་ཟུང་གི་མཚོན་སྟོབས་རྒྱ་ཆེན་པོ་འདུག སྐད་གྲགས་ཆེ་བའི་ཚོད་ཀྱིས་ཁོང་གི་སྙན་ངག་ཁག་གི་ཡིད་འགྱུར་སྣང་བརྙན་ནི་དེ་འདྲའི་ཚོན་མདོག་ལྡན་པ་ཞིག་མ་རེད་སྙམ་པའི་ཚོར་སྣང་བྱུང་། འདི་ངའི་ལྟ་ཚུལ་ཙམ་ཡིན། དེ་ལྟར་མདོར་བསྡུས་ཤིག་བཤད་པ་ཡིན།
ལྷ་འདྲེ་མང་པོའི་རི་གྲོང་ཞེས་འབོད་པའི་དཔེ་དེབ་དེ་སྙན་བཟང་གཡུང་དྲུང་ཆེ༹་རིང་གིས་བརྕ༹མས་པའི་རང་མོས་སྙང་ངག་གི་དཔེ་དེབ་ཞིག་རེད།དཔེ་དེབ་དེ་རྕོ༹མས་པ་པོ་ཁོ་རང་གིས་་སློབ་མའི་བར་གསེང་གི་སྐབས་སུ་བྲིས་པའི་སྙང་ངག་དག་ཕྱོགས་བསྐྲིགས་བྱས་པ་རེད་ཅེས་ངའི་གྲོགས་པོ་ཆོ༹ས་ང་ལ་བརྗོད་བྱུང་་དཔེ་དེབ་དེ་ཐེངས་གཅིག་ལ་ཀློགས་མྱོང་། ་མིང་ཆི༹ག་སྙན་མོ་རེ་ཡོད་པ་དྲན་གྱི་འདུག ནང་དོན་གྱི་ཆ་ནས་བཤད་ན་ལེན་རྒྱུ་ཅི་ཡང་མི་འདུག་ལྟ་བུ་ཆོ༹ར་སྣང་བྱུང་། ཡིན་ནའང་ངས་སྙན་ངག་མི་ཤེས། གལ་སྲིད་ཁྱེད་རང་སྙན་བཟང་གཡང་དྲུང་མིན་ཆེ༹་རྕ་ོ༹མས་པ་ཁོ་་རང་གི་དུས་བབས་ལས་་ཟིན་བྲིས་ཁ་་ཕྱེས་ཡོདཔའི་་ཁོང་ལ་སྐད་ཆ་འདྲི་རོགས།
གསལ་འགྲེལ་མདོར་བསྡུས་ཤིག་གནང་བར་བཀའ་དྲིན་ཆེ། སྙན་དེབ་དེ་འདྲ་ཞིག་ཡིན་ན་དེབ་དེའི་རྩོམ་པ་པོ་དངོས་སུ་འདྲི་འདོད་པའི་དགའ་སྣང་སླེབས་མ་སོང་། དེ་ཡིན། སང་གནངས་མཇལ་ཡོང་། ད་ང་ཉལ་རན་ཐལ།
ད་བར་དྲ་ངོས་སུ་རྩོམ་ཡིག་འབྲི་མཁན་དང་མཆན་བུ་འདེབས་མཁན་སོགས་སུ་ཡིན་རུང་། འབྲི་མཁན་དངོས་སུ་ཡིན་མིན་གྱི་སྐོར་ལ་རྩད་བཅད་མྱོང་མེད་ལ་དེ་ལ་དགོས་དམིགས་ཀྱང་མ་མཐོང་། འོན་ཀྱང་། དྲ་གྲོགས་ཁ་ཤས་སྒེར་ངོས་ནས་ངོ་ཤེས་བ་དང་ཁ་ཤས་གྲོགས་པོ་བརྒྱུད་ནས་ངོ་ཤེས་བ་དེ་འདྲ་ཡོད། ངེད་ཀྱིས་འདིར་ཚིག་འགའ་བཤད་འདོད་བྱུང་། སྨྱུག་ཐོགས་པ་ཞིག་ཡིན་ན་རྫུན་མི་བཤད་མཁན་ཞིག་དགོས་རྒྱུ་ནི་ཐོག་མའི་ཆ་རྐྱེན་ལྟ་བུ་རེད། དཔེར་ན། ཚེ་རིང་གི་བུས་སྙན་བཟང་གཡང་དྲུང་ཚེ་རིང་ངོ་མི་ཤེས་མདོག་མདོག་དང་སྙན་བཟང་གཡང་དྲུང་ཚེ་རིང་མི་གཞན་ཞིག་ཡིན་མདོག་མདོག་བྱས་འདུག ངེད་ཀྱི་གོ་ཐོས་ནོར་མེད་ན། ཚེ་རིང་གི་བུ་ཟེར་མཁན་དེ་སྙན་བཟང་གཡང་དྲུང་ཚེ་རིང་རེད་ཟེར་གི། དེ་ཙམ་ཡིན།
རིག་འབྱུང་དོན་གྲུབ་ལགས། ངས་ཕྲན་ནི་སྙན་བཟང་གཡུང་དྲུང་ཚེ་རིང་དངོས་ཡིན་དང་མིན་འདིར་བཤད་ཀྱི་མིན། དྲ་དེབ་འདིའི་སྟེང་དུ་ཚེ་རིང་གི་བུ་ཞེས་པའི་པུར་མིང་འདི་བེད་སྤྱོད་གཏོང་གི་ཡོད་པ་དེ་ལ་རྒྱུ་མཚན་གཅིག་ཡོད། དེ་ནི་ངའི་ཡུལ་མི་དང་གྲོགས་པོ་ཚོ་བོད་ཀྱི་ལུང་པར་ཡོད། སྐབས་རེར་ངོས་རང་ཕ་ཡུལ་ལ་འགྲོ་གིན་ཡོད་པའི་སྟབས་ཀྱིས་ཡིན། ཁྱོད་ལ་ངོས་རང་སུ་ཡིན་མིན་དང་དེ་ཉིད་དྲིལ་བསྒྲགས་བྱེད་པའི་འགན་དེ་སུས་སྤྲད་པ་ཡིན།
སྙན་ངག་གྱེར་འདོན་དེ་དེ་ལྟར་མཇུག་རྫོགས་སོང་། དེ་མ་ཐག་ཏུ། གར་སྟེགས་ཧྲིལ་བོའི་ཕྱོགས་བཞི་ནས་ཁྲག་གི་རྦ་རླབས་ཤིག་འཕྱུར་སོང་། རྦ་རླབས་ཀྱི་མཐོ་ཚད་ལ་གཞིགས་ན། བསྐལ་པ་འཇིག་པའི་སྔོན་བརྡ་ཞིག་དང་ཡང་འདྲ་སྟེ། ས་གཞི་ཧྲིལ་བོ་ཡོམ་ཡོམ་དུ་བསྒུལ་ཅིང་། གངས་རིའི་ཕྲེང་བ་དག་ཀྱང་ཤིག་ཤིག་ཏུ་འདར་བྱུང་། ཁྲག་གི་རྦ་རླབས་ཀྱི་ལྟེབས་གཉེར་རེ་རེའི་བར་ན། གྲངས་ཀྱིས་མི་ཟིན་པའི་ངོ་གདོང་དག་གིས་ང་ལ་ཅེར་འདུག་ལ། ངའི་ཕ་མེས་ཡང་མེས་ཀྱིས་བྲིས་པའི་ཁ་ཆེམས་ཀྱི་གསེར་ཡིག་ཀྱང་མངོན་འདུག ད་ལྟ་ལོ་ནའི་དབང་གིས། སྙན་ངག་ལ་སྒྱུ་རྩལ་གྱི་བསླུ་བྲིད་ལྡན་མིན་བཤད་དཀའ་ཡང་། སྙན་ངག་ལ་ལོ་རྒྱུས་ཀྱི་སྐྱོ་གར་སྦྲུམ་འདུག་པ་དོན་དངོས་རེད།
ཨ་ལགས། གཟིམ་མེད་ན་ཡོའོ་ཐྲའོ་(you tube)ནང་ལ་སོང་དང་གླུ་གཞས་ཡག་པོ་ཞིག་འདུག ཉོན་དང་ཕ་ཡུལ་དཔྱིད་རླུང་དྲན་གི་རེད།(15 – ཕ་ཡུལ་ཟངས་དཀར། phayul zangs dkar) ཞོར་ལ་འཇམ་ནོར་གྱི་གཏམ་བཤད་འདིར་(Jamyang Norbu Speaks, Toronto)ཡང་ཉན་རྒྱུ་མ་བརྗེད། ཉོན་དང་ཁྱེད་ཀས་རྒྱ་གུང་ཁྲན་སླེབས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིང་བགྲོལ་ཐོབ་པ་རེད་ཟེར་བའི་སྐད་ཆ་བཤད་སྟངས་དེར་ཡང་འགྱུར་བ་འགྲོ་མདོག་ཁ་བོ་རེད།
རྒྱ་གུང་ཁྲན་འདི་བ་ལས་རྒྱུ་མང་གི་ཡ། དང་པོར་ཞིང་བྲན་ཁྲི་ཚོ་བརྒྱ་གདུག་རྩུབ་ཆེ་བའི་བྲན་གཡོག་དང་ས་བདག་གི་རྐང་འོག་ནས་ཡར་ལངས་བཅུག དེ་ནས་ད་ལྟ་ཞིང་བྲན་འདི་ཚོ་ཡར་སློང་མཁན་གུང་ཁྲན་རང་ཉིད་ཀྱི་རྐང་འོག་ནས་སྡུག་བསྔལ་མྱོང་དུ་བཅུག ནང་པའི་བཤད་སྲོལ་བྱས་ན་ཞིང་བྲན་འདི་ཚོས་ལས་ངན་པ་ཅི་ཞིག་བསགས་ཡོད་པ་ཡིན་ནམ། ངས་འདི་བསམ་གྱིན་བསམ་གྱིན་ཨ་ཧྥེ་རི་ཁའི་བ་ཕྱུག་གི་ཕྲུ་གུ་ཞིག་དྲན་སོང་། ས་ཁ་ནས་སེང་གེས་སྐེ་ཚིགས་ལ་ཟོ་བཏབ་ནས་ཟ་གྲབས་བྱས། ཆུ་ཁ་ནས་ཆུ་སྲིན་གྱིས་རྔ་ཚིགས་ལ་ཟོ་བཏབ་ནས་ཟ་གྲབས་བྱས། མཐའ་མ་དེ་ལ་ཕ་མ་གཉིས་ཀྱིས་བ་དམག་དྲངས་ཡོང་ནས་སྙིང་རྗེ་བའི་བ་ཕྲུག་དེའི་ཚེ་སྲོག་བསྐྱབས་སོང་། ཡིན་ན་ཡང་ཞིང་བྲན་འདི་ཚོའི་མགོན་སྐྱབས་ངོ་མ་དེ་གང་ན་ཡོད།
ཁྱེད་དང་ངའི་ནར་སོན་གྱི་ལོ་ཟླ།
ཚིག གཅན་མེ་སྟག འབྲོང༌།
ཧི་མ་ལ་ཡའི་མཚར་སྡུག་གི་མཚམས་སྤྲིན་ཀློང་ནས
རྨ་འབྲི་རྫ་གསུམ་ལྷུང་ལྷུང་གི་རླབས་རྒྱུན་ཁྲོད་ནས
ཁྲི་ཤོར་རྒྱལ་མོའི་ངོ་མཚར་གྱི་ལོ་རྒྱུས་དབུས་ནས
ངའི་ཆེས་ཐོག་མའི་གདངས་དབྱངས་དང་གཟུགས་བརྙན
ཁྱེད་ཀྱི་ལྷད་མེད་པའི་སེམས་ཁོང་དུ་བཞད་ཅིང
ངའི་ཆེས་ཐོག་མའི་བསམ་གཞིག་དང་གླུ་སྐད
ཁྱེད་ཀྱི་སྙིང་ཉེ་བའི་མིག་ལམ་དུ་འབུལ་ཡོད
དུས་དེ་ནས་བཟུང་སྟེ་ངའི་འཇིག་རྟེན་གྱི་སྒོ་མོ་ཕྱེ་བའི་གསེར་མདོག་གི་ལྡེ་མིག་ཁྱོད་ཡིན་ལ
སྐབས་དེ་ནས་བཟུང་སྟེ་ངའི་བར་སྣང་གི་རྒྱ་ཁྱོན་གཞལ་བའི་ལང་ལོང་གི་སྤྲིན་ཕུང་ཁྱོད་ཡིན་འདུག
ང་ནི་འདི་ལྟར་སྐྱོ་དུབ་དང་རྣམ་དག་གི་སེམས་པས་ཁྱེད་ལ་བསྐྱོད་ཀྱིན་ཡོད
ང་ནི་འདི་ལྟར་བག་ཡངས་དང་ཕྱི་གསལ་ནང་གསལ་གྱིས་ཁྱེད་ལ་ཆས་ཀྱིན་ཡོད
ཁྱེད་ཀྱི་ས་གཤིན་གཉེར་མོའམ་ཁྱེད་ཀྱི་ཆོས་ཉིད་ཟབ་མོས
ང་ལ་རྟག་ཏུ་ཕ་ཡུལ་འདིའི་རུམ་ཁོང་དུ་སྦས་པའི་འཇིག་རྟེན་བཞིན་རྒྱ་ཆེ་ལ་འཇིག་རྟེན་བཞིན་གཏིང་ཟབ་པའི་མི་ཆོས་ལོ་རྒྱུས་ཀྱི་དྲན་ཤིང་འདེགས་སུ་བཅུག་ཅིང
སྐྱེས་ཁམས་དག་གཙང་གི་སྨོན་འདུན་འཚོལ་དུ་བཅུག
ཁྱེད་ནི་དེ་འདྲའི་ཞི་ཞིང་འཇམ་ལ་ ཁྱེད་ནི་དེ་འདྲའི་སྒམ་ཞིང་བརླིང་ ཁྱེད་ནི་དེ་འདྲའི་ངང་རྒྱུད་རིང་ལ་ ཁྱེད་ནི་དེ་འདྲའི་བརྗིད་ཅིང་མཛེས
ཕ་ཡུལ་ཨ་ མ་གཞིར་ ཁྱེད་ནི་ངས་བྲིས་མི་ཚར་བའི་སེམས་གཏིང་གི་སྐད་ཆ་དེ་ཡིན་འདུག
ཁྱེད་ནི་ངས་བླངས་མི་ཚར་བའི་དག་གི་དབྱངས་འགྱུར་དེ་ཡིན་འདུག
ཁྱེད་ནི་རྩ་བ་ཀླུ་ཡུལ་དུ་ཟུག་པའི་ སྐེད་པ་མི་ཡུལ་དུ་རྒྱས་པའི་ རྩེ་མོ་ལྷ་ཡུལ་དུ་སྨིན་པའི་འདོད་འབྱུང་གི་དཔག་བསམ་ལྗོན་ཤིང་དེ་ཡིན་འདུག
སོང་ཀྱིན་སོང་ཀྱིན་དུ་ངས་ཁྱེད་ཀྱི་ཕ་མཐའ་རྙེད་ཀྱིན་མི་འདུག་པ་ཤེས་བྱུང
བསྡད་ཀྱིན་བསྡད་ཀྱིན་དུ་ངས་ཁྱོད་ཀྱི་ཐུགས་དགོངས་རྟོགས་ཀྱི་མི་འདུག་པ་ཡང་ཚོར་བྱུང
ཁྱེད་ཀྱི་མི་གཞིའི་ཟབ་ས་ན་འཚེར་བའི་འོད་ཀྱི་ཕུང་པོ་དེའི་དབང་གིས
ཁྱེད་ཀྱི་འདུ་ཤེས་ཕྲ་ས་ན་སྨིན་པའི་ཙན་དན་ལོ་མ་དེའི་རྐྱེན་གྱིས
ཁྱེད་ཀྱི་དད་པའི་ཕྱི་ལོག་ན་འཛུམ་པའི་ཨུག་ཆོས་མེ་ཏོག་དེའི་སླད་དུ
ལོ་རྒྱུས་སྨུག་སྤྲིན་བཞིན་མཆེད་པའི་ཁ་སང་ཁྱེད་ཀྱི་ཁྱོན་ཆེ་བའི་ནམ་མཁའ་འདི་རུ་ང་ནི་ནམ་ཡང་འདར་འདར་དུ་འཕུར་བའི་བྱུའུ་ཆུང་ཞིག་ཡིན་སྲིད་ཀྱང་ཁྱེད་ཀྱི་རུམ་ཁོང་དྲོན་མོའམ་ཁྱེད་ཀྱི་ཐུངས་བརྩེ་ཟབ་མོས
ང་ལ་ནམ་ཡང་རྒྱང་བསྐྱོད་ཀྱི་བློ་སྤོབས་སྩོལ་བཞིན་མཆིས
ང་ལ་ཡང་བསྐྱར་གསོན་ཤུགས་སྩོལ་བཞིན་མཆིས
ནར་སོན་གྱི་ལོ་ཟླ་འདི་དག་ནི་ཁྱེད་དང་ངའི་བྱིས་སྒྲུང་ཡི་ལ
ཁྱེད་དང་ངའི་དེ་རིང་དང་སང་ཉིན་ཡང་ཅི་ལ་མིན
ངས་དག་གཙང་གི་བོད་པའི་སྐད་གདངས་དབུས་ནས
ཁྱེད་ཀྱི་འདས་མ་ད་གསུམ་གྱི་ངོ་མཚར་དང་ཀྱག་ཀྱོག
ཁྱེད་ཀྱི་འདས་མ་ད་གསུམ་གྱི་འཚོ་སྟངས་དང་དགའ་སྡུག
ཁྱེད་ཀྱི་འདས་མ་ད་གསུམ་གྱི་རིགས་གནས་དང་གོམ་འགྲོས་ཡོད་ཚད
ཕུ་ནུ་མིང་སྲིང་ཚོའི་སྙན་ལམ་དུ་ཞུ་འབུལ་བྱེད་ཀྱིན་ཡོད
ངས་བར་སྣང་འཕྲིན་ལམ་གྱི་རི་མོའི་ལམ་ནས་ཀྱང
ཁྱེད་ཀྱི་འདས་མ་ད་གསུམ་གྱི་གྲུབ་འབྲས་དང་སྤྲོ་དགའ
ཁྱེད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དང་དཔལ་ཡོན
ཁྱེད་ཀྱི་འདས་མ་ད་གསུམ་གྱི་འདུ་ཤེས་དང་ཁྱད་ཆོས་ཀྱང
ཕུ་ནུ་མིང་སྲིང་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུ་ཀྱི་ཡོད
དེའི་སྟབས་ཀྱིས་ དུས་རབས་ཉེར་གཅིག་པའི་དེ་རིང
ཁྱེད་ཀྱི་འཛུམ་མདངས་ནི་ང་ཡི་མི་ཆེ་འདིའི་རིང་ཐང་ཁ་ནར་གྱུར
རིན་ཐང་གིས་བཟོས་པའི་མིང་བྱང་འདི་ན
ང་དང་ངའི་ཁྱིམ་གཞིས་ཧྲིལ་བོའི་ངོ་གདོང་ལ་བྱུགས་པའི་གསེར་མདོག་གི་འོད་སྣང་ཡིན་ལ
རིན་ཐང་གིས་བཟོས་པའི་མིང་བྱང་འདི་ནི
ངའི་སྐད་ཤུགས་མཐོ་རུ་འདེགས་པའི་བློ་སྤོབས་དང་ངའི་སྒལ་ཚིགས་དྲང་པོར་བསྲེངས་པའི་གཞི་རྩ་ཡིན
ཡང་གཅིག་བཤད་ན་ རིན་ཐང་གིས་བཟོས་པའི་མིང་བྱང་འདི་ནི
ང་ཁོ་ནར་དབང་བའང་མིན་ཏེ་འདི་ནི་ཕུ་ནུ་མིང་སྲིང་ཚོའི་མིག་ལམ་གྱི་ཁྱེད་དང་ངའི་གསལ་ཐག་ཆོད་པའི་གཟུགས་བརྙན་དང་ངོམ་དུ་རུང་བའི་གཅེས་ནོར་གཅིག་པུའང་མ་ཡིན་ནམ
དེ་བས་ན་ ངས་ད་དུང་ ཕ་ཡུལ་དང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོ་ མིག་གིས་འཚོས་ནས་ སྙིང་གིས་སྒོམ་ནས་ ངག་གིས་གླིང་ནས་ ང་ད་དུང་ཁྱེད་ཀྱི་ཁ་དོག་བཀྲ་བའི་འཇིག་རྟེན་དུ་ཉུལ་དགོས
ང་ད་དུང་ཁྱེད་ཀྱི་རྒྱུ་འབྲས་འཛོམས་པའི་སེམས་ཁོང་དུ་ཉུལ་དགོས
ང་ད་དུང་ཁྱེད་ཀྱི་རྟེན་འབྲེལ་ཚང་བའི་ཁྱིམ་གཞིས་སུ་ཉུལ་དགོས
དད་དགའི་ལྷག་བསམ་གྱི་ཁ་བཏགས་སྔོན་དུ་སྲིང་བཞིན
ཡིད་ཆེས་བསླུ་མེད་ཀྱི་འཛུམ་མདངས་གདོང་ལ་འབྲི་གཞིན
རྟག་བརྟན་མི་འགྱུར་བའི་དམ་བཅའ་སྙིང་ལ་བཅངས་བཞིན
ངའི་ཕ་ཡུལ་དང་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོར
རོ་བཅུད་ཕུན་སུམ་ཚོགས་པའི་ཤེས་རིག་གི་ལོངས་སྤྱོད་ཅིག
ཐུན་མིན་ཁྱད་དུ་འཕགས་པའི་སྐྱེས་ཁམས་ཀྱི་མཛེས་སྡུག་ཅིག
སྣ་མང་རྨད་དུ་བྱུང་བའི་གླུ་གར་འདིའི་མཆོག་ཏུ་གྱུར་བའི་རིག་གནས་ཀྱི་ནིང་བཅུད་ཅིག་ཀྱང་མཛད་མེད་དུ་བསྐྲུན་འདོད
ཕ་ཡུལ་ཨ་ དོ་དགོང་ ངས་ལུས་ས་ཁུར་བའི་དུས་རབས་ཀྱི་ཁྲེས་པོ་དག་གནས་འདིར་ཕབས་ནས
ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་ཕང་བ་རུ་ངལ་གསོ་ཐེངས་ཤིག་བྱེད་འདོད
ཕ་ཡུལ་ཨ་ དོ་དགོང་ ངས་ངག་ལ་གྱེར་བའི་བླ་སྲོག་གི་འབོད་པ་དག་གནས་འདིར་བསྐྱུར་ནས
ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་བྱམས་བརྩེའི་བྱིལ་བྱིལ་ཐེངས་ཤིག་མྱོང་འདོད
ཕ་ཡུལ་ཨ་ དོ་དགོང་ ངས་ཡིད་ལ་བརྣག་པའི་ན་ཟུག་གི་རྨ་ཁ་དག་གནས་འིར་སྦས་ནས
ཡང་བསྐྱར་ཐེངས་གཅིག་ལ་ཁྱེད་ཀྱི་ལོ་གསར་གྱ་སྤྲོ་དགའ་ལ་ཐེངས་ཤིག་རོལ་འདོད
སྙན་ངག་གྱེར་འདོན་འདི་ཐེངས་ཤིག་བལྟས་རྗེས་སུ། ངའི་སེམས་ཁོང་དུ་འཆི་མ་འགོག་མེད་དུ་ཤོར་སོང་བ་མ་ཟད། བོད་ནང་གི་སྙན་ངག་པ་གཅན་མེ་སྟག་དང་འབྲོང་གཉིས་ཀྱིས་བྲིས་པའི་སྙན་ངག་འདི་ནི་དངོས་ནས་ཁྱད་དུ་འཕགས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད་འདུག་པ་མ་ཟད། དེང་ཐོག་རོལ་དབྱངས་ཀྱི་འགོ་བཙུགས་དེ་འོང་དུས་བཙན་བྱོལ་ནས་འཁྲབ་པའི་ཧི་མ་ལ་ཡའི་གློག་བརྙན་ནང་གི་དབྱངས་རྟ་ཞིག་ལྷོད་ཀྱིས་གྲགས་དེ་འོང་བ་ནི་ཏ་རེ་ཏུ་རེ་སོ་ཨ་ཟེར་བའི་དབྱངས་རྟ་སྙན་མོ་དེ་རེད། དེ་ནས་གྱེར་འདོན་པ་བཞིའི་རང་རང་གི་སེམས་པ་སྙན་ངག་དེའི་དྲོད་ཁོལ་བརླན་ནས་གྱེར་ནས་འོང་དུས་དངོས་ནས་སེམས་ནང་དུ་རང་དབང་མེད་པར་སྐྱོ་ངལ་ཞིག་དང་ལྷན་དུ་མིག་ཆུ་ཤོར་སོང་བ་དང་འབྲེལ་རྒྱང་རིང་གི་བོད་མི་ཚང་གི་དད་གུས་དང་ལྷག་བསམ་ཡང་རང་དབང་མེད་པར་སེམས་ཁོང་དུ་སླར་ཡང་ཐེངས་ཤིག་དྲན་དུ་བཅུགས།
ངེད་ལ་ནི་བསམ་ཚུལ་ཅང་མེད། གཞས་པ་ཚོའི་སྐྱོ་བའི་ཚིག་དང་ཤོར་བའི་གདོང་གཉིས་ཀ་མཐོང་ཡོང་གི་ དེ་ལས་ཡིན། བོད་མི་ཚང་མའི་སེམས་ན་ཐུན་མོང་གི་སྡུག་བསྔལ་ཞིག་ཡོད་པ་ནི་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་བྱུང་བའི་སྐྱོ་གར་འདི་རེད། བོད་མི་ཚང་མའི་སེམས་ལ་ཐུན་མོང་གི་རེ་བ་ཞིག་ཡོད་པ་ནི་གཞིས་བྱེས་མཉམ་འཛོམས་བྱུང་རྒྱུ་དེ་རེད།
བོད་མི་རེ་རེར་རང་རང་གི་སེམས་ན་མི་རིགས་འདིའི་བདེ་སྡུག་ལ་ཚོར་བ་ཞིག་ཡོད་དགོས། ཚོར་བ་ཡོད་པ་ཙམ་མ་ཡིན་པར་འགན་འཁྲི་རེ་ཡང་འཁུར་ཐུབ་པ་ཡིན་ན།
ང་ཚོར་རེ་བ་མེད་པ་ཅི་ལ་ཡིན།
སྙན་ངག་གསར་པ་(བཙན་པོའི་སྐབས་ཀྱི་མགུར་གླུ་བཤད་མེད)འདི་དར་ནས་ད་ལྟའི་བར་མི་ལོ་ཉི་ཤུ་ལྷག་ལས་འགོར་མེད་ནའང་། རྩོམ་སྟངས་ཀྱི་ཆ་ནས་ལུགས་ཁ་ཤས་ཤིག་ཐོན་འདུག་པ་དཔེར་ན། དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་དང་། རེབ་གོང་རྡོ་རྗེ་མཁར། ཆབ་འགག་(སྐབས་དེའི་སྙན་ངག་པ་མང་པོ་ཞིག་གིས་དོན་གྲུབ་རྒྱལ་གྱི་རང་མོས་སྙན་ངག་ལ་ལད་ཟློས་བྱས་ཡོད་པ་མང་)སོགས་ཀྱིས་བྲིས་པའི་རང་མོས་སྙན་ངག་དག་གི་རྩོམ་འགྲོས་གཅིག་ཡིན། ངས་སྙན་ངག་དེ་ལ་‘སྙག་ངག་གྱེར་བདེ་མ་’ཞེས་འབོད། དེའི་ཕྱིས་སུ་བྱུང་བའི་སྙན་ངག་པ་འཇུ་སྐལ་བཟང་(ཁོང་གིས་བྲིས་པའི་ཏུན་ཧོང་ལ་གནས་སྐོར་དུ་ཕྱིན་པ་དང་། ཆེས་ཐོག་མའི་དབྱངས་རྟ་གཉིས་འདིར་ཚུད་མེད)གི་སྙན་ངག་དང་། དཔའ་རྩེ། གཅན་མེ་སྟག ལྷ་རྒྱལ་ཚེ་རིང་(འཛིན་མའི་གདུང་དབྱངས་བཤད་མེད)སོགས་ཀྱི་སྙན་ངག་གི་རྩོམ་སྟངས་རང་གྲོལ་སོགས་ཀྱི་སྙན་ངག་དང་བསྡུར་ན་ཅུང་འགྱུར་བ་ཕྱིན་ཡོད། ཁོང་ཚོའི་སྙན་ངག་ལ་‘སྙན་ངག་ཡིད་ྐློག་མ་’ཞེས་འབོད། དེའི་རྗེས་ཀྱི་སྙན་ངག་པ་ལྡོང་ཆུ་ཤེལ་དང་། ཡི་ཤེས་བཟང་པོ། རྒྱ་གྲོལ། གཅན་རང་སད་(སྐབས་དེར་རྩོམ་སྟངས་གཅིག་པའི་སྙན་ངག་པ་ཤིན་ཏུ་མང་། སྙན་ངག་པ་འདི་ཚོ་དཔེ་མཚོན་ཙམ་ཡིན)སོགས་ཀྱིས་བྲིས་པའི་སྙན་ངག་གི་རྩོམ་སྟངས་ནི་སྔོན་དང་མི་འདྲ་བར་ཅུང་ཆ་མེད་ཅིག་ཡིན། ཁོང་ཚོས་བྲིས་པའི་སྙན་ངག་ལ་‘སྙན་ངག་རང་མྱོང་མ་’ཞེས་འབོད། ད་དུང་སྙན་ངག་པ་གངས་ཞུན་དང་། རྨ་འོད། ཁྱུང་བཟང་སོགས་ཀྱིས་བྲིས་པའི་སྙན་ངག་གི་རྩོམ་སྟངས་ནི་ལུགས་གཞན་པ་ཞིག་རེད་འདུག རྩོམ་སྟངས་དེར་ངས་‘སྙན་ངག་ཡིད་འཇམ་མ་’ཞེས་འབོད་ཀྱིན་ཡོད། གོང་གི་འབྲོང་དང་གཅན་མེ་སྟག་གཉིས་ཀྱིས་བྲིས་པའི་སྙན་ངག་འདི་‘སྙན་ངག་གྱེར་བདེ་མ’འི་རྩོམ་སྟངས་རེད་སྙམ། སྔོན་ཆད་ངས་རང་མོས་སྙན་ངག་སྐོར་ལ་དེབ་ཆུང་ཞིག་འབྲི་དགོས་བསམས་ཏེ་ཉིས་སྟོང་བཞིའི་གོང་དུ་དཔེ་སྐྲུན་བྱས་པའི་རང་མོས་སྙན་ངག་གི་སྙན་དེབ་ཉི་ཤུ་ཙམ་བྐླགས་པ་ཡིན། ཡིན་ན་ཡང་ལོ་གཅིག་གི་གོང་ནས་འབྲི་འཕྲོར་ལུས་བསྡད་ཡོད། གཅིག་ཐང་ན་མཇུག་སྐྱོང་གི་ཡིན། དེ་ཙམ་ཞུ།
གཅིག་བྱས་ན་མ་གསུང་རོགས། འབྲི་གཞུག་གང་མགྱོགས་འགྲུབ་པར་འབད་བརྩོན་བྱེད་ཆོག་ཟེར་ནས་གསུང་རོགས་ཞུ། ང་རང་ལྟ་བུ་ཀློག་མཁན་མང་བོ་ཞིག་ཡོད་ངེས་ཡིན་ལ་དེའི་་ཕན་ས་ཡང་གང་ཙམ་ཞིག་ཡོད་ངེས་ཡིན། ངེད་ཅག་གིས་སྒུག་ནས་འདུག ཁྱེད་ཀྱི་རང་མོས་སྙན་ངག་གི་དཔྱད་རྩོམ་གསར་བ་དེར།
ཆེ༹་རིང་གི་བུ་ལགས།
རྡོ་རྗེ་མཁར་དང་ལྗང་བུ་སོགས་བོད་ཀྱི་སྙན་ངག་པ་རྒན་པའི་གྲས་ཡིན་ནའང་ཁྱད་ཆོས་ལྡན་པའི་སྙན་ངག་དང་སྒྲུང་གཏམ་གང་ཡང་མི་འདུག ཡིན་ནའང་རྡོ་རྗེ་མཁར་གྱིས་མུ་མཐུད་དུ་སྒྲུང་གཏམ་དང་མང་པོ་ཞིག་ལ་འབད་བཞིན་འདུག་གྲངས་ཀྱི་ཆ་ནས་དངོས་ནས་ཁོ་ལ་མང་ཡ།
གཞན་སྙན་ངག་ལ་དགའ་བའི་ངའི་གྲོགས་པོ་ཆོ༹ས་ས་མཐའི་སྙན་ངག་གི་དགུན་ཤ་ཁྱེད་ཀྱི་ལྷ་འདྲེ་མང་པའི་རི་གྲོང་ནས་ཟེར།
དོ་དགོང་འདིར་ཁྱེད་ཀྱི་སྙང་ངག་ཞིག་ལྐོགས་ན་འདོད།
ཁོམས་པ་ཡོད་ན་འདིར་སྙན་ངག་གསར་པ་ཞིག་འགོད་རོགས།
མདའ་སྨྱུག་ལགས། ཁྱེད་རང་མི་ནོར་གི་ཡོད་ས་རེད། ལྷ་འདྲེ་མང་བའི་རི་གྲོང་ཟེར་ན་མི་ཤེས། སྙན་དེབ་དེའི་སྐོར་གྱི་གསལ་བཤད་ཅིག་གནང་ན་ཅི་འདྲ་རེད། ཐུགས་རྗེས་གཟིགས།
ཁྱེད་ཀྱིས་བཤད་པ་ཅུང་བདེན་པ་རེད། རེབ་གོང་རྡོ་རྗེ་མཁར་གྱིས་རྩོམ་ཡིག་མང་པོ་ཞིག་བྲིས་འདུག་པ་དཔེར་ན། རྐྱལ་བའི་འཇིག་རྟེན་དུ་མྱུལ་བའི་གཏམ་རྒྱུད་ནི་ྐློག་རིན་ཡོད་པའི་སྒྲུང་རྩོམ་རིང་པོ་ཞིག་རེད། སྙན་ངག་བྱིས་པ་ལ་འཇུག་པའི་སྒོ་ནི་སྙན་གཞུང་མེ་ལོང་མ་སྦྱང་བའི་ལས་དང་པོ་བ་ཞིག་ལ་མཚོན་ན་ཤིན་ཏུ་ལེགས། ད་དུང་ཁོང་གིས་བྲིས་པའི་གླག་རྒོད་ནི་བདག་ཆུང་ཆུང་ཡིན་དུས་གྱེར་འདོན་བྱས་མྱོང་བ་དག་གི་ཁྲོད་ཀྱི་སྙན་ངག་གཅིག་ཡིན། གཞན་ལྗང་བུའི་སྙན་ངག་ལ་རོལ་མྱོང་མང་ཙམ་བྱས་མྱོང་། དམར་པོ་ཁྲག་གི་གླུ་དང་། གཟི་མིག་དགུ་བའི་ནང་གི་དྲི་བ་ཞེས་པའི་སྙན་ངག་རེ་ཟུང་གི་མཚོན་སྟོབས་རྒྱ་ཆེན་པོ་འདུག སྐད་གྲགས་ཆེ་བའི་ཚོད་ཀྱིས་ཁོང་གི་སྙན་ངག་ཁག་གི་ཡིད་འགྱུར་སྣང་བརྙན་ནི་དེ་འདྲའི་ཚོན་མདོག་ལྡན་པ་ཞིག་མ་རེད་སྙམ་པའི་ཚོར་སྣང་བྱུང་། འདི་ངའི་ལྟ་ཚུལ་ཙམ་ཡིན། དེ་ལྟར་མདོར་བསྡུས་ཤིག་བཤད་པ་ཡིན།
ལྷ་འདྲེ་མང་པོའི་རི་གྲོང་ཞེས་འབོད་པའི་དཔེ་དེབ་དེ་སྙན་བཟང་གཡུང་དྲུང་ཆེ༹་རིང་གིས་བརྕ༹མས་པའི་རང་མོས་སྙང་ངག་གི་དཔེ་དེབ་ཞིག་རེད།དཔེ་དེབ་དེ་རྕོ༹མས་པ་པོ་ཁོ་རང་གིས་་སློབ་མའི་བར་གསེང་གི་སྐབས་སུ་བྲིས་པའི་སྙང་ངག་དག་ཕྱོགས་བསྐྲིགས་བྱས་པ་རེད་ཅེས་ངའི་གྲོགས་པོ་ཆོ༹ས་ང་ལ་བརྗོད་བྱུང་་དཔེ་དེབ་དེ་ཐེངས་གཅིག་ལ་ཀློགས་མྱོང་།
་མིང་ཆི༹ག་སྙན་མོ་རེ་ཡོད་པ་དྲན་གྱི་འདུག
ནང་དོན་གྱི་ཆ་ནས་བཤད་ན་ལེན་རྒྱུ་ཅི་ཡང་མི་འདུག་ལྟ་བུ་ཆོ༹ར་སྣང་བྱུང་།
ཡིན་ནའང་ངས་སྙན་ངག་མི་ཤེས།
གལ་སྲིད་ཁྱེད་རང་སྙན་བཟང་གཡང་དྲུང་མིན་ཆེ༹་རྕ་ོ༹མས་པ་ཁོ་་རང་གི་དུས་བབས་ལས་་ཟིན་བྲིས་ཁ་་ཕྱེས་ཡོདཔའི་་ཁོང་ལ་སྐད་ཆ་འདྲི་རོགས།
གསལ་འགྲེལ་མདོར་བསྡུས་ཤིག་གནང་བར་བཀའ་དྲིན་ཆེ། སྙན་དེབ་དེ་འདྲ་ཞིག་ཡིན་ན་དེབ་དེའི་རྩོམ་པ་པོ་དངོས་སུ་འདྲི་འདོད་པའི་དགའ་སྣང་སླེབས་མ་སོང་། དེ་ཡིན། སང་གནངས་མཇལ་ཡོང་། ད་ང་ཉལ་རན་ཐལ།
ད་བར་དྲ་ངོས་སུ་རྩོམ་ཡིག་འབྲི་མཁན་དང་མཆན་བུ་འདེབས་མཁན་སོགས་སུ་ཡིན་རུང་། འབྲི་མཁན་དངོས་སུ་ཡིན་མིན་གྱི་སྐོར་ལ་རྩད་བཅད་མྱོང་མེད་ལ་དེ་ལ་དགོས་དམིགས་ཀྱང་མ་མཐོང་། འོན་ཀྱང་། དྲ་གྲོགས་ཁ་ཤས་སྒེར་ངོས་ནས་ངོ་ཤེས་བ་དང་ཁ་ཤས་གྲོགས་པོ་བརྒྱུད་ནས་ངོ་ཤེས་བ་དེ་འདྲ་ཡོད།
ངེད་ཀྱིས་འདིར་ཚིག་འགའ་བཤད་འདོད་བྱུང་། སྨྱུག་ཐོགས་པ་ཞིག་ཡིན་ན་རྫུན་མི་བཤད་མཁན་ཞིག་དགོས་རྒྱུ་ནི་ཐོག་མའི་ཆ་རྐྱེན་ལྟ་བུ་རེད།
དཔེར་ན། ཚེ་རིང་གི་བུས་སྙན་བཟང་གཡང་དྲུང་ཚེ་རིང་ངོ་མི་ཤེས་མདོག་མདོག་དང་སྙན་བཟང་གཡང་དྲུང་ཚེ་རིང་མི་གཞན་ཞིག་ཡིན་མདོག་མདོག་བྱས་འདུག
ངེད་ཀྱི་གོ་ཐོས་ནོར་མེད་ན། ཚེ་རིང་གི་བུ་ཟེར་མཁན་དེ་སྙན་བཟང་གཡང་དྲུང་ཚེ་རིང་རེད་ཟེར་གི། དེ་ཙམ་ཡིན།
རིག་འབྱུང་དོན་གྲུབ་ལགས།
ངས་ཕྲན་ནི་སྙན་བཟང་གཡུང་དྲུང་ཚེ་རིང་དངོས་ཡིན་དང་མིན་འདིར་བཤད་ཀྱི་མིན། དྲ་དེབ་འདིའི་སྟེང་དུ་ཚེ་རིང་གི་བུ་ཞེས་པའི་པུར་མིང་འདི་བེད་སྤྱོད་གཏོང་གི་ཡོད་པ་དེ་ལ་རྒྱུ་མཚན་གཅིག་ཡོད། དེ་ནི་ངའི་ཡུལ་མི་དང་གྲོགས་པོ་ཚོ་བོད་ཀྱི་ལུང་པར་ཡོད། སྐབས་རེར་ངོས་རང་ཕ་ཡུལ་ལ་འགྲོ་གིན་ཡོད་པའི་སྟབས་ཀྱིས་ཡིན། ཁྱོད་ལ་ངོས་རང་སུ་ཡིན་མིན་དང་དེ་ཉིད་དྲིལ་བསྒྲགས་བྱེད་པའི་འགན་དེ་སུས་སྤྲད་པ་ཡིན།
སྙན་ངག་གྱེར་འདོན་དེ་དེ་ལྟར་མཇུག་རྫོགས་སོང་།
དེ་མ་ཐག་ཏུ།
གར་སྟེགས་ཧྲིལ་བོའི་ཕྱོགས་བཞི་ནས་ཁྲག་གི་རྦ་རླབས་ཤིག་འཕྱུར་སོང་།
རྦ་རླབས་ཀྱི་མཐོ་ཚད་ལ་གཞིགས་ན།
བསྐལ་པ་འཇིག་པའི་སྔོན་བརྡ་ཞིག་དང་ཡང་འདྲ་སྟེ།
ས་གཞི་ཧྲིལ་བོ་ཡོམ་ཡོམ་དུ་བསྒུལ་ཅིང་།
གངས་རིའི་ཕྲེང་བ་དག་ཀྱང་ཤིག་ཤིག་ཏུ་འདར་བྱུང་།
ཁྲག་གི་རྦ་རླབས་ཀྱི་ལྟེབས་གཉེར་རེ་རེའི་བར་ན།
གྲངས་ཀྱིས་མི་ཟིན་པའི་ངོ་གདོང་དག་གིས་ང་ལ་ཅེར་འདུག་ལ།
ངའི་ཕ་མེས་ཡང་མེས་ཀྱིས་བྲིས་པའི་ཁ་ཆེམས་ཀྱི་གསེར་ཡིག་ཀྱང་མངོན་འདུག
ད་ལྟ་ལོ་ནའི་དབང་གིས།
སྙན་ངག་ལ་སྒྱུ་རྩལ་གྱི་བསླུ་བྲིད་ལྡན་མིན་བཤད་དཀའ་ཡང་།
སྙན་ངག་ལ་ལོ་རྒྱུས་ཀྱི་སྐྱོ་གར་སྦྲུམ་འདུག་པ་དོན་དངོས་རེད།
ཨ་ལགས། གཟིམ་མེད་ན་ཡོའོ་ཐྲའོ་(you tube)ནང་ལ་སོང་དང་གླུ་གཞས་ཡག་པོ་ཞིག་འདུག ཉོན་དང་ཕ་ཡུལ་དཔྱིད་རླུང་དྲན་གི་རེད།(15 – ཕ་ཡུལ་ཟངས་དཀར། phayul zangs dkar) ཞོར་ལ་འཇམ་ནོར་གྱི་གཏམ་བཤད་འདིར་(Jamyang Norbu Speaks, Toronto)ཡང་ཉན་རྒྱུ་མ་བརྗེད། ཉོན་དང་ཁྱེད་ཀས་རྒྱ་གུང་ཁྲན་སླེབས་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིང་བགྲོལ་ཐོབ་པ་རེད་ཟེར་བའི་སྐད་ཆ་བཤད་སྟངས་དེར་ཡང་འགྱུར་བ་འགྲོ་མདོག་ཁ་བོ་རེད།
རྒྱ་གུང་ཁྲན་འདི་བ་ལས་རྒྱུ་མང་གི་ཡ། དང་པོར་ཞིང་བྲན་ཁྲི་ཚོ་བརྒྱ་གདུག་རྩུབ་ཆེ་བའི་བྲན་གཡོག་དང་ས་བདག་གི་རྐང་འོག་ནས་ཡར་ལངས་བཅུག དེ་ནས་ད་ལྟ་ཞིང་བྲན་འདི་ཚོ་ཡར་སློང་མཁན་གུང་ཁྲན་རང་ཉིད་ཀྱི་རྐང་འོག་ནས་སྡུག་བསྔལ་མྱོང་དུ་བཅུག ནང་པའི་བཤད་སྲོལ་བྱས་ན་ཞིང་བྲན་འདི་ཚོས་ལས་ངན་པ་ཅི་ཞིག་བསགས་ཡོད་པ་ཡིན་ནམ། ངས་འདི་བསམ་གྱིན་བསམ་གྱིན་ཨ་ཧྥེ་རི་ཁའི་བ་ཕྱུག་གི་ཕྲུ་གུ་ཞིག་དྲན་སོང་། ས་ཁ་ནས་སེང་གེས་སྐེ་ཚིགས་ལ་ཟོ་བཏབ་ནས་ཟ་གྲབས་བྱས། ཆུ་ཁ་ནས་ཆུ་སྲིན་གྱིས་རྔ་ཚིགས་ལ་ཟོ་བཏབ་ནས་ཟ་གྲབས་བྱས། མཐའ་མ་དེ་ལ་ཕ་མ་གཉིས་ཀྱིས་བ་དམག་དྲངས་ཡོང་ནས་སྙིང་རྗེ་བའི་བ་ཕྲུག་དེའི་ཚེ་སྲོག་བསྐྱབས་སོང་། ཡིན་ན་ཡང་ཞིང་བྲན་འདི་ཚོའི་མགོན་སྐྱབས་ངོ་མ་དེ་གང་ན་ཡོད།
ཆད་ཚིག
བྲན་གཡོག་བདག་པོ།