ཚེ་རིང་།
བྲག་སྣེ་དེ
ཁྱོད་རང་མཐོང་ཐུབ་པའི་བྲག་སྣ་དེ་ནས
ངས་གྱེས་བརྡ་མཚོན་པའི་ཕྱི་མིག་མ་འཕངས
སྐད་ཅིག་མའི་མཐོང་སྣང་དེས
གཅིག་བྱས་ན བསྐལ་བ་སྟོང་གི་དྲན་ཤིང་འཇོག་སྲིད
མིག་ཟུང་ཨུ་ཚུགས་ཀྱིས་བཙུམ་དུས
རྒྱབ་ལོགས་སུ ཤིང་ལོ་རླུང་གིས་དཀྲོགས་པའི་ཤག་སྒྲ་དེ
ཡུན་རིང་ཞིག་ཏུ་ངའི་སེམས་ནས་ཡལ་མ་ཐུབ
དེ་ནི་ལྗོན་ལོ་སེར་བོར་གྱུར་བའི་སྟོན་མཇུག་ཅིག་ཡིན
དུས་དེར་ངའི་ལས་དབང
འདི་འདྲའི་ཐག་རིང་ཞིག་ན་ཡོད་པར་སུས་ཀྱང་འདོད་མེད་ལ
དུས་དེར་ངའི་ལས་དབང
འདི་འདྲའི་ལོ་ཟླ་རིང་མོ་ཞིག་གི་ཁུགས་སུ་ལྷུང་བར་སུས་ཀྱང་འདོད་མེད
ཅི་ཞིག་ཚར་ལ་ཉེ་བའི་དུས་འདིར
གང་ཞིག་རྫོགས་ལ་ཉེ་བའི་དུས་འདིར
ངས་སླར་ཡང་ལོ་མ་ཧྲོག་ཧྲོག་དཀྲོགས་པའི་སྟོན་ཁ་དེ་དྲན་བྱུང
ང་ཁྱེད་ཀྱི་པང་དུ་ལོག་ན་འདོད
ཕ་ཡུལ ——–
2014/6/17