ཁ་བ་མཚོ།
ནམ་མཁའི་ལྷ་མོའི་གཞས་ཀྱི་དབྱངས་རྟ་དང་འགྲོགས་ནས།
ལམ་ལ་ཆས་དུས་ནང་ནས་ཆས་སྟངས་དང་འདྲ་བར།
ངའི་ཁང་ཆུང་གྲུ་བཞིའི་སྒེའུ་མིག་ལ་ཨ་མའི་མིག་ཟུང་ཕྱག་བརྡ་གཏོང་བ་འདྲ།
དུས་ཚོད་གཉིས་ཀྱི་ལམ་ཐག་དུས་ཚོད་བདུན་གྱིས་རིང་བར་སོང་།
ལམ་བར་དུ་རླངས་འཁོར་གྱི་སྒུལ་སྐྱོམ་དང་།
རི་ཚོགས་དང་སྡོང་བོའི་བཞུར་རྒྱུན་བསྡོངས་ནས།
ང་ཡི་མགོ་བོ་ན་ཞིང་ཞེ་མར་ལངས། སྐྱུག་པ་བསྐྱུགས།
ངས་རྡ་ལ་ཧོ་སའི་མཛེས་ལྗོངས་ཁོ་ན་ཤར་སྒོམ་གྱིས་བཞུད་སྟངས་དེ།
རྨི་ལམ་འཚོལ་བ་དང་འདྲ་སྟེ། རྨི་ལམ་འཛིན་པའི་སྤོབས་པ་ནི།
ལས་གང་ཞིག་རྩོམ་ནའང་གྲུབ་འབྲས་ལ་ཚོད་དཔག་མི་ཐུབ་པ་དེ་རེད།
རྨི་ལམ་གྱི་ངོ་བོར་མ་བསྡད་པར་སྔ་མོ་ནས་དཀའ་ངལ་དག་རྟོགས་ཡོད་ན།
ང་ལ་རྨི་ལམ་མེད་ལ་དཀའ་ངལ་ཡང་མེད།
རྨི་ལམ་ནི་གྲུབ་འབྲས་རེད། དཀའ་ངལ་ནི་ལྡེ་མིག་རེད།
ངས་ལྡེ་མིག་ཁུར་ནས་རྨི་ལམ་གྱི་ཁང་བཟང་ཉུལ།
ང་དགའ་བའི་གཡང་དཀར་ལུག་ཁྱུ་མེད་ཀྱང་འདོ་རིག་རྟ་ཕོ།
སོས་དལ་བག་གཡེང་གིས་རྒྱུ་བའི་བ་གླང་དང་རི་བོང་།
ཕ་ཡུལ་གྱི་རྫ་ལུང་འདྲ་བའི་རྡ་ལ་ཧོ་སར།
ངས་ས་གཞི་ལ་བརྩེ་སེམས་ཐེངས་གཅིག་བརླན།
རྒྱུན་རིང་རྒྱ་ནད་ཀྱིས་ནང་ལ་བཅུག་པས།
འགྱུར་ལྡོག་དང་ཁེར་རྐྱང་ནི་གང་དུའང་ཡོད་པར་བསམ་མོད།
ཕྱི་རོལ་གྱི་རང་བྱུང་ཁམས་དང་ཨ་མའི་བརྩེ་བ།
སྔར་བཞིན་དྲོད་བག་ལྡན་པ་རེད།
ངས་མགོ་ན་བའང་མ་ཚོར་བར།
རྟ་ལ་ཞོན་ཞིང་རང་བྱུང་ཁམས་ལ་བག་གཡེང་གི་བསྐྱོད་ཅིང་།
ཨ་མའི་བརྩེ་བ་བཞིན་དྲོད་བག་འཕྱུར་བའི་རང་བྱུང་ཁམས།
ཕ་ཡུལ་ལྟ་བུའི་རྡ་ལ་ཧོ་སི།
ཧ་ཅང་སྐྱིད་པོ་འདུག
༢༠༢༡/༧/༡༠ ལ།
རྩོམ་ཆེས་མི་དགའ་ས་འདིའི་རིགས་་ཡིན་སྙན་ངག་རྐང་ཆག་མ་་ཡང་ན་རང་མོས་སྙན་ངག་་གོ་རྒྱུ་ཚོར་རྒྱུ་ཞིག་མེད་ཁུ།