མི་རིགས་ལ་བརྩེ་བ་ཟབ་ཅིང་དུང་བ་མོད་པའི་རྒྱ་ཆེའི་མི་མང་ཡོངས་ཀྱིས་ཐུགས་སྣང་མཛད་རྒྱུར།
མི་འགྱངས་པར་”བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་”གཙོ་སྒྲུབ་བྱེད་བཞིན་པའི་༼བཙན་བྱོལ་དུ་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་གཉིས་པ་༽འཚོགས་འཆར་ཡོད་ལ། ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་སྟེང་གྲེ་འགྱུར་ངག་གི་འགྱུར་ཁུགས་ལ་དབང་འབྱོར་བའི་གཞས་པ་གཞས་མ་རྣམས་ལ་ཡུམ་སྐད་གཙང་མའི་གླུ་གཞས་འགྲན་བསྡུར་ ( དབྱངས་དང་གླུ་ཚིག་གསར་རྩོམ་ཡིན་ཚེ་དམིགས་བསལ་ཐོབ་སྐར་ཡོད།) ཞིག་ཀྱང་བཀོད་སྒྲིག་བྱེད་བཞིན་ཡོད།
གླུ་གཞས་འགྲན་བསྡུར་དེ་སྔོན་འགྲོ་དང་མཐའ་མའི་འགྲན་རྩོད་བཅས་རིམ་པ་གཉིས་སུ་དབྱེ་ཡོད་ལ་སྔོན་འགྲོའི་འགྲན་བསྡུར་ཕྱི་ཟླ་ ༩ པའི་ཚེས་ ༡༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༤ ཐོག བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་ཚོགས་རྒྱུ་ཡིན་པས་མི་མང་གང་མང་མང་ཕེབས་རོགས་གནོངས།
མཐའ་མའི་འགྲན་བསྡུར་ནི་རིག་རྩལ་སྤྲོ་ཚོགས་ཐེངས་གཉིས་པའི་སྟེང་འགྲན་རྩོད་བྱས་ཏེ་བྱ་དགའ་སྤྲད་རྒྱུ་ཡིན།
འགྲན་ཞུགས་པ་རྣམས་ཀྱིས་དོ་སྣང་བྱ་རྒྱུར།
༡ འགྲན་བསྡུར་སྐབས་ཐ་སྙད་གསར་བའི་དྲི་བ་གསུམ་རེ་ཡོད།
༢ འགྲན་ཞུགས་པ་ཡོངས་ཀྱི་ཁྲོད་ནས་སྔོན་འགྲོའི་འགྲན་བསྡུར་སྐབས་མི་བརྒྱད་བདམ་རྒྱུ་དང་། དེའི་ཁྲོད་ནས་མཐའ་མའི་འགྲན་བསྡུར་སྐབས་ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་བདམ་རྒྱུ་ཡིན།
བྱ་དགའི་རིམ་པ།
བྱ་དགའ་ཨང་དང་པོར་ཧིན་སྒོར་ཆིག་ཁྲི་ ༡༠༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
བྱ་དགའ་ཨང་གཉིས་པར་ཧིན་སྒོར་བདུན་སྟོང་ ༧༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
བྱ་དགའ་ཨང་གསུམ་པར་ཧིན་སྒོར་ལྔ་སྟོང་ ༥༠༠༠ དང་གཟེངས་བསྟོད་ཕྱག་འཁྱེར་གནང་རྒྱུ།
སྔོན་འགྲོའི་འགྲན་རྩོད་བྱ་ཡུལ། བོད་ཁྱིམ་ཉིན་སློབ་ཚོགས་ཁང་།
དུས་ཚོད། ༢༠༡༡ ༩ ༡༠ ཉིན་གྱི་་ཕྱི་དྲོའི་དུས་ཚོད་ ༤ །
གོ་སྒྲིག་པ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ།
འབྲེལ་བ་བྱ་ཡུལ།
༩༨༨༢༢༢༢༠༣༩ ༩༨༨༢༧༧༨༨༡༥ ༩༨༨༢༡༠༥༡༥༦
གློག་འཕྲིན་ཁ་བྱང་། t.language@yahoo.in
བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས།
ཨོ་ ད་ཡང་རྒྱ་གར་གྱི་གླུ་གཞས་ལེན་རྒྱུ་ཡིན་གྲོ། སྤྱིར་བོད་སྐད་གཙང་མི་ཤེས་པའི་ས་ཆ་ནས་བོད་གླུ་གཙང་མ་ག་འདྲ་ལེན་ཤེས། ཧོ་ཧོ་ ཨ་ལ་ ཀུ་རེ་ཡིན་དྲ་ལྟ་ཚོ།
ཀ་ཁ་སློབ་པ་ཕ་སྐད་ཤེས་པའི་ཆེད། ཁ་བརྡ་བྱེད་པ་ཕ་སྐད་དག་མོའི་སླད།
ག་ལེར་བསམ་ན་གཞས་དང་སྙན་ངག་སོགས། ང་རྒྱལ་འདི་རིགས་བོད་པ་གཙང་མའི་ཕྱིར། (ཡིན་ནམ)
མཆན་འདོད་པ་ཚོས་འཕྲོ་རྩོམ་རོགས།
ཅ་
ཆ་
ཇ་
ཉ་
ཅ་ལག་གཅིག་གི་མིང་ཙམ་ཡན་ཆོད་ནས། །
ཆ་ཤས་རེ་ཡི་དོན་ཙམ་མན་ཆོད་དུ། །
ཇ་དང་ཆང་སོགས་སོ་སོར་དབྱེར་ནས་ནི། །
ཉ་ཉུང་མཉམ་སྲེས་ནམ་ཡང་མི་བྱེད་ཤོག ། ཨེ་འགྲིག་གི རྒན་ལྷ་མོ་ལགས།
ཏ་ལའི་རྒྱལ་བོ་ལྟ་བུའི་རིག་གཞུང་དེ།།
ཐ་ཤལ་རིག་གནས་ཤིག་ཏུ་མི་གཏོང་བར།།
ད་ནས་བཟུང་སྟེ་རང་རེའི་སྐད་ཡིག་འདི།།
ན་རྒ་འཆི་བའི་བར་དུ་བརྩོན་བར་གྱིས།།
མི་རིགས་ཤིག་གི་ངོ་བོ་སྲུང་སྐྱོབ་བྱེད་སྟངས་ཞིག་རེད་ཡི་རིང་ཡོད།
པ་ཕའི་ལ་རྒྱལ་སྐྱོངས་ན་སྐད་ཡིག་དགོས། །
ཕ་རོལ་རྗེས་ཟིན་འདོད་ན་སྐད་ཡིག་དགོས། །
བ་གླང་ཕྱུགས་ཟོག་མིན་ན་སྐད་ཡིག་དགོས། །
མ་འདུག་སྐད་ཡིག་རིན་ཆེན་བསྲུང་བར་མཛོད། །
པ་གོར་བཻ་རོ་ལ་སོགས་ལོ་པན་གྱིས།།
ཕ་སྐད་མཛོད་ཁང་ནོར་གྱིས་བཀང་པ་དེ།།
བ་གླང་ཚུལ་གྱིས་ཐལ་བར་མི་གཏོར་བར།།
མ་དག་སྐད་ཆ་ད་ནས་ཤོད་མཚམས་ཞོག།
ད་དུང་མུ་མཐུད་དུ་ཡིན་ད་་་སྡེ་བ་བསྐྱར་ཟློས་མེད་པར་་་་
ཅ་རིལ་བཞིན་དུ་འཁུམས་ནས་སྡོད་པ་ལས།།
ཆ་བྱད་སྐད་རིགས་སྣ་ཚོགས་སྦྱང་ན་མཛེས།།
ཇ་ཟོས་གནས་མལ་ཙམ་ལ་མགོ་འཁོར་ན།།
ཉ་མོ་བཞིན་དུ་ལྟོགས་གྲིར་ཤི་བར་ངེས།།
ཙ་ན་ཀ་ཡི་སྤོག་ཟས་ཞིམ་དང་གཅིག།
ཚ་ལུ་མ་ཡི་བྲོ་བ་ཆེ་དང་གཉིས།།
ཛ་ཧུ་བུ་མོའི་དག་བྱེད་ཆུ་རྒྱུན་ནི།།
ཝ་རཱ་ཎ་སིའི་མི་ལ་ཕན་ཆེ་འོ།།
ཙ་ར་ཟབ་ལ་རྩེ་མོ་མཐོ་བའི་སྐད།
ཚ་ཇ་འཐུང་བའི་བོད་པ་ཚང་གི་སྲོག།
ཛ་དྲག་སྐྱོབ་ཐབས་འུ་ཚོས་མ་གནང་ན།།
ཝ་སྐད་བརྒྱབ་པས་དོན་འབྲས་གང་ནས་འཚོལ།།
ཞ་ར་ལྟ་བུའི་སྤྱི་ཚོགས་ལོང་བ་འདིར།
ཟ་མའི་ཆེད་དུ་གང་སར་རྒྱུགས་པ་ལས།
འ་ཅག་མི་རིགས་ལས་ལ་འབད་པ་ཅན།
ཡ་རབས་ཚོགས་པ་དེ་འདྲ་ཅང་ཡོད་དམ།
ཞ་ལུ་ལོ་ཆེན་ལ་སོགས་མཁས་རྣམས་ཀྱིས།།
ཟ་མ་ཙམ་གྱི་དོན་དུ་མི་གཉེར་བར།།
འ་ཅག་བོད་ཀྱི་རིག་གནས་བང་མཛོད་དེ།།
ཡ་མཚན་ཆེ་བའི་ཤེས་རིག་ནོར་བུས་བལྟམས།།
ཕ་སྐད་གཙང་མའི་འགྲན་ཚོགས་ཞེས་ཐོས་དུས་སྙན་པོ་ཞེ་དྲག་བྱུང་སོང་སྟེ། ནམ་རྒྱུན་སློབ་ཕྲུག་རྣམས་ཀྱི་སྐད་མདངས་ལ་ལྟས་དུས་ཡག་པོ་ཞིག་ཆགས་ཁག་པོ་རེད་བསམ་ནས་བསྡད་ཡོད། ཡར་རྒྱས་ཡག་པོ་ཡོང་བར་ཤོག བླ་མ་དཀོན་མཆོག་མཁྱེན།
ཕ་སྐད་གཙང་མའི་འགྲན་ཚོགས་ཞེས་ཐོས་དུས་སྙན་པོ་ཞེ་དྲག་བྱུང་སོང་སྟེ། ནམ་རྒྱུན་སློབ་ཕྲུག་རྣམས་ཀྱི་སྐད་མདངས་ལ་ལྟས་དུས་ཡག་པོ་ཞིག་ཆགས་ཁག་པོ་རེད་བསམ་ནས་བསྡད་ཡོད། ཡར་རྒྱས་ཡག་པོ་ཡོང་བར་ཤོག བླ་མ་དཀོན་མཆོག་མཁྱེན།
ཀ་ནས་བཟུང་སྟེ་ཨ་བར་དུ།
ཁ་བ་ཅན་གྱི་ཡི་གེ་ཡིན།
ག་དུས་ཡིན་ན་སྐད་ཡིག་དེ།
ང་ཚོའི་བད་སྤྱོད་གནང་དགོས་སོ།
ཅ་ཅོ་མང་པའི་དེང་དུས་ལ།
ཆ་འཇོག་བྱེད་རྒྱུ་མང་དྲག་ནས།
ཇ་ཆང་རོ་ལ་དགའ་ཆེ་ན།
ཉ་ཉོག་རིགས་གཞུང་ཆགས་ཡོང་ངོ་།
ཏ་ཐ་ག་དའི་བསྟན་པ་ལ།
ཐ་སྙད་མང་ཡང་ཕན་མི་ཐོག
ད་ལྟའི་བོད་ཀྱི་སྐད་ཡིག་འདི།
ན་གཞོན་ཁྱེད་ཚོའི་འོས་འགན་ཡིན། ད་ལྟ་དེ་ཙམ་ཡིན་འགྲིག་ཨེ་སོང་ལྷ་མོ་ལགས།
ཀ་ནས་བཟུང་སྟེ་ཨ་བར་དུ།
ཁ་བ་ཅན་གྱི་ཡི་གེ་ཡིན།
ག་དུས་ཡིན་ན་སྐད་ཡིག་དེ།
ང་ཚོའི་བད་སྤྱོད་གནང་དགོས་སོ།
ཅ་ཅོ་མང་པའི་དེང་དུས་ལ།
ཆ་འཇོག་བྱེད་རྒྱུ་མང་དྲག་ནས།
ཇ་ཆང་རོ་ལ་དགའ་ཆེ་ན།
ཉ་ཉོག་རིགས་གཞུང་ཆགས་ཡོང་ངོ་།
ཏ་ཐ་ག་དའི་བསྟན་པ་ལ།
ཐ་སྙད་མང་ཡང་ཕན་མི་ཐོག
ད་ལྟའི་བོད་ཀྱི་སྐད་ཡིག་འདི།
ན་གཞོན་ཁྱེད་ཚོའི་འོས་འགན་ཡིན། ད་ལྟ་དེ་ཙམ་ཡིན་འགྲིག་ཨེ་སོང་ལྷ་མོ་ལགས།
མིང་རྫིག་པོ་འདུག་དེ་་་་་་་་་་་་་་་་་་་་་་་་་ཧཧཧ
ལོག་སྐད་མང་བའི་སྤྲོ་ཚོགས་ཤིག་གོ་སྒྲིག་མིན་པར་ཤོག
གླུ་མ་དབྱངས་སྐྱིད་ནི་ས་ཁུལ་ག་གེ་མོ་ཞིག་ལ་སྐད་གྲགས་ཡོད་པའི་་ཆེད་ལས་གླུ་མ་ཞིག་ཡིན་ཞིང་ ཁོང་གི་ཕ་མ་མོན་གྷོ་ཞིང་གྲོང་གསུམ་པའི་ནང་དུ་ཡོད་ འདི་ལོའི་ལོ་གསར་སྐབས་ཕ་མའི་རེ་བ་ལྟར་དབྱངས་སྐྱིད་ནང་དུ་བསྐྱོད་
ཚེས་གསུམ་གྱི་དགོང་དྲོ་དབྱངས་སྐྱིད་ཀྱི་དགའ་ཉེ་སྤུན་མཆེད་ཚང་མ་ཁོ་ཚོའི་ནང་འཛོམས་ནས་ཇ་ཆང་ལོངས་སྤྱོད་ལ་ཅི་གར་རོལ་
དེའི་ཚེ་གྲོང་ཚོའི་ནང་གི་བུ་མོ་ཁ་བདེ་བ་ཞིག་གིས་་་ཨ་ཅག་དབྱངས་སྐྱིད་གླུ་གཞས་ཧ་ཅང་མཁས་པོ་ཡོད་པས་དེ་རིང་ང་ཚོར་གླུ་ཞིག་གཏོང་རོགས་གནང་ཞེས་སྨས་མ་ཐག་དབྱངས་སྐྱིད་ཀྱི་པ་ཕས་་་ཏགཏག་རེད བུ་མོ་རང་གིས་ང་ལ་ཆང་གཞས་ཤིག་ཐོངས་དང་་་ཞེས་བཤད་
དབྱངས་སྐྱིད་ཀྱི་དངུལ་ཕོར་ཆུང་བ་དེ་བཏེགས་ནས་པ་ལགས་ཀྱི་སྐུ་འགྲམ་དུ་ཕྱིན་ཏེ་ ཕར་ལ་མིག་གཅིག་བསྟས་ པས་ ཚུར་ལ་སྤྱན་གཅིག་གཟིག་བྱུང་
སྤྱན་མིག་གཉིས་པོའི་བར་ལ་ ལས་འཕྲོའི་མདུད་པ་ཐེབས་སོང་་་ཞེས་བཏང་བས་
ཚང་མ་གད་མོ་ཤོར་ཞིང་པ་ཕའི་ཞལ་རས་བྱུ་རུ་ལྟར་དམར་རྐྱང་ཆགས་སོ
རྒན་ལྷ་མོ་སྐྱབས་ལ་མངོན་པར་བསྟོད་དོ། །
ར་མ་ལུག་གི་ལོག་སྐད་རིང་དུ་སྤོང།།
ལ་རྒྱ་ཅན་ཀྱིས་བོད་སྐད་གཙང་མ་ཤོད།།
ཤ་ཚ་བོད་ལ་མེད་ན་བོད་མི་མིན།།
ས་མཐར་མི་ཚེ་ཟད་པ་དོན་མེད་ཡིན།།
ཡང་ན།
ར་མ་ལུག་གི་ལོག་སྐད་རིང་དུ་སྤོང།།
ལ་རྒྱ་ཅན་གྱིས་བོད་སྐད་གཙང་མ་ཤོད།།
ཤ་ཚ་བོད་ལ་བྱས་ན་བོད་མི་ཡིན།།
ས་མཐར་མི་ཚེ་ཟད་པ་དོན་མེད་མིན།།
ཟད་པ་ ་་་་་ཟད་ཀྱང་ཞེས་བཅོས།
ཧ་ཧ་ཧོ་ཧོ་ཟེར་ནས་གླུ་ཞིག་ལོངས།།
ཨ་མའི་བུ་རྒོད་ཡིན་ན་དམངས་གླུ་ལོངས།།
ཧ་ཅང་རིང་བའི་ས་ན་གནས་གྱུར་ཡང་།།
ཨ་ཡིག་བདག་པོ་ཚོ་ལ་སྙིང་ནས་དགའ།།
ཀ་ར་བུ་རམ་ཟ་ལ་དགའ་བའི་ཆུང་ཆུང་བྱིས་པ་འཛུམ་ཤིག་ཤིག།
ཁ་ཆུ་སྣ་ཆུ་འཛར་འཛོར་དེ་ཚོ་ཕར་ལ་ཕྱིས་ནས་ང་ལ་ཉོན།།
ག་ཡིན་འདི་ཡིན་མེད་པའི་ལོག་སྐད་དེ་རིང་ནས་བཟུང་འཚམ་ཞོག་ལ།།
ང་ཅག་བོད་ཀྱི་སྐད་རིགས་གཙང་མ་རང་རང་ས་ནས་ལྷང་ལྷང་སྒྲོགས།།
ཅ་དག་ཞལ་རས་ཟླ་བ་ལྟ་བུ་གཟུགས་གཞི་མཛེས་པའི་བུ་མོ་ཚོ།།
ཆ་ལུགས་ར་མ་ལུག་གི་སྤྱོད་པ་ཕར་ལ་བཞག་ནས་སྤྱོད་བཟང་གི།
ཇ་ཆང་སྲི་ཞུ་རང་གི་ཕ་མ་ནང་མི་སྤུན་ཟླ་རྣམས་ལ་སྒྲུབས།།
ཉ་རྒྱས་ཟླ་བའི་ཞལ་རས་དེ་ནི་རང་རིགས་ནང་ལ་འོག་མདངས་སྤྲོས།།
ཏ་ཐ་ག་ཏའི་གསུང་གི་རྗེས་འབྲངས་དམར་སེར་གཡོག་པའི་བན་དེ་ཚོ།།
ཐ་ལ་ལ་མོ་ཐ་ལ་ལེན་བཞིན་རྒྱ་ཁོག་ཁོ་ན་མ་འགྲིམ་པར།།
ད་ནི་བོད་ཀྱི་ཆོས་རིག་ཐད་ལ་ང་ཡིན་ཁོ་ཡིན་ཟེར་ཞོར་དུ།།
ན་མཉམ་གྲོགས་པོ་དག་གི་ཁྲོད་ནས་སྔོན་ལ་ཐོན་ནས་འབད་པ་བྱོས།།
པ་ན་ཟེར་ན་རྒྱ་གར་སྐད་ཡིན་པ་ལུའུ་ཅིན་ནི་རྒྱ་ནག་སྐད།།
ཕ་སྐད་གཙང་མའི་ལས་ལ་འབད་ན་འདྲེས་མ་དེ་དག་རིང་དུ་སྤོངས།།
མ་ཡི་བརྩེས་པས་ཁྱེད་རང་བསྐྱངས་པ་གངས་ཅན་བོད་ཕྲུག་ཞིག་ཏུ་བསྐྱེད།།
བ་མོ་རྗེས་ཀྱི་རྟོལ་ལུ་བཞིན་དུ་ཐུར་ནས་ཐུར་ཏུ་མ་རྒྱུགས་ཨང་།།
ཙ་ག་ཙི་གེ་དོན་ཆུང་དག་ལ་ཆོས་དང་ཡུལ་ཁམས་རྒྱབ་ཁུར་ནས།།
ཚ་ག་ཚི་གེས་ཕྱོགས་རིས་བཅད་ནས་སྤུན་ཟླ་ནང་དམེ་མ་བྱེད་ཅིག།
ཇ་དྲག་མིན་ཡང་ལུང་པ་ཆུང་ཆུང་འུར་གྱིས་རྒྱངས་ན་དོན་ཆུང་པས།།
ཝ་ཡི་སྤྱོད་པ་ངན་པར་འཛིན་ཡང་རང་རེ་རྣམས་ལ་མཁོ་བ་མང་།།
ཞ་ལུ་ཆུང་ཆུང་སྐྱེས་པའི་སྐབས་སུ་བདག་སྐྱོང་ཡག་པོ་མ་བྱས་ན།།
ཟ་འབྲུ་སྟོན་ཐོག་བསྡུ་བའི་དུས་སུ་ལག་པ་སྟོང་པ་ཆགས་སྲིད་པས།།
འ་ཅག་ལས་ཀྱི་སྣེ་མོ་བ་རྣམས་གཞོན་སྐྱེས་བིས་པར་སློབ་གསོ་སྐབས།།
ཡ་མ་ཡོམ་མེའི་སྒྱིད་ལུག་ངང་ནས་སྤྱི་བ་ཆུད་ཟོས་མ་གཏོངས་ཨང་།།
ར་མགོ་ཁྱེར་ནས་ལུག་ལ་མ་ནོར་དེང་དུས་གསར་བུ་གསར་མོ་རྣམས།།
ལ་ལུང་གང་གི་ཕྱོགས་ལ་སོང་ཡང་རང་ཉིད་རིགས་ནི་མ་བརྗེད་པར།།
ཤ་ཚ་གཅེས་པའི་རང་གི་བུ་ཕྲུག་རང་གི་རིགས་སུ་སྐྲུན་ཐབས་ལ།།
ས་སྟེང་འདི་ཡི་བོད་པ་ཀུན་གྱིས་མ་བརྗེད་ཡིད་ལ་དམ་པོར་ཟུངས།།
ཧ་སོང་ཆེ་ཆུང་རན་ཙམ་ཡིན་པའི་ཀ་ཕྲེང་བསླབ་བྱའི་ཚིག་སྦྱོར་འདི།།
ཧ་ཅང་ཁུ་སུམ་གནས་ལ་དགའ་བའི་ཁ་མི་གྲགས་པའི་སེམས་ཆུང་ངས།།
ཨ་དོན་སྐྱེས་མེད་མ་རྟོགས་ན་ཡང་ལྷག་བསམ་དག་མོ་ཁུར་ཁྱེར་ནས།།
ཨ་རི་ལ་སོགས་ས་གནས་ཀུན་ཏུ་མི་རབས་རྗེས་མར་ཕུལ་ལ་འབད།།
ཨ་ཨ་ཀ་བཤད་འབྲི་ལ་དགའ་བ་འདི།
ཧ་ཧ་ཀ་ཁའི་བདག་པོ་མ་ཡིན་ནམ།
ཧོ་ཧོ་ཀ་མེད་འདི་མེད་རང་རིགས་འགའ།
ཨ་ཙི་ཀ་ར་ལ་སྲེད་བྱིས་པ་བཞིན།
ང་ཡིས་བོད་སྐད་ཤེས་ཀྱང་བོད་དོན་མིན།
ག་སར་མིང་རེ་ཡོད་ཀྱང་དོན་གྱིས་སྟོང།
ཁ་བཤད་ཙམ་ལས་ལག་པས་མི་འཇོན་པས།
ཀྭ་ཡེ་ཨ་མའི་བུ་ཚོར་གསོལ་བ་འདེབས།
(ཡང་འདི་ལྟར་སྡེ་བ་གོ་རིམ་བཞིན་ལྡོག་འབྲི་རེ་བྱེད་རོགས། འདི་ཀ་བཤད་ཀྱི་སྲོལ་གསར་བ་ཞིག་ཡིན།)
ཨ་ནས་འགོ་འཛུགས་ཀ་བཤད་ཐུར་ལྡོག་མ།།
ཧ་ཧའི་གད་རྒྱངས་དང་བཅས་བདག་གིས་བསྒྲགས།།
ཧ་ལེ་ཧོ་ལེ་རེད་ཅེས་མཁས་པ་རྣམས།།
ཨ་མདོ་དགེ་སློང་ཕྱོགས་ལ་མཆིལ་ཞགས་ཕོངས།།
ས་རུབ་མུན་པ་ནག་པོའི་དཀྱིལ་འཁོར་ན།།
ཤ་རུས་གཅིག་པའི་བོད་རིགས་མགོ་བོ་འཁོར།།
ལ་ལུང་ཀུན་ཏུ་འཁྱམས་པ་འདི་མཐོང་ན།།
ར་རྫི་བོང་རྫིའི་རྣམ་ཐར་ལྷ་ཡུལ་འདྲ།།
ཡ་མ་བརླ་ཡི་སྤྱོད་ངན་སང་སང་གིས།།
འ་ཅག་ཆོས་དང་འཇིག་རྟེན་འཆོལ་མཐོང་ཚེ།།
ཟ་མ་ཁམ་གང་མྱིད་པར་འགྲོ་དཀའ་བས།།
ཞ་ར་ཞར་མ་ཁྱོད་ཚོ་ད་ཚོད་བཟུང་།།
ཝ་མོ་བཞིན་དུ་དོན་ལ་ཡོག་ལི་རྒྱག།
ཛ་དྲག་བྱ་བ་ཀུན་ལ་ཁུངས་མི་འཁྱོལ།།
ཚ་བོ་ཚ་མོ་གཞན་ལ་བསྒྱུར་ཐབས་འདིས།།
ཙ་ཡ་བཙན་པོ་རྣམས་ལ་མིག་ཆུ་བསླངས།།
མ་བུ་ཁ་ཁར་གྱེས་ནས་གཞན་ཡུལ་འཁྱམས།།
བ་གམ་ཁང་བཟང་ཕོ་བྲང་པོ་ཏ་ལ།།
ཕ་མྱེས་གནང་པའི་རང་ཡུལ་གཞན་ལ་བཞག།
པ་པོ་དཔའ་རྒོད་ལྷ་ཡི་ཡུལ་ནས་སྐྱོ།།
ན་ཚོད་གཞོན་ནུ་ལང་ཚོ་དར་མ་རྣམས།།
ད་ནི་མི་རབས་རྒན་པར་མི་བལྟ་བར།།
ཐ་ཐོར་གནས་པའི་བོད་ཀྱི་མདུན་ལམ་འདི།།
ཏ་ལེན་ཐ་གུས་བསྡམས་ལྟར་དམ་པོར་སྒྲིལ།།
ཉ་ག་ཉོག་གེའི་རྒན་པོ་ལོ་ལོན་རྣམས།།
ཇ་རོ་བཞིན་དུ་གད་སྙིགས་མ་བཟོ་བར།།
ཆ་ཚང་བྱས་རྗེས་རང་གིར་མ་བསམ་པར།།
ཅ་དག་སྤྱོད་ལམ་དྲང་མོ་ནང་ཚགས་བྱོས།།
ང་དང་ང་ཡི་ཟེར་ནས་རང་མ་ཆགས།།
ཁ་ཅིག་ཁོང་ཚོ་ཟེར་ནས་གཞན་མ་སྡང་།།
ག་དུས་ཡིན་ཡང་ནང་དཀྲུག་མི་བྱེད་པར།།
ཀ་ལི་ཐོད་པའི་ཁ་བྱང་བོད་ལ་བྲིས།།
ཨོལ་མདུད་མགྲིན་པར་ལེགས་བཤད་མཚོ་འཁྱིལ་ང་།
ཨེ་མ་དགའ་བཞིའི་ལང་ཚོ་སྦྱོར་འདུག་ག།
ཨུ་མ་གྷོ་རིའི་པདྨ་བཞེད་པའི་ཁ།།
ཨི་ཤོ་སྨན་ལྟར་སྦྱོར་བ་དྲན་པའི་ཀ།
དབུ་ལ་བཞུགས་པའི་དབུ་མཛད་ལྷ་མོ་སྐྱབས།།
འདོན་པ་ཐང་ཐང་སྐྱོར་རྒྱུ་མེད་ན་ཡང་།།
དབུ་སྐུལ་རྫོགས་སྐད་དབུ་ནས་ལོངས་ཤོག་དང་།།
འདོན་པའི་དཀྱིལ་གཞུང་ཤར་སེ་ངས་འདོན་པ།།
ཨ་རིར་སྡོད་པའི་ཨ་མའི་བུ་རྒོད་ཚོ། །
ཨ་རག་མ་འཐུང་ཨ་མའི་རེ་བ་ཡིན། །
ཧ་ཅང་མང་ན་ཧ་ལོ་དུག་བཞིན་དུ། །
ཧ་གོ་མེད་པར་ཧ་ནེ་ཧོན་ནེ་འགྱུར། །
ས་མཐར་སྡོད་པ་ས་ཡ་དྲུག་གི་དོན། །
ཤ་ཁོན་མིན་ཡང་ཤ་ཁྲག་གཅིག་གི་རྒྱུད། །
ལ་ལུང་བརྒལ་ཏེ་ལ་རྒྱ་ཡིད་བཟུང་ནས། །
ར་མ་ལུག་གི་ར་སྐད་རྒྱང་དུ་དོར། །
ཡ་མཚན་ཅན་གི་ཡ་རབས་མ་འཁྱོངས་ཡང་། །
འ་འུར་མི་ཆེ་འ་ཅག་བོད་ཀྱི་ལུགས། །
ཟ་མའི་ཆེད་དུ་ཟ་ཁང་ནང་དུ་ཡང་། །
ཞ་ར་མིན་ན་ཞ་བོའི་སྤྱོད་པ་སྤོངས། །
ཝ་ལེ་ཡིད་ནས་ཝ་ཡི་སྤྱོད་ངན་དང་། །
ཛ་དྲག་མིན་ན་ཛ་ལང་སྤྱོད་པ་སོགས། །
ཚ་བོ་དང་ནི་ཚ་མོ་རྣམས་ལ་ནི། །
ཙ་ཙིག་དོན་ལ་ཙ་ནས་མ་བྱེད་ཅིག །
མ་རྩ་མེད་པའི་མ་ཆང་རྩེད་དགའ་བ། །
བ་གླང་བཞིན་དུ་བ་ཚྭའི་ཆུ་འཐུང་ལྟར། །
ཕ་མེས་བསགས་པའི་ཕ་ནོར་ཡོད་ཚད་ཀུན། །
པ་མགོར་མི་གཏོང་པ་སངས་སྐར་མ་མཁྱེན། །
ན་ནིང་ནས་བཟུང་ན་ཚོད་མ་ལོན་པའི། །
ད་ཕྲུག་སྐོར་ཅིག་ད་རུང་བསམ་མེད་དུ། །
ཐ་ཤལ་སྤྱོད་པ་ཐ་མག་འཐེན་པ་སོགས། །
ཏ་ལའི་སློབ་གྲྭར་ཏ་དུང་མང་རབས་འདུག །
ཉ་ལེ་ཉི་ལེར་ཉ་ཉོག་བཤད་དགའ་བའི། །
ཇ་མདོང་མེད་པའི་ཇ་གསུབ་འཐུང་སྤྲོ་མཁན། །
ཆ་མེད་ཡུལ་ནས་ཆ་ལུགས་ངན་པ་ངས། །
ཅ་ཅོ་གཏམ་སོགས་ཅ་ནེ་ཆེད་དུ་མིན། །
ང་དང་འདྲ་བའི་ང་རོ་ཅན་རྣམས་ཀྱིས། །
ག་ས་གང་དུ་གངས་རིའི་དོན་ལ་ནི་། །
ཁ་ཁོག་མེད་པར་ཁ་ནས་ཚིག་གི་མདའ། །
ཀ་ར་ལྟར་མིན་ཀ་ཡེ་དྲ་གྲོགས་ཚོ། །
པ་མགོ་་་་་་་་་ལྷ་སའི་ཁ་སྐད། སྤྲང་བོའི་དོན། ནོར་ཡོད་ན་སུས་བཅོས་ཡང་འགྲིག
ཁྱོད་ནོར་ནོ་མང་གི་ཡ། ༡ ལ་ལུང་བརྒལ་ཏེ་ནོར། བརྒལ་དེ་རེད། ༢ ཡ་མཚན་ཅན་གི་ནོར། ཡ་མཚན་ཅན་གྱི་རེད། ༣ མ་འཁྱོངས་ཡང་ནོར། མ་འཁྱོང་ཡང་། ཡང་ན་མ་འཁྱོངས་ཀྱང་རེད། ༤ ཙ་ནས་མ་བྱེད་ཅིག་ནོར། ཙ་ན་མ་བྱེད་ཅིག་ཡིན་རྒྱུ་རེད། ༥ མ་ཆང་ནོར། མྰ་ཅང་ཡིན་རྒྱུ་རེད། ༦ ད་ཕྲུག་སྐོར་ཅིག་ནོར། དྭ་ཕྲུག་སྐོར་ཞིག་རེད། ༧ ཏ་ལའི་སློབ་གྲྭར་ནོར། ཏྰ་ལའི་སློབ་གྲྭར་རེད། ༨ ཏ་དུང་ནོར། ད་དུང་རེད། ༩ ཇ་གསུབ་ནོར། ཇ་སྲུབ་རེད།
འདོད་པའི་ཁམས་ཀྱི་འདོད་ལྷ་ཁམས་པ་དེས།།
ཀ་ཁའི་སྡེ་བ་ཕྱེད་དང་བརྒྱད་གནས་ལ།།
ཤུ་ལོག་དགུ་ཡི་ཚིག་སྒྲུབ་བཟོས་པ་ན།།
ཡིག་ནོར་དགུ་ཡི་རྒྱན་ཆ་མགུལ་ལ་སྒྲོན།།
གཞོན་ནུ་ནང་གི་ཟླ་བོ་མེད་པ་ངས།།
རྒྱན་ཆ་ཚོང་ཁང་ལས་ཀ་ལོ་གསུམ་བྱས།།
གསེར་དངུལ་རྒྱན་ཆ་བྱི་དོར་བྱེད་པར་གོམས།།
ད་ཡང་གཙང་མར་ཕྱིས་ནས་སྐྱེས་སུ་ཕུལ།།
རིག་པའི་ཟླ་མེད་གཞོན་ནུ་ཁྱེད་ཉོན་ཅིག །
འདོད་པ་ཁམས་ངའི་ཀ་ཤད་ཕྲེང་བའི་ནང་། །
སྡེབས་སྦྱོར་མི་ལེགས་དག་ནོར་ཐེར་བཏོན་པ། །
གུས་པས་ངང་ནས་ལགས་སོ་ཞུ་ཞུ་ལགས། །
འོན་ཀྱང་ལ་ལུང་བརྒལ་ཏེ་ཟེར་བའི་ཏེ་སྒྲ་ནི། །
ད་དྲག་ཡིན་པས་ཏ་སྟིའུ་བྲིས་པ་ནོར་མེད་པྭ། །
གང་ལགས་ཟེར་ན་ལྗོན་པའི་དབང་པོ་རུ། །
ན་ར་ལ་ས་དྲག་མཐར་ཏེ་ཞེས་གསུངས་ལགས་འདུག །
ཡ་མཚན་ཅན་གྱི་འབྲེལ་སྒྲ་གྱི་ཡིན་ཡང་། །
གི་སྒྲ་བྲིས་པ་ངག་ལ་བདེ་ཆེད་ཁོ་ནའི་ཡིན། །
མ་འཁྱོངས་ཀྱང་གི་སྒྲ་ལ་མ་འཁྱོངས་ཡང་བྲིས་པ། །
སྦྱོར་ཚུལ་མིན་ཡང་ངག་ལ་བདེ་ཕྱིར་ཁོ་ནས་བྲིས། །
ཙ་ནས་མ་བྱེད་ཙ་ནས་མ་བྱེད་ཡིན་པ་ལས། །
ཙ་ནས་མ་བྱེད་ཙ་ན་མ་བྱེད་མིན་པར་སྙམ། །
མ་ཆང་ཟེར་པ་རྒྱ་སྐད་ཐད་བྲིས་ཡིན་པས་ན། །
ཁྱེད་ཀྱི་ཐུགས་ལ་མྰ་ཅང་ཟེར་ཡང་གང་འདོད་ཆོག །
ད་ཕྲུག་སྐོར་ཅིག་དྭ་ཕྲུག་སྐོར་ཞིག་བཅོས་པ་ལེགས། །
འོན་ཀྱང་འདི་ལའང་ཝ་ཟུར་མ་གཏོགས་པའི། །
ཅིག་ཞིག་གཉིས་ནི་ངག་ལ་བདེ་མིན་ཁྱད་པར་ཆེ། །
སོང་ཙང་རང་ལ་གང་བདེ་དེ་ལྟར་བྲིས་པ་ཡིན། །
ཏྰ་ལའི་ཏ་ལ་འ་ཟུར་ཆད་པ་ཤིན་ཏུ་བདེན། །
ད་དུང་ཚབ་ལ་ཏ་དུང་མ་བྲིས་ཀ་མེད་རེད། །
ཏ་ཡིག་འདི་ལ་ཚིག་གྲོགས་གཞན་དག་ཤིན་ཏུ་ཉུང་། །
ཇ་སྲུབ་དག་ཆ་ནོར་བ་ཁས་ལེན་གཙང་མ་ཡོད། །
ཧཧཧ
གྱི་སྒྲ་འཇུག་
ང་ཅག་འགྲོ་བ་ཡོངས་ཀྱི་སྐྱབས་གཅིག་བུས།།
ག་དུས་ཡིན་ཡང་ཞི་བདེའི་ལམ་བཟང་སྟོན།།
ཁ་བ་ཅན་གྱི་སྲོག་ཤིང་གཅིག་བུ་སྟེ།།
ཀྭ་ཡེ་བོད་པ་རྣམས་ཀྱིས་ཤེས་བར་མཛོད།།
ཉ་ཉོག་ཆེ་བའི་བོད་ཀྱི་སྤྱི་ཚོགས་འདིར།།
ཇ་ཡུན་ཙམ་ལའང་མི་སྡོད་ནང་ཆོས་ཀྱི།
ཆ་ཤས་ལེན་པའི་སྐལ་བ་མི་ལྡན་པའི།།
ཅ་ཅོ་སྒྲོག་པའི་ན་ཆུང་ཇེ་མང་རེད།།
ན་ཟུག་སྡུག་གི་རྒྱ་མཚོ་སྤྱི་ཚོགས་འདིར།།
ད་ནས་བཟུང་སྟེ་རང་དབང་མ་ཐོབ་པར།།
ཐ་མལ་སྤྱོད་པའི་གཡེང་བ་སྤངས་ནས་ནི།།
ཏཱ་ལའི་བླ་མའི་བཀའ་བཞིན་བསྒྲུབ་ན་བཟང་།།
མ་རྒན་སེམས་ཅན་ཀུན་ལ་སྙིང་རྗེ་བསྒོམ།།
བ་ཉལ་བྱེད་པའི་ལུགས་ངན་རྒྱང་དུ་དོར།།
ཕ་རོལ་ཁྱད་གསོད་མེད་པའི་སྤྱི་ཚོགས་ཤིག།
པ་སངས་ལྟ་བུའི་རབ་དཀར་སེམས་ཀྱིས་སྐྱོངས།།
ཝ་སྐྱེས་ལྟ་བུའི་བོད་རིགས་གཞོན་ནུ་འགས།།
ཛ་ཡའི་གསུང་ལ་དམོད་གཏོང་བྱེད་པ་འདི།།
ཚ་བའི་ནད་བཞིན་རིང་དུ་སྤང་ན་མཛེས།།
ཙ་ར་ཀ་བཞིན་ནད་སྐྱོན་ཟིན་ན་དགའ།།
ཡ་རབས་ལུགས་དང་བྲལ་བའི་ལྟ་གྱིས།།
འ་འུར་འཆལ་གཏམ་སྒྲོག་པའི་རྩོམ་ཉོག་ལ།།
ཟ་རྔམས་ཆེ་བ་དེང་གི་གཞོན་ནུ་ཚོ།།
ཞ་ར་ལྟ་བུའི་ལོང་བ་ཇེ་མང་རེད།།
ས་ཆ་གང་དུ་སོང་ཡང་བོད་རིགས་རྣམས།།
ཤ་མཆོག་སྙིང་གི་གུར་ཁང་ར་བ་ནས།།
ལ་རྒྱ་སྐྱོང་བའི་མི་ཞིག་ཡིན་ཙ་ན།།
ར་རོ་བྲལ་བའི་སྤྱོད་ལམ་གལ་ཆེ་འོ།།
ཨ་མྲྀ་ཏ་ཡི་དཔལ་ལ་འགྲན་པ་འདི།།
ཨ་མདོ་ཁམས་པ་ཀུན་ལ་ཁྱད་མེད་པས།།
ཧ་ཧོ་སེམས་ཀྱི་དཀྱིལ་ནས་དབང་མེད་ཤོར།།
ཧ་ཅང་ཐལ་ན་མཐོལ་ལོ་བཤགས་སོ་ཀྱེ།།
ཏ་ལ་ཚིག་གྲོགས་མི་རྙེད་འདོད་ཁམས་པ།།
ཏ་ཡིག་འདི་ལ་མིང་ཚིག་གྲངས་ལས་འདས།།
ཏ་ཀུ་ལོ་ལོན་ལག་རྟེན་འཁར་བ་དང་།།
ཏ་སྟེའུ་སྡེ་བ་གསུམ་པའི་སྡེ་དཔོན་ཡིན།།
ཏ་བག་འཁུར་བ་གོ་རེ་འཇོག་བྱེད་སྣོད།།
ཏ་ཟིག་གནའ་དུས་སྟག་གཟིག་ཡུལ་ལ་འབོད།།
ཏ་ལ་ལོ་མ་ཆེ་བའི་ཤིང་ཞིག་ཡིན།།
ཏ་ལ་ཚིག་གྲོགས་གོང་དུ་བཤད་ཡོད་མོད།།
ཏ་འདིར་ད་དུང་ཚིག་གྲོགས་མི་རྙེད་ན།།
ཏ་ཕོ་ཟེར་ན་སྒྱོགས་ཆེན་ཞིག་གི་མིང་།།
ཏ་འཕོ་རྒྱ་ནག་ལྷོ་བས་འཛག་ལའང་གོ།
ཏ་ལེན་ཕྲག་ལ་འཁུར་རྒྱུའི་ཁུག་མ་ཞིག།
ཏ་རིན་སྐུ་དྲག་རྣམས་ལ་གོ་ནའང་འགྲིག།
ཏ་ཐུང་ཟེར་ན་ཟི་ལིང་ནུབ་བྱང་ཕྱོགས།།
ཏ་མ་ལ་ནི་ནམ་མཁའ་ཡིན་ཡང་ཟེར།།
ཏ་ལ་ལ་ནི་མར་མེ་གཡོ་བ་སྟེ།།
ཏ་ལའི་མདོ་དང་དཀོན་མཆོག་སྒྲོན་མེ་གཅིག།
འདི་ལྟར་ཤར་སེ་ཤར་བའི་བདག་གི་སེམས།།
མིང་དང་ཚིག་གི་བང་མཛོད་ཡིན་ཟེར་ཆོག།
གལ་ཏེ་མིང་ཚིག་འགའ་རེ་གཡོར་དགོས་ན།།
གཡར་གླ་མི་དགོས་ཁ་ཡག་བཤད་ན་འགྲིག།
ཤིན་ཏུ་མཚར་བའི་ཀ་བཤད་འདི་ན་གདའ།།
ཧ་ཅང་མོས་བས་ཚིག་གསུམ་བསྟོད་དུ་ཤོར།།
ཁ་བརྡའི་ཕ་སྐད་གཙམ་མའི་དོ་རྭ་འདིར།།
རྩེད་མཚར་ཡིད་འགུག་གཏགས་པར་ཐུགས་རྗེ་ཆེ།།
རྒན་ལྷ་མོ་སྐྱབས་ཁོང་གི་མཚན་སྙན་སྔ་མོ་ནས་གོ་མྱོང་ལ། ཁོང་དངོས་སུ་མཐོང་མ་མྱོང་ན་ཡང་ཁོང་གི་རྩོམ་ཡིག་ཁག་དང་ཞི་དུལ་གྱི་སྤྱོད་པ་གཉིས་ཚད་མའི་སྲང་ལ་གཞལ་ན་ལྕི་ཡང་མི་འདུག་ལ། དེ་བས་ཀྱང་བཙན་བྱོལ་ཁྲོད་དུ་ཁོང་ནི་བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་ལ་མཛད་རྗེས་ཡོད་པའི་མི་སྣ་ཞིག་ཏུ་བསམ་ཡོད། ཁོང་དང་ཁོང་ལྟ་བུའི་རྩོམ་པ་པོ་དང་རིག་གནས་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་བ་འདི་ཧ་ཅང་ཡག་པོ་ཞིག་རེད། ཁ་བརྡ་དྲ་བ་འདི་ཆ་བཞག་ན་སྤྱོད་སྒོ་ཆེ་ཞིང་བསམ་ཚུལ་གླེང་སའི་གར་སྟེགས་ཡག་ཤོས་ཤིག་རེད། བོད་རིགས་སྤུན་ཟླ་ནང་ཁུལ་དུ་བསམ་ཚུལ་ག་རེ་གླེང་ན་ཡང་གུ་ཡངས་ཀྱི་ལྟ་བ་འཛིན་དགོས་པ་གལ་ཆེ་ལ། སྐྱོན་ཡང་ཤེས་དགོས་ལ། ཡོན་ཏན་ཡང་ཤེས་དགོས་པ་རེད། དེས་ན་ཁ་བརྡ་ག་ཚོད་མང་ན་ཡག་པོ་ཡོང་གི་རེད།
ཙ་རི་གནས་མཇལ་བོད་པའི་ཆོས།
ཚ་ལེན་བྱང་འགྲོ་བོད་པའི་ཚོང་།
ཛ་ཧུའི་བུ་མོ་བོད་པའི་ཆབ།
ཝ་ནའི་འབུ་རས་བོད་པའི་གོས།
ཞྭ་གོས་དམར་སེར་འདུལ་བའི་སྡེ།
ཟ་འཐུང་ལོག་འཚོའི་ཉེས་པ་མེད།
འ་ཅག་བོད་ཀྱི་འདུལ་འཛིན་རྣམས།
ཡ་རབས་སངས་རྒྱས་བསྟན་པ་འཛིན།
ར་ལུག་དབྱར་ཁའི་མེ་ཏོག་འདྲ།
ལ་ལུང་རྩ་ཆུ་ཕུན་སུམ་ཚོགས།
ཤ་ཤེད་ཆེ་བའི་གཡག་དང་འབྲོང་།
ས་མཐོའི་བོད་ཀྱི་སྒོ་ཟོག་ཡིན།
ཧ་ཅང་བཟང་བའི་ཁྱད་ཆོས་དེ།
ཨ་རོགས་བོད་པ་ཚང་གི་ཡིན།
ཙ་རི་གནས་མཇལ་བོད་པའི་ཆོས།
ཚ་ལེན་བྱང་འགྲོ་བོད་པའི་ཚོང་།
ཛ་ཧུའི་བུ་མོ་བོད་པའི་ཆབ།
ཝ་ནའི་འབུ་རས་བོད་པའི་གོས།
ཞྭ་གོས་དམར་སེར་འདུལ་བའི་སྡེ།
ཟ་འཐུང་ལོག་འཚོའི་ཉེས་པ་མེད།
འ་ཅག་བོད་ཀྱི་འདུལ་འཛིན་རྣམས།
ཡ་རབས་སངས་རྒྱས་བསྟན་པ་འཛིན།
ར་ལུག་དབྱར་ཁའི་མེ་ཏོག་འདྲ།
ལ་ལུང་རྩ་ཆུ་ཕུན་སུམ་ཚོགས།
ཤ་ཤེད་ཆེ་བའི་གཡག་དང་འབྲོང་།
ས་མཐོའི་བོད་ཀྱི་སྒོ་ཟོག་ཡིན།
ཧ་ཅང་བཟང་བའི་ཁྱད་ཆོས་དེ།
ཨ་རོགས་བོད་པ་ཚང་གི་ཡིན།
ཀི་ཀི་བསྭོ་བསྭོ་སྐད་ཡིག་ཚང་ལ་བསྟོད།།
ཁུ་བྱུག་སྔོན་མོའི་གསུང་སྐད་སྙན་མོ་འདིས།།
གེ་སར་འཛིན་ཀྱང་སྒོམ་ལས་སློང་བར་བྱེད།།
ངོ་མ་བསྔགས་པར་འོས་པའི་ལས་ལ་བསྟོད།།
འ་ཅག་བོད་ཀྱི་འདུལ་འཛིན་རྣམས་་ཞེས་རྣམས་་ཀྱི་ཚབ་ལ་་་་ཚོས་་་་བྲིས་ན་ལེགས་སྙམས། དེས་དགོས་ངེས་ཀྱི་བྱེད་སྒྲ་ཡང་ངོ
ཕ་སྐད་གཙང་མའི་ཆེད་་ཀ་རྩོམ་ཚད་མེད་འབྲི་ཐུབ་པ་ཡ་མཚན་ཆེ་། མ་ཟད་རྗེས་སུ་ཡིད་རེངས་ཡོད། འོན་ཀྱང་བོད་སྐད་གཙང་མ་མིན་ནི་མང་གི. བྱས་ན་་་་་་་
ཀ་དང་ག་གཉིས་གཅིག་པ་བདག་གི་མ།།
ཅ་དང་ཇ་འདྲ་བདག་་ཡུལ་ཀ་ཁ་བ།།་
ཏ་དང་ད་གཉིས་གདངས་མཚུངས་བདག་གི་ཕ།།
པ་དང་བ་གཉིས་མཚུངས་ཐོས་མདོོ་སྨད་པ།།
འཇམ་དཔལ་ལེགས་བཟང་ཟེར་བ་ཁྱེད་རང་བུ་གསོ་ཁང་གི་རྒན་ལགས་དེ་ཡིན་ནམ་
ཙ་ལག་ཙམ་དཀའ་དབུས་པར་བ་དང་ཝ།།
ཀྭ་ཡེ་མཛེས་མ་ཁྱོད་ཀྱི་ཁ།།
ག་དུས་ཡིན་ཡང་བདག་པོ་ང་།།
ཀ་ཕྲེང་ཐོག་མཐར་སྦྱར་བའི་ཁ།།
ག་ལེར་འཛུམ་དམུལ་བྱེད་པ་ང་།།
མ་ཤེས་ཤེས་ཁུལ་བྱེད་ནས་མ་གླུ་ལེན། །
མ་འདོད་འདོད་འདོག་བྱེད་ནས་མ་བུ་ཚོ། །
མ་གླུ་གླུ་དབྱངས་གྲེ་ངག་མ་འཛེར་བར། །
མ་ཡུམ་ཡུམ་ཁྱིམ་གཉིས་པའི་མ་བྱའི་ཡུལ། །
མ་རིག་རིག་པའི་སེལ་བའི་མ་མེར་སྒྲོན། །
མ་བུ་བུའི་བརྒྱུད་རུས་རིགས་མ་དབྱེར་བར། །
མ་བཅོས་བཅོས་མེད་དྭངས་གཙང་མ་གླུ་ལེན། །
མ་དགའ་དགའ་མེད་སྐད་ཅོ་མ་བཤད་པར། །
མ་མ་མ་སྤུན་མཆེད་པའི་མ་གཞོན་ཚོ། །
མ་གཞི་གཞི་རྩའི་སྐད་རིགས་མ་ཞེན་པར། །
མ་འགྱུར་འགྱུར་མེད་ཕ་སྐད་མ་ལུས་བརྩོན། །
བོད་སྐད་གཙང་མ་སྟོད་སྐད་ཡིན་ན།
སྟོད་པ་གཙང་མའི་མི་ཞིག་དགོས།
བོད་སྐད་གཙང་མ་དབུས་སྐད་ཡིན་ན།
དབུས་པ་གཙང་མའི་མི་ཞིག་དགོས།
བོད་སྐད་གཙང་མ་ཁམས་སྐད་ཡིན་ན།
ཁམས་པ་གཙང་མའི་མི་ཞིག་དགོས།
བོད་སྐད་གཙང་མ་ཨམ་སྐད་ཡིན་ན།
ཨ་མདོ་གཙང་མའི་མི་ཞིག་དགོས།
བོད་སྐད་གཙང་མ་བསྲེས་སྐད་ཡིན་ན།
ཕྱི་བྱོལ་གཙང་མའི་མི་ཞིག་དགོས།
ཚེ་རིང་དོན་གྲུབ་ཀྱིས་བཏང་པའི་༼བོད་ཡིག་འཛམ་གླིང་ཉི་མ།༽ཞེས་པའི་རྡུང་ལེན་དེའི་སྦྲེལ་ཐག་འདི་ན་ཡོད། http://www.youtube.com/watch?v=G5m6vhItq8A&feature=related
ཅ་བདག་མེད་པའི་བོད་ཀྱི་རིག་གཞུང་དེར།
ཆ་ལུགས་ཡ་མ་ཟུང་གི་ལྷན་པ་བཏབ།
ཇ་ཆང་འདོད་རྒུར་སྤྱོད་པའི་ངང་ཚུལ་འདི།
ཉ་མོ་སྐམ་སར་ཐོན་དང་ཁྱད་ཅི་ཡོད།
འཚུབ་དགའ་ལགས།
བོད་སྐད་གཙང་མ་སྟོད་སྐད་མིན།
སྟོད་པ་ཚང་མ་སྐད་ཅོར་མང་།
བོད་སྐད་གཙང་མ་དབུས་སྐད་མིན།
དབུས་པ་བ་ལ་ཞེ་ས་མང་།
བོད་སྐད་གཙང་མ་ཁམས་སྐད་མིན།
ཁམས་པས་དཔའ་དམ་བཤམས་ནས་བཤད།།
བོད་སྐད་གཙང་མ་ཨམ་སྐད་མིན།
ཨམ་མདོས་སྙན་ངག་ཁེར་རྐྱང་བཤད།
སྐུ་རྩེད་ཞུས།
ཀྭ་ཡེ་མིག་བརྒྱད་ཁྱོད་ཀྱི་ཁ།
ག་དུས་ཡིན་ཡང་ང་དང་ཕྲད།
ཁ་ནས་བྱུང་རྒྱལ་སྨྲ་བ་ང་།
ག་ལེར་སྨོད་ངན་བོར་མཁན་ཁྱོད།
ཧ་ཧ་ཧ་ཧ་ སྐུ་རྩེད་ཞུས། སྐུ་རླུང་མ་བྱེད་ཨ།
ཨྰ་ལི་ཀྰ་ལི་དབྱངས་གསལ་སོར་བཞི་བོ། །
ཧ་ལོ་ཟེར་བའི་རིགས་ལ་མི་དགོས་ཀྱང་། །
ཨ་ཅག་བོད་ལ་མཁོ་བའི་ནོར་བུ་སྟེ། །
ཧ་ལམ་འདི་ལས་ལྷག་ཅིག་ཡོད་མ་ཡིན། །
ས་སྒང་མཐོན་པོར་གནས་པའི་སྤུན་ཟླ་ཚོ། །
ཤ་ཚ་རང་ལ་ཡོད་ན་རང་རིགས་སྐད། །
ལ་ལུང་གང་ན་འདུག་ཀྱང་ཁྱད་མེད་པར། །
ར་སྐད་ལུག་སྐད་མཉམ་བསྲེས་མ་གནང་མཛོད། །
བོད་སྐད་གཙང་མ་དབུས་སྐད་ཡིན། དབུས་གཙང་ཞེ་སའི་འབྱུང་ཁུངས་ཡིན། བོད་སྐད་གཙང་མ་ཁམས་སྐད་ཡིན། ཁམས་པ་དཔའ་སྐད་བརྫིག་ཉམས་ཆེ། བོད་སྐད་གཙང་མ་ཨམ་སྐད་ཡིན། ཨ་མདོ་གྲེ་འགྱུར་གླུ་དབྱངས་སྙན། བོད་སྐད་གཙང་མ་དགོས་ཡོད་ན། དེ་དག་ཙང་མ་འཛོམས་དགོས་སོ།
བོད་སྐད་གཙང་མ་ཞེས་པའི་དོན་ནི་ཅི།།
བཏགས་དོན་བཙལ་ན་རྙེད་རྒྱུ་མི་འདུག་གོ།
དེས་ན་བོད་སྐད་གཙང་མའི་དབྱེ་མཚམས་དགོས།།
གཞན་གྱི་སྐད་དང་འདྲེས་བའི་བོད་སྐད་ལ།།
དེབ་ཐེབ་དང་ནི་ཏཱ་ལའི་བླ་མ་དང་།།
གུར་གུམ་དང་ནི་པདྨ་ལ་སོགས་པ།།
བོད་སྐད་གཙང་མ་ཡིན་མིན་དཔྱད་པར་འཚལ།།
ཨམ་སྐད་ཁམས་སྐད་དབུས་སྐད་གསུམ། །
རིགས་ཀུན་ཤེས་ན་ལེགས་མོད་ཀྱང་། །
གང་རིགས་གཅིག་ལ་ལེགས་པ་དགོས། །
དེ་ནི་ཕ་སྐད་དྭངས་མ་བརྗོད། །
བོད་སྐད་དང་ནི་ཕ་སྐད་གཉིས། །
ཅུང་ཟད་དབྱེར་བ་ཡོད་ན་ཆོག །
བོད་སྐད་ཆོལ་གསུམ་ཀུན་རིགས་སྐད། །
ཕ་སྐད་རང་རང་སྐྱེས་གནས་སྐད། །
དེའི་འདྲ་དབྱེ་ཞིབ་བྱེད་ན་མ་གཏོགས། །
གཞན་ཞིག་ཐབས་ལམ་འཚོལ་གནས་མེད། །
ལེགས་པར་དཔྱད་རོགས་དྲ་གྲོགས་ཀུན། །
ཁ་བའི་རྡུལ་བརྩེགས་བསམ་ཚུལ་ཞིག །
དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་བཀོད། །
བོད་སྐད་གཙང་མ་མ་ཡིན་པའི་ཀ་རྩོམ།
ཀ་ཅི་ཀ་ལུ་ལྟ་བུའི་དྲ་གྲོགས་དག།
ཁ་ནས་ཆིས་ཏ་པ་ཏ་མ་ཤོད་ཅེས།།
ག་མདོ་པན་ཆེན་བླ་མས་གསུངས་པ་དག།
ང་ཚོའི་ཙི་ཏའི་གཏིང་ལ་ཉེར་དགོས་སོ།།
ཅ་པ་ལི་ཡི་ལུང་ཐག་སྐུད་པས་བསྡམས།།
ཆ་ལ་ཆ་ལ་ཟེར་ནས་ཆར་ནང་རྒྱུགས།།
ཇ་ཁང་ནང་དུ་སླེབས་ན་ཕྱི་ནུར་བྱེད།།
ཉ་སུག་གཙོག་པ་བཟོས་པ་ང་ཡི་གྲོགས།།
ཏ་ལིག་རེ་རེ་མདུན་ནས་དཔེར་རེ་རྒྱག།
ཐ་མག་རྐང་ཐུར་རེ་རེ་མཛུབ་པར་དྲངས།།
ད་ལྟ་ཕ་མར་མི་སྐྲག་སྐྱ་སྟོང་དག།
ན་ནིང་དོ་ཚིག་ཀྲི་བྷེ་བློ་ནད་བྱུང་།།
པ་ར་མུ་ཏ་སྦྱང་མྱོང་དྲ་གྲོགས་འགའ།།
ཕ་རོལ་ཚུལ་རོལ་མཐའ་ལ་ལྷུང་འདུག་སྟེ།།
བ་ལང་གཅིན་པ་བཞིན་དུ་ཚིག་ངན་དག།
མ་དག་ཞེ་ནས་སྡང་བཞིན་ཙ་ར་ར།།
ཙ་ཡ་བཙན་བྱོལ་སྤྱི་འཐུས་ཚོགས་ཁང་ན།།
ཚྭ་དང་སྒོག་པ་རྩད་ནས་འུར་སྒྲ་སྒྲོག།
ཛ་དྲག་བོད་དོན་གླེང་གཞི་འགོ་ཚུགས་ན།།
ཝ་མོ་བཞིན་ཏུ་འོག་མྱིག་ལིང་ལིང་སྡོད།།
ཞྭ་མོ་དམར་སེར་ཁ་ཏོག་རྗེས་འབྲངས་པའི།།
ཟ་སྒོ་གྲོང་ཆོག་ཉུལ་བ་ང་འདྲ་དག།
འ་འུར་འདོན་རྟ་དབྱངས་སུ་མ་གྱེར་བར།།
ཡ་མཚན་པེཀ་ཅིར་ལྟད་མོ་བལྟ་བར་རྒྱུགས།།
ར་ཤི་ཡ་དང་རྒྱ་ནག་ཡུལ་གྲུ་འགར།།
ལ་ལོ་རྟ་ཤ་ཟ་བའི་སྲོལ་མང་པ།།
ཤ་གཟན་བོད་ལ་ད་དུང་དར་མེད་མོད།།
ས་སྟེང་སྲོལ་ངན་སྔོན་འགོག་བྱེད་ལ་རེམ།།
ཧ་ནེ་ཧོན་ནེར་ཕྱོགས་ཀུན་འཁྱམས་པ་ཡི།།
ཨ་མདོ་བན་དེ་ཨ་མ་བརྗེད་མཁན་དེས།།
ཨ་རི་ཡུལ་དང་ལུགས་སྲོལ་རྗེས་འབྲངས་བཞིན།།
ཧ་སོང་སྐད་ཆ་ཆེན་པོ་བཤད་ཁ་བྱས།།
ཀ་ལ་པིང་ཀའི་གསུང་གི་འགྱུར་ཁུག།
ཁ་བ་ཅན་གྱི་སྨྱུ་གུའི་འཁྱུག་རྩལ།།
ག་པུར་དཀར་པོ་དྲི་མཆོག་གསུམ་པོ།།
ང་ཚོ་བོད་པའི་སྙིང་གི་ཐིག་པ།།
ར་མ་ལུག་གི་སྐད།
ཧེ་ལོ་ཁ་བརྡའི་དྲ་གྲོགས་ལགས། །
ཀ་རྩོམ་ཨ་ཆེ་བྲིས་ན་འདུག །
ཁ་བའི་ལྗོངས་ཀྱི་རྡུའི་སི་ལོག །
ག་དུས་ཡིན་ཡང་བྷོ་ཊའི་སྐད། །
ང་རང་ལྡི་ནས་དོར་མི་འདོད། །
ཅ་ཧེ་ངས་ནས་མ་ཤེས་ཀྱང་། །
ཆ་དང་ཁ་ཏི་འདིའི་ནང་བྲིས། །
ཇ་དང་ཆུང་ནི་པེ་ནས་འགྲོ །
ཉ་མོ་བྱད་གཟུགས་ལ་གྷེ་འཚོལ། །
འདི་ད་དུང་མ་མཐུད་ཀྱི་ཡོད་ཨམ་ཡང་ན་ད་ཚར་བ་རེད།