དམ་ཆོས་བསམ་འཕེལ།
ཉེ་ཆར་ནས་བཟུང་བོད་སྐད་ཡིག་རྨོངས་སེལ་གྱི་སློབ་གསོའི་བྱ་འགུལ་ཞིག་མདོ་སྟོད་སྨད་ཀྱི་ས་ཆ་གང་སར་བསྐུལ་བ་མེད་པར་མཆེད་བཞིན་འདུག ཁོ་ཚོར་ཚོགས་པ། རྩ་འཛུགས། འགོ་བ་སོགས་ཅི་ཡང་མེད་མོད་རང་འགུལ་གྱིས་ཕོ་མོ་རྒན་གཞོན་མེད་པར་རིགས་ཞེན་དང་ལ་རྒྱའི་ཐག་པ་མཁྲེག་པོ་ཞིག་གིས་དམ་དུ་བཅིང་ནས་ཕྱོགས་གཅིག་ཏུ་སྒྲིལ་ནས་འགྲོ་བཞིན་འདུག དེ་ལས་ཀྱང་དགའ་འོས་པ་ཞིག་ནི་བུད་མེད་ཁྱིམ་བདག་མ་རྣམས་ནི་སྐད་ཡིག་རྨོངས་སེལ་གྱི་བྱ་བར་ཤིན་ཏུ་དགའ་ཞིང་ཕ་སྐད་ཀྱི་རྐང་འཛིན་པ་ལྟ་བུར་འགྱུར་བཞིན་འདུག ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔལ་ཁ་ས་ཁུལ་དུ་སྡེ་བ་ཞིག་གི་སྐད་ཡིག་རྨོངས་སེལ་འགྲན་བསྡུར་ཁྲོད་ཁྱོན་དགའ་རྟགས་བཅུ་གཅིག་ཡོད་པ་ལས་བཅུ་ཐམ་པ་བུད་མེད་ཁྱིམ་བདག་མ་རྣམས་ཀྱིས་བླངས། སྐྱེས་པ་གཅིག་ལ་མ་གཏོགས་དགའ་རྟགས་ཐོབ་མེད།
སྤྱིར་ན་ཁོ་ཚོར་སློབ་སྦྱོང་ཞིག་གི་ཁོམ་པ་མེད་མོད། ཡིན་ནའང་གོ་རྟོགས་ཀྱི་ན་ཟུག་ཅིག་གིས་བསྐུལ་ནས་ཉིན་མོར་ལས་ཀར་འབད་ཅིང་མཚན་མོར་སློབ་སྦྱོང་བྱེད་བཞིན་ཤེས་ཡོན་པ་ཞིག་གི་ལས་དབང་ཚེ་འདིར་མེད་མོད། རང་གི་སྐད་དང་ཡི་གེ་མི་ཤེས་པའི་ངོ་ཚའི་ཞྭ་མོ་འདི་གཡུག་རྒྱུ་ཡིན་ཟེར་བ་མ་ཟད། དུས་ད་ནས་བཟུང་ས་གང་དུ་སོང་རུང་། གྲོགས་སུ་དང་འགྲོགས་རུང་རང་གི་ཕ་སྐད་གཙང་མ་བཤད་རྒྱུ་ཡིན་ཟེར།
ཁོ་ཚོའི་རེ་བ་འགྲུབ་པར་ཚང་མས་སྨོན་ལམ་གསོལ་འདེབས་རེ་ཚུན་ཆད་བྱེད་རོགས་ཞུ་ཞུ།
ཕ་སྐད་གཙང་མའི་བསྟན་པ་དར་གྱུར་ཅིག
དེ་ཡག་པོ་རེད།༢༠༠༣ལྟ་བུ་ནས་དབུ་བརྩམས་དེ་བོད་རང་ས་ནས་རུང་འབྲོག་དགོན་གྲོང་རྒན་དར་སྐྱ་སེར་ཕོ་མོའི་དབྱེ་བ་མེད་པར་ཡབ་མེས་གོང་མ་རྣམས་ནས་རིམ་པར་བརྒྱུད་ཡོང་བའི་མི་རིགས་ཀྱི་བླ་སྲོག་ལྟ་བུར་གྱུར་བའི་ཕ་སྐད་གཙང་མ་འདི་དམ་འཛིན་བྱེད་དང་བྱེད་མོས་སུ་འདུག ལྷག་པར་དུ་དེང་སང་གསར་བྱུང་གི་དངོས་པོ་དག་ལ་བོད་རང་གི་ཡུལ་སྲོལ་གོམས་གཤིས་བརྡ་སྤྲོད་དང་མཐུན་པར་ཐ་སྙད་གསར་བ་འདོགས་ཀྱིན་འདུག་པ་འདི་ནི་གལ་ཆེན་རེད ད་དུང་གཞས་ལུས་པ་རྣམས་ཀྱིས་བཙན་བྱོལ་བ་ལ་རེ་བ་རྒྱབ་ནས་ཡོད་མོད་དངོས་ཡོད་གནས་ཚུལ་དང་བསྟུན་ན་བཙན་བྱོལ་བས་གཞས་ལུས་བའི་རེ་བ་བསྐང་ཐུབ་ཀྱི་མེད་པ་གསལ་བོ་རེད བཙན་བྱོལ་སློབ་མ་བ་དག་གིས་རྒྱ་སྐད་དང་དབྱིན་སྐད་བོད་སྐད་གསུམ་སྡེབ་ནས་བོད་སྤྱི་བའི་ལས་དོན་གྱི་སྟེང་ལ་གཏམ་བྱེད་གནང་དུས་ང་ཚོར་རང་བཞིན་ཤུགས་ཀྱིས་སུན་སྣང་བརྒྱ་སྟོང་གིས་བཙུར་འོང་དེའི་ཕྱིར་བཙན་བྱོལ་བ་དག་གིས་ངེས་པར་དུ་འདིའི་ཕྱོགས་ལ་ལས་འགུལ་མི་དམན་པ་སྤེལ་ཐུབ་པར་བརྩོན་སྣོན་བྱེད་པའི་རེ་བ་མཐོན་པོ་ཡོད།
མགོ་རས་ཟིང་སྐྱ་ཅན་དེ་ང་ལ་དགོས་ཡ། སྐུ་མཁྱེན།
གཞས་ལུས་དེ་གཞིས་ལུས་ལ་བཅོས་རོགས་ཞུ
ངོ་མ་དགའ་འོས་པ་ཞིག་དང་། ཁ་ཞེ་གཉིས་མེད་ཀྱིས་ཁོ་ཚོར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད་ཁོ་ཚོའི་བྱ་བཞག་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན།
ཁ་བ་དཀར་པོ་ཁྱོད་རང་བཙན་བྱོལ་བ་ཡིན་ན། ཁྱོད་རང་ནས་འགོ་རྩོམ་ན་འགྲིག་གི་མ་རེད་དམ། དེ་འདྲ་གནང་རོགས། ཅིག་བྱས་དགོས་འདུག ཉིག་གི་འགྲིག་གི་མིན་འདུག བཙན་བྱོལ་བ་ཅིག་ཅིག་མག་མག་ཟེར་ནས་བཞུགས་སྡད་ན་དུས་ཚོད་འཕྲོ་བརླག་རེད།
དེང་གི་དུས་འདིར་ངོ་མ་བོད་པ་ཚང་གི་ཕོ་རབ་དང་མོ་རབ་དེ་དག་རེ་རེ་བཞིན་གཉིད་ལས་སད་དེ། མི་རིགས་ལ་ཤ་ཞེན་དང་། ཆིག་སྒྲིལ་གྱི་འདུན་པ། སྐད་ཡིག་ལ་སྲུང་སྐྱོབ། ནང་འཁྲུག་ལ་ངན་སྨད་བཅས་ཀྱི་རླབས་ཆེན་གྱི་བྱ་བཞག་གསར་པ་ཆེས་མང་པོ་སྤེལ་གྱི་འདུག་པར། ང་རང་ཉིད་ཀྱང་ཤ་ཁྲག་རུས་གསུམ་བོད་མི་རིགས་ལས་ཆད་པ་ཞིག་ཡིན་ལགས་ན། ངས་དེ་ཚོར་སྙིང་ཁོང་རུས་པའི་གཏིང་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།།
ངས་ཀྱང་བྱེད་ཀྱི་ཡིན་ཞེས་པའི་གཏམ་དེ་ཤོད་མི་ཐུབ་པར། འདི་ཕྱོགས་ལའང་དེ་འདྲ་བྱེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་པ་དེ། མི་གཞན་ཞིག་ལ་ཁག་བཞག་པ་ཞིག་མ་ཡིན་ནམ། ངས་བྱེད་ཀྱི་ཡིན་ཞེས་བློ་ཐག་ཆོད་པོས་བཤད་ཐུབ་མཁན་དེ་རང་རེ་བཙན་བྱོལ་སྤྱི་ཚོགས་སུ་གསེར་ལས་དཀོན།
གསེར་ལས་དཀོན་པ་ཡིན་ནའང་གཅིག་རང་ཡོད་པ་ནི་རང་འཚོལ་རེད།
ངོ་མ་གནས་ཚུལ་འདི་འདྲའི་རིགས་གོ་ཡོང་དུས་དགའ་ནི་ཞིག་རེད། འུ་ཚོ་བཙན་བྱོལ་ནང་དུ་དེ་འདྲ་བཤད་མཁན་ཞིག་དང་བྱ་དགའ་སྤྲོད་མཁན་ཞིག་ཡོད་ན་ཅི་མ་རུང་།
བཙན་བྱོལ་དུ་མར་མེའི་ཁྲོམ་སྐོར་ཁོ་ནའི་ལས་འགུལ་སྤེལ་བར་མགོ་འཁོར་ནས། ཕ་སྐད་གཙང་མའི་ལས་འགུལ་ལ་སོགས་པའི་ཁ་ཚ་དུས་གཏུགས་ཀྱི་བྱ་བ་རྣམས་ལྷོད་གཡེང་ཤོར། དེས་རྐྱེན་གྱིས་དེང་སྐབས་གཞོན་སྐྱེས་ཁ་ཅིག་གི་སྐད་ར་མ་ལུགས་རྒྱག་རྒྱུར་གོམས་གཤིས་ངན་པ་ཆགས།
མེ་ཏོག་དཀར་བོ་བདེན་པ་རེད།ང་དང་ངས་སྤུན་ཟླ་འགའ་རེས་མཉམ་དུ་བདུན་ཕྲག་ཁ་ཤས་སྔོན་ནས་དབུ་བརྩམས་ཏེ་སྦྲག་སྐད་གཅིག་ཤོར་ན་ཧིན་སྒོར་གཅིག་གིས་ཆད་པ་བཅད་དེ་གཟའ་ཉི་མའི་བར་སྐབས་དང་བསྟུན་ནས་གྲང་མོ་དང་ཟས་སིལ་རེ་ཉོས་ནས་འཆམ་འཆམ་ལ་འགྲོ་གྱིན་ཡོད། ད་དུང་ང་ཚོས་འཆར་གཞི་ལ་ཁོར་ཡུག་སྲོང་སྐྱོབ་དང་ཁྲིམས་མཐུན་ལུགས་མཐུན་གྱི་བྱ་སྤྱོད་གོང་མཐོར་གཏོང་རྒྱུའི་ཐབས་ལ་བརྩོན་རྒྱུ་ཡིན།
ངས་ཀྱང་བོད་སྐད་མ་ཤི་བར་ཏུ་གང་ཐུབ་དང་གང་ཤེས་རང་ཉིད་ནས་འགོ་བཙུགས་ཏེ་བཤད་རྒྱུར་སྔོན་ནས་དམ་བཅའ་ཡོད་ལ། ཕ་མས་ངར་སྤྲད་པའི་ཤ་གསེང་རུས་གསེང་གི་ཚོར་བའི་ཁྱད་ནོར་ཡང་དེ་ཡིན།
ཐུགས་རྗེ་ཆེ། བར་ཆད་མེད་པའི་སྨོན་ལམ་འདེབས
ཧ་ཅང་ཡག་པོ་འདུག
ཁོང་ཚོར་སེམས་གཏི་ངནས་་བསྔགས་བརྗོད་ཡོད།
རྣ་བར་ཁུ་བྱུག་གི་སྐད་ལྷུང་བ་དང་འདྲ་བའི་དགའ་ཚོར་བྱུང་། བོད་པའི་སྐད་དུ་ལྷན་སྐྱེས་ཀྱི་ཡི་གེའི་གདངས། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ཟ། ཨ་ཧ། ཨི་ཨུ་ཨེ་ཨོ། རྒྱས་བར་ཤོག །དར་བར་ཤོག། སྤྱོད་པར་ཤོག །འཛིན་པར་ཤོག །ཚུགས་པར་ཤོག །
བདག་གིས་ཉིས་སྟོང་བདུན་ཙམ་ནས་གྲོགས་པོ་ཁ་ཤས་དང་མཉམ་དུ་བོད་རིགས་ནང་ཁུལ་དུ་སྦྲགས་སྐད་མི་བཤད་པའི་སྒྲིག་ཚུགས་འདྲ་ཞིག་བཙུགས་ཏེ་འགོ་འཛུགས་བྱས། ད་དུང་ང་ཚོའི་ནང་ཁུལ་ལ་སྦྲགས་སྐད་ཤོར་ན་སྒོར་གཅིག་རེའི་ཉེས་ཆད་དང་། དམིགས་བསལ་གཟའ་ལྷག་པ་ལ་སྦྲགས་སྐད་ཤོར་ན་སྒོར་ལྔ་རེའི་ཉེས་ཆད་འཇལ་རྒྱུ་བྱས་པ་ཡིན། ཟླ་མཇུག་ལ་ཉེས་ཆད་ཀྱི་སྒོར་དེ་དག་བོད་དོན་གླེང་བ་སོགས་ལ་ཞལ་འདེབས་སུ་འབུལ་གྱི་ཡོད།
ད་ལྟ་དངོས་གནས་མི་སྒེར་སོ་སོའི་རང་ངོས་འགོ་བཙུགས་པ་ཡིན་ན་འཕྱི་མི་འདུག ཚང་མས་རང་ཉིད་ནས་འགོ་རྩོམ་རྒྱུ་གལ་ཆེན་པོ་རེད་འདོད།
ལ་དྭགས་པ་ལ་སོགས་པ་ཨིན་སྐད་ལ་དབྱིངས་ཞུགས་པ་དག་གི་བྱེད་སྟངས་ལ་བལྟས་ན། བོད་ཀྱི་སྐད་དང་རིག་གཞུང་ས་སྟེང་ན་ཡལ་བ་ལ་མངོན་དུ་ཕྱོགས། ལ་དྭགས་པ་རྣམ་དཔྱོད་ཡོད་པ་འགའ་རེ་དང་། གཙོ་བོ་བོད་ཆེན་པོའི་མི་རིགས་མང་པོས་རང་གི་སྐད་ཡིག་དང་། རིག་གཞུང་ནུབ་པའི་ཉེན་ཀ་མཐོང་ནས། དེ་ཉིད་འགོག་བྱེད་ཀྱི་ཐབས་ལ་འབད་ན། བོད་ཀྱི་སྐད་དང་རིག་གཞུང་དེ་གཞན་ཕྱི་ལོགས་པས་མེད་པར་བཟོ་མི་ཐུབ། སྔར་གྱི་མེས་པོ་དག་གིས་བསྐྲུན་པའི་རང་གི་རིན་ཐང་ཆེ་བའི་སྐད་ཡིག་དེ། ཛམ་གླིང་མཁས་པ་ལ་ངོམས་ཆོག་པ་མཆིས། དེ་དག་ལ་བོད་མི་རིགས་རང་ལ་དོ་སྣང་མེད་པ་དེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་མེད་པར་འགྲོ་བའི་རྒྱུ་ཡི་གཙོ་བོ་ཡིན་པ་ཁོ་བོའི་ཡིད་ལ་འཁོར་ཏོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་བཀྲིས་བདེ་ལེགས། བོད་ཀྱི་ཕ་སྐད་གཙང་མ་གཅེས་གཉེར་ལ་དྭགས་རང་དབང་ལུང་པ་ནས་གནང་དགོས་པའི་དགོངས་ཚུལ་དེར་ངས་མོས་མཐུན་ཞུ།།
དངོས་གནས་ཐུགས་རྗེ་ཆེ་གཞིས་སྡོད་བོད་མི་རྣམས་པ། ང་ཚོ་ཕྱི་སྡོད་བོད་མི་རྣམས་ཀྱིས་གཞན་ཕར་ཞོག་སྐད་ཡིག་འཛིན་སྐྱོང་ཙམ་གྱི་ཐོག་ནས་ཁྱེད་ཚོར་ཞབས་འདེགས་ཞུ་ཐུབ་ཀྱི་མི་འདུག དགོངས་དག་་་་
སྲལ་འི། བཟང་གི ཡག་གི རྒྱན་གི
ད་གཅིག་ལུས་ཡོད་ནོ་ཁ་ནས་བཤད་པ་ལྟར་འབྲི་ཨེ་ཐུབ་ལྟོས། དེ་ནས་རྒྱལ་ཁ་ཐོབ་སོང་ནི་རེད། གོ་བ་ལེན་མི་ཐུབ་པའི་ཆོས་དཔེ་ཞིག་དང་གོ་རྒྱུ་མེད་པའི་སྙན་ངག་རྫུན་མ་ཞིག་ཀློག་ནས་མྱི་ཚེ་སྐྱེལ་མ་དགོས་ནི་རེད།
ད་སྐྱིད་ཀི་ཡ། ཤི་རེ་ཡོས། བོད་གངས་ཅན།
ངོ་མ་ཧྲ་གི། སྐད་ཡིག་དར་སྤེལ་ནི་རིག་གཞུང་རྒྱུད་འཛིན་གྱི་རྩ་བ་ཉག་གཅིག་གོ།
དོན་དམ་གྱི་ཕ་སྐད་གཙང་མའི་འཕྲིན་ལས་འདི་དར་དགོས་ན། དང་པོ་རང་ཉིད་ནག་མགོ་རྩོམ་དགོས་པ་བཤད་ག་ལ་དགོས། དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་དུས་དེབ་དང་ཚགས་པར་སྤུས་ཀ་ཡོད་མེད་ཚང་མ་ཀློག་ཐུབ་པ་དགོས་ལ། དེས་རང་བཞིན་གྱིས་ཁ་སྐད་གཙང་མ་ཤོད་ཐུབ་པར་རོགས་འདེགས་ཐུབ་པར་མ་ཟད། ཤེས་རྟོགས་ཀྱི་ཆ་ལག་མང་པོ་ཞིག་འཐུས་སྒོ་ཚང་བར་གཏོང་ཐུབ། དེ་བཞིན་རྩོམ་བྲིས་པ་ཚོས་ཀྱང་ཁ་སྐད་གཙང་མའི་ལམ་ནས་འབྲི་དགོས་པ་ཤིན་ཏུ་ནས་གལ་ཆེ། རང་ཉིད་ཀྱིས་ཀྱིས་སྤྱི་སྐད་ཅིག་སྤྱོད་ཐུབ་པར་འབད་བརྩོན་གནང་དགོས་ལ། གཞན་ལ་ཡང་ཤུགས་རྐྱེན་དེ་བཞིན་སྐུལ་ཨེ་ཐུབ་ལྟ་དགོས་པ་གལ་ཆེན་པོ་རེད་བསམ་བྱུང་།
རྒན་ལ་དྭགས་པ་ལ་འཚམས་འདྲི་དང་བཅས། ཁོང་གིས་གསུངས་པ་དེ་ཤིན་ཏུ་རྨད། བོད་དང་ཧི་མ་ལའི་མི་རིགས་ཡོངས་རྫོགས་ཀྱི་སྐད་ནི་ཀ་ཁ་ག་ང་སོགས་ཀྱི་ཡི་གེ་གསལ་བྱེད་དང་ཨི་ཨུ་ཨེ་ཨོ་སོགས་ཀྱི་དབྱངས་ཀྱི་གདངས་དང་འདྲེས་ནས་ཡོད་པ་མངོན་གསལ་རེད། དེས་ན་ང་ཚོས་ཁོང་དག་གིས་གསུངས་པ་ལ་དོ་སྣང་བྱེད་རོགས།
ཁྱེད་ཚོའི་བོད་སྐད་སྐྱོན་པ་སེམས་གཏིང་ནས་རྗེས་སུ་ཡིད་རིང་གྲངས་མེད་ཞུ་་་་་་་་་་་་་་་་་་་་་་་་བོད་ལྭ་གྱོན་བོད་སྐད་བཤད་་་་་་་་་་བོད་ཟས་བཞེས་་་་་་་་་་་་་བོད་ཡིག་སྦྱང་་་་་་་་་་་་་་བོད་གཞེས་བཏང་་་་་་་་་་་་་་་་་་་བོད་པ་གཙང་མ་་་་་་་་་་་་་་་་་
དགའ་ཞིང་མགུ
ཁ་དྲོ་བཀྲ་ཤིས་ཀོ བྱ་བ་ལམ་ལ་སོང་། འདོད་པའི་དོན་ཆེན་འགྲུབ། གཞིས་བཞུགས་སྤུན་ཟླ་རྣམ་པ། ཁྱེད་རྣམས་ཀྱིས་རང་སྲོག་ཚུད་ཆད་བཏང་ནས། སྐད་དང་ཡི་གེ། ཡུལ་སྲོལ་གོམས་གཤིས། ཡ་རབས་སྤྱོད་བཟང་སོགས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱོགས་ཡོངས་ནས་དཀའ་ལས་མ་རྒྱབ་བསམ་པ་ཞིག་མེད།
གཞིས་བཞུགས་བོད་མི་ཚོའི་ལྷག་བསམ་འདི་ལྟ་རེད་དེ། འདི་ན་མཐོ་གདུགས་ཞབས་ཀྱི་བླ་མ་དང་། ཁྲི་ཐོག་གི་
དཔོན་པོ་ཚུན་ཆད་སྐད་གཉིས་སྐད་གསུམ་ག་ཚོད་བསྲེ་ཐུབ་ཐུབ། སོ་སོའི་སྐད་ཡིག་ལ་སེམས་ཁུར་དང་ཉམ་ང་སྤུ་རྩེ་ཙམ་མེད་པར་ཆོ་ལོ་མོ་ལོ་ག་ཚོད་ཅིག་རྒྱག་ཅི་ཐུབ་ཐུབ་ལ་དབྱིངས་ཞུགས་བསྡད་འདུག ང་ནི་འདི་འདྲ་མཐོང་དུས་དངོས་གནས་ཡ་ཡུད་ཉོབ་གི་འདུག
གོང་དུ་བྲག་དཀར་རྫོང་དཔལ་ཁ་ཞིང་བྲིས་འདུག ཡིན་རྒྱུ་ཞིང་ཧེ་རྫོང་ ཧོད་ཁ་ཞིང་རེད
ད་དངོས་ནས་རང་དབང་མེད་པའི་རང་ཡུལ་བོད་མི་རྣམས་པས་རིགས་ཞེན་དེ་འདྲ་གནང་བར་སོར་བཅུ་དཔྲལ་བར་གཏུགས་ནས་ཐུགས་རྗེ་ཞུ་རྒྱུ་ལས་ཅང་མི་འདའ། བཙན་བྱོལ་བས་ཁ་གཏམ་འབྲུག་སྒྲ་ལས། དོན་དངོས་རྒྱ་དཔོན་དང་རྒྱ་ལྕོག་གཅིག་སྟེང་རིག་གཞུང་རྩ་མེད་སྐོར་ཁ་རྩོད་བྱུང་ན་གང་རེ་ལབ་རྒྱུ་ཡིན་ནམ། ངོ་མ་སེམས་ངལ།།
སྙིང་ནས་འདུད་དོ། བོད་གངས་ཅན་པའི་འཆི་ཁའི་སྲོག་འཐུད་ནི་གཞིས་ལུས་པ་ཁྱེད་རྣམས་ཡིན།
ཕ་སྐད་གཙང་མ་བཤད་རྒྱུའི་ཐད་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་རིགས་དག་གིས་གཞིས་ལུས་བོད་མི་ཚོར་སློབ་སྦྱོང་ངེས་པར་བྱ་དགོས་འདུག འདི་ནི་ལྷག་དཀར་ཙམ་མིན་པར་དུས་རྒྱུན་བཤད་རྒྱུ་ཧ་ཅང་གལ་ཆེར་མཐོང་།
གཞེས་ལུས་སྤུན་ཟླ་མེད་ན་བོད་པ་ཚང་ཚར་འདུག།