གྱེར་ཚིག࿒ ས་ཉལ་ཨེ་ལོག།
གྱེར་མཁན࿒ མགོ་ལོག་བྱུར་ཞུན།
བཀའ་བསྟན་གྱི་གླེགས་བམ་བར་ན་ཚུལ་འཆོས་དང་རྫུ་བག་གིས་ཉལ་ཏེ
གཞན་སྐད་ཀྱི་ལྕགས་སྒྲོག་བར་ན་ཁེ་ཚུགས་དང་སྤོབས་པ་ཞ་བའི
སུས་ཀྱང་བཤད་མི་འདོད་ལ་ཉན་མི་སྤྲོ་བའི
མི་རིགས་ཤིག་གི་སྲོག་རྩ་འདི
ཤི་རོ་རེད་དམ་གསོན་པོ་ཡིན
དེ་རིང ང་དུས་གསར་གྱི་པང་ལ་བུད་དེ་ཁྱོད་ཀྱི་ལོ་རྒྱུས་བསྔོག་གིན་ཡོད
དེ་རིང ང་སྦྲགས་སྐད་ཀྱི་གསེང་ལ་འཛུལ་ཏེ་ཁྱོད་ཀྱི་བདེ་སྡུག་བཤད་ཀྱིན་ཡོད
དེ་རིང ང་ཕ་ཡུལ་ལ་ཅེར་ནས་བླ་སྲོག་གསོན་ཡོད་མེད་གླེང་གིན་ཡོད
དུད་དྲེག་ཆགས་པའི་སྦྲ་ནག་གི་ནང་འཛིན་ཞིག
རི་སྒང་དང་ལ་ལུང་ན་བསྲེས་སྦྱོར་གྱི་སྐད་ལ་འཇུས་ནས
རྒས་ལ་ཉེ་བའི་དུས་འདིར
གནའ་མྱིའི་སྲོལ་རྒྱུན་དང་ཤུལ་ལྷག་རིག་གནས་རེ་རེའང་
ནང་ལོག་ནས་ལྡིང་ཡོང་བའི་རླུང་འཚུབ་གྱིས་འཁུར་ལ་ཉེ་བའི་དུས་འདིར
ན་ཆུང་མའི་བྲང་གཞུང་འདྲ་བའི་ཆགས་སྲེད་མི་བཟོད་པའི་ཕ་ས་འདི
གཏན་དུ གདོང་དམར་བོའི་ཕ་སྐད་ཞིག་གི་མགོ་བོ་དགྱེ་ས་ཡིན་ནམ
ཡང་ན ལག་ཟུང་ཞིག་གི་ཧམ་སེམས་བསྲིངས་ས་ཡིན
བདག་གི་མིག་ཀོང་ན་འཁྱིལ་བའི་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཡཱ་་
ད་ལྟ དུག་ནག་གི་སྦྲགས་སྐད་ཁྱོད་ཚོའི་རྐན་ངོར་འབྱར་ནས་ཡོད
གད་སྙིགས་ཀྱི་བསྲེས་སྐད་ཁྱོད་ཚོའི་མགྲིན་པར་འཚངས་ནས་ཡོད
སྨྲ་ལྕེ་ནག་པོ་ཞིག་གིས་ཡུལ་མི་ཚོ་བསླུ་བཞིན་འདུག
དབང་ཤེད་ཀྱིས་བསླུ་བཞིན་འདུག
གཡོ་ཟོལ་གྱིས་བསླུ་བཞིན་འདུག
ག་ས་གང་དུ་སྙིགས་ལུད་ཀྱི་ཆ་བྱད་མོད་པའི་དུས་འདིར
ཐམས་ཅད་ཨ་གསར་ལ་དགའ་བའི་དུས་འདིར
ཡོད་ཚད་རང་གིས་བརླགས་པའི་དུས་འདིར
དུས་འདིར
ང་ཚོའི་བླ་སྲོག་དང་རྣམ་ཤེས
རང་ཚིགས་དང་ཆོད་སེམས་ཁོ་ན
ཁྱོད་གཅིག་པུར་བཤད་ཆོག་པའི་གདམ་ག་མ་ཡིན་ནམ
ལུས་སྟེང་ལ་རྩམ་དྲི་འཐུལ་བའི་ཨ་མདོ་བ་ཚོ
རང་གཤིས་ལ་མར་དྲི་བྲོ་བའི་རུས་རྐང་ཅན་ཚོ
བྱམས་སེམས་ལ་འོ་དྲི་ཆགས་པའི་རང་ཅག་ཁ་བ་བོད་པ་ཚོ
ད་ནི རྟུལ་ཕོད་ཀྱི་སྙིང་སྟོབས་ལྡན་པའི་མེས་པོ་ཚོའི་ཕ་སྐད་དང་སྲོལ་རྒྱུན
ཤུལ་བཞག་དང་ནོར་བུ
རེ་རེར་བཞིན་དྲང་བདེན་གྱི་ཡར་ལ་བསླངས་རན་རེད
ཀྱེ་ཀྱེ་་་་ ཀྭ་ཡེ་མིང་སྲིང་ཚོ
བདག་གི་ཤ་གསེང་རུས་རྐང་ན
བྲེལ་འཚུབ་འཚུབ་གྱི་སེམས་པ་འཕག་གིན་འདུག
ཕ་སྐད་མགྲིན་ངག་ནས་མ་དོར་ལ
སྦྲགས་སྐད་རུས་རྐང་ལ་འཐིམས་ཏུ་མ་འཇུག
རེད་དེ ཚིག་བརྒྱ་མདོར་དྲིས་ན
ང་ཚོའི་ཕ་སྐད་ཤི་རོ་རེད་དམ་གསོན་པོ་ཡིན
ནང་ལོག ཅེས་པར་ཁོ་བོས་ལོ་མང་པོའི་སྔོན་དུ།
་
ཕྱི་ལོགས་ནང་ལོགས་ཡང་འཇུག་དགོས།
ཡང་འཇུག་མེད་པ་གོ་ལོག་ཡིན།
་
སྦྲགས་སྐད། འདིའི་དོན་གང་ཡིན་ནམ། སྦྲགས། ཞེས་པ་ཅི་དང་མཉམ་དུ་སྦྲགས་ནས། སྦྲགས་སྐད། ཅེས་ཟེར།
དངོས་འབྱུང་ལོ་རྒྱུས། སྔོན་མར་མདོ་སྨད་པ། ལུས་གཟུགས་ཆེན་པོ་ཡོད་པས། མར་མང་པོ་སྤྱོད་པར་མཐོང་ནས། དེ་འདྲ་མར་མང་སྤྱོད་མི་ཆོག ཅེས་པ་ན། ལ་དྭགས་ལ་མར་མེད་པར་སོང་ཙ་ན། ཞེས་ལན་དུ་བྱུང་། ད་མདོ་སྨད་པ་དེ་སྐུ་གཤེགས་ནས་ལོ་བཅུ་གྲངས་ལྷག་སོང་། གཞན་ཡང་། ཨ་རིའི་ཨིན་སྐད་གསར་ཤོག་ཅིག་ནང་དུ། བོད་ཡུལ་དུ་ཨ་མདོ་པ་ཚེ་ཐུང་ཤོས་རེད། ཅེས་བཀོད་པ་བཀླགས། ང་ཨ་མདོར་བླ་བྲང་བཀྲ་ཤིས་འཁྱིལ་དུ། གྲྭ་ཤག་ཅིག་ཏུ་སླེབས་པ་ན། ལུག་ཤས་བཙོས་མ་དྲང་ཆོག་ཆོག་གིས་དྲངས་སོང་། གང་ལྟར་ལུས་གཟུགས་ལ་འགུལ་སྐྱོད་ཤུགས་ཀྱིས་བྱེད་པ་གལ་ཆེ་ལགས། དེ་ཡིས་ཤ་མར་འཇུ་བ་ལགས་སོ།
༅༅། མདོར་བསྡུས་ནས་བཤད་ན་་་ཕ་སྐད་ཤི་རོ་མ་རེད་་་་གསོན་པོ་གསོན་རྐྱང་རེད་་་ཧ་གོ་སོང།
ཇི་སྲིད་ཕ་དེ་འཇིག་རྟེན་གོ་ལ་ནས་མེད་པར་མ་འགྱུར་བར་་་་ཕ་སྐད་གསོན་པོར་གནས་ལགས།
སེམས་ཁྲལ་བྱེད་དགོས་མི་འདུག།
རང་སྐད་ཤོད།
རང་ལྕེ་ཤོད།
ཕ་སྐད་ཤོད།
མ་སྐད་ཤོད།
མ་སྐད།
མ་ཡུམ་མ་མཐོང་ལོ་མང་ཕྱིན། །
མ་སྐད་མ་བཤད་ལོ་མང་ཕྱིན། །
བོད་པ་མ་ཐུག་ཟླ་མང་ཕྱིན། །
བོད་སྐད་མ་སྐད་ཟླ་མང་ཕྱིན། །
སུམ་རྟགས།
སུམ་རྟགས་མ་བཀླགས་ལོ་མང་ཕྱིན། །
བོད་ཡིག་མ་མཐོང་ལོ་མང་ཕྱིན། །
བོད་རིགས་མ་མཐོང་ཟླ་མང་ཕྱིན། །
བོད་སྐད་མ་བཤད་ཟླ་མང་ཕྱིན། །
བོད་སྐད།
བོད་ཡིག་ཉམས་པའི་རྒྱུ་ལ་གཉིས། །
སྦྱང་བརྩོན་མེད་དང་ལེ་ལོ་ཉིད། །
བོད་སྐད་ཉམས་པའི་རྒྱུ་ལ་གཉིས། །
བོད་སྐད་བརྗེད་དང་ཕྱི་སྐད་བརྒྱབས། །
མ་སྐད།
མ་ཡུམ་མ་མཐོང་ལོ་མང་ཕྱིན། །
མ་སྐད་མ་བཤད་ལོ་མང་ཕྱིན། །
བོད་པ་མ་ཐུག་ཟླ་མང་ཕྱིན། །
བོད་སྐད་མ་བཤད་ཟླ་མང་ཕྱིན། །
ནུས་བ་གང་ཡང་མེད་པའི་བོད་ཡིག་ནི་ཤི་རོ་དང་འདྲ།
ལ་དྭགས་པ་ལ་བདེན་ཁ་འབྱིན། ནང་ལོག་ཟེར་ན་ནང་དུ་ལོག་པ་ཡིན། ནང་ལོགས་ཟེར་ན་ནང་ཁུལ་ཡིན། ཡང་འཇུག་ས་ཞིག་བཅུག་ན་གོ་དོན་ཆེ། ལྟ་ལོག་དོན་ལོག་གོ་ལོག་ཟེར་དུས་ཡང་འཇུག་ས་དེ་དོར།
མི་ཤེས་ན་ཁ་ཚུམས་འདིར་བྲིས་ཡོད་པས་ནང་ལོག་ཟེར་བ་རྒྱ་ནག་ལ་གོ་གི་ཡོད་རེད། རྒྱ་ནག་ལ་ལོག་འདི་བྲིས་ན་དག་དག་ཡོད་རེད།
“ནང་ལོག་ནས། ” ཞེས་པའི། ནས་སྒྲ་དེ་འབྱུང་ཁུངས་ཀྱི་སྒྲ་ཡིན་ནམ། ལྷ་བཅས་ཀྱི་སྒྲ་ཡིན། ཁ་བཙུམས་པ་ལས། འདི་ལ་གོ་བ་རྒྱབ་ན། བཟང་བར་ཤེས་སོ།
ནང་ལོགས། ཕྱི་ལོགས། རྒྱབ་ལོགས། གྱང་ལོགས། རྩིག་པའི་ལོགས་ལ་སྦྱར་སོགས་ལ་ཡང་འཇུག་ས་མེད་ན།ནོར་བ་ཆེན་པོ་རེད་དོ།།
ཕྱི་རྒྱལ་བུ་མོས་བོད་སྐད་བཤད་པ་དང་ བོད་སྐད་དུ་གླིང་སྒྲུང་།
https://www.facebook.com/amaliar/videos/vb.1472341293/10211093376278278/?type=2&theater