ཧི་མ་ལ་ཡའི་འཕྲུལ་སྨྱུག
རྗེ་སྒམ་པོ་པ་ཆེན་པོའི་སྐུ་ཚེའི་མཐར་ཞབས་ལ་གཏུགས་ནས། རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར་པ་ནི། དེ་བཞིན་གཤེགས་པ་འཁོར་བ་འཇིག་གི་རྣམ་སྤྲུལ་དཔལ་ཕག་མོ་གྲུ་པ་ཡིན་ཅིང༌། རྗེ་འདི་དགེ་འདུན་ཐམས་ཅད་ཀྱི་གྲལ་གྱི་ཐོག་མར་བཞུགས་སུ་གསོལ་ཏེ། གཏམ་གསུང་ན་ཡང་དགེ་བཤེས་ཁམས་པ་ཆེན་པོ་གྲལ་གྱི་གུང་ལ་བཞུགས་ཞེས་བསྟོད་པར་མཛད་པའི་རྒྱུ་མཚན་ཡང༌། དོན་གྱིས་ན་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པའི་མངའ་བདག་ཏུ་བཀུར་བར་འོས་པ་དེ་ཉིད་ནི། མདོ་ཁམས་སྡེ་དགེ་རྨེ་ཤོད་དུ་ཡབ་ཝེ་ན་ཨ་ཐར་དང༌། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་ལྕགས་སྟག་སྤྱི་ལོ་༡༡༡༠ ལོར་འཁྲུངས།
དགུང་ལོ་དགུ་པ་ས་ཁྱི་སྤྱི་ལོ་༡༡༡༨ ལོར་བྱ་ཁྱི་ལྷ་ཁང་དུ་ཆོས་སྒོར་བཞུགས། ཡི་གེ་འབྲི་ཀློག་དང༌། ལྷ་བྲིས་སོགས་ཐུན་མོང་དང་ཐུན་མིན་གཞུང་ལུགས་ཁག་ལ་སྦྱངས། ལུས་ཤེད་མ་རྫོགས་ཀྱང་བློ་རྩལ་རྫོགས་པའི་གྲགས་པ་བྱུང༌།
དགུང་ལོ་བཅོ་བརྒྱད་པ་མེ་ལུག་སྤྱི་ལོ་༡༡༢༧ ལོར་སྟོད་ལུང་རྒྱ་དམར་བའི་དྲུང་དབུ་ཚད་དང༌། ཕྱྭ་བ་ལས་ཞར་ཆོས་སོཊ་གསན་ཏེ་གསང་ཕུར་བྱོན། དགུང་ལོ་ཉེར་ལྔ་པ་ཤིང་སྟག་སྤྱི་ལོ་༡༡༣༤ ལོར་ཟུལ་ཕུར་བྱ་འདུལ་གྱིས་མཁན་པོ་མཛད་ནས་བསྙེན་པར་རྫོཊ། མཁན་སློབ་ལས་འདུལ་བ་དང༌། གསང་སྟོན་ལས་ཕར་ཕྱིན། མྱང་བྲན་ལས་སྤྱོད་འཇུག རྒ་ལོ་ལས་བདེ་མཆོག་དང་མགོན་པོ། ས་ཆེན་ལས་ལམ་འབྲས་སོཊ་གསན།
དགུང་ལོ་ཞེ་གཉིས་པ་ལྕཊ་ལུག་སྤྱི་ལོ་༡༡༥༡ ལོར་དྭཊ་པོ་རིན་པོ་ཆེ་དང་མཇལ། སྒོམ་བཏབ་སྟེ་ཕྱག་རྒྱ་ཆེན་པོའི་རྟོཊ་པ་གཤའ་མར་འཁྲུངས། དགུང་ལོ་ཞེ་དགུ་པ་ས་སྟག་སྤྱི་ལོ་༡༡༥༨ ལོར་ཕག་གྲུར་ཕེབས་ཏེ། གདན་ས་ཐེལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཕྱག་བཏབ་པ་ནས་བཟུང༌། ལོ་བཅུ་གཉིས་ཀྱི་རིང་སློབ་ཚོགས་འདུས་པ་ཡོངས་ལ། དབང་ཁྲིད་གདམས་ངག་རྣམས་ལེགས་པར་བསྩལ་ཏེ། དགུང་ལོ་རེ་གཅིག་པ་ལྕགས་སྟག་སྤྱི་ལོ་༡༡༧༠ ལོའི་བོད་ཟླ་བཅུ་པའི་ཉེར་ལྔའི་ཉིན་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ།།
ཧ་ཧ
ཐོས་པ་རྒྱ་ཆེན་གངས་ཅན་ལྗོངས་དེར་འགྲན་བཟོད་སྐྱེས་ཆེན་ཆ་ཤས་དབེན།།
བསམ་པས་ལྟ་ངན་ལུང་རིགས་བྱེ་བས་བདག་འཛིན་འགོང་པོ་རྡུལ་དུ་བརློག།
སྒོམ་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པས།།
ཐོས་བསམ་སྒོམ་པའི་དབང་ཕྱུག་ཆེན་པོ་འགྲོ་མགོན་ཕག་མོ་གྲུ་པར་བསྟོད།།