Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕག་པའི་ཆམ་རིམས་དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་གྱུར་བ།

Posted on 2009-06-142009-06-15 By གཡང་འབུམ་རྒྱལ་ 6 Comments on ཕག་པའི་ཆམ་རིམས་དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་གྱུར་བ།

སྨན་པ་གཡང་འབུམ་རྒྱལ་གྱིས།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (WHO) ཀྱིས་ཕྱི་ལོ ་༢༠༠༩ ཟླ་ ༦ ཚེས་ ༡༡ ཉིན་ད་ལྟ་ཁྱབ་གདལ་དུ་འགྲོ་བཞིན་པའི་ཕག་པའི་ཆམ་རིམས་ (Swine Flu) དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ (Pandemic) ནད་ཡམས་ཅན་དུ་ཁྱབ་བསྒྲགས་བྱས་ཡོད།

དེ་ཡང་འཛམ་གླིང་རྒྱལ་ཁབ་ ༧༠ ལྷག་གིས་ཕག་པའི་ཆམ་རིམས་ཕོག་པའི་ནད་པ་ཡོད་ལུགས་སྙན་སྒྲོན་གསལ་བསྒྲགས་བྱས་ཡོད་པ་དང་། ནད་རིམས་འདི་ཉིད་ཕོག་མཁན་གྱི་ནད་པའི་གྲངས་འབོར་དེ་འདས་པའི་གཟའ་འཁོར་གཉིས་གསུམ་ནང་ཇེ་ཆེར་སོང་ཡོད་མོད། གཙོ་བོ་ས་གནས་གཅིག་ཏུ་འདུས་སྡོད་བྱེད་པའི་མི་ཚོགས་ཁྲོད་ནས་ཕོག་འགོས་འགྲོ་ཡི་མེད་པར་ཡུལ་སྐོར་འགྲུལ་སྐྱོད་བྱེད་མི་ཕན་ཚུན་བར་འགོ་སྟེར་བྱེད་ཀྱི་ཡོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ ཀྱིས་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་ཁྱབ་བསྒྲགས་བྱས་པ་དེ་ནི་ད་ལྟ་མི་ཚོགས་འདུས་སྡོད་བྱེད་སར་ནད་ཕོག་འགོ་ཁྱབ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པ་དང་། ཕག་པའི་ནད་འབུ་ཡིས་བསླངས་པའི་ན་ཚའི་ལྗིད་ཡང་ལ་འབྲེལ་བ་མེད་པར་ནད་ཡམས་དེའི་འགོ་ཚད་ཀྱི་མགྱོགས་དལ་རང་བཞིན་ལ་བརྟེན་ཏེ་ཉེན་བརྡ་ཁྱབ་བསྒྲགས་བཏང་བ་ཞིག་ཡིན།

ད་ལྟ་ཨ་རིའི་མངའ་སྡེ་མང་ཆེ་བར་ཕག་པའི་ནད་རིམས་ཕོག་མཁན་ནད་པ་ཡོད་པར། ཆེས་མང་བའི་མངའ་སྡེ་བཅུ་དང་དེ་ཡོད་ནད་གྲངས་གཤམ་གསལ་ལྟར། (མང་ནས་ཉུང་)
མངའ་སྡེ ནད་གྲངས།
1. Wisconsin 3008
2. Texas 2049
3. Illinois 1983
4. New York 1160
5. California 1094
6. Massachusetts 1078
7. Utah 688
8. Pennsylvania 626
9. Arizona 597
10. Washington 584

འཛམ་གླིང་རྒྱལ་ཁབ་ཁག་ཏུ་ད་བར་བྱུང་ཡོད་པའི་ནད་གྲངས། (བོད་མི་འདུས་སྡོད་རྒྱལ་ཁབ་ལ་བལྟོས་ཏེ་བཀོད)

རྒྱལ་ཁབ།                                                   ནད་གྲངས།

1. USA 13217
2. Mexico 6241
3. Canada 2978
4. Chile 1694
5. Australia 1307
6. United Kingdom 822
7. Japan 549
8. Spain 488
9. Argentina 343
10. China 188
11. Germany 95
12. France 73
13. Italy 56
14. Korea 53
15. Switzerland 20
16. Belgium 14
17. Norway 13
18. India 9

གོང་གསལ་གྲངས་ཀ་རྣམས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཨ་རིའི་ནད་རིགས་འགོག་སྲུང་ལྟེ་གནས་ (CDC) ནས་བཏུས།

གསོ་རིག

Post navigation

Previous Post: མཁས་དབང་པད་མ་འབུམ་གྱི་སྒོ་འབྱེད་གསུང་བཤད།
Next Post: དྲ་གྲོགས་ཚོར་ཕུལ་བའི་དྲི་བ།

Comments (6) on “ཕག་པའི་ཆམ་རིམས་དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་གྱུར་བ།”

  1. གྲགས་པ says:
    2009-06-16 at 7:06 am

    ཕག་ནད་སྐོར་གནས་ཚུལ་སྤེལ་བར་སྙིང་དབུས་ནས་བསྔགས་བརྗོད་ཡོད།།

  2. བདེ་འབྱུང་། says:
    2009-06-20 at 11:53 am

    སྨན་པ་གཡང་ལགས། ཕག་པའི་ནད་རིགས་སྐོར་གནས་ཚུལ་གསུངས་པར་ཐུགས་རྗེ་ཆེ།Swine Fluལ་ཕག་པའི་ཆམ་རིམས་ཞེས་བཀོད་ནབོད་ཀྱི་གསོ་རིག་གི་དགོངས་དོན་དང་དག་དག་ཅིག་བསྡད་གི་ཨེ་ཡོད་མི་ཤེས། བོད་གཞུང་སྨན་རྩིས་ཁང་གི་དྲ་རྒྱའི་སྟེང་ཕག་པའི་གཉན་རིམས་ཞེས་བཏགས་འདུག སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་འགན་འཛིན་སྨན་རམས་པ་ཆོས་ལོ་མཐར་ལགས་ཀྱིས་གསུངས་པ་ལྟར་ན། ཕག་ནད་དེ་ནི་ཕག་པ་ལས་མི་ལས་འགོས་པ་མ་གཏོགས་ནད་འབུ་དེའི་འབྱུང་ཁུངས་ངོ་མ་ནི་སེམས་ཅན་གཞན་ཞིག་གིས་ནང་འབུ་དང་ཕག་པའི་ནད་འབུ་གཉིས་འདྲེས་སྦྱོར་བྱུང་བ་ལས་H1N1བྱུང་བ་རེད་ཅེས་གསུངས་བྱུང་ལ། དེ་ལ་ཆམ་ནད་ཅེས་བཏགས་ན་མི་འཚམ་པ་དང་། ཆམ་ནད་ནི་ཕྱིའི་སྐད་ཡིག་ལས་གསར་འགོད་ལས་རིགས་པའི་ཐད་བསྒྱུར་གནང་བའི་ཐ་སྙད་རེད་གསུངས་སོང་།

  3. ཛཱ་ཏི། says:
    2009-07-24 at 12:28 pm

    སྨན་པ་གཡང་འབུལ་ལགས་ནས་ཕག་པ་ལས་བྱུང་བའི་འགོས་ནད་དེའི་སྐོར་དམིགས་བསལ་གསལ་བཤད་བྱས་ཡོད་པ་དེ། དེའི་ཚེ་དེའི་དུས་སུ་མི་མང་གི་རྩ་བའི་ལུས་ཁམས་བདེ་ཐང་སྲུང་སྐྱོབས་ཀྱི་ཐད་དགོས་གལ་ཆེ་བའི་འཕྲོད་བསྟེན་གྱི་བྱ་བཞག་གལ་ཆེན་ཞིག་བྱས་པར་ངོས་འཛིན་དང་རྗེས་སུ་ཡི་རང་ཡོད།
    བདེ་འབྱུང་ལགས་ནས། ཕག་པའི་ཆམ་རིམས་ཞེས་བཀོད་ན་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་དང་མཐུན་མིན་དང་། བོད་གཞུང་སྨན་རྩིས་ཁང་གི་ཕག་པའི་གཉན་རིམས་བཏགས་འདུག་ཅེས་ལུང་འགྲེན་བྱས་
    པའི་ཁར་ནད་དེའི་འབྱུང་ཁུངས་ངོ་མ་དེ་ནི་སེམས་ཅན་གཞན་ཞིག་གིས་ནང་འབུ་དང་ཕག་པའི་ནད་འབུ་གཉིས་འདྲེས་སྦྱོར་བྱུང་བ་ལས་H1N1བྱུང་བ་རེད་ཅེས་དང་། དེ་ལ་ཆམ་ནད་ཅེས་བཏགས་ན་མི་འཚམ་པ་དང་། ཆམ་ནད་ནི་ཕྱིའི་སྐད་ཡིག་ལས་གསར་འགོད་ལས་རིགས་པའི་ཐད་བསྒྱུར་གནང་བའི་ཐ་སྙད་རེད་གསུངས་སོང་ཞེས་བཀོད་འདུག་ན།

    དེ་ཡང་བོད་ཀྱི་གསོ་རིག་གི་དགོངས་དོན་དང་དག་དག་ཅིག་བསྡད་གི་ཨེ་ཡོད་མི་ཤེས། གང་ལགས་ཞེ་ན། འབྱུང་ཁུངས་ངོ་མ་དེ་ནི་ཞེས་ཁ་གསལ་བོ་ཞིག་གསུང་རྒྱུ་ཡོད་པའི་བཟོ་འདྲ་དང་། དེ་ནས་སེམས་ཅན་གཞན་ཞིག་གིས་ནང་འབུ་དང་ཕག་པའི་འབུ་གཉིས་འདྲེས་སྦྱོར་བྱུང་བ་ལས་H1N1བྱུང་བ་རེད་ཅེས་པ་དེ་རྒྱུ་མཚན་གང་ཡང་མེད་པ་ཞིག་མ་ཡིན་ནམ། འཛམ་གླིང་ནང་སེམས་ཅན་ཧ་ཅང་གི་རིགས་མི་འདྲ་བ་མང་བོ་ཡོད་པའི་སེམས་ཅན་གཞན་ཞིག་གིས་ནང་འབུ་ཞེས་པ་དེ་སེམས་ཅན་ག་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ།

    རྩ་བའི་ང་ཚོ་ལ་ཁ་ཚ་དགོས་གཏུག་ནི་དེ་འདྲའི་འགོས་ནད་ཛ་དྲག་པོ་དེ་འདྲ་བྱུང་སྐབས་སྔོན་འགོག་གི་ཐབས་ལམ་མི་མང་ལ་སློབ་སྟོན་བྱེད་གང་ཐུབ་བྱེད་རྒྱུ་དེ་ཡིན་པ་ལས། མིང་འདོག་སྟངས་ཤིག་ལ་བསམ་བློ་བཏང་ནི་བསྡད་པ་ཡིན་ན། ང་ཚོས་ལས་དོན་འཐུས་ཤོར་དུ་འགྲོ་རྒྱུ་ལས་གཞན་མ་མཆིས་སོ།།

    སྨན་པ་གཡང་འབུམ་རྒྱལ་ལགས་ནས། དུས་ཐོག་ཏུ་གནག་ཐོག་གཙགས་འཁེལ་གྱི་མི་མང་ལ་འཕྲོད་བསྟེན་སློབ་སྟོན་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛཱ་ཏིས་ཟླ་༧ཚེས་༢༣ལ།།

  4. ཛཱ་ཏི། says:
    2009-07-24 at 12:37 pm

    སྨན་པ་གཡང་འབུལ་ལགས་ནས་ཕག་པ་ལས་བྱུང་བའི་འགོས་ནད་དེའི་སྐོར་དམིགས་བསལ་གསལ་བཤད་བྱས་ཡོད་པ་དེ། དེའི་ཚེ་དེའི་དུས་སུ་མི་མང་གི་རྩ་བའི་ལུས་ཁམས་བདེ་ཐང་སྲུང་སྐྱོབས་ཀྱི་ཐད་དགོས་གལ་ཆེ་བའི་འཕྲོད་བསྟེན་གྱི་བྱ་བཞག་གལ་ཆེན་ཞིག་བྱས་པར་ངོས་འཛིན་དང་རྗེས་སུ་ཡི་རང་ཡོད།
    བདེ་འབྱུང་ལགས་ནས། ཕག་པའི་ཆམ་རིམས་ཞེས་བཀོད་ན་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་དང་མཐུན་མིན་དང་། བོད་གཞུང་སྨན་རྩིས་ཁང་གི་ཕག་པའི་གཉན་རིམས་བཏགས་འདུག་ཅེས་ལུང་འགྲེན་བྱས་
    པའི་ཁར་ནད་དེའི་འབྱུང་ཁུངས་ངོ་མ་དེ་ནི་སེམས་ཅན་གཞན་ཞིག་གིས་ནང་འབུ་དང་ཕག་པའི་ནད་འབུ་གཉིས་འདྲེས་སྦྱོར་བྱུང་བ་ལས་H1N1བྱུང་བ་རེད་ཅེས་དང་། དེ་ལ་ཆམ་ནད་ཅེས་བཏགས་ན་མི་འཚམ་པ་དང་། ཆམ་ནད་ནི་ཕྱིའི་སྐད་ཡིག་ལས་གསར་འགོད་ལས་རིགས་པའི་ཐད་བསྒྱུར་གནང་བའི་ཐ་སྙད་རེད་གསུངས་སོང་ཞེས་བཀོད་འདུག་ན།

    དེ་ཡང་བོད་ཀྱི་གསོ་རིག་གི་དགོངས་དོན་དང་དག་དག་ཅིག་བསྡད་གི་ཨེ་ཡོད་མི་ཤེས། གང་ལགས་ཞེ་ན། འབྱུང་ཁུངས་ངོ་མ་དེ་ནི་ཞེས་ཁ་གསལ་བོ་ཞིག་གསུང་རྒྱུ་ཡོད་པའི་བཟོ་འདྲ་དང་། དེ་ནས་སེམས་ཅན་གཞན་ཞིག་གིས་ནང་འབུ་དང་ཕག་པའི་འབུ་གཉིས་འདྲེས་སྦྱོར་བྱུང་བ་ལས་H1N1བྱུང་བ་རེད་ཅེས་པ་དེ་རྒྱུ་མཚན་གང་ཡང་མེད་པ་ཞིག་མ་ཡིན་ནམ། འཛམ་གླིང་ནང་སེམས་ཅན་ཧ་ཅང་གི་རིགས་མི་འདྲ་བ་མང་བོ་ཡོད་པའི་སེམས་ཅན་གཞན་ཞིག་གིས་ནང་འབུ་ཞེས་པ་དེ་སེམས་ཅན་ག་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ།

    རྩ་བའི་ང་ཚོ་ལ་ཁ་ཚ་དགོས་གཏུག་ནི་དེ་འདྲའི་འགོས་ནད་ཛ་དྲག་པོ་དེ་འདྲ་བྱུང་སྐབས་སྔོན་འགོག་གི་ཐབས་ལམ་མི་མང་ལ་སློབ་སྟོན་བྱེད་གང་ཐུབ་བྱེད་རྒྱུ་དེ་ཡིན་པ་ལས། མིང་འདོག་སྟངས་ཤིག་ལ་བསམ་བློ་བཏང་ནི་བསྡད་པ་ཡིན་ན། ང་ཚོས་ལས་དོན་འཐུས་ཤོར་དུ་འགྲོ་རྒྱུ་ལས་གཞན་མ་མཆིས་སོ།།

    སྨན་པ་གཡང་འབུམ་རྒྱལ་ལགས་ནས། དུས་ཐོག་ཏུ་གནག་ཐོག་གཙགས་འཁེལ་གྱི་མི་མང་ལ་འཕྲོད་བསྟེན་སློབ་སྟོན་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཛཱ་ཏིས་ཟླ་༧ཚེས་༢༣ལ།།

  5. བདུད་འདུལ་རོལ་བའི་རྩལ། says:
    2009-08-25 at 12:43 am

    མིང་འདོགས་སྐབས་ནད་དེའི་རྒྱུ་ཅི་ཡིན་པ་རྟོགས་རྒྱུ་ཤིན་ཏུ་ནས་གལ་ཆེ་མོད་དེང་གི་དུས་འདིར་གཉན་རིམས་གདུག་པ་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པས་དེ་དག་སོ་སོ་བོད་སྨན་གྱི་དགོངས་པ་དང་སྦྱོར་རྒྱུ་ཁེག་པོ་རེད།སྤྱིར་བོད་ཀྱི་གསོ་རིག་ལག་ལེན་བྱེད་མཁན་དག་ལ་ཐུན་མོང་དུ་གནས་པའི་སྐྱོན་ཆ་ཞིག་ཡོད་པ་ནི་ནད་གཞི་སྤྱི་ཙམ་ལས་བྱེ་བྲག་ངོས་འཛིན་མི་བྱེད་པ་དེ་རེད།དེའི་སྟབས་ཀྱིས་དེང་གི་དུས་འདིར་མཆིན་ནད་རིགས་བཅོ་བརྒྱད་ལས་བྱེ་བྲག་གི་བརྟག་དང་བཅོས་ཐབས་ལ་དོ་སྣང་མི་བྱེད་པར་སྤྱི་སྨན་ཙམ་ལས་གཉེན་པོ་ནད་གཞིའི་ཐུན་མིན་གྱི་མི་འགྱུར་བའི་རྟགས་དང་སྦྱར་ནས་གསོ་བཅོས་བྱེད་མཁན་ཉུང་།

  6. ཙོང་ཁ་པ། says:
    2009-09-04 at 4:31 am

    གུས་པའི་བསམ་པར་བོད་གཞུང་སྨན་རྩིས་ཁང་གི་ཨེམ་ཆིས་གསུངས་པ་དེ་ལ་རྒྱུ་མཚན་འདུག་བསམ། ཆམ་རིམས་ཞེས་བརྗོད་ན་ཆམ་པ་ཙམ་ལ་གོ་རྒྱུ་ཡིན་པ་དང་། ཕག་པའི་གཉན་རིམས་ཞེས་བརྗོད་ན་ཁྱབ་ཆེ་བར་བསམ། གཉན་རིམས་ཡིན་ན་ཆམ་རིམས་ཡིན་པས་ཁྱབ་པ་དང་། ཆམ་རིམས་ཡིན་ན་གཉན་རིམས་ཡིན་པས་མ་ཁྱབ་པ་ལྟ་བུ་མིན་ནམ། གོང་དུ་བདུད་འདུལ་རོལ་བའི་རྩལ་གྱི་གསུངས་པ་དེ་ཡང་བདེན་པ་ཡིན་པས་རྒྱབ་སྐྱོར་ཡོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (27)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme