རེབ་ཐོག་མདའ།
ཕ་མ་ཉེ་དུ་མཛའ་བའི་གྲོགས་རྣམས་དང་།།
ལྷན་དུ་འདུས་པའི་ཁོར་ཡུག་ཉམས་དགའ་ཡང་།།
དད་འདུན་ཟབ་མོའི་ཀློང་གི་ཕག་ལོ་བ།།
ཁེར་རྐྱང་བསམ་གཞིག་ཁྲོད་ཀྱི་དྲན་གདུང་ཡིན།།
ནོར་དང་ལོངས་སྤྱོད་འཕེལ་བའི་གྲོང་འདི་ན།།
བདག་ལ་བརྩེ་བའི་ཕ་མ་ཟུང་མངའ་ཡང་།།
ཞི་བདེ་ལམ་སྟོན་མཛད་པའི་ཕག་ལོ་བ།།
ལོ་ཟླའི་ངོགས་ནས་དྲན་པའི་གདུང་བ་ཡིན།།
ཕ་སྐད་གཙང་མར་རྒོལ་བའི་གནས་འདི་ན།།
རིགས་གཅིག་ཕུ་ནུ་འབྱོར་བས་བསླུས་འདུག་པས།།
ལྷང་འཇགས་རི་ལ་བཞུགས་པའི་ཕག་ལོ་བ།།
དགུན་ཟླ་རིང་མོའི་ཁྲོད་ཀྱི་དྲན་ཤིང་ཡིན།།
གནའ་དེང་དངོས་རིགས་འཇོམས་པའི་གྲོང་འདི་ནས།།
སྒོར་གྱི་ངོ་སོ་མཐོ་བར་སྣང་ན་ཡང་།།
སྙིང་རྗེས་སེམས་ཀྱིས་ཕྱུག་པའི་ཕག་ལོ་བ།།
གཞན་ཕན་ཁོ་ནར་འཇུག་པའི་ངང་ཚུལ་དྲན།།
དགུ་ཀླུང་རིང་མོའི་འགྲམ་གྱི་སྨེ་ངག་འདི།།
ས་མཐའི་ཕག་ལོ་བ་ལ་སྐྱེས་སུ་འབུལ།།
འོད་སྣང་གངས་ལ་ཕོག་པའི་ཉིན་ཞིག་ལ།།
ལན་ཅིག་མཇལ་བའི་སྨོན་ལམ་གྲངས་མེད་འདེབས།།