བོད ལྷ་ཀླུ་གཉན་གསུམ།
་་་་་་་་་་་ཚུར་འབྱོར་མ་ཐག་པའི་སྐུ་ཚབ་དག་གི་གསར་འགོད་གསལ་བསྒྲགས་ཁག་དང་བོད་མི་དྲ་ཐོག་པ་ཡོང་ཀྱི་བསམ་ཚུལ་ལ་ཉན་རྗེས་སུ་བྲིས།
ངས་འདི་ལྟར་ཟེར་ན་འདོད་བྱུང་། རྒྱུ་མཚན་ནི། ཁོང་ཚོ་ཕར་འགྲོ་དུས་སུ་བོད་ཀྱི་སྐུ་ཚབ་གྱི་མིང་ཐོག་ནས་མི་ལོ་བཅུ་ལྷག་རིང་དུ་ཕྱིན་པ་རེད་ལ། ཚུར་འོང་དུས་སུ་ཁོང་ཚོ་ནི་རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ལྟ་བུ་ཞིག་ལས་བོད་མི་དམངས་ཀྱི་སྐྱིད་སྡུག་ལེགས་ཉེས་གླེང་དུ་སོང་བའི་བོད་ཀྱི་སྐུ་ཚབ་དེ་མ་ཡིན་པར་རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ལྟ་བུ་ཞིག་ཆགས་ནས་འོང་གི་ཡོད་པ་དེ་ཡི་སྟབས་ཀྱི་ཡིན།
ཕར་འགྲོ་ཐེངས་རེར། བོད་ཕྱི་ནང་གཉིས་ཀྱིས་བོད་མི་མི་ཉུང་བ་ཞིག་གི་རེ་བ་ཁོང་ཚོ་བཅོལ་ཡོད་ལ། ཚུར་སླེབས་ཐེངས་རེར་ཁོང་ཚོས་རྒྱའི་སྲིད་གཞུང་གི་གང་བཤད་པ་དག་ལས། བོད་མི་དམངས་ཀྱིས་སྐྱིད་སྡུག་ཡོད་ཚད་རྒྱའི་སྲིད་གཞུང་གིས་དངོས་ནས་འདི་ལྟར་ཁས་ལེན་བྱེད་ཀྱི་འདུག་ཟེར་བ་ཞིག་གཏན་ནས་བཤད་རྒྱུ་མེད་པར། ཡོད་པ་དེ་ཡང་རེ་བ་ཞིག་འདུག་ཟེར་བ་ཙམ་ལས། རེ་བ་ཡོད་སྟངས་སྐོར་དེ་ཡང་སྔ་ལོ་ནས་ཕྱི་ལོ་མེད་པ་དེ་ཡིན།
གཏམ་དངོས་ཀྱི་སྒང་ནས་བཤད་པ་ཡིན་ན། ངེད་ཅག་ལ་དགོས་པ་དེ་ནི་བོད་མི་དམངས་ཀྱི་སྐུ་ཚབ་ཞིག་ཕར་སོང་བ་དེ་ཚུར་ཡོང་རྒྱུ་དེ་ཡིན་པ་ལས། རྒྱའི་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་ཕྱིར་བྱེས་སུ་ཡོང་རྒྱུ་དེ་མིན་ན་ཡང་། ལོ་རེ་ལས་ལོ་རེ་སྡུག་དུ་འགྲོ་བ་ལས་ཡག་དུ་གཏན་ནས་སོང་མེད་པ་དེ་ནི། བོད་ནང་གི་བོད་མི་དག་གི་འཚོ་བའི་གནས་སྟངས་ཐད་ཀྱི་རང་དབང་གི་བཀག་རྒྱ་དེ་དག་སྔར་ལས་ཇེ་དམ་དུ་འགྲོ་བཞིན་པ་དེ་དག་གིས་ཁ་གྲགས་ནས་འོང་བ་དེ་ཡིན།
ལྷག་པར་དུ་མི་ལོ་དུ་མའི་རིང་དུ་ངེད་ཚང་ལ་སྐུ་ཚབ་ཟེར་ན་འགྲིག བགྲོ་གླེང་བྱེད་མཁན་ཟེར་ན་འགྲིག གཅིག་ཡོད་པ་དེ་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་མཚན་ཐོག་ན་མ་གཏོགས་བོད་མི་དམངས་ཀྱི་མིང་ཐོག་ན་གཏན་ནས་མེད་པ་དེ་ཡང་གནད་འགག་ཆེ་ཤོས་ཤིག་ཆགས་ཡོད་པ་དེ་ཡིན། གནད་འགག་དེ་ནི་འུ་ཅག་གིས་ཤེས་པ་ནས་དང་ལེན་བྱེད་དགོས་པའི་དུས་ཚོད་དེ་ནི་འགོར་འགྱངས་བྱེད་པ་མང་མེད་ན་ཉུང་གཏན་ནས་མེད་པ་ཡིན།
ཉེ་སྔོན་སྐུ་ཚབ་ཚོ་ཕྱིར་རྡ་སར་འབྱོར་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཉིན་མོར་དེ་ཡང་གསར་འགོད་གསལ་བསྒྲགས་དེ་ནི་བོད་ཀྱི་བྱེས་བསྡོད་བོད་མི་དག་ལ་སྤེལ་གྱི་ཡོད་པའི་རྣམ་པ་ཞིག་གཏན་ནས་མཐོང་དཀའ་བར་འདུག རྒྱུ་མཚན་ནི་ཁོང་ཚོས་དབྱིན་སྐད་སྟེང་ནས་གསར་འགོད་གསལ་བསྒྲགས་བྱས་པ་དེ་ཡིས་ཤེས་ཐུབ་པ་ཡིན།
ཕར་ཕྱོགས་རྒྱ་ནག་སྲིད་གཞུང་གིས་ཀྱང་དུས་ཚོད་དེ་དང་སྟབས་འཁེལ་བའི་སྐབས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། སྤེལ་ས་དེ་ཡང་རྒྱ་ནག་མི་དམངས་ལ་སྤེལ་ཡོད་པ་དང་གསར་འགོད་གསལ་བསྒྲགས་ཀྱང་རྒྱ་སྐད་སྟེང་ནས་རྒྱ་རིགས་མི་དམངས་ལ་གསར་འགོད་གསལ་བསྒྲགས་བྱས་ཡོད་པ་དེས་ཀྱང་། ཕྱི་བསྡོད་བོད་མི་དག་གིས་བོད་མི་རིགས་ཀྱི་སྐྱིད་སྡུག་གླེང་གི་ཡོད་མེད་ལ་དེ་ལ་ཡང་ཡིད་གཉིས་བྱེད་དགོས་པ་ཞིག་ཆགས་ཡོད་པ་ཡིན།
གལ་སྲིད། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གསར་འགོད་པ་དེ་རུ་སླེབས་ཡོད་པ་དེ་དག་གི་ཆེད་དུ་དབྱིན་སྐད་བཤད་དགོས་པའི་དབང་དུ་བཏང་ན་ཡང་། ཁོང་ཚོས་དྲི་བ་གང་དྲིས་པ་དེར་དབྱིན་སྐད་སྟེང་ནས་གསར་འགོད་པར་ལན་འདེབས་བྱས་པ་དེ་ཡིས་འཐུས་ཀྱི་ཡོད་པ་རེད། རང་སྐད་སྟེང་ནས་མིང་ཚིག་གི་མི་འདང་བའི་བོད་ཀྱི་སྐུ་ཚབ་དེ་དག་གིས་བོད་མི་དག་གི་སྐྱིད་སྡུག་གླེང་མི་ཤེས་པ་དེ་ཡང་རྒྱུ་མཚན་གཅིག་ཡིན།
མཐའ་དོན་ངས་ཞུ་སྐུལ་གཙོ་བོ་དེ་ནི་ངེད་ཅག་བོད་མི་གཞིས་བྱེས་གཉིས་ལ་དགོས་པ་དེ་ནི་བོད་ཀྱི་སྐུ་ཚབ་དང་བོད་ཀྱི་མགྲིན་ཚབ་པ་ཞིག་ལས། བོད་མི་དམངས་ཀྱི་སྐྱིད་སྡུག་ལེགས་ཉེས་མཐའ་དག་བོད་སྐད་སྟེང་ནས་བོད་མི་དམངས་ལ་བཤད་ཤེས་མཁན་ཞིག་དང་། བོད་མི་དམང་ས་རང་སྐད་སྟེང་ནས་གོ་བརྡ་སྤྲོད་ཐུབ་མཁན་ཞིག་དགོས་པ་ལས། དབྱིན་སྐད་དང་སྐད་ཡིག་གཞན་གྱི་སྟེང་ནས་གོ་བརྡ་སྤྲོད་མཁན་ཞིག་གཏན་ནས་དགོས་འཁོ་ཆགས་མེད། གལ་སྲིད། སྐད་ཡིག་གཞན་གྱིས་སྟེང་ནས་བོད་མི་དམངས་ཀྱི་སྐྱིད་སྡུག་གླེང་རྒྱུ་ཡིན་ན་ནི། རྒྱའི་སྲིད་གཞུང་གིས་བོད་ནང་དུ་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་མཁན་དག་ལ་མཐོང་ཆུང་བྱེད་པ་དེར་ཡང་བརྩི་བཀུར་བྱས་རན་ལ་སླེབས་པ་རེད་ལ། བོད་མི་རིགས་ཟེར་ནས་བོད་མི་དག་གི་རང་སྲོག་ཚུན་ཆད་ཀྱང་གཏོང་དགོས་ཤིག་གཏན་ནས་ཆགས་མེད་པ་དེ་ཡིན།
ཨིམ་་་ ཨིམ་། ཅི་མི་བདེན་ནམ། དེ་ག་རེད་ད་།
ཕར་འགྲོ་དུས་སུ་བོད་ཀྱི་སྐུ་ཚབ། ཚུར་འོང་དུས་རྒྱའི་སྲིད་གཞུང་གི་མགྲིན་ཚབ། ཁྱེད་ཀྱི་ཚིག་འདི་གཉིས་ཀྱི་ང་ད་གཟོད་གཞི་ནས་སྐད་ཆ་བཤད་ཤེས་བ་ལྟ་བུར་གྱུར་སོང་། གཞན་གྲོས་མོལ་ཐེང་དགུ་བ་དེས་མགོ་འཇུགས་བར་གསུམ་ནས་ངའི་ཁོག་ནང་ལ་ཚ་བ་ཞིག་ལང་ནས་ཁ་ནས་་འདི་རེད་ཟེར་བ་ཞིག་མེད་པར་གྱུར་ནས་་། “ང་ཚོའི་སྐུ་ཚབ་ཕར་སོང་ནས་ག་རེ་ལབས་འདུག” ་ཞེས་བའི་ལན་དུ་སྐྱེ་མན་ལ་ཡང་སྐད་ལོག་ཡག་ཐག་གཅོད་བྱས་བ་ཡིན། ཁ་ནས་བཤད་མི་ཤེས་བར་་འུ་ཐུག་ནས་རི་མོ་ཞིག་བྲིས་བ་ཡིན་གཤམ་གཟུགས་རོགས།
http://khorlam.wordpress.com/
དེ་ག་རང་རེད་ད། ངའི་བཤད་མ་ཤེས་ནས་འུ་ཐུགས་ནས་རི་མོ་ཞིག་བྲིས་བ་ཡིན་གཤམ་གྱི་འབྲེལ་ཐག་ཕེབབ།
http://khorlam.wordpress.com
བོད་ལྷ་ཀླུ་གཉན་གསུམ་ལ་ཐུགས་རྗེ་ཆེ་ཟེར་རྒྱུའི་ཚབ་ལ། ངས་འདི་ནས་ང་གཉིས་འདོད་པ་མི་མཐུན་ས་འགའ་ཞིག་གླེང་ན་འདོད་སོང་།
ངས་བལྟས་ན་སྐུ་ཚབ་ཁོང་ཚོ་ཚུར་ཡོང་དུས་རྒྱའི་མགྲིན་ཚབ་པ་ལྟ་བུར་ཡིན་ནི་རེད་ཀི རྒྱུ་མཚན་རྒྱ་རྒན་ཁོང་ཚོས་གང་གླེང་བ་དེ་དེ་བཞིན་དུ་ཚུར་འཁུར་ནས་ཡོང་ལོས་དགོས་འདོད་ཀི ལམ་བར་ནས་སྐད་ཆ་བསྒྱུར་ནས་གཞན་ཞིག་ལབ་བསྡད་གནས་ཚུལ་ལོག་ཀ་རེད། དེ་མིན་མི་དམངས་ལ་ཁོང་ཚོས་འདི་དང་འདི་ཟེར་གི་འདུག་ཅེས་མ་བསྒྲགས་རུང་སྐྱབས་མགོན་རིན་པོ་ཆེ་དང་ལས་སྣེ་མཐོ་གྲས་ཚོར་ཆ་ཚང་ལབ་ཡོད་རྒྱུ་རེད། ཁོང་ཚོས་གང་བཤད་པ་དེ་ཚང་མ་མི་དམངས་ལ་བཤད་དང་མི་བཤད་དེ་ཆབ་སྲིད་པ་ཁོང་ཚོའི་ལག་པ་རེད་འདོད།
གསལ་འགོག་པས་སྐད་རིགས་གཞན་གྱི་ཐོག་ནས་དྲི་བ་བཏང་ཡོང་དུས་ཕར་བོད་སྐད་བཤད་ན་ཁོང་ཚོའི་ནང་ན་མི་གོ་མཁན་ཚོས་ག་རེ་བྱེད། དེ་ལས་དྲི་བ་བཏང་མཁན་དེས་སྐད་གང་གི་ཐོག་ནས་བཤད་ན་ཡང་སྐུ་ཚབ་ཁོང་ཚོས་ལམ་སང་སྐད་དེའི་ཐོག་ནས་བཤད་ཐུབ་ན་ཡག་པོ་རེད་ལགས།
ད་བདེ་མོར་བྱོས།
ང་ལ་བསམ་ཚུལ་ཞིག་ཡོང་གི་འདུག སྐུ་ཚབ་དག་རྒྱ་ནག་དུ་བསྐྱོད་སྐབས་ཁོང་ཚོས་ཐོངས་ཆེན་ལག་ཁྱེར་གང་ཞིག་འཁྱེར་ནས་འགྲོ་བཞིན་ཡོད་མེད་དེ་རེད། དེ་ཡི་སྐོར་ལ་ཤེས་མཁན་ཡོད་དམ། ཡོད་ན་གསུང་རོགས་ཞུ།
སྐོར་ལམ་ནང་གི་སྐད་ཆ་ལགས། ཉིད་ནས་རི་མོ་དངོས་ནས་སྙིང་རྗེ་བོ་ཞིག་བྲིས་འདུག དེ་ག་རང་རེད། ཕར་ལ་ལག་པ་བསྲིངས་དེ་བཀྲ་ཤིས་བདེ་ལེགས་ཞུས་ཀྱང་། ཚུར་ལ་དུག་དང་མཚོན་ཆ་བེད་སྤྱོད་གཏོང་རྒྱུའི་ལས་འགུལ་དེ་ཇི་སྲིད་དུ་འགྱུར་བ་སོང་མེད་པ་དེ་རེད།
སང་ཉིན་དུས་ལ་ཟད་བ་མེད།
བོད་ཁམས་ཡོད་ཚད་རྒྱ་ཡིས་གང་།
བོད་གཞོན་ཕལ་ཆེ་ཉིན་རེ་རེར།
རྒྱ་གར་རྒྱ་ནག་ཡུལ་དུ་འཁྱོམ།
ཨ་ཧོ་མཐོ་སྒང་གི་བདག་པོ་རྣམས།
རང་ས་ཤོར་ནས་མི་ཡུལ་འཁྱོམས།
ཀ་ཁ་སློབ་སྦྱོང་བྱེད་པའི་བྱིས་པ་ཚོ།
རྒྱ་སྐད་མ་གཏོགས་བཤད་མི་ཤེས།
རྒྱ་ལུགས་མ་གཏོགས་སྒྲུབ་མི་ཤེས།
ད་སྡུག་གི་ཡ།ཧ་ཧ
གྲོགས་པོ་ལགས།ཁྱེད་བོད་པ་ཨི་རེད།
ཡིན་ན་ད་ནས་ལོང་ཤོག
ཁྱེད་ཅི་བསམ་དི།
རང་དོན་ཁོ་ན་ལ་མ་བསམ་རོགས།
མྱི་རྒོད་པོ་ཡིན་ན་ཁྱིམ་དུ་མ་ཁབ།
ཞི་བའི་སྒོ་ནས་རང་ས་རང་གིས༷་བདག
ཪང་ཁྱིམ་རང་གིས་བསྐྲུན་དུ་འགྲོ
ཐུགས་རྗེ་ཆེ།
མདང་དགོང་ལྷ་སའི་བརྙན་འཕྲིན་ལས་ཁུངས་དང་ཨ་རིའི་བོད་སྐད་བརྙན་འཕྲིན་གཉིས་ཀྱི་བགྲོ་གླེང་གི་རྣམ་པ་དང་དྲི་བ་དྲིས་ལན་དེ་ཚོས་ང་རབ་ཏུ་མནན་སོང་། ཡོངས་སུ་མནན་སོང་། ལུས་སེམས་ཡོད་ཚད་རྡོ་འཁྱགས་པ་སྦྱར་སོང་། ད་དུང་ཀྲོའུ་ཝེའེ་ཆོན་གྱི་སྐད་ཆ་དེ་ཚོས། རྒྱ་རིའི་སྐད་ཆ་དེ་ཚོས། ལྷག་པར་དུ་ཉི་མ་ཚེ་རིང་གི་སྐད་ཆ་དང་རྣམ་འགྱུར་དེ་ཚོས་ངའི་སྙིང་གས་ལ་ཁད་བྱེད་དུ་བཅུག་སོང་། ད་དུང་སྲི་ཐར་གྱི་སྐད་ཆ་དེ་ཚོ། ད་ཉི་མ་འགར་ལངས་ཐུབ་ས་མ་རེད་ཡ།
གཅན་བཟོད་རྒྱམ་ལགས། ཨ་རིའི་རླུང་འཕྲིན་ཁང་གི་བདུན་རེའི་གསར་འགྱུར་ལ་གསན་ཡོད་དམ།
ཉན་ཐུབ་མ་སོང་། དངོས་གནས་བཤད་ན་ཉན་འདོད་ཀྱང་ཞེ་དྲག་མི་འདུག བོད་ལ་ཕན་པའི་སྐད་ཆ་གཅིག་ཀྱང་མི་འདུག ༸གོང་ས་མཆོག་ལ་གཟེངས་རྟགས་རེ་ཕུལ་བ་དེས་བོད་ཐག་གཅོག་བཞིན་པ་འདྲ་བོ་རྐྱང་བཤད་བསྡད་ནས་ཆོ་ཡོད་པ་མ་རེད། ༸གོང་ས་མཆོག་ལ་མཛའ་གླིང་གི་ཚོགས་སྒེར་ཁག་ནས་ཕུལ་བའུ་གཟེངས་རྟགས་གྲངས་ཀ་ལོང་བ་ཞིག་ཡོད་རྒྱུ་རེད། འོན་ཀྱང་བོད་དོན་ནི་ཇེ་རིང་ནས་ཇེ་ཆུང་། ད་མི་སྣང་བར་འགྱུར་རྒྱུ་ཡང་སེམས་འཁྲེལ་ལངས་ཡོང་གི འདི་སེམས་ཚོར་ཙམ་ཡིན། བློར་མ་བབས་ན་བཀའ་བཀྱོན་གཏང་ན་ཆོག དེ་ཙམ་ཡིན།
དེ་ག་རང་རེད་བདེན་པ་རེད།
རྒྱབ་སྐྱོར་ཡོད།
རྩམ་དགས་བཤད་པ་དེ་ལ་མོས་མཐུན་ཡོད།
གཞིས་ལུས་བོད་པ་ལགས། ཁྱེད་རང་གཞིས་ལུས་མི་མང་གི་མགྲིན་ཚབ་པ་ཡག་པོ་ཞིག་ཆགས་རྒྱུར་རེ་བ་ཡོད།
བོད་ཤ་ཁྲག་རུས་གསུམ་ལགས། ངས་ཁྱེད་ཀྱིས་ཅི་གསུངས་པ་ཡིན་གོ་མ་སོང་ལགས།
ལྷ་ཀླུ་གཉན་གསུམ་ཞེས་བཅོས་དགོས། ནོར་སོང་དགོངས་དག
གཞིས་ལུས་བོད་པ་ལགས། སྐུ་ཉིད་སྔོན་ཆད་ཅིག་ལ་བོད་དུ་ཡོད་མཁན་ཞིག་ཡིན་ཟེར་མྱོང་བ་དེ་ད་ལྟ་ངས་དྲན་གྱི་འདུག དེ་ཡི་སྟབས་ཀྱིས་ངས་སྐུ་ཉིད་ལ་གདེང་འཇོག་ཆེན་པོས་དེ་ལྟར་ཞུས་པ་ཡིན། སྐུ་ཉིད་ལྟ་བུ་བོད་ནང་དུ་བཞུགས་ནས་བོད་མི་རིགས་ཀྱི་སྐྱིད་སྡུག་གླེང་མཁན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ཡིན་དུས་སྐུ་ཉིད་བོད་ནང་གི་བོད་མི་དག་གི་མགྲིན་ཚབ་པར་ངེས་འཛིན་བྱས་པ་ཡིན།
འོ་ཡ། གྲོགས་པོ། གདེང་འཇོག་ཚད་མཐོ་སོང། ཐུགས་རྗེ་ཆེ།
གཞིས་ལུས་བོད་པ་ལགས། ངས་བོད་ནང་གི་བོད་མི་ཁྱེད་དང་འདྲ་བ་ཚང་མ་ལ་དེ་འདྲའི་གདེང་འཇོག་བྱེད་ཀྱི་ཡོད་ལ། རེ་བ་ཡང་དེ་འདྲ་ཡོད།