རྗར་མེ་ནི་བོད་ཀྱི་ཁང་པའི་ལས་རིམ་”གླེང་མོལ་ལེའུ་ཚན་”ནང་ད་ལམ་རྗར་མེ་ནི་ཁུལ་དུ་གཏན་ཞུགས་གནང་མཁན་ཕུ་ཁང་བྱམས་པ་སྐལ་བཟང་རིན་པོ་ཆེ་གདན་ཞུ་བྱས་ནས། རིན་པོ་ཆེ་ལྷན་དུ་བརྗོད་གཞི་གསུམ་གྱི་སྐོར་བཀའ་འདྲི་གླེང་མོལ་ཞུས་འདུག
བརྗོད་གཞི་དང་། དྲི་བ་ཁག
དང་པོ། མཚོ་མཇལ་གྱི་ཉམས་མྱོང་།
གཉིས་པ། ༧རྒྱལ་དབང་སྐུ་འཁོར་རྣམ་པ་ནོར་གླིང་ནས་བཙན་བྱོལ་དུ་ཇི་ལྟར་གདན་ཞུ་ཐུབ་ཡོད་མེད།
གསུམ་པ། བོད་ཀྱི་རིག་ལམ་གྱི་འབྱུང་འཕེལ་དང་། རྟགས་གསལ་གྱི་མཚོན་དོན།
མཚོ་མཇལ་དང་འབྲེལ་བའི་དྲི་བ་ཁག
༡༽ མཚོ་མཇལ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་སམ།
༢༽ ལྷ་མོའི་བླ་མཚོ་དང་༧རྒྱལ་དབང་རིམ་བྱོན་བར་གྱི་ཐུན་མོང་མ་ཡིན་པའི་ཐུགས་འབྲེལ་དེ་གང་འདྲ་བྱས་ནས་བྱུང་ཡིན།
༣༽ རིན་པོ་ཆེ་མཆོག་ལ་མཚོ་མཇལ་ཐེངས་ག་ཚོད་ཙམ་བྱུང་གནང་མྱོང་ཡོད།
༤༽ མཚོ་མཇལ་དེ་རྣམས་དངོས་སུ་སྐུ་ཚེའི་ནང་ར་ཕྲོད་བྱུང་གནང་མྱོང་ངམ།
༧རྒྱལ་དབང་སྐུ་འཁོར་རྣམ་པ་ནོར་གླིང་ནས་བཙན་བྱོལ་དུ་ཇི་ལྟར་གདན་ཞུ་བྱུང་ཡོད་མེད་སྐོར།
༡༽ ༡༩༥༩ ཟླ་བ། ༣ པའི་ནང་གི་དགའ་ལྡན་དང་། ལྷ་སའི་ཁོར་ཡུག དེ་བཞིན་སྐབས་དེ་དུས་ཀྱི་སྣང་ཚུལ་དེ་རིན་པོ་ཆེ་མཆོག་ནས་སྐུ་དངོས་སུ་མྱོང་ཡོད་ཙང་། རིན་པོ་ཆེ་མཆོག་ལ་སྐབས་དེ་དུས་ཀྱི་ཐུགས་ཚོར་གང་འདྲ་ཞིག་བྱུང་ཡོད་མེད།
༢༽ རིན་པོ་ཆེ་མཆོག་ལ་མགྲོན་ཉེར་ཆེན་མོ་སྐུ་ངོ་ཕ་ལྷ་ཐུབ་བསྟན་འོད་ལྡན་མཆོག་ནས་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོར་གླིང་ནས་རྒྱ་གར་བར་ཇི་ལྟར་གདན་ཞུ་ཐུབ་ཡོད་མེད་ཀྱི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་གསུངས་མྱོང་ཡོད་ཙང་། རིན་པོ་ཆེ་མཆོག་དང་སྐུ་ངོ་རྣམ་པ་གཉིས་དམིགས་བསལ་ཐུགས་འབྲེལ་ཇི་ལྟར་བྱུང་བ་རེད་དམ།
༣༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གསང་བྲོས་ཕེབས་ཐུབ་ཐབས་སུ་གཞན་སྐབས་དེ་དུས་མི་སྣ་གཙོ་བོ་སུ་དང་སུ་ཡིན་ནམ།
༤༽ སྐབས་དེ་དུས་ཀྱི་ནོར་བུ་གླིང་གའི་ནང་གི་གནས་སྟངས་གང་འདྲ་ཡོད་ན།
བོད་ཀྱི་རིག་ལམ་གྱི་འབྱུང་རིམ་དང་། རྟགས་གསལ་གྱི་མཚོན་དོན་སྐོར།
ཕྱྭ་པ་ཆོས་ཀྱི་སེང་གེས་གསང་ཕུའི་མཁན་ཐོག་དྲུག་པ། ༼༡༡༠༩ ནས ༡༡༦༩༽
གསར་གཏོད་ཆེན་པོ་བཅུ་གཅིག
༡༠ ཚད་མ་རིག་པའི་སྙིང་བཅུད་བསྡུས་པའི་༼བསྡུས་གྲྭ༽ཆུང་འབྲེང་ཆེ་གསུམ་གསར་རྩོམ་མཛད། གཏན་ལ་འབེབ་གནང་།
༡༽ བོད་ཀྱི་རིག་ལམ་གྱི་འབྱུང་རིམ་དེ་ལ་ངོས་འཛིན་གང་འདྲ་ཞིག་བྱེད་དགོས་ཡོད།
༢༽ ཕྱྭ་པ་ཆོས་ཀྱི་སེང་གིས་བསྡུས་གྲྭ་ཆེ་འབྲེང་ཆུང་གསུམ་གསར་གཏོད་མཛད་དགོས་པའི་རྒྱུ་མཚན་གང་འདྲ་ཞིག་གཟིགས་པ་ཡིན་ནམ།
༣༽ ཕྱྭ་པ་ཆོས་ཀྱི་སེང་གི་མཆོག་བསམ་བློ་བ་དང་། གཏན་ཚིགས་རིགས་པ་གཏན་ལ་འབེབ་མཁན། སློབ་གསོ་རིགས་པའི་སྲོལ་གཏོད་མཁན་ཕུལ་དུ་བྱུང་བ་ཞིག་སོང་ཙང་། འཛམ་གླིང་སྤྱི་དང་། མིའི་རིགས་ཀྱི་ལོ་རྒྱུས་ནང་ལ་མི་སྣ་གང་འདྲ་ཞིག་ལ་ངོས་འཛིན་གནང་དགོས་ཡོད་ན། ནུབ་ཕྱོགས་རྒྱལ་ཁབ་ནང་ལ་བསམ་བློ་བ། གཏན་ཚིགས་རིག་པ་མཁས་ཅན། རྟོག་གི་བའི་རིགས་པའམ་ཤེར་རྟོགས་རིག་པ་མཁས་ཅན་ཧ་ཅང་མང་པོ་ཡོད་ཙང་། ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་དང་། འདྲ་མཚུངས་སམ་ཁོང་ནང་བཞིན་གྱི་བྱས་པ་ཅན་མི་འདི་འདི་རེད་དགོངས་པའི་དཔེར་མཚོན་བཞག་ས་ཡོད་ན།
༤༽གསར་གཏོད་གནང་བའི་རྣམས་གྲངས་བཅུ་གཅིག་ཡོད་པའི་གནང་ནས་མཚན་ཉིད་རྩོད་སྐབས། ཕྱག་མཚན་དང་། བཞིན་གྱི་རྣམ་འགྱུར་སྟོན་སྟངས། ལུས་ཀྱི་འགུལ་སྟངས་སོགས་གཏན་འབེབ་གནང་བའི་རྒྱུ་མཚན་གང་ཡིན་ནམ།
༥༽ ཕྱྭ་པ་ཆོས་ཀྱི་སེང་གེས་རིག་ལམ་གྱི་རྣམ་པ་སྲོལ་གཏོད་པ་ནས་ད་བར་དུ་སྲོལ་དེ་ལ་ཡར་རྒྱས་བཏང་གནང་མཁན་བྱུང་ཡོད་དང་མེད།
༦༽ རྟགས་གསལ་གཏོང་སྟངས་ཀྱི་སློབ་གསོའི་སྲོལ་ལུགས་དེ། དུས་རབས་ཉེར་གཅིག་ནང་དུས་དང་མཐུན་མིན་གྱི་ངོས་འཛིན་གང་འདྲ་གནང་གི་ཡོད།
གོང་ཞུས་དྲི་བ་དྲིས་མཁན་བོད་ཀྱི་ཁང་པའི་དབུ་འཛིན་དང་ལས་རིམ་གཙོ་སྐྱོང་བ་འདུས་བྱུང་ཕུན་ཚོགས་ཚེ་རིང་རེད་བཞག
“རྗར་མེ་ནིའི་བོད་ཀྱི་ཁང་པ་“ཞེས་པའི་བོད་ཀྱི་རིག་གཞུང་ཁང་འདིའི་བསྟི་གནས་ནི། ནུབ་གླིང་ཡུ་རོབ་ཀྱི་རྒྱལ་ཁབ་རྗར་མན་ནེའི་གྲོང་ཁྱེར་ཧྥིརང་ཧྥར་ཊིར་གནས་པ་དང་། བོད་ཁང་འདི་ནི་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ ༢༠༠༥ ལོར་བཙུགས་གནང་མཛད་དེ། ཆོས་ཕྱོགས་ཀྱི་དབུ་ཁྲིད་གནང་བཞིན་པ་དང་། ༢༠༠༥ ལོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་འཛིན་དབུ་ཁྲིད་ཀྱི་མགོན་སྐྱབས་བཀའ་དྲིན་སྐྱོང་མུས་རེད་འདུག
ལོ་གཅིག་ལ་ལས་རིམ་གསུམ་བརྒྱ་ལྷག་གཉེར་བཞིན་པའི་བོད་ཀྱི་ཁང་པས། བཅར་འདྲི་ཞུ་བའི་མུ་འབྲེལ་བརྙན་དཔར་ལེའུ་ཚན་“གླེང་མོལ་“ཞེས་པ་དྲྭ་རྒྱའི་ལམ་ནས་རྒྱང་བསྲིང་ཞུ་གིན་འདུག་ལ། དེ་བཞིན་བོད་ཕྲུག་ཚོར་རེས་གཟའ་ཉི་མའི་བོད་ཀྱི་སྐད་ཡིག་སློབ་ཚན“ཤེས་རབ་གླིང་“ཞེས་པའི་འཛིན་གྲྭ་ཚུགས་མུས་ཐོག བོད་ཀྱི་ཁང་པ་དང་ཐད་ཀར་འབྲེལ་བ་ཡོད་པའམ། ཡང་ན་ཞོར་དུ་སྤེལ་བཞིན་པའི་རོགས་སྐྱོར་གྱི་ཐེབས་རྩ་ཁག་གཅིག་དང་། བོད་ཀྱི་ཁང་པའི་དཔེ་སྐྲུན་གྱི་ལས་གཞིའི་ཁོངས་སུ་“རྗར་མེ་ནིའི་བོད་ཀྱི་ཁང་པའི་དཔེ་ཚོགས་“ དེ་བཞིན་ལོ་རེར་“བོད་ཀྱི་ཁང་པའི་དུས་དེབ་“ཐེངས་གཉིས་འགྲེམས་སྤེལ་ཞུ་མུས་ཡིན་པ་བཅས་སོ།།
དྲང་བདེན་གྱི་མཁས་པ་ཞིག
ཕྱ་བ་ཆོས་ཀྱི་སེང་གེའི་སློབ་མ་འོད་འུག་པ་རིག་པའི་སེང་གེའི་ཚད་མ་རིགས་མཛོད་པོད་ཆེན་གཉིས་ཡོད་རེད།
ལྷ་མོའི་བླ་མཚོའི། ཡི་གེ་ཨ་ཀ་མ། མཁྱེན་ནོ།།