ཨ་ནུ་ཐང་བསོད་ནམས།
ཕུན་དབང་གི་སེམས་ཁམས་ཐང་ཐང་ཨེ-འཇམ་དབྱངས་ནོར་བུའི་དོགས་པ།
ཟླ་འདིའི་ཚེས་གསུམ་གྱི་ཉིན་འཇམ་ནོར་གྱིས་ཕུན་དབང་གི་སྐོར་ལ་རྩོམ་ཞིག་བྲིས་འདུག དེའི་ནང་ནས་གནད་འགག་ཆེ་བའི་ཚན་པ་གཉིས་རྣམ་པ་ཚོ་ལ་དཔྱད་ཞིབ་ཀྱི་ཚུལ་དུ་ནང་དོན་གཙོ་བོ་སྒྱུར་ནས་འགོད་རྒྱུ་ཡིན།
And one could perhaps make the case that there is need for some sort of psychiatric analysis and exposure of this man. Even after the official persecution and suicide of his wife, his own torture and imprisonment for eighteen years, Phuntsok Wangyal’s devotion to Marx, Mao and Chou Enlai remains unshaken. This is how he affirms his faith. “No matter what happened, I had clung stubbornly to the belief that someday that details of my case would reach people at the highest levels. I knew Mao Zedong and Zhou Enlai personally, and I believed that Wang Feng and others had lied to them about what I had done and what was happening to me. I hoped against hope that one day Mao and Zhou would realize that I was innocent and order my release.
གཅིག་བྱས་ན་སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གཞུང་འབྲེལ་གྱིས་ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ཁོ་རང་བཙོན་དུ་ལོ་བཅོ་བརྒྱད་རིང་ལ་བཙོན་དུ་བཅུག་སྟེ་མནར་གཅོད་བཏང་མིན་ལ་མ་ལྟོས་བ། མར་ཁེ་སི་དང་མོའོ། ཀྲུང་ཨིན་ལན་ལ་དད་གུས་བྱེད་རྒྱུར་འགྱུར་བ་བཏང་ཐུབ་མི་འདུག དེ་ཡིས་ཁོས་རང་གི་འགྱུར་མེད་ཀྱི་དད་པ་ག་འདྲ་ཞིག་བརྟན་པ་གསལ་བོར་སྟོན་ཡོད། གནས་སྟངས་ག་འདྲ་ཞིག་བྱུང་ཡང་ཀླད་པ་མཁྲེགས་པོས་སྒོ་ནས་ཁོ་ལ་མཚོན་ན་མི་འདི་ཚོ་ཁྱད་འཕགས་ཡིན་ཞིང་། དེ་ལྟར་ཡིན་པ་རྩེ་གཅིག་ཏུ་ཡིད་ཆེས་བྱས་ཁར། ང་ལ་ཉེས་ཆད་འདི་ལྟར་ཕོགས་དགོས་དོན་ཡང་ཝང་ཕིས་སོགས་ཀྱིས་མོའོ་ལ་གནས་ཚུལ་རྫུན་མ་ཞུས་པས་ཡིན་ཞིང་། ངས་མོའོ་དང་ཀྲུང་ཨིན་ལན་གཉིས་ངོ་ཤེས་ཤིང་དངོས་སུ་ཆ་རྒྱུས་ཡོད་པས། ཉིན་་ཞིག་ཁོ་གཉིས་ཀྱིས་ང་ལ་ཉེས་པ་མེད་པ་རྟོགས་ནས་གློད་གྲོལ་བཏང་བ་ཡིད་ཆེས་བྱས་འདུག
མཆན།
སྐུ་མདུན་གྱིས་ཀྱང་བོད་ལ་དྲག་གནོན་བྱེད་ཡ་དེ་མོའོ་ཡི་དགོངས་བ་ཡིན་མིན་ཀྱི་དོགས་པ་གནང་བར་ཁག་མི་འདུག མོའོ་འདི་གཡོ་སྒྱུ་དང་། ཐབས་བྱུས་སྒང་ལ་ཕུལ་བྱུང་གི་བྱང་ཆ་ཅན་ཞིག་ཡིན་པས་འདི་ལྟར་མི་མང་པོ་ཞིག་ཁོའི་གཡོ་འོག་ཏུ་ཚུད་ནས་ཁོ་ལ་ཡིད་ཆེས་བྱས་འདུག གལ་སྲིད་དེ་ནི་དགོས་བའི་ཆེད་དུ་ཕུན་དབང་གིས་བྲིས་བ་མ་ཡིན་པ་དོན་དངོས་དེ་ལྟར་ཡིད་ཆེས་བྱས་ཚེ་བསམ་ཡུལ་ལས་འདས་བ་རང་རེད། མུ་མཐུད་དུ་ཡིད་ཆེས་བྱས་ན་འཇུག་འབྲས་དེ་ལས་གཞན་མེད། སྐུ་མདུན་གྱིས་མོའོ་ལ་ཡིད་ཆེས་མི་ཉུང་བ་ཞིག་གནང་བའང་ཕུན་དབང་གི་ཤུགས་རྐྱེན་གང་མཚམས་ཤིག་ཡོད་པ་སྨོས་མེད་རེད།
གཞན་ཡང་།
So why the outpouring of grief from the CTA and other exiles for the death of Baba Phuntsok Wangyal? No matter how “charming” a person, a “good Communist”, or a friend of the Dalai Lama, Tibetans must remember that Wangyal was the principal front-line guide to the Chinese army when it invaded Tibet. He was not just a “guide” in the neutral or passive sense of the word but someone deeply involved in the planning and organization of the invasion force, as his own autobiography testifies. In fact he had the crucial task of organizing the transportation by mule and yak of PLA supplies through Kham, without which there would have been no invasion. The motor road had not yet been built.
ག་རེ་བྱས་ནསTCA དང་བཙན་བྱོལ་བ་གཞན་པ་ཚོས་ཕུན་དབང་གྲོངས་བ་ལ་ཆོ་ངེ་འབྱིན་པ་རེད་དམ། མི་འདི་ཅི་འདྲ་ཞིག་བཟང་ཞིང་། ཡིད་སེམས་འགུག་མཁན། ཏང་མི་ཡག་པོ་དང་སྐུ་མདུན་གྱི་གྲོགས་པོ་ཡིན་མིན་ལ་མ་ལྟོས་བར་བོད་པ་ཚོས་ངེས་བར་དུ་དྲན་དགོས་བ་ཞིག་ལ། ཁོ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་སུ་དམག་མིའི་གནད་ཁྲིད་པ་གཙོ་བོ་རེད། མ་ཟད་ཕྱོགས་གཉིས་སུ་མ་ལྷུང་ཞིང་སྨྲ་བ་མེད་པའི་ལམ་ཁྲིད་པ་ཁོ་ན་མིན། ཁོ་ནི་བོད་ལ་དྲག་པོའི་དཔུང་འཇུག་བྱེད་མཁན་གྱི་འཆར་བཀོད་འཐེན་མཁན་དང་གོ་སྒྲིགས་བྱེད་མཁན་གཙོ་བོ་རེད། དེ་ལྟར་ཡིན་པ་ཁོང་གི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་འདུག ཁོས་གནད་ཁྲིད་ཀྱིས་རྟ་དྲེད་དང་གཡག་ལ་བརྟེན་ཏེ། ཁམས་ཁུལ་རྒྱུད་ནས་དམག་མི་ལ་དགོས་ཀུན་གྱི་དངོས་བོ་ཀུན་མ་སྤྲད་པ་ཡིན་ན་བཙན་འཛུལ་མེད། སྐབས་དེ་དུས་རླངས་འཁོར་གྱི་བགྲོད་ལམ་བཟོས་མེད་པས་རེད། ཅེས་བྲིས་འདུག
མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་ཕུན་དབང་།
སྐུ་མདུན་དང་ཟམ་གདོང་གཉིས་ཀྱིས་ཕུན་དབང་གྲོངས་རྗེས་ཀྱི་བཀའ་མོལ་གསུངས་སྟངས་ལ་བལྟས་ན། བོད་འདི་རྒྱལ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་བ་ཕུན་དབང་གི་ཤུགས་རྐྱེན་ཡོད་པ་གསལ་བོ་རེད། འོན་ཀྱང་། སྲིད་སྐྱོང་བློ་སེང་གིས་སྔ་ལོ་གནས་ཚུལ་དེ་ཨ་རིའི་རྒྱལ་ས་རུ་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ཁ་གསལ་ངང་མང་གཙོ་རྩོད་ཀྱི་མེད་པ་གསུངས་བས་ནུབ་མི་དང་། ལྷག་པར་དུ་རྒྱ་གར་གྱི་མི་མང་པོ་ཞིག་ཞེད་སྣང་སྐྱེས་ཤིང་། སྐྱོན་བརྗོད་ཀྱི་རྩོམ་ཡིག་དུ་མ་སྤེལ་བ་མ་ཟད། བློ་སེང་ནི་རྒྱ་ནག་གི་མཐུན་ཕྱོགས་ཡིན་ཚུལ་དང་། དངུལ་གྱི་ཡོང་ཁུངས་གསལ་བོ་མེད་པ། ཧར་ཝར་སློབ་ཆེན་གྱི་རྒྱ་ནག་གི་སློབ་མ་ཚོའི་འགན་འཛིནHu Xiaojiang དང་འབྲེལ་བ་ཟབ་ཚུལ། མོ་ནི་རྒྱ་ནག་གི་བདེ་འཇགས་ལས་ཁུངས་དང་འབྲེལ་བ་ཡོད་པས་༢༠༠༥ལོར་བློ་སེང་རྒྱ་ནག་ཏུ་འགྲོ་བར་རོགས་སྐྱོར་བྱས་ཚུལ། ༢༠༡༣ལོར་ཁོ་མོ་ལྷ་ས་རུ་ཉམས་ཞིབ་ཆེད་ལྟ་སྐོར་ལ་ཕྱིན་པར་གཞུང་འབྲེལ་གྱིས་ཆོག་མཆན་ཐོབ་ཚུལ། བློ་སེང་གི་ཉམས་ཞིབ་ཀྱི་ཟླ་ཆ་ཁོ་ནས་གློ་བུར་ཐོལ་རྒྱག་གིས་ཁང་བའི་བུ་ལོན་ཨ་སྒོར་༢༢༧༠༠སྤྲད་ཐབས་མེད་ཚུལ་སོགས་ཀྱི་སྐྱོན་བརྗོད་སྣ་ཚོགས་གནང་བ་མ་ཟད། རྒྱ་གར་གྱིས་མང་གཙོར་དགའ་མཁན་དང་། བོད་ས་རྒྱ་ནག་གི་དམག་སར་སྒྱུར་བར་ངོ་རྒོལ་མཁན་གྱི་བོད་མི་ཚོར་རོགས་སྐྱོར་བྱས་ཏེ། རྒྱ་གར་གྱི་མཐུན་ཕྱོགས་འཚོལ་སྒྲུབ་བྱེད་དགོས་ཚུལ་བརྗོད་ཀྱིན་འདུག
གཅིག་བྱས་ན་སྲིད་སྐྱོང་བློ་སེང་གི་རིང་ལ་བོད་རྒྱ་འབྲེལ་མོལ་བྱེད་མ་ཐུབ་ཅིང་། ཆད་པ་དེ་སླར་གསོ་བྱེད་རྒྱུར་བོད་མིའི་ཁྲོད་ནས་ཁོ་ལ་གནོད་ཤུགས་ཡོད་པས། ཞི་མོལ་བྱེད་རྒྱུ་དེ་གནད་འགགས་སུ་མཐོང་ཏེ་རྒྱ་ནག་ལ་སྟུན་མཁས་ཀྱིས་སྐད་ཆ་སྨྲས་ཤས་ཆེ། རྒྱུ་མཚན་ནི། གྲོས་མོལ་ལ་དོན་འབྲས་ཐོན་མིན་མ་ལྟོས་བ་བྱས་བ་ཡིན་ན་མི་མང་གི་ཁ་ཆོད་ཅིང་། གྲུབ་འབྲས་སླེབས་པར་དུས་ཚོད་དགོས་བས་ཁོང་གི་མཚན་མཐོང་ལ་གནས་སྐབས་རིང་ཕན་ཐོགས་ཡོད་པས་རེེད། ཡིན་ཡང་། མང་གཙོ་མི་དགོས་ཞེས་ན་རྒྱ་གར་གཙོ་བོའི་གྱུར་བའི་ནུབ་ཕྱོགས་པ་རྣམས་མི་ཐད་ཅིང་། ཁོ་ཚོའི་རྒྱབ་སྐྱོར་མེད་ན་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་བར་དཀའ་ངལ་ཡོད། ལྷག་པར་དུ་བཙན་བྱོལ་བོད་མི་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཙོ་ནི་རྒྱ་གར་བ་ཡིན་པས། རྒྱ་གར་བས་བཙན་བྱོལ་བོད་མི་ཚོ་ལ་གནོད་ཤུགས་སྤྲད་ཐུབ་པ་ཞིག་གཞན་སུ་ཞིག་གིས་ཀྱང་སྤྲད་མི་ཐུབ་པས་རྒྱ་གར་ལ་སྟུན་རྒྱུ་གལ་གནད་ཆེ་ཁར། མང་གཙོ་དགོས་ཞེས་ན་རྒྱ་ནག་མི་ཐད་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལམ་ལྷོང་དཀའ། ཡིན་ཡང་། མང་གཙོ་མི་དགོས་ཞེས་ཀྱང་རྒྱ་ནག་གིས་ཡ་ལེན་བྱེད་ཀྱི་མི་འདུག གང་ལྟར་གཞན་ལ་མི་སྟུན་ཐབས་མེད་ཡིན་ཡང་། སྟུན་ཡ་མང་ན་རང་དོན་བརླགས་པས་བོད་ཀྱི་དབུ་ཁྲིད་ཚོས་བོད་ཀྱི་ཕུགས་རྒྱང་རིང་བའི་མ་འོངས་བ་ལ་ཕན་པའི་བགྲོད་ལམ་ཞིག་འདེམས་རྒྱུ་གནད་དུ་མཐོང་།
ཁ་སང་༢༠༡༤ལོར་ཟླ༤ཚེས༧ཉིན་སྲིད་སྐྱོང་གིས་Diplomatཚགས་ཤོག་སྟེང་དུ། ཨུ་ཚུགས་མཐའ་སྐྱེལ་གྱིས་མང་གཙོ་མི་དགོས་བ་ནི་ཁོང་གིས་བཏོད་པ་མིན་པ། བཀའ་ཤག་རྙིང་བས༢༠༠༨ལོ་ནས་བཟུང་བའི་སྲིད་བྱུས་ཤིག་ཡིན་ཞིང་། ཁོ་ངེས་བར་དུ་དེའི་རྗེས་སུ་འབྲང་དགོས་ཚུལ་གྱི་འགྲེལ་བཤད་སྣ་ཚོགས་གནང་བ་མ་ཟད། ཁོ་རང་རྒྱ་གར་གྱི་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད་བྱས་མྱོང་ལ། ཐུག་འཕྲད་དག་ཀྱང་ཡག་པོ་བྱུང་ཡོད་ཚུལ་དང་། སྲིད་བྱུས་དེ་ཟིན་པ་ནས་བཟུང་རྒྱ་གར་གཞུང་གིས་དེའི་སྒང་ལ་དམིགས་བསལ་གྱི་བསམ་འཆར་ཅི་ཡང་མ་བཏང་ཞིང་། ངས་ལྟས་ན་གཞུང་འབྲེལ་ཐོག་དེ་ལ་སྐྱོན་ཆ་ཡོད་པ་མ་མཐོང་། ཡིན་ཡང་། ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་ལ་དུས་ནས་དུས་སྟུན་གྱིས་སྐྱོན་བརྗོད་ཡོད་པ་ཆོས་ཉིད་ཡིན་པས། རྩོམ་འབྲི་བ་ཚོས་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་པ་དེ་དག་ནི་སྣང་མེད་བཏང་རྒྱུ་ཡིན་ཞེས་བརྗོད་འདུག ཡིན་ཡང་། དོན་དངོས་མང་གཙོ་བློས་བཏང་བྱེད་རྒྱུ་ནི་བཀའ་ཤག་རྙིང་བའི་དགོངས་དོན་ཡིན་ནམ། དེ་ལྟར་ཡིན་ན། ལྐོག་འཆར་དེའི་འབྱུང་ཁོངས་ནི་ཕུན་དབང་ཡིན་སྲིད་ཅིང་། ཁོའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བའི་དམིགས་ཡུལ་དང་ཀུན་ནས་མཐུན་པས་ཡིན།
སྲིད་སྐྱོང་གིས་མང་གཙོ་མི་དགོས་གསུངས་ཡ་དེ་བཀའ་ཤག་རྙིང་བའི་སྲིད་བྱུས་ཡིན་ཚུལ་ཨུ་ཚུགས་མཐའ་འཁྱོངས་བྱེད་ཀྱིན་ཡོད་ལ། དེ་ལྟར་བྱེད་དགོས་དོན་ནི་ཁོ་ལ་ནག་ཉེས་བ་མེད་ཅིང་། གལ་སྲིད་ཡོད་ན་ནི་བཀག་ཤག་རྙིང་བའི་ཡིན་ཚུལ་དང་། བཀའ་ཤག་རྙིང་བའི་སྐབས་ལ་སྐུ་མདུན་གྱིས་དགོངས་ཞུ་ཆ་ཚང་མ་བྱས་བས་མཐའ་ཐུག་ན་དེའི་འབྱུང་ཁུངས་དེ་སྐུ་མདུན་ཡིན་པ་འབྲེལ་གྱི་ཡོད། འོན་ཀྱང་། རྒྱ་གར་གྱི་གསར་འགོད་པ་མང་པོས་སྐུ་མདུན་གྱིས་མང་གཙོ་མི་དགོས་གསུངས་བའི་གནས་ཚུལ་ལ་ཡིད་ཆེས་མི་བྱེད་ཁར། སྐུ་མདུན་གྱིས་སྲིད་དབང་བཟུང་རིང་ཧིན་བོད་ཀྱི་འབྲེལ་བ་ལེགས་ཤིང་། ཐ་ན་སྐུ་མདུན་གྱིས་རང་ཉིད་རྒྱ་གར་གྱི་བུ་ཡིན་གསུངས་བའི་གནས་ཚུལ་བགྲང་གི་འདུག
http://www.asianage.com/ideas/tibetan-pm-exile-sangay-chinese-national-414
http://www.asianage.com/ideas/new-tibetan-leader-threat-india-950
http://thediplomat.com/2014/04/interview-lobsang-sangay/
དཔྱད་ཞིབ། ཚད་མཐོའི་དད་པ་ཅན་ལ་སེམས་ཁམས་ཀྱི་ན་ཚ་ཡོད་དམ།
དད་པ་ཡི་རྟག་མཐའ་ལྷུང་མཁན་གྱི་མི་རྣམས་ཕུན་དབང་ལྟར་རང་ལ་ཉེས་སྐྱོན་གྱི་གནས་ཚུལ་ཅི་ཞིག་བྱུང་ཡང་། ལས་སམ་གཞན་ཞིག་གིས་མ་ཉེས་ཁ་གཡོག་བྱས་ཏེ་གཙོ་བདག་གི་ཐུགས་འདོད་སྒྱུར་ཚུལ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་གནང་བ་ཞིང་། ག་དུས་ཡིན་ཡང་གཙོ་བདག་ནི་ཉེས་མེད་ཀྱི་རྣམ་དག་ཅིག་དང་། ཉེས་སྐྱོན་ཞིག་བྱུང་ཚེ་དག་སྣང་སྒོམ་ཞིང་དཀར་འདོན་བྱེད་ཀྱིན་ཡོད། ཐ་ན་དོགས་པ་ཙམ་ཡང་ཟ་མི་ཕོད་ཅིང་དེ་ལྟར་ཟ་བར་འཇིགས་སྣང་སྐྱེས་བ་མ་ཟད། རྨི་ལམ་དུའང་དོགས་གཞི་ཡོང་བར་ཞེད་སྣང་བྱེད་ཀྱིན་ཡོད། དེ་ནི་ཁོ་ཚོའི་བསམ་བློའི་གོ་རྟོགས་མ་སད་པའི་སྔོན་དུ་གཙོ་བདག་དང་། དེའི་རྗེས་འཇུག་པ་ཚོས་བསམ་བློོ་བསྒྱུར་བས་རེད། མི་དེ་ཚོས་གཙོ་བདག་གིས་ཅི་ཙམ་ནོར་འཁྲུལ་བྱས་ཀྱང་དེ་ལ་སྐྱོན་བརྗོད་བྱེད་པ་ལྟ་ཅི། གཞན་གྱིས་རང་གི་གཙོ་བདག་ལ་ཁ་བཏང་བ་ཐོས་ཚེ་རྨི་ལམ་ཡང་འཁྲུག་ནས་གཉིད་ཉལ་ཡག་པོ་ཞིག་ཁུག་མི་ཐུབ་ཅིང་། ཁ་བཏང་མཁན་གྱི་མམིང་ཐོས་ཚེ་ཁོང་ཁྲོ་སྐྱེས་ངེས་རེད།
མི་དེ་ཚོས་ག་དུས་ཡིན་ཡང་གཙོ་བདག་གི་ཡོན་ཏན་ཁོ་ན་བགྲང་བ་ལས་ཉེས་བྱས་མི་བགྲང་བ་མ་ཟད། ཡོད་པ་རྣམས་ཀྱང་དག་སྣང་སྒོམ་ཞིང་འགྲེལ་བཤད་སྣ་ཚོགས་བརྒྱབས་ཏེ་སྦས་སྐུང་བྱེད་ངེས་ཡིན། གཙོ་བདག་གི་མཚན་མཐོང་ལ་གནོད་པའི་གཏམ་བརྗོད་དང་རྩོམ་ཡིག བྱ་སྤྱོད་ངོམས་མཁན་སུ་ཞིག་ཐོན་ཡང་། སྦལ་བ་རྨ་ཅན་དུ་བརྩིས་ནས་གནོད་ཤུགས་སྤྲད་པས། གོ་རྟོགས་སད་མཁན་གྱི་མི་མང་པོ་འཇིགས་སྣང་གིས་སྐད་ཆ་བཤད་མི་ཐུབ། མ་སད་མཁན་ཚོ་ལ་ག་དུས་ཡིན་ཡང་གཙོ་བདག་གི་བཟང་ཆ་ཁོ་ན་བསྒྲགས་ཤིང་། བསམ་བློ་སྒྱུར་ནས་ལུགས་སྲོལ་དེ་དར་སྤེལ་བཏང་བ་འབད་ངེས་རེད། དེའི་མིང་ལ་དབྱིན་སྐད་དུ brainwashing ཟེར།
ཁ་ཆེའི་རྣམས་ཀྱིས་ཀྱང་དབུ་མེད་རྣམས་ཆེས་ཆུང་དུས་ནས་གཉེན་སྒྲིག་བྱེད་དུ་བཅུག་ནས་བློ་ཁ་སྒྱུར་ཞིང་། ཁ་ཆེའི་གོམས་སྲོལ་རྒྱུན་གནས་བྱེད་པ་འབད་བརྩོན་བྱེད་ཀྱིན་ཡོད། རྒྱུ་མཆན་ནི་དབུ་མེད་རྣམས་ནར་སོན་ཚེ་བར་དུ་བཞག་པ་ཡིན་ན་སྐྱེས་བ་རྣམས་ཀྱིས་ཅི་འདོོད་དུ་བཀོད་སྤྱོད་བྱེད་པ་འགོག་རྐྱེན་ཡོད་་ཁར། ཁ་ཆེའི་གོམས་སྲོལ་བཞིན་ཚེ་གང་སྐྱེས་བ་གཅིག་ལ་བསྟེན་པར་དཀའ་ངལ་འཕྲད་པས་རེད།
ཀླད་པ་དཀྲུས་ཟིན་པའི་མི་ཚོས་ག་དུས་ཡིན་ཡང་གཙོ་བདག་ནི་བདེན་པ་དང་གནས་ལུགས་ཀྱི་རྒྱལ་པོ་ལ་སྒོམ་ཞིང་། ཡོད་ཚད་དེ་ཡི་དགོངས་བ་ལ་བརྟེན་ནས་ལྕི་ཡང་འཇལ་ཕྱིིན།་གཙོ་བདག་གི་དགོངས་བ་ལས་ལྷག་པའི་རྒྱུ་མཚན་དང་བདེན་པ་དང་བགྲོ་གླེང་བྱེད་ས་མེད། དེ་བརྟེན། ཁོང་ཚོའི་བདེན་པ་དང་དོན་དམ་གྱི་བདེན་པ་ནི་གཙོ་བདག་གི་བཀའ་ཡིན་ལ། དེ་རྙེད་ཆེད་དུ་དུས་ཀུན་གཙོ་བདག་གི་གསུངས་ལ་སློབ་སྦྱོང་བྱེད་དགོས་ཤིང་། དེ་ལྟར་བྱེད་པར་མོས་བས་གཙོ་བདག་ནི་མི་ཚེའི་སྐྱབས་གནས་དང་། བདེན་པ་ཡི་མཐའ་ཐུག་ཁོ་ན་དེ་ཡིན། གལ་སྲིད་སུ་ཞིག་གཙོ་བདག་གི་དགོངས་བ་དང་འགལ་ན། དེ་ནི་བདེན་པ་དང་སྐྱབས་གནས་དང་འགལ་བས་སུས་ཀྱང་བཟོད་སྒོམ་བྱེད་མི་ཐུབ་ལ། མི་བྱེད་པས་དུས་རྒྱུན་དད་པ་རིང་ལུགས་པ་ཚོས་གང་ཞིག་གཙོ་བདག་གི་དགོངས་བ་ཡིན་མིན་གྱི་རྩོད་པ་དང་འཐབ་འཛིང་བྱས་ནས་འདུག་ངེས་རེད།
གལ་སྲིད་གཙོ་བདག་གིས་ཉེས་བ་ཡོད་མེད་ལ་མ་ལྟོས་བ་ངོས་སུ་མི་དེ་ཚོ་ལ་ཉེས་ཆད་དང་། སྲོག་ཁྲིམས་གང་ཞིག་གཅད་ཀྱང་ལེགས་སོ་ཞེས་ནས་རང་ཉིད་ཀྱི་གཟི་བརྗིད་དང་བསོད་ནམས། བཏང་རག་ཏུ་སྒོམ་རྒྱུ་ལས་དགག་པ་ཡོད་མི་སྲིད་ཅིང་། དེ་གནས་ཀྱི་སྤྱི་ཚོགས་ཀྱིས་ཀྱང་དེ་བཞིིན་གནས་ལུགས་ཀྱི་མཐུན་ཕྱོགས་ཁོ་ན་བགྲང་ཏེ། གཙོ་བདག་ལ་རྒྱབ་སྐྱོར་བྱེད་ངེས་རེད། དེ་ནི་དད་པའི་རྟག་མཐའ་རིང་ལུགས་པའི་སྤྱི་ཚོགས་དང་མི་ཚོའི་ཁྱད་ཆོས་གཙོ་བོ་རེད།
གལ་སྲིད་ཕུན་དབང་གིས་མོའོ་དང་གུང་ཁྲན་ལ་དད་པ་བྱེད་པ་ནི་ན་ཚ་ཞིག་ཡིན་ཚེ། ཁོ་གཅིག་བུའི་མིན་པ། བོད་ཀྱི་དད་པའི་རྟག་མཐའ་རིང་ལུགས་པ་ཀུན་ལ་ན་ཚ་དེ་གཅིག་མཚུངས་སུ་ཡོད་པས་དེ་བཅོས་སྒྱུར་བཏང་དགོས་ཚེ་སེམས་ཁམས་སྨན་ལ་བསྟེན་དགོས་ཤིང་། དེ་དག་ལས་ཛ་དྲག་ཅན་ཚོར་སེམས་ཁམས་སྦྱང་བརྡ་བྱེད་སའི་སྨན་ཁང་དུ་འགྲོ་དགོས་ངེས་རེད། ཡིན་ཡང་། ན་ཚ་ལྗིད་ཁོག་ཅན་ཚོ་ཚེ་གཅིག་ལ་ནད་པ་ཆགས་ནས་དད་པའི་བཀག་རྒྱ་ལས་གྲོལ་མི་ཐུབ་པས། དེ་ནི་སྐྱག་ལངས་སུ་ཤོར་བའི་ཛ་དྲག་གི་དུག་རྐྱལ་དང་ཆང་རྐྱལ། ཐ་མ་ནག་པོ་འཐེན་མཁན་ལྟ་བུ་བཅོས་ཐབས་དཀའ་བ་མ་ཡིན་ནམ།
གང་ལྟར་ཕུན་དབང་ལ་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱལ་ཡོད་པ་མ་ཟད། དེ་དག་ཁོང་གི་ཚེ་འཇུག་ཏུ་ལག་ལེན་གང་མཚམས་ཞིག་བསྟར་བས་རྒྱ་ནག་གཞུང་ཡང་ཁོང་གི་ལྟ་སྟངས་མི་ཡག་པོ་ཞིག་མེད་པ་དངོས་འབྲེལ་རེད། ཡིན་ཡང་། དད་པ་དང་གུང་ཁྲན་གྱི་དམ་ཚིག་དབང་གིས་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ཅིང་ཁོང་གི་བསྒྲུབས་པའི་གྲུབ་འབྲས་ལས་ཀྱི་བརྒྱ་ཆའི་མང་ཤོས་རྒྱ་ནག་ལ་ཐོབ་ཅིང་། བོད་ལ་ཉུང་ཤས་ཤིག་ལས་ཐོབ་མེད་པ་བདེན་པ་རེད།
ལྷག་པར་དུ་མང་གཙོ་སྤངས་བའི་དབུ་མའི་ལམ་ལངས་ཕྱོགས་ཀྱང་ཕན་གནོད་གང་ཞིག་འབྱུང་བ་མ་འོངས་བར་སྒུག་སྡོད་ཀྱི་གནས་ཤིག་རེད། ཡིན་ཡང་། མང་གཙོ་མི་དགོས་ཟེར་བ་དང་མཉམ་དུ་རྩོད་རྙོག་གི་ས་བོན་གཙུགས་ཟིན་པས་གོང་བཀོད་ཀྱི་རྩོམ་ཡིག་ལྟར་རེད་ལ། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོ་ལའང་སྐད་ཆ་བཤད་སྟངས་མི་ཤེས་བ་ཆགས་འདུག ཆབ་སྲིད་པ་རེད། རང་དོན་འགྲུབ་ན་མང་གཙོ་དང་རང་དབང་། འགྲོ་བ་མའི་ཐོབ་ཐང་དག་ཀྱང་གཡུག་རྐྱང་བྱེད་པས། ད་བར་དུ་སྨྲ་བརྗོད་ཀྱི་རང་དབང་དགོས་བའི་སྐད་འབོད་བྱེད་པའང་རིན་མེད་དུ་ཆགས་འདུག ཡིན་ཏེ། མང་གཙོ་མེད་ན་སྨྲ་བརྗོད་ཀྱི་རང་དབང་མེད་པ་ཡོངས་གྲགས་ཡིན་པས་ཡིན། ད་ནི་རྒྱ་ནག་གིས་བོད་མིིའི་སྒྲིག་འཛུགས་ཀྱི་དགོས་འདོད་ལ་ཁ་ཡ་མ་བྱས་ཚེ། མར་ལ་འབབ་ས་དཀའ་ལ། བབ་ཀྱང་ཁ་ཡ་མ་བྱས་ན་ཐབས་ཤེས་ཅི་ཞིག་ཡོད་དམ།།
http://www.jamyangnorbu.com/blog/2014/04/03/phuntsok-wangyal-and-the-arrogance-of-treason/
ཨ་ནུ་ཐང་བསོད་ནམས།
་་་་་་་་་ ཕུན་དབང་གི་སེམས་ཁམས་ཐང་ཐང་ཨེ-འཇམ་དབྱངས་ནོར་བུའི་དོགས་པ། ་་་་་་་་
གཞིས་ཀྱི་ཆོས་མེད་དད་མེད་འབའ་ཕུན་ལགས་དང་། བྱེས་ཀྱིས་ཆོས་མེད་དད་མེད་འཇམ་ནོར་ལགས་གཉིས། བོད་དང་བོད་རིགས་ལ། ལ་རྒྱ་སུ་ཆེ་བ་ཡོད་དམ། ལགས། !!!!!! ????????? ཧཧཧཧཧཧཧཧཧ།
མི་བུ་རྟོག་སད་ཅན་དང་། གནས་ལུགས་ཅན་ཞིག་གི་བརྗོད་སྟངས་དངོས་རེད། ངོ་སོ་བསྟོད།
ཕྱེད་ཙམ་ཀློག་པ་ཡིན། ཡིག་སྐྱོན་མང་ཙམ་འདུག་ག
་་་་་་ གཅིག་བྱས་ན་སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གཞུང་འབྲེལ་གྱིས་ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ཁོ་རང་བཙོན་དུ་ལོ་བཅོ་བརྒྱད་རིང་ལ་བཙོན་དུ་བཅུག་སྟེ་མནར་གཅོད་བཏང་མིན་ལ་མ་ལྟོས་བ། མར་ཁེ་སི་དང་མོའོ། ཀྲུང་ཨིན་ལན་ལ་དད་གུས་བྱེད་རྒྱུར་འགྱུར་བ་བཏང་ཐུབ་མི་འདུག ་་་་་་
་་་་་ གཅིག་བྱས་ན་སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གཞུང་འབྲེལ་གྱིས་ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ་་་་་
་་་་་་ ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ་་་་་་་་
་་་་་་ ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ་་་་་་་་
འདི།
་་་འབའ་ཕུན་་་་ ཁོའི་༼རང་གི་༽སྐྱེས་སྨན་ལ་རང་༼སྲོག་༽བཅད་དུ་བཅུག་ཁར། ་་་་་་་་
་་་་་ ཁོ་ནི་བོད་ལ་དྲག་པོའི་དཔུང་འཇུག་བྱེད་མཁན་གྱི་འཆར་བཀོད་འཐེན་མཁན་དང་གོ་སྒྲིགས་བྱེད་མཁན་གཙོ་བོ་རེད། ་་་་་་
་་་་་་ གང་ལྟར་ཕུན་དབང་ལ་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱལ་ཡོད་པ་མ་ཟད། དེ་དག་ཁོང་གི་ཚེ་འཇུག་ཏུ་ལག་ལེན་གང་མཚམས་ཞིག་བསྟར་བས་རྒྱ་ནག་གཞུང་ཡང་ཁོང་གི་ལྟ་སྟངས་མི་ཡག་པོ་ཞིག་མེད་པ་དངོས་འབྲེལ་རེད། ཡིན་ཡང་། དད་པ་དང་གུང་ཁྲན་གྱི་དམ་ཚིག་དབང་གིས་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ཅིང་ཁོང་གི་བསྒྲུབས་པའི་གྲུབ་འབྲས་ལས་ཀྱི་བརྒྱ་ཆའི་མང་ཤོས་རྒྱ་ནག་ལ་ཐོབ་ཅིང་། བོད་ལ་ཉུང་ཤས་ཤིག་ལས་ཐོབ་མེད་པ་བདེན་པ་རེད། ་་་་་
་་་་་་་ ཡིན་ཡང་། དད་པ་དང་གུང་ཁྲན་གྱི་དམ་ཚིག་དབང་གིས་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ཅིང་ཁོང་གི་བསྒྲུབས་པའི་གྲུབ་འབྲས་ལས་ཀྱི་བརྒྱ་ཆའི་མང་ཤོས་རྒྱ་ནག་ལ་ཐོབ་ཅིང་། བོད་ལ་ཉུང་ཤས་ཤིག་ལས་ཐོབ་མེད་པ་བདེན་པ་རེད། ་་་་་་་་
་་་་་་ རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོ་ལའང་སྐད་ཆ་བཤད་སྟངས་མི་ཤེས་བ་ཆགས་འདུག ་་་་་་་
ཚྭ་མང་དྲག་འདུག
And one could perhaps make the case that there is need for some sort of psychiatric analysis and exposure of this man. Even after the official persecution and suicide of his wife, his own torture and imprisonment for eighteen years, Phuntsok Wangyal’s devotion to Marx, Mao and Chou Enlai remains unshaken.
གཅིག་བྱས་ན་སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གཞུང་འབྲེལ་གྱིས་ཁོའི་སྐྱེས་སྨན་ལ་རང་སྲོད་བཅད་དུ་བཅུག་ཁར། ཁོ་རང་བཙོན་དུ་ལོ་བཅོ་བརྒྱད་རིང་ལ་བཙོན་དུ་བཅུག་སྟེ་མནར་གཅོད་བཏང་མིན་ལ་མ་ལྟོས་བ། མར་ཁེ་སི་དང་མོའོ། ཀྲུང་ཨིན་ལན་ལ་དད་གུས་བྱེད་རྒྱུར་འགྱུར་བ་བཏང་ཐུབ་མི་འདུག
༄། འཇམ་ནོར་འདི་བོད་པའི་ཐོག་ལ་ཤ་ཞེན་དང་། འཇོན་ཐང་དང། བོད་རང་བཙན་ལ་མཐའ་ཅིག་ཏུ་འགྲོ་མཁན་ཞིག་་ཡིན་ཀྱང་མཚམས་མཚམས་ལ་གོང་ས་མཆོག་ལ་དམའ་འབེབས་འདྲ་མ་བཟོ་བ་བཞུགས་རོག་ཅེས་འབུལ་སྐུལ་དང། ཡ་དངོས་གནས་རེད། བོད་འདི་ཆབ་སྲིད་ལ། འདི་རང་བཙན་ཡོད་པ་ནས་མེད་པ། དེ་ནས་རང་བཙན་གྱི་བལྟ་བ་ལོ་མང་བཟུང། རང་བཙན་གྱི་བལྟ་བ་ལོག་ནས་དབུ་ལམ། དབུ་ལམ་དེ་ཟམ་གདོང་བླ་མས་ཕྲ་རུ་དང་། ཞེན་རུ་དང། སྡུག་རུ་གཏང། ད་དབུ་ལམ་དེ་ཧ་ལམ་ལོག་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ལ་མེ་རྒྱལ་ཁྱི་ཚང་ཆེན་མོའི་དཔང་ལ་ལོག་རྒྱུར་ཆག། དེ་རྒྱ་འདྲེ་དམར་པོས་ཡ་མི་བྱེད། སྔར་༡༩༨༠ནང་ལ་རྒྱ་རོའི་ཡ་བྱེད་པའི་སྐབས་ལ་ཚོད་མ་ཟིན་པ་དང། རྒྱུ་མཚན་མང་པོ་ཞིག་ལ་་རྟེན་ནས་གོ་སྐབས་ཤོར།
ད་བོད་ཀྱི་གཏམ་དཔེ་ལ་། མ་མེད་ལྷན་རྩག་ཞེས་པ་ཞིག་ཡོད། ཕལ་ཆེར་ང་ཚོའི་ལྟ་བ་འདི་མ་མེད་ལྷན་རྩག་ཆག་་པ་མེད་དམ་སྙམས་ནས་ཕྱག་མོ་ཉུག།
བོད་རྨོངས་དད་ཀྱིས་ཕུང་གི་ཡོད་པར་སྔོན་ནས་མང་པོ་བཤད་ཡོད། དེ་རིང་ཡང་འདི་ནས་དད་གཙོ་སྨྲ་བའི་སྐོར་ལ་ཏོག་ཙམ་བཤད་ན་འདོད། མཁས་དབང་འཇམ་ནོར་ལ་རྒྱབ་སྐྱོར་ཡང་ཡིན།
དད་གཙོ་སྨྲ་བ་ལ་དབྱེ་བ་གསུམ་ཕྱེས་ནས་བཤད་ན་གོ་བདེ་པོ་འདུག་བསམས་བསམས་འདུག་དྲན།
དཔེར་ན།
1་་་་ཤུགས་ལྡན་ལ་དད་པ་བྱས་མཁན་གྱི་དད་གཙོ་སྨྲ་བ་ཚོས་བོད་ཀྱི་དབུ་ཁྲིད་ཏྭ་ལའི་བླ་མ་ལ་བརྩི་བཀུ་བྱས་མ་སོང་ལ་འབངས་མི་དང་དབུ་ཁྲིད་ཀྱི་བར་གྱི་བརྩེ་སེམས་ལ་རྒྱ་ཁྱིའི་སྐྱུག་གཡུགས་གཡུགས་བྱས་སོང་། ཁོ་རང་ཚོའི་དད་ཡུལ་ཤུགས་ལྡན་ལ་ཁ་བཏང་མཁན་དང་དགག་པ་རྒྱག་མཁན་ལ་ཁ་གཏད་བཅག་རྐྱང་བྱས་སོང་། སྲོག་ཡང་བློ་གཏོང་གི་ཡིན་ཟེར་ནས་བཤད་བཞིན་འདུག
2་་་་མར་ཁེ་སི་དང་ལེན་ཉིན། མའོ་ཙུང་ཏུང་ལ་དད་པ་བྱས་མཁན་གྱི་དད་གཙོ་སྨྲ་བ་ཚོས་ངོས་ནས་མར་ལེན་རིང་ལུགས་ནི་ཡང་དག་པ་དང་། མའོ་ཙུང་ཏུང་གི་དགོངས་པ་ནི་རླབས་ཆེ་བ། དམར་ཕྱོགས་པ་ནི་ཡང་དག་པ། སྤྱི་ཚོགས་རིང་ལུགས་ནི་དགོས་མཁོ་ཆེ་བ། དེ་དག་དང་མི་མཐུན་པའི་དམངས་གཙོ་བཤད་མཁན་དང་། མ་རྩ་རིང་ལུགས་པ། ཆོས་ལུགས་པ་སོགས་ཀྱི་ཐོག་ཏུ་གུན་ཁྲན་དད་གཙོ་སྨྲ་བ་ཚོས་ཤི་སྲོག་ལ་མི་འཛེམས་པར་འཆོངས་རྐྱང་དང་། གསོད་རྐྱང་བྱས་དང་བྱེད་བཞིན་པ་རེད།
3་་་་ཤཀྱའི་རྒྱལ་པོ་དང་ཏ་ལའི་བླ་མ་ལ་དད་པ་བྱས་མཁན་གྱི་དད་གཙོ་སྨྲ་བ་ཚོས་ངོས་ནས་ཤཀྱའི་ཆོས་ལུགས་འདི་ཡང་དག་པ་དང་སླུ་བ་མེད་པ། འདི་ཕྱི་གཉིས་ཀྱི་སྐྱབས་གནས། སངས་རྒྱས་ཀྱི་བསྟན་པ་དང་རྩ་བའི་བླ་མའི་ཆེད་དུ་ཡོངས་རྫོགས་བློ་གཏོང་ནུས་ཀྱི་ལ་བོད་རྒྱལ་ཁབ་ཀྱང་བློས་བཏང་གི་འདུག བོད་རང་བཙན་བློས་བཏང་གི་འདུག བོད་མི་རིགས་ཀྱི་བརྩེ་སེམས་ལ་རྒྱ་ཡང་ཁྱིའི་སྐྱག་གཡུགས་གཡུགས་རེད།
གོང་གི་དད་གཙོ་སྨྲ་བ་གསུམ་ཀ་གཅིག་པ་རེད། དད་ཡུལ་མ་འདྲ་བ་ཙམ་ལས་ཀླད་པའི་ན་ཚ་ཡོད་པ་གཅིག་པ་རེད། རྨོངས་དད་ཀྱི་ཀླད་ནད་ཕོག་པའི་མི་ཞིག་ལ་དྲང་བདེན་འགྲོ་ས་མེད།་རིག་པ་དང་གཏན་ཚིགས་བཀོད་ས་མེད། འཇམ་ནོར་ལགས་ཀྱིས་གསུངས་པ་ལྟར་་་མའོ་ལ་དགའ་དད་ཅན་གྱི་དད་གཙོ་སྨྲ་བ་ཚོས་མའོ་ཡང་དག་པ་དང་དགོངས་པ་རླབས་ཆེ་བ་ཡིན་པར་མཐོང་བ་མ་གཏོགས་་་ཆོས་ལུགས་ཀྱི་གནད་དོན་དང་དམངས་གཙོ་རིང་ལུགས་སོགས་བཤད་ས་མེད། ཁོ་ཚོས་ཁ་གཏད་བཅག་རྐྱང་བྱེད་ཀྱི་རེད།
ཆོས་ལུགས་པ་དང་དམངས་གཙོའི་རིང་ལུགས་པ་གཉིས་ཀྱིས་ངོས་ནས་བལྟས་ན་མའོ་གུན་ཁྲན་རིང་ལུགས་ཀྱི་སྐྱོན་མཐོང་ཐུབ། མ་གཏོགས་གུན་ཁྲན་རིང་ལུགས་པའི་དད་གཙོ་སྨྲ་བ་ཞིག་གིས་ངོས་ནས་རང་སྐྱོན་མཐོང་མི་ཐུབ། ཏ་ལའི་བླ་མ་ལ་དད་མཁན་དང་དབུ་མའི་ལམ་ལུགས་པ་ཚོས་ངོས་ནས་བལྟས་ན་ཤུགས་ལྡན་ཚོགས་པའི་སྐྱོན་དང་ནོར་འཁྲུལ་མཐོང་ཐུབ། བོད་རང་བཙན་ལ་དགག་པ་བརྒྱབས་ཐུབ། རང་བཙན་འདོད་མཁན་གྱི་ཚོགས་པ་དང་མི་སྒེར་པ་རྣམས་ལ་ཁ་གཏད་བཅག་ཐུབ། མ་གཏོགས་རང་སྐྱོན་མཐོང་མི་ཐུབ།
དད་གཙོ་བ་སྨྲ་རྣམས་ལ་རང་སྐྱོན་མཐོང་ཐུབ་པའི་རྣམ་དཔྱོད་རྩ་བ་ནས་མེད། རང་སྐྱོན་མཐོང་ཐུབ་པའི་རྣམ་དཔྱོད་ཡོད་པའི་མི་ཞིག་ཡིན་ན་ཁོ་དད་གཙོ་སྨྲ་བ་མིན། ཁོ་གནས་ལུགས་སྨྲ་བ་ཡིན། རྟོག་གེ་བ་ཡིན། མདོ་ན་་་བོད་དད་པས་ཕུང་བཞིན་ཡོད། དཀྲུགས་ཤིང་དད་པས་རྒྱབ་བཞིན་ཡོད།་འགལ་ཟླ་དད་པས་བཟོ་བཞིན་ཡོད།
ཇི་སྲིད་དུས་ཀྱི་བར་དུ་དད་གཙོ་སྨྲ་བ་མ་རྫོགས་བར་དུ་དམངས་གཙོ་སྨྲ་བའི་ཁ་གཏད་བཅག་རྐྱང་དང་། མི་གཅིག་གི་བཀའ་དགོངས་འོག་ཏུ་ཤར་སྐྱོད་བྱེད་ནས་འགྲོ་དགོས་ངེས་ཡིན། འདི་ནི་གནད་འགག་རེད། ཐུག་ས་རེད།
ཡིན་ཀྱང་་་ཨེ་རྗེབ་རྒྱལ་ཁབ་ཀྱི་་མེ་སྤ་ར་དང་། ཨེ་རག་རྒྱལ་ཁབ་ཀྱི་ས་གདམ་མུག་སི། ལེས་བྷེ་ཡའི་རྒྱལ་ཁབ་ཀྱི་རྒ་ཏ་ཧྤིང། འདི་དག་གི་གནས་ལུགས་ལ་བལྟས་ན་སྒེར་གཅོད་པ་ཟེར་བ་འདི་དག་འཛམ་གླིང་ཐོག་ཏུ་ཡུན་རིང་པོ་སྡད་སའི་ས་ཆགས་མེད་པ་འདྲ་པོ་རེད། སྔོན་མ་་་ཁོ་ཚོ་གསུམ་ལ་དད་པ་བྱེད་མཁན་ཡོད། རྒྱུ་དང་དཔལ་འབྱོར། དམག་དང་གོ་གནས་ཡོད། ཡིན་ཀྱང་་་མཐའ་མ་ས་ཕུག་ནང་དུ་འཛུལ་ནས་གབ་དགོས་པའི་གནས་སྟངས་དང་། གབ་ཀྱང་མ་ཐུབ་པར་ས་ཕུག་ནས་དྲེད་ཡོང་ནས་ཤི་དགོས་པའི་གནས་སྟངས་ཀྱང་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་ཡོད་དུས་་་་སྒེར་གཅོད་པ་ཚོས་མི་མཐོང་བ་གལ་སྲིད།།
ཅོ་རུ་ཉི་མ་ལགས་ཀྱི་དབྱེ་ཞིབ་འདི་མཆོངས་བསྐྱོད་རང་བཞིན་ལྡན་པའི་དཔྱད་བསྡོམས་ཤིག་རེད། སྐུ་ཞབས་ཞོགས་དུང་ནས་འགོ་བརྩམས་པའི༼བག་ཆགས་དོང་སྤྲུགས༽ཀྱི་རིམ་པ་འོག་མར་འཕོ་བསྐྱོད་རེད་ལ། བོད་ཕོངས་བྱེད་ངོ་མ་དེ་ཧ་མ་གོ་བར་དད་པར་ཐུག་ཡོད་པ་དང་། དེའང་སྟོན་པ་ཤཀྱཱ་ཐུབ་པའི་བསྲེག་བཅད་བརྡར་གསུམ་དང་རྒྱབ་གཏད་དུ་བསླངས་ནས་རྨོངས་དད་འོག་དུས་རབས་གང་མང་ཞིག་ལ་བཅུག་ཡོད་པས། ༼འཇིག་རྟེན་རྒུད་པ་ཇི་སྙེད་པ། དེ་ཡི་རྩ་བ་མ་རིག་པ༽ཞེས་པ་ལྟར་རེད། ཚང་མས་བགྲོ་གླེང་ལྷུག་པོ་གནང་རོགས།
༄། དྲི་བ་ཆེན་པོ་ཞིག་ཡོད། དེ་དིང་ཟམ་གདོང་བླ་མས་འབའ་ཕུན་ལ་བལྟ་གཏང་འདིས་ཐོག་ནས་། གལ་ཏེ་ཟམ་གདོང་༡༩༥༩ བོད་ལྷག་ཡོད་ཚེ་ག་འདྲ་ཞིག་ཆག་ཡིད་དམ།
རྩོམ་པ་པོ་ཡུ་ཅེ་ཡིས་བརྩམས་པའི་་་འབངས་མིའི་སྤྱི་ཚོགས་དགྲ་རུ་བཟུང་ན་རང་གིས་རང་ལ་དུར་ཁུང་དྲུས་པ་ཡིན།ཞེས་པའི་རྩོམ་དེའི་ནང་དུ་འདི་འདྲ་ཞིག་བྲིས་འདུག
༼བློན་ངན་གདུག་རྩུབ་ཅན་མེད་ན་སྒེར་གཅོད་པས་འབངས་མི་ཁྲི་མ་འབུམ་འཇིགས་སྣང་གིས་ཟིལ་གྱིས་གནོན་ཐབས་མེད་པ་དང་། སྒེར་གཅོད་པ་མེད་ན་བློན་ངན་གདུག་རྩུབ་ཅན་ལ་ཞབས་ཞུ་བྱ་ཡུལ་མེད། སྒེར་གཅོད་པ་རེ་རེ་དང་ཁོ་ཚོའི་འདང་རྩིས་ཆེ་བའི་བློན་ངན་གདུག་རྩུབ་ཅན་གཉིས་ནི་བུ་སྤུན་མཚེ་མ་དང་འདྲ་ལ། གཅིག་སེམས་གཅིག་གིས་ཤེས་ཤིང་གར་སྟབས་ལང་ལིང་སྒྱུར་བ་ཡིན།༽ཞེས་གསུངས་འདུག
བདེན་པ་རེད། ཕུན་དབང་ལྟ་བུའི་བློན་ངན་གདུག་རྩུབ་ཅན་ཚོ་མེད་ན་འགོ་ཁྲིད་མའོ་གཅིག་པོས་འབངས་མི་ཡ་ས་མང་པོ་དམར་བསད་དང་དབང་སྒྱུར་མི་ཐུབ་པར་རིག་པས་གྲུབ།
ང་ཚོའི་བོད་ཀྱི་ཆོས་ལུགས་པའི་སྒོར་གཅོད་བླ་དཔོན་རྣམས་ལ་ཡང་གཅིག་སེམས་གཅིག་གིས་ཤེས་པའི་བཀའ་བཀོད་རྒྱུད་འཛིན་ཅན་གྱི་བློན་པོ་དང་སློབ་མ་ཡོད། བློན་པོ་དང་སློབ་མ་འདི་དག་གིས་སྒེར་གཅོད་བླ་དཔོན་གྱི་བཀའ་དགོངས་འོག་ཏུ་ཤར་སྐྱོད་བྱེད་དགོས་པར་བཙན་སྐུལ་དང་རྒྱུད་སྐུལ། འཇིགས་སྐུལ་དང་རྒྱང་ཕུད། དམ་ཉམས་དང་ལྟ་ལོག་སོགས་ཀྱི་ཉེས་ཞྭ་གོན་པ་སོགས་ཀྱིས་ཐབས་ཤེས་ཡོད་ཚོད་བཏང་གི་ཡོད། བོད་མི་དམངས་ཀྱི་འདོད་མོས་གང་ཡིན་མིན་གལ་ཆེན་མི་བརྩིོ། རྩ་བའི་བླ་མའི་བཀའ་གལ་ཆེན་ལ་བརྩི། འདི་འདྲ་བའི་བློན་ངན་ཚོས་འོག་ཏུ་རང་དབང་མེད་མཁན་མི་དམངས་ཡིན།།
འདིར་བོད་མི་ཚོས་ཤེས་པར་བྱོས།
རྣམ་པ་ཚོས་བགྲོ་གླེང་གནང་བར་ཐུགས་རྗེ་ཆེ། ལྷག་པར་དུ་ཅོ་རིས་དེའི་སྒང་ལ་དཔྱད་ཞིབ་གནང་བ་ཡག་བྱུང་། དེ་དང་ཆབས་ཅིག་དམུ་ཐག་གིས་གསུངས་བ་བཞིན་ཡིག་ནོར་མི་ཉུང་བ་ཞིག་ཤོར་འདུག་པས་དགོངས་དག་ཞུ་བཞིན་ཡོད། ཁ་སང་ཉིན་ཀྱི་བར་གསེང་མང་ཤོས་ལ་བྲིས་ཤིང་། ཚར་སྐབས་མཚན་དཀྱུལ་ཀྱི་དུས་ཚོད་༡༣ཙམ་རེད། ཐེངས་གཅིག་ལ་ཞུ་དག་བཏང་ཁུལ་བྱས་ཀྱང་། ཉལ་བྲེལ་གྱིས་ཆད་ལྷག་མི་ཉུང་བ་ཞིག་ཤོར་འདུག དེ་བརྟེན། ད་ལྟ་མཐའ་མའི་ཞུ་དག་དེ་འོག་ཏུ་སྐྱར་བཀོད་བྱེད་རྒྱུ་ཡིན།
ཕུན་དབང་གི་སེམས་ཁམས་ཐང་ཐང་ཨེ-འཇམ་དབྱངས་ནོར་བུའི་དོགས་པ།།
ཟླ་འདིའི་ཚེས་གསུམ་གྱི་ཉིན་འཇམ་ནོར་གྱིས་ཕུན་དབང་གི་སྐོར་ལ་རྩོམ་ཞིག་བྲིས་འདུག དེའི་ནང་ནས་གནད་འགག་ཆེ་བའི་ཚན་པ་གཉིས་རྣམ་པ་ཚོ་ལ་དཔྱད་ཞིབ་དང་སྦྲགས་མ་རྩོམ་དབྱིན་ཡིག་དང་ལྷན་བོད་སྒྱུར་བྱས་ནས་འགོད་རྒྱུ་ཡིན།
And one could perhaps make the case that there is need for some sort of psychiatric analysis and exposure of this man. Even after the official persecution and suicide of his wife, his own torture and imprisonment for eighteen years, Phuntsok Wangyal’s devotion to Marx, Mao and Chou Enlai remains unshaken. This is how he affirms his faith. “No matter what happened, I had clung stubbornly to the belief that someday that details of my case would reach people at the highest levels. I knew Mao Zedong and Zhou Enlai personally, and I believed that Wang Feng and others had lied to them about what I had done and what was happening to me. I hoped against hope that one day Mao and Zhou would realize that I was innocent and order my release.
གཅིག་བྱས་ན་སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གཞུང་འབྲེལ་གྱིས་ཁོའི་སྐྱེས་སྨན་ལ་རང་སྲོག་བཅད་དུ་བཅུག་ཁར། ཁོ་རང་ལོ་བཅོ་བརྒྱད་རིང་ལ་བཙོན་དུ་བཅུག་སྟེ་མནར་གཅོད་བཏང་མིན་ལ་མ་ལྟོས་བ། མར་ཁེ་སི་དང་མོའོ། ཀྲུང་ཨིན་ལན་ལ་དད་གུས་བྱེད་རྒྱུར་འགྱུར་བ་བཏང་ཐུབ་མི་འདུག དེ་ཡིས་ཁོས་རང་གི་འགྱུར་མེད་ཀྱི་དད་པ་ག་འདྲ་ཞིག་བརྟན་པ་གསལ་བོར་བསྟན་ཡོད། གནས་སྟངས་ག་འདྲ་ཞིག་བྱུང་ཡང་ཀླད་པ་མཁྲེགས་པོས་སྒོ་ནས་ཁོ་ལ་མཚོན་ན་མི་འདི་ཚོ་ཁྱད་འཕགས་ཡིན་ཞིང་། དེ་ལྟར་ཡིན་པ་རྩེ་གཅིག་ཏུ་ཡིད་ཆེས་བྱས་ཁར། ང་ལ་ཉེས་ཆད་འདི་ལྟར་ཕོག་དགོས་དོན་ཡང་ཝང་ཕིས་སོགས་ཀྱིས་མོའོ་ལ་གནས་ཚུལ་རྫུན་མ་ཞུས་པས་ཡིན་ཞིང་། ངས་མོའོ་དང་ཀྲུང་ཨིན་ལན་གཉིས་ངོ་ཤེས་ཤིང་དངོས་སུ་ཆ་རྒྱུས་ཡོད་པས། ཉིན་་ཞིག་ཁོ་གཉིས་ཀྱིས་ང་ལ་ཉེས་པ་མེད་པ་རྟོགས་ནས་གློད་གྲོལ་གཏོང་བར་ཡིད་ཆེས་བྱས་འདུག
མཆན།
སྐུ་མདུན་གྱིས་ཀྱང་བོད་ལ་དྲག་གནོན་བྱེད་ཡ་དེ་མོའོ་ཡི་དགོངས་པ་ཡིན་མིན་གྱི་དོགས་པ་གནང་བར་ཁག་མི་འདུག མོའོ་འདི་གཡོ་སྒྱུ་དང་། ཐབས་བྱུས་སྒང་ལ་ཕུལ་བྱུང་གི་བྱང་ཆ་ཅན་ཞིག་ཡིན་པས་འདི་ལྟར་མི་མང་པོ་ཞིག་ཁོའི་གཡོ་འོག་ཏུ་ཚུད་ནས་ཁོ་ལ་ཡིད་ཆེས་བྱས་འདུག གལ་སྲིད་དེ་ནི་དགོས་པའི་ཆེད་དུ་ཕུན་དབང་གིས་བྲིས་པ་མ་ཡིན་པ་དོན་དངོས་དེ་ལྟར་ཡིད་ཆེས་བྱས་ཚེ་བསམ་ཡུལ་ལས་འདས་པ་རང་རེད། མུ་མཐུད་དུ་ཡིད་ཆེས་བྱས་ན་མཇུག་འབྲས་དེ་ལས་གཞན་མེད། སྐུ་མདུན་གྱིས་མོའོ་ལ་ཡིད་ཆེས་མི་ཉུང་བ་ཞིག་གནང་བའང་ཕུན་དབང་གི་ཤུགས་རྐྱེན་གང་འཚམས་ཤིག་ཡོད་པ་སྨོས་མེད་རེད།
གཞན་ཡང་།
So why the outpouring of grief from the CTA and other exiles for the death of Baba Phuntsok Wangyal? No matter how “charming” a person, a “good Communist”, or a friend of the Dalai Lama, Tibetans must remember that Wangyal was the principal front-line guide to the Chinese army when it invaded Tibet. He was not just a “guide” in the neutral or passive sense of the word but someone deeply involved in the planning and organization of the invasion force, as his own autobiography testifies. In fact he had the crucial task of organizing the transportation by mule and yak of PLA supplies through Kham, without which there would have been no invasion. The motor road had not yet been built.
ག་རེ་བྱས་ནསTCAདང་བཙན་བྱོལ་བ་གཞན་པ་ཚོས་ཕུན་དབང་གྲོངས་པ་ལ་ཆོ་ངེ་འབྱིན་པ་རེད་དམ། མི་འདི་ཅི་འདྲ་ཞིག་བཟང་ཞིང་། ཡིད་སེམས་འགུག་མཁན། ཏང་མི་ཡག་པོ་དང་སྐུ་མདུན་གྱི་གྲོགས་པོ་ཡིན་མིན་ལ་མ་ལྟོས་བར་བོད་པ་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ། ཁོ་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་སུ་དམག་མིའི་སྣེ་ཁྲིད་པ་གཙོ་བོ་རེད། མ་ཟད་ཕྱོགས་གཉིས་སུ་མ་ལྷུང་ཞིང་སྨྲ་བ་མེད་པའི་ལམ་ཁྲིད་པ་ཁོ་ན་མིན། ཁོ་ནི་བོད་ལ་དྲག་པོའི་དཔུང་འཇུག་བྱེད་མཁན་གྱི་འཆར་བཀོད་འཐེན་མཁན་དང་གོ་སྒྲིག་བྱེད་མཁན་གཙོ་བོ་རེད། དེ་ལྟར་ཡིན་པ་ཁོང་གི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་འདུག ཁོས་སྣེ་ཁྲིད་ཀྱིས་རྟ་དྲེད་དང་གཡག་ལ་བརྟེན་ཏེ། ཁམས་ཁུལ་བརྒྱུད་ནས་དམག་མི་ལ་དགོས་ཀུན་གྱི་དངོས་པོ་ཀུན་མ་སྤྲད་པ་ཡིན་ན་བཙན་འཛུལ་མེད། སྐབས་དེ་དུས་རླངས་འཁོར་གྱི་བགྲོད་ལམ་བཟོས་མེད་པས་རེད། ཅེས་བྲིས་འདུག
དཔྱད་ཞིབ།
མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་ཕུན་དབང་།
སྐུ་མདུན་དང་ཟམ་གདོང་གཉིས་ཀྱིས་ཕུན་དབང་གྲོངས་རྗེས་ཀྱི་བཀའ་མོལ་གསུངས་སྟངས་ལ་བལྟས་ན། བོད་འདི་རྒྱ་ནག་མི་མང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པར་ཕུན་དབང་གི་ཤུགས་རྐྱེན་ཡོད་པ་གསལ་བོ་རེད། འོན་ཀྱང་། སྲིད་སྐྱོང་བློ་སེང་གིས་སྔ་ལོ་གནས་ཚུལ་དེ་ཨ་རིའི་རྒྱལ་ས་རུ་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ཁ་གསལ་བོའི་ངང་ང་ཚོས་མང་གཙོ་རྩོད་ཀྱི་མེད་གསུངས་པས་ནུབ་མི་དང་། ལྷག་པར་དུ་རྒྱ་གར་གྱི་མི་མང་པོ་ཞིག་ཞེད་སྣང་སྐྱེས་ཤིང་། སྐྱོན་བརྗོད་ཀྱི་རྩོམ་ཡིག་དུ་མ་སྤེལ་བ་མ་ཟད། བློ་སེང་ནི་རྒྱ་ནག་གི་མཐུན་ཕྱོགས་ཡིན་ཚུལ་དང་། དངུལ་གྱི་ཡོང་ཁུངས་གསལ་བོ་མེད་པ། ཧར་ཝར་སློབ་ཆེན་གྱི་རྒྱ་རིགས་སློབ་མའི་འགན་འཛིནHu Xiaojiang དང་འབྲེལ་བ་ཟབ་ཚུལ། མོ་ནི་རྒྱ་ནག་གི་བདེ་འཇགས་ལས་ཁུངས་དང་འབྲེལ་བ་ཡོད་པས་༢༠༠༥ ལོར་བློ་སེང་རྒྱ་ནག་ཏུ་འགྲོ་བར་རོགས་སྐྱོར་བྱས་ཚུལ། ༢༠༡༣ལོར་ཁོ་མོ་ལྷ་ས་རུ་ཉམས་ཞིབ་ཆེད་ལྟ་སྐོར་ལ་ཕྱིན་པར་གཞུང་འབྲེལ་གྱིས་ཆོག་མཆན་ཐོབ་ཚུལ། བློ་སེང་གི་ཉམས་ཞིབ་ཀྱི་ཟླ་ཆ་གཅིག་བུས་གློ་བུར་ཐོལ་རྒྱག་གིས་ཁང་བའི་བུ་ལོན་ཨ་སྒོར་༢༢༧༠༠ སྤྲད་ཐབས་མེད་ཚུལ། མང་གཙོའི་དབུ་ཁྲིད་ཀུན་གྱིས་རང་གི་རྒྱུ་ནོར་གྱི་ཡོང་ཁུངས་མང་ཚོགས་ལ་གསལ་བོ་གསུང་ཡང་བློ་སེང་གིས་དེ་ལྟར་མ་བྱེད་ཚུལ་སོགས་ཀྱི་སྐྱོན་བརྗོད་སྣ་ཚོགས་གནང་བ་མ་ཟད། རྒྱ་གར་གྱིས་མང་གཙོར་དགའ་མཁན་དང་། བོད་ས་རྒྱ་ནག་གི་དམག་སར་སྒྱུར་བར་ངོ་རྒོལ་མཁན་གྱི་བོད་མི་ཚོར་རོགས་སྐྱོར་བྱས་ཏེ། རྒྱ་གར་གྱི་མཐུན་ཕྱོགས་འཚོལ་སྒྲུབ་བྱེད་དགོས་ཚུལ་བརྗོད་ཀྱིན་འདུག
གཅིག་བྱས་ན་སྲིད་སྐྱོང་བློ་སེང་གི་རིང་ལ་བོད་རྒྱ་འབྲེལ་མོལ་བྱེད་མ་ཐུབ་ཅིང་། ཆད་པ་དེ་སླར་གསོ་བྱེད་རྒྱུར་བོད་མིའི་ཁྲོད་ནས་ཁོ་ལ་གནོན་ཤུགས་ཡོད་པས། ཞི་མོལ་བྱེད་རྒྱུ་དེ་གནད་འགག་ཏུ་མཐོང་ཏེ་རྒྱ་ནག་ལ་བསྟུན་མཁས་ཀྱིས་སྐད་ཆ་སྨྲས་ཤས་ཆེ། རྒྱུ་མཚན་ནི། གྲོས་མོལ་ལ་དོན་འབྲས་ཐོན་མིན་མ་ལྟོས་བ་གནང་བ་ཡིན་ན་མི་མང་གི་ཁ་ཆོད་ཅིང་། གྲུབ་འབྲས་སླེབས་པར་དུས་ཚོད་དགོས་པས་ཁོང་གི་མཚན་མཐོང་ལ་གནས་སྐབས་རིང་ཕན་པ་མ་ཟད། ཁོང་གི་དུས་ཡུན་རིང་སྐྱོན་བརྗོད་མི་འོང་ཞིང་སྲིད་སྐྱོང་རྗེས་མའི་འོས་ཤོག་ལའང་ཕན་པས་སེམས། ཡིན་ཡང་། མང་གཙོ་མི་དགོས་ཞེས་ན་རྒྱ་གར་གཙོ་བོའི་གྱུར་པའི་ནུབ་ཕྱོགས་པ་རྣམས་མི་འཐད་ཅིང་། ཁོ་ཚོའི་རྒྱབ་སྐྱོར་མེད་ན་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པར་དཀའ་ངལ་ཡོད། ལྷག་པར་དུ་བཙན་བྱོལ་བོད་མི་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཙོ་བོ་ནི་རྒྱ་གར་བ་ཡིན་པས། རྒྱ་གར་བས་བཙན་བྱོལ་བོད་མི་ཚོ་ལ་གནོན་ཤུགས་སྤྲོད་ཐུབ་པ་ཞིག་གཞན་སུ་ཞིག་གིས་ཀྱང་སྤྲོད་མི་ཐུབ་པས་རྒྱ་གར་ལ་བསྟུན་མཁས་བྱེད་རྒྱུ་གལ་གནད་ཆེ་ཁར། མང་གཙོ་དགོས་ཞེས་ན་རྒྱ་ནག་མི་འཐད་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ལམ་ལྷོང་ཡོང་བར་དཀའ། ཡིན་ཡང་། མང་གཙོ་མི་དགོས་ཞེས་ཀྱང་རྒྱ་ནག་གིས་ཡ་ལེན་བྱེད་ཀྱི་མི་འདུག གང་ལྟར་གཞན་ལ་མི་བསྟུན་ཐབས་མེད་ཡིན་ཡང་། བསྟུན་ཡ་མང་ན་རང་དོན་བརླགས་པས་བོད་ཀྱི་དབུ་ཁྲིད་ཚོས་བོད་ཀྱི་ཕུགས་རྒྱང་རིང་བའི་མ་འོངས་པ་ལ་ཕན་པའི་བགྲོད་ལམ་ཞིག་འདེམས་རྒྱུ་གནད་དུ་མཐོང་།
ཁ་སང་༢༠༡༤ ལོའི་ཟླ་༤ ཚེས་༧ ཉིན་སྲིད་སྐྱོང་གིས་Diplomatཚགས་ཤོག་སྟེང་དུ། ཨུ་ཚུགས་མཐའ་སྐྱེལ་གྱིས་མང་གཙོ་མི་དགོས་པ་ནི་ཁོང་གིས་བཏོད་པ་མིན་པ། བཀའ་ཤག་རྙིང་བས༢༠༠༨ ལོ་ནས་བཟུང་བའི་སྲིད་བྱུས་ཤིག་ཡིན་ཞིང་། ཁོ་ངེས་པར་དུ་དེའི་རྗེས་སུ་འབྲང་དགོས་ཚུལ་གྱི་འགྲེལ་བཤད་སྣ་ཚོགས་གནང་བ་མ་ཟད། ཁོ་རང་རྒྱ་གར་གྱི་དབུ་ཁྲིད་ཁག་ཅིག་དང་མཇལ་འཕྲད་བྱས་མྱོང་ལ། ཐུག་འཕྲད་དག་ཀྱང་ཡག་པོ་བྱུང་ཡོད་ཚུལ། སྲིད་བྱུས་དེ་ཟིན་པ་ནས་བཟུང་རྒྱ་གར་གཞུང་གིས་དེའི་སྒང་ལ་དམིགས་བསལ་གྱི་བསམ་འཆར་ཅི་ཡང་མ་བཏང་ཞིང་། ངས་བལྟས་ན་གཞུང་འབྲེལ་ཐོག་དེ་ལ་སྐྱོན་ཆ་ཡོད་པ་མ་མཐོང་། ཡིན་ཡང་། ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་ལ་དུས་ནས་དུས་བསྟུན་གྱིས་སྐྱོན་བརྗོད་ཡོད་པ་ཆོས་ཉིད་ཡིན་པས། རྩོམ་འབྲི་བ་ཚོས་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་པ་དེ་དག་ནི་སྣང་མེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག ཡིན་ཡང་། དོན་དངོས་མང་གཙོ་བློས་གཏོང་བྱེད་རྒྱུ་ནི་བཀའ་ཤག་རྙིང་བའི་དགོངས་དོན་ཡིན་ནམ། དེ་ལྟར་ཡིན་ན། ལྐོག་འཆར་དེའི་འབྱུང་ཁོངས་ནི་ཕུན་དབང་ཡིན་སྲིད་ཅིང་། ཁོའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་འཛུགས་སྐྲུན་བྱེད་རྒྱུའི་དམིགས་ཡུལ་དང་ཀུན་ནས་མཐུན་པས་ཡིན།
སྲིད་སྐྱོང་གིས་མང་གཙོ་མི་དགོས་གསུངས་ཡ་དེ་བཀའ་ཤག་རྙིང་བའི་སྲིད་བྱུས་ཤིག་ཡིན་ཚུལ་ཨུ་ཚུགས་མཐའ་འཁྱོངས་བྱེད་ཀྱིན་ཡོད་ལ། དེ་ལྟར་བྱེད་དགོས་དོན་ནི་ཁོ་ལ་ནག་ཉེས་པ་མེད་ཅིང་། གལ་སྲིད་ཡོད་ན། དེ་ནི་བཀའ་ཤག་རྙིང་བའི་ཡིན་ཚུལ་དང་། བཀའ་ཤག་རྙིང་བའི་སྐབས་ལ་སྐུ་མདུན་གྱིས་དགོངས་ཞུ་ཆ་ཚང་ཞིག་མ་བྱས་པས་མཐར་ཐུག་ན་དེའི་འབྱུང་ཁུངས་དེ་སྐུ་མདུན་ཡིན་པ་འབྲེལ་གྱི་ཡོད། འོན་ཀྱང་། རྒྱ་གར་གྱི་གསར་འགོད་པ་མང་པོས་སྐུ་མདུན་གྱིས་མང་གཙོ་མི་དགོས་གསུངས་པའི་གནས་ཚུལ་ལ་ཡིད་ཆེས་མི་བྱེད་ཁར། སྐུ་མདུན་གྱིས་སྲིད་དབང་བཟུང་རིང་ཧིན་བོད་ཀྱི་འབྲེལ་བ་ལེགས་ཤིང་། ཐ་ན་སྐུ་མདུན་གྱིས་རང་ཉིད་རྒྱ་གར་གྱི་བུ་ཡིན་གསུངས་པའི་གནས་ཚུལ་བགྲང་གི་འདུག
http://www.asianage.com/ideas/tibetan-pm-exile-sangay-chinese-national-414
http://www.asianage.com/ideas/new-tibetan-leader-threat-india-950
http://thediplomat.com/2014/04/interview-lobsang-sangay/
ཚད་མཐོའི་དད་པ་ཅན་ལ་སེམས་ཁམས་ཀྱི་ན་ཚ་ཡོད་དམ།
དད་པ་ཡི་རྟག་མཐར་ལྷུང་མཁན་གྱི་མི་རྣམས་ཕུན་དབང་ལྟར་རང་ལ་ཉེས་སྐྱོན་གྱི་གནས་ཚུལ་ཅི་ཞིག་བྱུང་ཡང་། ལས་སམ་གཞན་ཞིག་གིས་མ་ཉེས་ཁ་གཡོག་བྱས་ཏེ་གཙོ་བདག་གི་ཐུགས་འདོད་སྒྱུར་ཚུལ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་གནང་ཞིང་། ག་དུས་ཡིན་ཡང་གཙོ་བདག་ནི་ཉེས་མེད་རྣམ་དག་ཅིག་དང་། ཉེས་སྐྱོན་ཞིག་བྱུང་ཚེ་དག་སྣང་སྒོམ་ཞིང་དཀར་འདོན་བྱེད་ཀྱིན་ཡོད། ཐ་ན་དོགས་པ་ཙམ་ཡང་ཟ་མི་ཕོད་ཅིང་དེ་ལྟར་ཟ་བར་འཇིགས་སྣང་སྐྱེ་བ་མ་ཟད། རྨི་ལམ་དུའང་དོགས་གཞི་ཡོང་བར་ཞེད་སྣང་བྱེད་ཀྱིན་ཡོད། དེ་ནི་ཁོ་ཚོའི་བསམ་བློའི་གོ་རྟོགས་མ་སད་པའི་སྔོན་དུ་གཙོ་བདག་དང་། དེའི་རྗེས་འཇུག་པ་ཚོས་བསམ་བློོ་བསྒྱུར་བས་རེད། མི་དེ་ཚོས་གཙོ་བདག་གིས་ཅི་ཙམ་ནོར་འཁྲུལ་བྱས་ཀྱང་དེ་ལ་སྐྱོན་བརྗོད་བྱེད་པ་ལྟ་ཅི། གཞན་གྱིས་རང་གི་གཙོ་བདག་ལ་ཁ་བཏང་བ་ཐོས་ཚེ་རྨི་ལམ་ཡང་འཁྲུག་ནས་གཉིད་ཉལ་ཡག་པོ་ཞིག་ཁུག་མི་ཐུབ་ཅིང་། ཁ་གཏོང་མཁན་གྱི་མིང་ཙམ་ཡང་ཐོས་ཚེ་ཁོང་ཁྲོ་སྐྱེས་ངེས་རེད།
མི་དེ་ཚོས་ག་དུས་ཡིན་ཡང་གཙོ་བདག་གི་ཡོན་ཏན་ཁོ་ན་བགྲང་བ་ལས་ཉེས་བྱས་མི་བགྲང་བ་མ་ཟད། ཡོད་པ་རྣམས་ཀྱང་དག་སྣང་སྒོམ་ཞིང་འགྲེལ་བཤད་སྣ་ཚོགས་བརྒྱབས་ཏེ་སྦས་སྐུང་བྱེད་ངེས་ཡིན། གཙོ་བདག་གི་མཚན་མཐོང་ལ་གནོད་པའི་གཏམ་བརྗོད་དང་རྩོམ་ཡིག བྱ་སྤྱོད་ངོམས་མཁན་སུ་ཞིག་ཐོན་ཡང་། སྦལ་བ་རྨ་ཅན་དུ་བརྩིས་ནས་གནོན་ཤུགས་སྤྲད་པས། གོ་རྟོགས་སད་མཁན་གྱི་མི་མང་པོ་འཇིགས་སྣང་གིས་སྐད་ཆ་བཤད་མི་ཐུབ། མ་སད་མཁན་ཚོ་ལ་ག་དུས་ཡིན་ཡང་གཙོ་བདག་གི་བཟང་ཆ་ཁོ་ན་བསྒྲགས་ཤིང་། བསམ་བློ་སྒྱུར་ནས་ལུགས་སྲོལ་དེ་དར་སྤེལ་གཏོང་བར་འབད་ངེས་རེད། དེའི་མིང་ལ་དབྱིན་སྐད་དུ brainwashing ཟེར།
ཁ་ཆེ་ཚོས་ཀྱང་དབུ་མེད་རྣམས་ཆེས་ཆུང་དུས་ནས་གཉེན་སྒྲིག་བྱེད་དུ་བཅུག་སྟེ་བློ་ཁ་སྒྱུར་ཞིང་། ཁ་ཆེའི་གོམས་སྲོལ་རྒྱུན་གནས་བྱེད་པ་འབད་བརྩོན་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་བུད་མེད་རྣམས་ནར་སོན་ཚེ་བར་དུ་བཞག་པ་ཡིན་ན་སྐྱེས་བ་རྣམས་ཀྱིས་ཅི་འདོོད་དུ་བཀོལ་སྤྱོད་བྱེད་པར་འགོག་རྐྱེན་ཡོད་་ཁར། ཁ་ཆེའི་གོམས་སྲོལ་བཞིན་ཚེ་གང་སྐྱེས་བ་གཅིག་ལ་བརྟེན་པར་དཀའ་ངལ་འཕྲད་པས་རེད།
ཀླད་པ་དཀྲུས་ཟིན་པའི་མི་ཚོས་ག་དུས་ཡིན་ཡང་གཙོ་བདག་ནི་བདེན་པ་དང་གནས་ལུགས་ཀྱི་རྒྱལ་པོ་ལ་སྒོམ་ཞིང་། ཡོད་ཚད་དེ་ཡི་དགོངས་པ་ལ་བརྟེན་ནས་ལྕི་ཡང་འཇལ་ཕྱིིན། གཙོ་བདག་གི་དགོངས་པ་ལས་ལྷག་པའི་རྒྱུ་མཚན་དང་བདེན་པ་ཞིག་བགྲོ་གླེང་བྱེད་ས་མེད།
དེར་བརྟེན། ཁོང་ཚོའི་བདེན་པ་དང་དོན་དམ་གྱི་བདེན་པ་ནི་གཙོ་བདག་གི་བཀའ་ཡིན་ལ། དེ་རྙེད་ཆེད་དུ་དུས་ཀུན་གཙོ་བདག་གི་གསུངས་ལ་སློབ་སྦྱོང་བྱེད་དགོས་ཤིང་། དེ་ལྟར་བྱེད་པར་མོས་པས་གཙོ་བདག་ནི་མི་ཚེའི་སྐྱབས་གནས་དང་། བདེན་པ་ཡི་མཐའ་ཐུག་ཁོ་ན་དེ་ཡིན། གལ་སྲིད་སུ་ཞིག་གཙོ་བདག་གི་དགོངས་པ་དང་འགལ་ན། དེ་ནི་བདེན་པ་དང་སྐྱབས་གནས་དང་འགལ་བས་སུས་ཀྱང་བཟོད་སྒོམ་བྱེད་མི་ཐུབ་ལ། མི་བྱེད་པས་དུས་རྒྱུན་དད་པ་རིང་ལུགས་པ་ཚོས་གང་ཞིག་གཙོ་བདག་གི་དགོངས་པ་ཡིན་མིན་གྱི་རྩོད་པ་དང་འཐབ་འཛིང་བྱས་ནས་འདུག་ངེས་རེད།
གལ་སྲིད་གཙོ་བདག་གིས་ཉེས་པ་ཡོད་མེད་ལ་མ་ལྟོས་པར་དངོས་སུ་མི་དེ་ཚོ་ལ་ཉེས་ཆད་དང་། སྲོག་ཁྲིམས་གང་ཞིག་བཅད་ཀྱང་ལེགས་སོ་ཞེས་ནས་རང་ཉིད་ཀྱི་གཟི་བརྗིད་དང་བསོད་ནམས། གཏང་རག་ཏུ་སྒོམ་རྒྱུ་ལས་དགག་པ་ཡོད་མི་སྲིད་ཅིང་། དེ་གནས་ཀྱི་སྤྱི་ཚོགས་ཀྱིས་ཀྱང་དེ་བཞིིན་གནས་ལུགས་ཀྱི་མཐུན་ཕྱོགས་ཁོ་ན་བགྲང་ཏེ། གཙོ་བདག་ལ་རྒྱབ་སྐྱོར་བྱེད་ངེས་རེད། དེ་ནི་དད་པ་ཡི་རྟག་མཐའ་རིང་ལུགས་པའི་སྤྱི་ཚོགས་དང་མི་ཚོའི་ཁྱད་ཆོས་གཙོ་བོ་དེ་རེད།
གལ་སྲིད་ཕུན་དབང་གིས་མོའོ་དང་གུང་ཁྲན་ལ་དད་པ་བྱེད་པ་ནི་ན་ཚ་ཞིག་ཡིན་ཚེ། ཁོ་གཅིག་བུ་མིན་པ། བོད་ཀྱི་དད་པའི་རྟག་མཐའ་རིང་ལུགས་པ་ཀུན་ལ་ན་ཚ་དེ་གཅིག་མཚུངས་སུ་ཡོད་པས་དེ་བཅོས་སྒྱུར་བཏང་དགོས་ཚེ་སེམས་ཁམས་སྨན་ལ་བསྟེན་དགོས་ཤིང་། དེ་དག་ལས་ཛ་དྲག་ཅན་ཚོ་སེམས་ཁམས་སྦྱོང་བརྡར་བྱེད་སའི་སྨན་ཁང་དུ་འགྲོ་དགོས་ངེས་རེད། ཡིན་ཡང་། ན་ཚ་ལྗིད་ཁོག་ཅན་ཚོ་ནི་ཚེ་གཅིག་ལ་ནད་པ་ཆགས་ནས་དད་པའི་བཀག་རྒྱ་ལས་གྲོལ་མི་ཐུབ་པས། དེ་ནི་སྐྱག་ལངས་སུ་ཤོར་བའི་ཛ་དྲག་གི་དུག་རྐྱལ་དང་ཆང་རྐྱལ། ཐ་མ་ནག་པོ་འཐེན་མཁན་ལྟ་བུ་བཅོས་ཐབས་དཀའ་བ་མ་ཡིན་ནམ།
གང་ལྟར་ཕུན་དབང་ལ་མི་རིགས་ཀྱི་ཤ་ཞེན་དང་ལ་རྒྱ་ཡོད་པ་མ་ཟད། དེ་དག་ཁོང་གི་ཚེ་མཇུག་ཏུ་ལག་ལེན་གང་འཚམས་ཞིག་བསྟར་བས་རྒྱ་ནག་གཞུང་ཡང་ཁོང་གི་སྒང་ལ་ལྟ་སྟངས་ཡག་པོ་ཞིག་མེད་པ་དངོས་འབྲེལ་རེད། ཡིན་ཡང་། དད་པ་དང་གུང་ཁྲན་གྱི་དམ་ཚིག་གི་དབང་གིས་ཕུན་དབང་རྒྱ་ནག་གི་གཡོ་འོག་ཏུ་ཚུད་ཅིང་ཕམ་ཁ་མྱངས་པས། ཁོའི་བསྒྲུབས་པའི་གྲུབ་འབྲས་ལས་ཀྱི་བརྒྱ་ཆའི་མང་ཤོས་རྒྱ་ནག་ལ་ཐོབ་ཡོད། དེ་ནས་ཉུང་ཤས་ཤིག་ལས་བོད་ལ་ཐོབ་མེད་པ་བདེན་པ་རེད།
ལྷག་པར་དུ་མང་གཙོ་སྤངས་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱང་ཕན་གནོད་གང་ཞིག་འབྱུང་བ་ད་ལྟ་སྒུག་སྡོད་ཀྱི་གནས་ཤིག་ཡིན་ཁར། སྲིད་སྐྱོང་གིས་དེ་ལྟར་བརྗོད་ནས་ལོ་ཙམ་ཕྱིན་ཡང་རྒྱ་ནག་གིས་ད་དུང་ཡ་ལན་མི་འདུག འོན་ཀྱང་། མང་གཙོ་མི་དགོས་ཟེར་བ་དང་མཉམ་དུ་རྩོད་རྙོག་གི་ས་བོན་ཞིག་བཙུགས་ཟིན་པ་གོང་བཀོད་ཀྱི་རྩོམ་ཡིག་ལྟར་རེད་ལ། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོ་ལའང་སྐད་ཆ་བཤད་སྟངས་མི་ཤེས་པ་ཆགས་འདུག ཆབ་སྲིད་པ་རེད། རང་དོན་འགྲུབ་ན་མང་གཙོ་དང་རང་དབང་། འགྲོ་བ་མའི་ཐོབ་ཐང་དག་ཀྱང་གཡུག་རྐྱང་བྱེད་པས། ད་བར་དུ་སྨྲ་བརྗོད་ཀྱི་རང་དབང་དགོས་ཞེས་པའི་སྐད་འབོད་བྱེད་པའང་རིན་མེད་དུ་ཆགས་འདུག ཡིན་ཏེ། མང་གཙོ་མེད་ན་སྨྲ་བརྗོད་ཀྱི་རང་དབང་མེད་པ་ཡོངས་གྲགས་ཡིན་པས་ཡིན། ད་ནི་རྒྱ་ནག་གིས་བོད་མིིའི་སྒྲིག་འཛུགས་ཀྱི་དགོས་འདོད་ལ་ཁ་ཡ་མ་བྱས་ཚེ། མར་ལ་འབབ་ས་དཀའ་ལ། བབས་ཀྱང་ཁ་ཡ་མ་བྱས་ན་ཐབས་ཤེས་ཅི་ཞིག་ཡོད་དམ།།
http://www.jamyangnorbu.com/blog/2014/04/03/phuntsok-wangyal-and-the-arrogance-of-treason/
ཡག་བྱུང་ཨ།
འཇམ་ནོར་ནི་ཆབ་སྲིད་པ་ཡང་དག་ཅིག་མ་རེད། འཇམ་ནོར་གྱིས་ཕྱི་དགྲ་བོ་རྒྱ་དམར་ལ་ཁ་གཏད་བཅག་རྒྱུ་ལས་ནང་སོ་སོའི་དབུ་ཁྲིད་དང་གཞུང་ལ་ཁ་གཏོང་རྒྱུ་ཧ་ཅང་མང་། སྤྱིར་གནས་ལུགས་རྒྱུ་མཚན་ཡོད་ན་དམངས་གཙོའི་ལུང་པར་སྨྲ་བརྗོད་རང་དབང་ཡིན་ཡང་། འཇམ་ནོར་གྱིས་དོལ་རྒྱལ་བ་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་གསལ་པོ་ཡིན། དོལ་ཚོགས་ནི་དེང་སྐབས་རྒྱ་དམར་གྱི་ལག་གཡོག་གཙོ་བོ་ཞིག་ཆགས་ཡོད་པ་ས་རིས་ཐང་གསལ་ཡིན་པས། འདི་ལྟ་བུའི་མི་ལ་འབྲེལ་བ་བྱེད་པ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ་སྟན་ཡོད། ཆབ་སྲིད་པ་ནི་ཕུན་དབང་ལྟ་བུ་ཞིག་དགོས་པ་རེད། ཁོ་རང་ཆུང་དུས་ནས་གུང་ཕྲན་ནང་ལ་ཞུགས་པ་དང་དམར་པོའི་ལྟ་བ་ལ་སློབ་སྦྱོང་བྱས་ཏེ། རྒྱ་གཞུ་གི་མགོ་ཁྲིད་ཀྱི་གནས་བབ་མཐོན་པོ་འཛིན་མྱོང་ཡང་། གོང་ས་མཆོག་ལ་དགའ་ཞེན་དང་བོད་མི་རིགས་བདེ་སྡུག་ལ་སེམས་ཁུར་ནམ་ཡང་འགྱུར་མེད་པ་ཁོང་གི་ལོ་རྒྱུས་དང་བྱེད་བབ་ལ་ལྟས་ན་ཤེས། ཁོང་གིས་རྒྱ་དམག་བོད་ལ་ཁྲིད་ཡོང་བ་རེད་ཟེར་བ་དེ་ཡང་དངོས་ཡོད་གནས་ཚུལ་ཞིག་མ་རེད། ཕུན་དབང་རྒྱ་དམག་མཉམ་དུ་བོད་ལ་མ་ཡོང་གོང་ནས་བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་པོ་རྒྱ་མིའི་བཟུང་ཟིན་པ་རེད། གང་ལྟར་ཕུན་དབང་ཡོད་རུང་མེད་རུང་རྒྱ་དམག་གིས་བོད་རིམ་པས་བཙན་བཟུང་བྱེད་རྒྱུ་ཡིན་པ་གཏན་ཁེལ་ཟིན་པའི་གནས་ཚུལ་ཞིག་རེད།
༤དམངས་གཙོ་རིང་ལུགས་པ་ལ་དད་པ་བྱེད་མཁན་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་དགྲ་རུ་འཛིན་པ་དང་ཤོག་དངུལ་ལ་དོན་དམ་པའི་སྐྱབས་གནས་སུ་འཛིན།
# 23 ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:
April 9th, 2014 at 11:05 AM
འཇམ་ནོར་ནི་ཆབ་སྲིད་པ་ཡང་དག་ཅིག་མ་རེད། འཇམ་ནོར་གྱིས་ཕྱི་དགྲ་བོ་རྒྱ་དམར་ལ་ཁ་གཏད་བཅག་རྒྱུ་ལས་ནང་སོ་སོའི་དབུ་ཁྲིད་དང་གཞུང་ལ་ཁ་གཏོང་རྒྱུ་ཧ་ཅང་མང་། ་་་་་་་་་
་་་་་་ ཁོང་གིས་རྒྱ་དམག་བོད་ལ་ཁྲིད་ཡོང་བ་རེད་ཟེར་བ་དེ་ཡང་དངོས་ཡོད་གནས་ཚུལ་ཞིག་མ་རེད། ཕུན་དབང་རྒྱ་དམག་མཉམ་དུ་བོད་ལ་མ་ཡོང་གོང་ནས་བོད་ཤར་ཕྱོགས་ཀྱི་ས་ཁུལ་མང་པོ་རྒྱ་མིའི་བཟུང་ཟིན་པ་རེད། གང་ལྟར་ཕུན་དབང་ཡོད་རུང་མེད་རུང་རྒྱ་དམག་གིས་བོད་རིམ་པས་བཙན་བཟུང་བྱེད་རྒྱུ་ཡིན་པ་གཏན་ཁེལ་ཟིན་པའི་གནས་ཚུལ་ཞིག་རེད། ་་་་་་་
བོད་རང་བཙན་པ་ལ་རང་བཙན་གྱི་བདེན་ཁ་ཡོད། དབུ་མ་ལམ་པ་ཚང་ལ་དབུ་མའི་ལམ་གྱི་བདེན་ཁ་ཡོད། ཆོས་ལུགས་ཕྱོགས་ཞེན་པ་ལ་ཕྱོགས་ཞེན་གྱི་བདེན་ཁ་ཡོད། ཡོངས་རྫོགས་བློས་གཏོང་གནང་སྟེ་རྒྱ་འོག་ཏུ་འགྲོ་མཁན་ལ་རྒྱ་འོག་ཏུ་བསྡད་དགོས་པའི་རྒྱུ་མཚན་དང་། སྒེར་གཅོད་པ་ལ་སྒེར་གཅོད་ཀྱི་རྒྱུ་མཚན་སོགས་གྲངས་ལས་འདས།
ཕུན་དབང་སེམས་ཐང་ཐང་མེད་ན། ང་ཕོད་དང་། མའོ། འཇམ་ནོར་དང་། ལྷག་བསམ་ཡང་སེམས་ཐང་ཐང་མེད་པ་ཐག་གཅོད་ཐུབ་པ་རེད་སྙམ་མོ།། །།
ཤེས་ཡོན་ཅན་མི་བཞི་པོ་ཚང་མ། སེམས་ཐང་ཐང་ཡོད་ན་ཡོད་མཉམ། མེད་ན་མེད་མཉམ་ཡིན་དགོས་པས་་་་་་
འཇམ་ནོར་མ་ཤི་བར་དུ་༸གོང་ས་མཆོག་ལ་གཞིར་མེད་བསྐུར་འདེབས་དང་ཟུར་ཟ་རྒྱུན་ཆད་མི་སྲིད། འཇམ་ནོར་མ་ཤི་བར་དུ་བོད་རང་བཙན་ཁ་ལ་འཁྱེར་ཏེ་བོད་པའི་སྤྱི་ཚོགས་ཕུ་འདའ་བར་གསུམ་དུ་དཀྲུག་འདོད་ཀྱི་ངན་སེམས་དེ་ཡལ་མི་སྲིད། འཇམ་ནོར་མ་ཤི་བར་དུ་སྲིད་སྐྱོང་ལ་འཁོན་སེམས་མཚམས་འཇོག་མི་སྲིད། མ་གཞི་ནི་འཇམ་ནོར་འདི་ནི་བྱེའུ་འགར་སེར་མ་ལ་ཕྲ་གཅིག་སྐྱེས། །དེ་ཡང་རང་དགྲ་རང་གཤེད་རེད། །ཟེར་སྲོལ་ཡོད་པ་བཞིན་ཁོ་པའི་རྩོམ་ཉོག་ཐན་ཐུན་འབྲི་ཤེས་པ་འདི་ཡང་༸གོང་ས་ཡིད་བཞིན་ནོར་བུའི་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་གཞི་རིམ་སློབ་ཆུང་ནས་མཐོ་སློབ་བར་དུ་གོམ་པ་འཆར་ཆོར་སྤོས་ནས་འགྲོ་ཐུབ་པ་དེར་དྲིན་ལེན་ལོག་མཇལ་དངོས་སུ་བྱེད་ཀྱིན་ཡོད། ལྷག་པར་དུ་སྲིད་སྐྱོང་ལ་སྙིང་དགོས་དོན་ངོ་མ་ནི་བཙན་བྱོལ་ནང་དུ་ཁོང་ཚོས་གཡས་གཡོན་གྱི་མི་ཐོག་ནང་ནས་ཁོ་རང་མཁས་དབང་དང་འཇོན་ཐང་ཅན་ཞིག་རློམས་བསྡད་པའི་སྐབས་སུ་མཁས་དབང་བློ་བཟང་སེངྒེ་མཆོག་གིས་སྙན་གྲགས་ལྡན་པའི་ཧ་ཝ་ཌི་ནས་ཕྱག་འཁྱེར་བཞེས་མ་ཐག་ནས་སྲིད་སྐྱོངས་ཀྱི་གོ་གནས་བཟུང་ཡོད་དེར་སྙིང་མ་དགའ་བས་དབང་གིས་སྔོན་མ་ཡང་སྡུག་སྐད་ཡང་ཡང་ཤོར་ཡོད་ལ་ད་དུང་ཡང་ཤོར་ངེས་རེད། མདོར་ན་ཁོ་པའི་སྨྱུག་རྩེ་གཏད་ས་བོད་མིའི་ནང་ཁུལ་ལས་དགྲ་ཕྱོགས་སུ་གཏན་ནས་མིན། སྐབས་རེར་འཁྲབ་སྟོན་ཙམ་དུ་རེ་ཟུང་འབྲི་ཁུལ་བྱེད། ད་དུང་དྲྭ་འབུ་ཅོ་རི་བ་གཙོས་པའི་གཡམ་རྒྱུག་མཁན་ཁ་ཤས་ཀྱི་གོ་བ་མེད་ན་ཡོད་མདོག་དང་། ཉམ་མྱོང་མེད་ན་ཡོད་མདོག་སྟོན་ཡོང་དུས་གད་མོ་རྐུབ་ནས་ཤོར་དགོས་འདུག །
དམངས་གཙོའི་རིང་ལུགས་པ་ཚོས་རྒྱལ་ཁབ་སྤྱི་པའི་གནད་དོན་ཐག་གཅོད་བྱེད་པ་ལ་མི་དམངས་གཙོ་བོ་འདོད་པ་དང་། མི་སྒེར་གྱི་གནད་དོན་ཐག་གཅོད་བྱེད་པ་ལ་རང་ཐག་རང་གཅོད་འདོད་པ་འདི་ནི་འཛམ་གླིང་ཐོག་གི་ལྟ་གྲུབ་ཡག་ཤོས་རེད་བསམས་ཀྱི་ཡོད།
སྒོར་མོ་སྐྱབས་གནས་འཛིན་གྱི་རེད་ཟེར་བ་འདི་ཆོས་ལུགས་པས་རྙོག་བཤད་དང་གྱོད་ཚིག་འཕང་སྟངས་ཤིག་རེད་མ་གཏོགས་འཛམ་གླིང་འདིའི་འགྲོ་བ་མིའི་རིགས་ཀྱིས་སྒོར་མོ་དོན་གཉེར་བྱེད་བཞིན་ཡོད་པར་ཕོ་མོ་དང་སྐྱ་སེར་དབྱེ་བ་མེད་པ་གཅིག་མཚུངས་ཡིན། དམངས་གཙོའི་རིང་ལུགས་དང་ཆོས་ལུགས་པ་གཉིས་ཡང་གཅིག་མཚུངས་རེད། ཚང་མས་སྒོར་མོ་དོན་གཉེར་བྱེད་ཀྱི་ཡོད།
དམ་པ་དགེ་ཆོས་མཆོག་གིས།
ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པ།
རྩོད་པའི་འུར་སྒྲ་བསྒྲགས་པའི་འཇིག་རྟེན་འདིར།
མི་དམངས་གང་ལ་དགའ་དེར་བདེན་པ་དང་།
ཁ་མང་གང་ལ་མཐུན་དེར་གྲུབ་མཐའ་སྣང་།་ཅེས་གསུངས་ཡོད།
མི་མང་ཤོས་ཀྱིས་དམར་ཕྱོགས་པ་དང་ཆོས་ལུགས་པའི་སྒེར་གཅོད་པ་ལ་དགའ་པོ་བྱེད་ན་མུ་མཐུད་ནས་སྒེར་གཅོད་པ་འདི་གཉིས་གནས་ཐུབ་ངེས་རེད། མི་མང་ཤོས་ཀྱིས་འདི་གཉིས་ལ་བདེན་ཁ་སྤྲོད་ན་འདི་གཉིས་དོན་དམ་པའི་བདེན་པ་སྡོད་ངེས་རེད།
ཡིན་ཀྱང་་་་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་་སོ་སོར་སོ་སོས་བདེན་ཁ་རེ་སྤྲད་ནས་བསྡད་ཡོད་པ་འདི་ཡང་དངོས་ཡོད་ཡིན། སོ་སོས་སོ་སོར་ལ་རྒྱབ་ཀྱི་བཀའ་ལུང་རྡོ་རྗེ་ལྟ་བུ་རེ་དྲངས་ཀྱི་ཡོད་པ་ཡང་ཐག་གི་ཆོད།
དམ་པ་དགེ་ཆོས་མཆོག་གིོས།
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ།
དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ།་་་་་ཞེས་གསུངས་ཡོད།
བཀའ་ལུང་ག་ཚོད་དྲངས་ནའང་འདྲ། གཏན་ཚིགས་ག་ཚོད་འགོད་ནའང་འདྲ། མཐའ་མའི་ཐག་གཅོད་མི་དམངས་ཀྱིས་བྱེད་ཀྱི་རེད། འདི་འཇིག་རྟེན་རེད། འདི་འཁོར་བ་རེད། འདི་ཀུན་རྫོབ་ཀྱི་རྣམ་བཞག་རེད། འདི་དམངས་གཙོའི་འགྲོ་ལུགས་རེད། དོན་དམ་སྟོང་ཉིད་དང་དཔལ་ལྡན་ཟླ་བ་གཉིས་ཕམ་ཁ་ཁུར་ནས་བསྡད་ཀྱི་ཐབས་ཤེས་ག་རེ་ཡོད་དམ། ཧཧཧ
མི་དམངས་སྨྱོ་ནས་ཁྱི་ལ་སེང་གེ་རེད་ལབ་ཀྱི་ཡོད་ན་་་སྨྱོ་མེད་པའི་མི་གཅིག་གིས་ཁྱི་དེ་སེང་གེ་མིན་པ་ཤེས་ནའང་སེང་གེ་མ་རེད་ལབ་ན་སྤྱི་ཚོགས་ཀྱིས་མི་དེ་སྨྱོན་པ་རེད་ཟེར་གྱི་རེད།ཧཧཧ དཔེར་ན་་་
དོན་དམ་སྟོང་ཉིད་དང་དཔལ་ལྡན་ཟླ་བ་གཉིས་ཕམ་ཁ་ཁུར་ནས་བསྡད་ཀྱི་ལས་ཐབས་ཤེས་ག་རེ་ཡོད་དམ། ཧཧཧ་་་ཞེས་བཅོས་རོགས་བྱོས།
ཨ་ནུས་དུས་ཐོག་གི་ཆར་བ་ཕབས་སོང། ཤར་ཁུག་གིས་ཕུན་དབང་ལ་རྒྱབ་སྐྱོར་གྱི་ཚ་གདུང་མནར་དུས། ཨ་ནུས་ཆར་ཆེན་ཕབས་སོང། དེ་བཞིན་གྲོགས་ཅོ་རི་ནས་རྣམ་དཔྱོད་ཅན་གྱི་རིགས་པ་རྒྱུ་མཚན་དང་བཅས་ཏེ་དད་གསུམ་གྱི་སྣང་ཚུལ་རེ་རེར་རང་རང་སོ་སོར་བདེན་ཁ་རེ་ཡོད་ཚུལ་བཤད་པ་དེ་ཡིད་ལ་བབ་པོ་བྱུང་བཀའ་དྲིན་ཆེ། རེད་ནང་པས་ནང་པའི་བསྟན་པ་དེ་བསྟན་པའི་ནང་ནས་མཆོག་ཡིན་ཟེར། དེ་ལ་བརྟེན་ནས་དེའི་དོན་དུ་ལུས་སྲོག་བློས་གཏོང་བྱེད་པ་དང། བསྟན་པར་འཚེ་བའི་དགྲ་རྣམས་བསྒྲལ་བའི་ཞི་ཡིན་ཟེར་དེ་དག་མ་བསྒྲལ་ན་གསང་སྔགས་ཀྱི་དམ་ཚིག་དང་འགལ་གྱི་ཡོད་ཟེར། ཁ་ཆེ་བ་ཚོས་ཆོས་དམག་དང་ལྷ་དམག་ཟེར་ནས་རང་གི་བསྟན་པ་བསྲུང་བའི་ཕྱིར་དུ་དམག་སློང་བ་དང་རང་གི་ཆོས་ཀྱི་དོན་དུ་ཤི་ཐུབ་ན་ཨ་ལ་ཡིས་ཐར་བར་འདྲེན་གྱི་རེད་ཟེར་བ་དང། དེ་བཞིན་ཡེ་ཤུ་ཡང་དེ་ག་རང་རེད།
ཅོ་རི་ཉི་མས། འདིར་དཔལ་ལྡན་ཟླ་བ་འདིར་འཚང་བྱུང་བ་དང་། བན་དེ་བས། བན་པོར་མངོན་སྤྱོད་ཡོད་པ་ཤོད་རྒྱུ་བརྗེད་པ་འདྲ། ཧཧ།། །།
སྙིང་ཉེ་བའི་དྲ་གྲོགས་བན་དེ་བ་ལགས་ཀྱི་བློ་ལ་བབ་པོ་བྱུང་བར་དགའ་པོ་བྱུང་། ཤར་ཁུག་གི་ཁ་རྩེད་དགོས་མ་རེད། ཚང་མ་རྒྱུས་ཡོད་རེད་བ། ངས་ནི་ཁོའི་རྩོམ་ཡིག་ཡང་ཆ་ཚང་བཀླགས་མེད། ཤར་ཁུག་གིས་་་ངེད་ཀྱི་དབུ་མའི་ལམ་གྱི་འཐབ་གྲོགས་ཟེར་བ་ཙམ་གྱིས་དགོད་མོ་ཤོར་ནས་ཤི་ཐལ། དབུ་མའི་ལམ་མི་དམངས་ལས་འགུལ་ཁང་གིས་ཤར་རྒྱང་ཕུད་རྒྱག་ཚར་བ་རེད། ད་དུང་་་ངེད་གྱི་དབུ་མའི་ལམ་གྱི་འཐབ་གྲོགས་འདྲ་ཞིག་ཟེར་ནས་ངོ་ཚ་ཡ་མི་འདུག་ག་་་་ཧཧཧཧ
ང་ལ་ལྟད་མོ་ཆེ་ཤོས་འདི་བྱུང་སོང་། ཐེག་མར་ཤར་ཁུག་ཁུ་སིམ་མེར་བསྡད་སོང་། ཟམ་གདོང་གིས་ཕུན་དབང་ལ་བསྟོད་པ་བརྒྱབ་རྗེས་སུ་ཤར་ཁུག་གིས་’ངའི་དབུ་མའི་ལམ་གྱི་འཐབ་གྲོགས’ཟེར་ནས་བཤད་སོང་། འཇམ་ནོར་ལགས་ཐོག་མར་འཇམ་ཐིང་ཐིང་རེད། རྒྱལ་བ་རིན་པོ་ཆེས་ཕུན་དབང་མི་རིགས་ཀྱི་དཔའ་བོ་རེད་ཅེས་བཤད་པ་ལ་ཁ་གཏད་གཅོག་ཆེད་དུ་ཕུན་དབང་གིས་བཅིངས་འགྲོལ་དམག་ལ་སྐྱེལ་འདྲེན་རོགས་བྱས་ཚུལ་སོགས་ཀྱིས་ཕུན་དབང་ནག་པོར་བསྒྲུབས་སོང་། འདི་འདྲ་བའིདྲ་བའི་ཆགས་སྡང་ཕྱོགས་རིས་དེ་རྒྱུན་ལྡན་ཡིན་པས་མང་ཚོགས་ཀྱིས་ཀྱང་དེ་ལུགས་ཤེས་དགོས་པ་གལ་ཆེན་རེད་བསམ།
འཇམ་ནོར་དང་མཁྱེན་ལྡན་ཡངས་པའི་དྲ་གྲོགས་མང་པོས་བོད་ཕོངས་བྱེད་ངོ་མ་དེ་དད་པ་དང་རྨོངས་དད་ལ་ཐུག་ཡོད་པ་གསུང་གི། ཕུན་དབང་གི་དེ་ལྟར་འདོད་པ་ཙམ་མ་ཡིན་པས་རྨོངས་དད་ཀྱི་བཅིང་པ་ལས་གྲོལ་ཆེད་སྤྱི་ཚོགས་རིང་ལུགས་འདི་བོད་ལ་གདན་འདྲེན་ཞུས་པ་རེད་འདུག། ཚང་མ་བློ་མཐུན་རེད་འདུག།
༄། སེམས་ཁམས་ཚན་རིག་པས་ཕུན་དབང་ལ་ཞིབ་འཇུགས་བྱེད་དགོས་དོན་མེད་ གང་ལ་ཟེར་ན་ཁོང་དགོང་ལོ་སྨིན་ནས་དགོང་པ་འཛོགས་པ་རེད་ ངས་གཏད་ན་འཇམ་ནོར་འདི་སེམས་ཁམས་སྨན་ཁང་ལ་འགྲོ་རན་འདུགས་་གོའོ་ དེ་མིན་ཁ་ཏོང་གཤས་ནས་གང་ཡོང་པེ་གཅིང་ལ་སོང་ནས་རང་བཙན་ལེན་ དེ་དུས་ང་ཚོས་ལག་པ་འདབ་མཆོགས།
ཨ་ནུ་ཐང་བསོད་ནམས་ལགས་རྣམ་དཔྱོད་འདུག མི་དྲང་པོ་ཁ་ཞེ་གཉིས་མེད་ཡིན་ས་རེད། ཡིན་ན་ཡང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མ་དེ་ལ་ཆ་རྒྱུས་ཅི་ཙམ་ཡོད། བོད་མིའི་རྨོངས་དད་ཡིན་ན་འདྲ། ་ཤེས་དད་ཡིན་ན་འདྲ། འདི་མེད་དུས་ཁག་པོ་རེད་བསམ་གི། རྒྱ་ནག་གི་འོག་གི་གྲངས་ཉུང་མི་རིགས་གཞན་པ་ཚོ་དང་བསྡུར་ན་བོད་མི་དང་ཡུ་གུར་བ་གཉིས་ཀས་འཕག་འཚག་འདྲ་ཞིག་རྒྱག་བཞིན་ཤི་མ་གསོན་དུ་ལུས་ཡོད་པ་དེ་རྨོངས་དད་ཀྱི་ནུས་པ་མིན་ན་ཅི་ཡིན།
ཨ་ལས། ཨ་ཁུ་སྤོབས་པ་ལྟད་མོ་བ་ཨེ་ཡིན། ངས་ལྟར་ན་ལྟད་མོ་བ་མིན་པར་འཁྲབ་སྟོན་པའི་གྲས་སུ་ཡོད་པ་རེད་དྲན་ཡོད།
ཕུན་དབང་གིས་ཏང་ལ་བློ་སྙིང་བྲང་གསུམ་གཏད་ཀྱང་འདོད་ཐོག་ཏུ་རྟ་མ་རྒྱུགས་པར་བློ་འགྱོད་དང་བཅས་འཇིག་རྟེན་འདི་ནས་ཞལ་དགྱེས་དགོས་བྱུང་བ་རེད། ཟམ་གདོང་གིས་ཀྱང་ཏང་ཡོན་གཅིག་སློབ་དཔོན་དུ་བརྟེན་ནས་ཏང་ཀྲུང་དབྱང་སྲིད་གཞུང་ལ་མགོ་འབུལ་ལུས་འབུལ་ཞུས་ཀྱང་ཏང་གིས་ཁ་ཡ་མི་བྱེད་ཁར་སློབ་དཔོན་ཡང་གྲོངས་སོང་བས་ཅི་བྱ་གཏོལ་བྲལ་གྱིས་ཞལ་སྐྱེངས་པོས་ངུ་གྲབས་ངུ་གྲབས་རེད། དེའི་རྗེས་སུ་ཟམ་གདོང་བླ་མའི་སྒོ་ཁྱི་ཆུང་ཆུང་ཁོ་ནི་བདག་པོས་ངུས་པ་དང་ལམ་སེང་ངུ་རྐྱང་རེད།
ཆོས་དད་མེད་པའི་བསམ་བློ་གསར་བརྗེ་བ་ཅན་ཞིག་གིས། བོད་ཁམས་ལ་དམག་དྲངས་ནས་མྱི་གསོད་རྟ་འདེད་མང་པོ་མང་པོ་བྱས་མཐར་གསར་བརྗེ་རང་ལུགས་ལ་བསྒྱུར་ཐུབ་པ་བྱུང་བ་རེད། བོད་མགོ་དགྲ་ལག་ལ་བཞག་ཐུབ་པ་འམ། ཁོ་རང་གི་དམིགས་མདུན་གྱི་ཉི་མ་བོད་པའི་མགོ་ཐོག་ལ་ཤར་དུ་བཅུག་ཐུབ་པ་རེད།
ཡིན་ན་ཡང་། ཡིད་སྐྱོ་བ་ཞིག་ལ། བསྐྱར་དུ་ཡང་ཆོས་སྒོ་ཕྱེ་སུ་བཅུག་པ་དང་། ཆོས་ལུགས་དད་མོས་རང་དབང་གི་བསམ་བློ་ཁུར་ཡོང་བ་རེད་ཟེར། དང་པོ་དགྲོ་ལ་ཕར་སྤྲད། དེ་ནས་དགྲ་བོའི་ལག་ནས་ཕྱིར་ལ་དག་ཙམ་དག་ཙམ་རག་ཐབ་བྱས་བ་རེད་ཟེར། འདི་ཚོ་ཚང་མ་ཁོང་གི་གཟི་བརྗིད་རེད་ཟེར། ད་ཡིན་ན་ཁྱེད་ཚོ་ལ་ཅི་གང་མི་འདུག།
ད་མི་འདི་ལ་སྙིང་བོ་ཞིག་དང་། རང་དབང་ཞིག་འདུག་གམ། དགྱ་ནག་ཚང་གི་གནམ་གཤིས་ཡག་སྡུག་ཙམ་ལས། མི་ཁོས་རྒྱལ་ཞེན་གྱི་ནུས་བ་ཞིག་དོན་མེད་པ་གསལ་བོ་རེད། དེ་མིན་ན་ནང་འགལ་ཅན་གྱི་བྱ་བ་རྐྱང་བྱས་ནས་མྱི་ཚེ་ཚར་འཇུག་ལེ་མ་རེད། དགའ་དགའ་ཚོ།
ཕུན་དབང་དམར་ཕྱོགས་གཙང་མ་དང་རྣམ་དག་ཅིག་ཡིན་པ་ལས། ཆབ་སྲིད་ཐོག་གླེན་པ་གླེན་ནག་ཅིག་ཡིན་ཚོད་འདུག རྒྱ་དམར་གཞུང་གིས་གསར་བརྗེ་ལ་ཁ་གཡར་ནས་སྲིད་དབང་བཟུང་བ་རེད། རྒྱ་ནག་ལ་མཚོན་ན་གསར་བརྗེ་ཟེར་བ་དང་དམར་ཕྱོགས་པའི་ལྟ་བ་སོགས་ནི་མི་མང་ལ་མགོ་སྐོར་གཏོང་ཆས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་རེད། འབའ་ཕུན་ལ་མཚོན་ན་གསར་བརྗེ་ཟེར་བ་དམར་པོའི་ལྟ་བར་སྤཽབས་པ་དང་དོན་དངོས་ཀྱི་ཡིད་ཆེས་གཙང་མ་བྱེད་མཁན་ཞིག་རེད། མདོར་ན་ཕན་དབང་དང་རྒྱ་གཞུང་གི་འབྲེལ་བ་ནི། བླ་མ་རྫུན་མ་ཞིག་ལ་དད་གུས་གཙང་མ་ཞུ་མཁན་གྱི་དགེ་ཕྲུག་གླེན་པ་ཞིག་གི་འབྲེལ་བ་དང་གཅིག་མཚུངས་རེད།
རྒྱ་མིའི་གཡོ་ཁྲམ་གྱི་སྲིད་བྱུས་ཕྱིས་སུ་མ་གཏོགས་མ་ཤེས་པས་ད་ལྟ་བོད་པ་མྱངས་དང་མྱོང་བཞིན་པ་དེ་ལ་བལྟས་ན་འབའ་བ་ནི་མ་ཚོས་ཕམ་ཁའི་རང་བཞིན་ཞིག་མ་ཡིན་ནམ།
་་་་་་ ད་ལྟ་བོད་པ་མྱངས་དང་མྱོང་བཞིན་པ་དེ་ལ་བལྟས་ན་འབའ་བ་ནི་མ་ཚོས་ཕམ་ཁའི་རང་བཞིན་ཞིག་མ་ཡིན་ནམ། ་་་་་་
བོད་ཆོས་ལྡན་གྱི་ཞིང་ཁམས་སུ། ཆོས་མེད་དད་མེད། ང་ཕོད་དང་། འབའ་ཕུན་སྨྱོ། བཙན་བྱོལ་ཆོས་དད་གུ་ཡངས་ཀྱི་དབུས་སུ། འཇམ་ནོར་དང་ལྷག་བསམ་སྨྱོ། བོད་ལ་ལ་རྒྱ་ཅན་གྱི་བོད་རིགས་བཞི་པོ་འདི་དག བོད་ཕྱི་ནང་གཉིས་ཀྱི་སྨྱོན་པ་གཉིས་ཚན་གཉིས་ཀྱི་ལོ་རྒྱུས། ད་ག་ལེར་ཐོན་ཡོང་བགྱིད་འདུག ཧཧ། སྐུ་རྩེད་དང་བཅས།
སྐབ་དེ་དུས་མགོ་སྐོར་འོག་ཚུད་མཁན་མང་པོ་ཡིན་ས་རེད་དམང་འཕྲོས་དུ་ཞས་འདི་འདྲ་བཞིགས་འདུགས་ རྒྱ་གུང་འཁྲན་དྲིན་གཅན་དྲིན་གཅན་ཕ་མ་རེད་ དངུལ་བདའ་ཡང་ཆར་བབ་པ་ེརེས་
ཨ་ཁུ་སྤོབས་པས་འདིར་ཚར་གཅིག་ཀློག་རོགས་བྱོས། ཁྱོད་ཀྱིས་་་བོད་མི་དང་ཡུ་གུར་བ་གཉིས་ཀས་འཕག་འཚག་འདྲ་ཞིག་རྒྱག་བཞིན་ཤི་མ་གསོན་དུ་ལུས་ཡོད་པ་དེ་རྨོངས་དད་ཀྱི་ནུས་པ་མིན་ན་ཅི་ཡིན།ཞེས་བཤད་པ་འདི་ལ་་་སྐུ་ཞབས་ཞོགས་དུང་ལགས་ཀྱིས་ལན་ཚ་པོ་ཞིག་སྔོན་བརྒྱབས་ཟིན་པ་རེད།
གནས་ས་གོ་འབྱེད་ལས།
སྤྱི་ལོ་དུས་རབས་ཉེར་གཅིག་པའི་དུས་མགོར་སླེབས་པ་ན། མི་བུ་སྒེར་གྱི་ཐོབ་ཐང་གི་གོ་རྟོགས་སད་པའི་རྟགས་སུ་མཐོང་དཀའ་ནའང་། མི་རིགས་དང་རིག་གནས། ས་ཁོངས་སོགས་ཀྱི་འདུ་ཤེས་རྙེད་པའི་དན་རྟགས་སུ། དེ་སྔའི་ལྷ་ས་ཁོ་ན་ཙམ་མ་ཡིན་པར་མདོ་དབུས་ཁམས་གསུམ་དུ་རང་དབང་དང་འདྲ་མཉམ་གྱི་སྐད་གསང་མཐོན་པོར་བསྒྲགས་པའི་ཞི་བའི་གསར་བརྗེ་གཞི་ཁྱོན་ཆེན་པོ་ཞིག་བློ་ཐག་རྦད་ཆོད་དང་ཁ་ཞེ་གཉིས་མེད་ཀྱིས་འཕྱུར་བ་དང་། ལྷ་སར་གསུམ་བཅུའི་དུས་དྲན་ནས་དབུ་བརྩམས་པའི་གསར་བརྗེ་དེ་ནི་རྫིང་ལ་རྡོ་བ་དབྱུགས་པ་བཞིན་ཕྱོགས་བཅུར་མཆེད་ཅིང་། དགོན་གྲོང་དང་ཕོ་མོའི་དབྱེ་བ་མེད་པར་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དུ་འབྲོག་གི་རྩྭ་ཐང་དང་རོང་གི་སྲང་ལམ་གང་ལའང་གནམ་ལ་སྐར་འོད་འཚེར་བ་བཞིན། ས་ལ་མེ་ཏོག་གད་པ་བཞིན་ཤིན་ཏུ་རབ་ཏུ་རྣམ་པར་གཡོས་སོ།།
བྲག་དང་སྒོ་ང་། ཁྲ་དང་བྱེའུ། ར་དང་སྤྱང་ཀིའི་ངང་ཚུལ་ཡིན་པ་ཤེས་བཞིན་དུ། སྟག་དམར་ཡག་རྒྱ་རྫོང་ནགས་དང་འབྲོང་བྲེ་སེར་ཁྲ་ཡག་རྫ་ལ་འཇུག་པ་ལྟ་བུའི་རྟོགས་སད་འདི། མ་གཞི་དུས་ཡུན་རིང་པོར་ཡིད་མཁར་བརྣགས་པའི་རེ་བའི་འདོད་པ་སྐར་མདའ་བཞིན་གནམ་ནས་ལྷུང་བ་དང་། མི་ལོ་མང་པོར་སེམས་ལ་བཅངས་པའི་བདེན་པའི་ན་ཟུག་ཆུ་མིག་བཞིན་ས་ནས་བརྡོལ་བ་ཡིན་ནའང་། སྣོག་རྫུན་འཕྲུལ་གསུམ་གྱིས་སྣ་ནས་ཁྲིད་ཅིང་གཡོ་སྒྱུ་ཁྲམ་གསུམ་གྱིས་རྩིབ་ནས་བསྐྱོར་ལ། གཏུམ་དྲག་བཙན་གསུམ་གྱིས་རྗེས་ནས་བཤར་བའི་མི་ཡུལ་སྒེར་གཅོད་ཀྱི་གཤིན་རྗེའི་འཁོར་ལོ་དེས། རྡུང་འཚིར་གནོན་གསུམ་ནམ་ལངས་པ་འདྲ་བ་ཞིག་དང་སྒྲོ་སྐུར་རྩད་གསུམ་ས་རུབ་པ་ལྟ་བུའི་ལས་ཀྱིས། སྐད་ཅིག་ཉིད་ལ་ཚ་དང་ཚ་བ་ཡང་སོས་དང་གྲང་དང་གྲང་བ་པད་ཆེན་ལྟར་གས་པའི་གནས་ལ་ཁྲེལ་བག་མེད་པར་མངོན་སུམ་གྱིས་བརྫངས་སོང་།
འོན་ཀྱང་། རྒྱུག་པ་ལེབ་རྡུང་བྱས་ཀྱང་དངངས་མ་སྐྲག དཀར་པོ་རུས་རྐང་གཏོར་ཡང་འཇིགས་མ་ཡེར། དམར་པོ་ཁྲག་ལ་བརྫིས་ཀྱང་དཔའ་མ་ཞུམ། རྣོ་ལྕགས་ངར་མ་དང་ལྕགས་སྒྲོག་ཁོལ་མ། མདའ་མདེའུའི་ཚ་དབལ་ལ་བྲང་ཁོང་དང་གདོང་པ་གཏོད་ནུས་པའི་སྙིང་སྟོབས་འདིས། རང་ས་མ་མོའི་བྲང་མགོ་འདྲ་བོ་རང་གིས་སྲུང་ཞིང་། རང་ཐང་གསེར་གྱི་ཐུ་ལུམ་འདྲ་བོ་རང་གིས་འཚོས་པ་ཡིན་ཕྱིར། མི་ཡུལ་འཇིག་རྟེན་འདིའི་སྙིང་སྟོབས་གང་གིས་ཀྱང་འདི་ཡི་ཁྲི་ཆའི་ཆར་ཡང་ག་ལ་འོང་། སྟག་གཟིག་དོམ་དྲེད་དཔའ་བ་གཟན་ལ་དཔའ་བ་ཙམ་དང་། ལྕགས་ཀྱི་མི་བུ་དཔའ་བ་འཕྲུལ་ལ་དཔའ་བ་ཙམ་རེད། ལྷ་འཛུམ་མདངས་གྲོལ་ཞིང་འདྲེ་ཞེད་སྣང་ལངས་ལ། མི་བུས་སྨོན་པ་ཤོར་པའི་སྙིང་སྟོབས་འདི་ལྷ་ཡི་བྱིན་རླབས་དང་འདྲེ་ཡི་ཆོ་འཕྲུལ་མིན་ལ། མི་བུས་བཤུག་སྤྲོད་ཀྱང་མ་ཡིན་པར། ཕ་རྒན་གྱི་ལྕེ་སྣེ་ནས་གསུངས་ཤིང་མ་རྒན་གྱི་ལག་སྣེ་ནས་སོན་པས། སྤྱན་རས་གཟིགས་དབང་གཟིགས་ན་སྟོད་རི་རབ་ཀྱི་རྩེ་མོ་ནས་འཛུམ་ཆོག་ཅིང་སྣང་བ་མཐའ་ཡས་ཐོས་ན་སྨད་རྒྱ་མཚོའི་གཏིང་རིམ་ནས་བཞད་ཆོག་ཨང་། “བདག་བློའི་ཏི་སེའི་རི་བོར་བག་ལ་ཉལ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག”པའི་སྙན་ངག་པའི་བརྗོད་པ་དེ། ད་ལྟ“བདག་བློའི་ཏི་སེའི་རི་བོར་མཁའ་ལ་འཕྱོ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག”ཏུ་ངང་ཤུགས་ཀྱིས་བཅོས་པ་མ་ཡིན་ནམ།
འཇིག་རྟེན་ཐམས་ཅད་ཧྲིག་ཧྲིག་པོ་དང་འཛམ་གླིང་ཧྲིལ་པོ་ཡེར་ཡེར་བོར་བཟོས་པའི་མི་ཡུལ་གཟི་བརྗིད་ཡོད་ཚད་ཀྱི་དྭངས་མ་འདིའི་རྒྱུ་རྐྱེན་ནི། ལ་ལས་དབང་སྒྱུར་འགོངས་པོའི་སྲིད་ཇུས་མ་རུངས་པ་ཡིན་པར་བཞེད་པ་ལྟར་ན། གནོན་ཤུགས་གང་ཞིག་ཐེགས་པར་དཀའ་བས་ཞབས་ནས་གྱེན་ལ་ལྡོག་པར་རྩོམ་པའི་སྙིང་སྟོབས་ལ་བསམ་ན་དེ་ལ་རྒྱུ་མཚན་ཞིག་ལོས་ཡོད་སྙམ་ཞིང་། འགའ་ཤས་ཧམ་པ་ཅན་གྱིས་རྒྱུ་ནོར་བགོ་སྐལ་ཕྲོགས་པས་ཡིན་པར་བཞེད་པ་ལྟར་ན། ཞིང་གི་རྡུལ་སྙེད་རང་ལ་དབང་བས་རྐུན་ཇག་ཚོགས་ལ་རྒོལ་བར་རྩོམ་པའི་འུ་ཐུག་ལ་བསམ་ན་དེ་ལའང་གཏན་ཚིགས་ཤིག་ལོས་ཡོད་སྙམ་བྱུང་། ཁ་ཅིག་གིས་དངོས་གཙོ་སྨྲ་བ་སེམས་གཙོ་སྨྲ་བ་ལས་ཕམ་པའི་འབྲས་རྟགས་སུ་བཞེད་པ་ལྟར་ན། ཤིན་ལྐོག་རིག་གནས་ཀྱི་ལྟ་གྲུབ་ལ་དཔྱད་མི་བཟོད་པས་དད་པའི་སྟོབས་ནི་སྟོབས་ཤུགས་ཀུན་ལས་ཀྱང་ལྷག་པར་བསམ་ན་དེ་ལའང་གནས་ལུགས་ཤིག་མི་འདུག་བསམ་གྱི་མེད། དེ་ལྟར། ཆབ་སྲིད་ཀྱི་ཚ་གཅུན་གནོན་སྡོམ་དང་། དཔལ་འབྱོར་གྱི་ཧམ་ལེན་བཙན་འཕྲོག རིག་གནས་ཀྱི་སིམ་ཟོས་འདྲ་སྒྱུར་བཅས་ཟུར་གང་ནས་བལྟས་ནའང་ཞི་བའི་གསར་བརྗེ་འདི་འདྲ་སློང་བའི་རྒྱུ་རྐྱེན་དུ་མ་སོང་བ་འགའ་ཡང་མེད་པ་འདྲ། ཡིན་ནའང་། ཁོ་བོས་དེའི་ཕན་ཆད་ནས་མཐོང་བ་ནི། བཙན་པོའི་སྐབས་ཀྱི་བག་ཆགས་ཏེ་བག་ལ་ཉལ་བའི་ཁྱིམ་སྲིད་འདུ་ཤེས་གཏིང་ནས་སད་དེ། རིགས་རྒྱུད་དང་ས་ཁོངས་ཀྱི་“བདག”འཚོལ་བའི་སྙིང་སྟོབས་དེ་ཡིན་སོང་། རྒྱུ་མཚན་ནི། སྤྱི་ལྡོག་ནས་བལྟས་ན། བོད་རྣམས་ལ་ད་ལྟའི་དུས་ནའང་སྲིད་འབྱོར་རིག་གསུམ་གྱི་རྟོགས་པ་ཆེར་རྒྱས་མེད་པ་དང་གཅིག དད་པ་ཅན་དུ་ཁས་འཆེས་པའི་མི་འབོར་མང་ཤོས་གསར་བརྗེ་རུ་མ་ཞུགས་པ་དང་གཉིས། ལས་ཞུགས་མི་སྣ་གཙོ་བོ་ན་གཞོན་ཡིན་པ་དང་གསུམ་བཅས་ལ་དཔག་ན། གསར་བརྗེ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་དད་པ་ལས་གཞན་སོ་སོའི་བག་ཆགས་ཕུགས་སྦུབས་ཀྱི་སྙིང་སྟོབས་སོས་པ་ཡིན་པར་ཐག་བཅད་ཆོག་པ་འདྲ། ལྟོས་བཅས་ཀྱིས་བཤད་ན། ལས་ཞུགས་ཀྱི་མི་བུ་དཔའ་བོ་དཔའ་མོ་ཕལ་ཆེ་བ་ནི་ཁྱིམ་གྱི་འཚོ་ཚིས་ཀྱི་ཁུར་ཆེན་པོ་མེད་པ་དང་། བརྡ་འཕྲིན་དང་དུས་སྐད་དུས་ཐོག་ཏུ་ཐོས་པ། སྤོབས་པ་ཆེ་ཞིང་མིག་རྒྱང་རིང་བ། རིགས་ཞེན་གྱི་ཁོག་དཔུང་དང་ལ་རྒྱས་ཕྱུག་པ་བཅས་ཀྱི་ཕྱིར། ནམ་ཞིག་སྙིང་སྟོབས་ཀྱི་བག་ཆགས་སད་ཚེ་ཡུལ་དུས་དང་འཚམ་པའི་རང་དབང་དང་འདྲ་མཉམ་གྱི་སྐད་བརྒྱབ་ཅིང་གསར་བརྗེ་དེ་འདྲ་མི་འབྱུང་རང་འབྱུང་ཆགས་པ་རེད་སྙམ།
ལོ་རྒྱུས་ནི་ངེས་ཅན་རྒྱུ་འབྲས་ཀྱི་ཆོས་ཅན་ཡིན་ནམ་ཡང་ན་ངེས་མེད་སྟེས་དབང་གི་ཆོས་ཅན་ཡིན་ཞེས་པ་ནི་འཛམ་གླིང་ལོ་རྒྱུས་སྨྲ་བ་དག་གི་བརྗོད་གཞི་ཆེན་པོ་ཞིག་ཡིན་སྐད་དེ་ཁོ་བོས་དེ་ལ་དཔྱད་པ་བརྗོད་མི་འདོད། ཧར་གྱིས་བལྟས་ན། གསར་བརྗེ་འདི་ནི་ངེས་མེད་སྟེས་དབང་གིས་བྱུང་བའི་དོན་རྐྱེན་གློ་བུར་བ་ཞིག་ཡིན་པ་འདྲ་ཡང་། དོན་དམ་དུ་རུས་རྐང་དང་ཟུངས་ཁྲག་ལ་བརྒྱུད་པ་ཟམ་མ་ཆད་པའི་བཙན་པོའི་སྐབས་ཀྱི་རིགས་རྒྱུད་འདུ་ཤེས་དང་དཔའ་བོའི་སྙིང་སྟོབས་ཀྱི་བག་ཆགས་སད་པ་ཡིན་པར་འདོད། གསར་བརྗེའི་འབྱུང་རྐྱེན་ནི་དད་སྟོབས་ཁོ་ན་ལ་རག་ལས་པ་ཡིན་ཟེར་ན། དད་ལྡན་ཡོད་དོ་ཅོག་འདི་ལ་ཞུགས་མ་སོང་བས་ཁས་ལེན་དཀའ་བའི་ཚོད་དུ་སྣང་ཕྱིར། ཁོ་བོས་དད་པ་ལས་ལྷག་སྙིང་སྟོབས་རྒྱས་པའི་འབྲས་བུར་ཁ་ཚོན་གཅོད་དོ།།
རྨོངས་དད་ཅན་བོད་མི་རྣམས་ཀྱིས་རྩ་བའི་བླ་མའི་བཀའ་སྒྲུབ་ཀྱི་དང་སངས་རྒྱས་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་ལས་དོན་སྒྲུབ་ཀྱི་བྱུང་ན་་་བོད་རྒྱལ་ཁབ་ཤོར་ན་ཤོར། བོད་རང་བཙན་མེད་ན་མེད། བོད་མི་རིགས་རྩ་མེད་ཕྱིན་ན་ཕྱིན་ཟེར་གི་རེད། དཔེར་ན། རྨོངས་དད་མགོ་ཟམ་གདོང་བླ་མས་བཀའ་ཁྲི་ལོ་བཅུ་བྱས་རྗེས་སུ་་་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་རྒྱལ་ཁབ་དང་མི་རིགས་བསམ་བློ་བཏངས་མྱོང་མེད་ཅེས་བཤད་པ་ལྟར་རེད། སངས་རྒྱས་བསྟན་པ་ཡུན་གནས་བྱུང་ན་བོད་མི་རིགས་གནས་དང་མ་གནས་ཁྱད་པར་མེད་པའི་གྲལ་རེད། འདི་ནི་རྨོངས་དད་ཅན་གྱི་ཆོས་གཅེས་རིང་ལུགས་པ་ཀུན་གྱི་ཁོག་ན་ཡོད་པའི་ལྟ་གྲུབ་ཤིག་རེད།
བོད་ཆིག་སྒྲིལ་ཡོད་པ་འདི་ཆོས་དང་དད་པས་ཟིན་ནས་བསྡད་ཡོད་ཟེར་བ་དང་། དད་པའི་སྟོབས་ཀྱིས་བོད་མི་རིགས་ཀྱི་འཐབ་རྩོད་དང་གྱེན་ལངས་བྱེད་བཞིན་ཡོད་ཟེར་བ་ལ་རྒྱུ་མཚན་ཡང་དག་ཞིག་རྩ་བ་ནས་མེད།
སྤོབས་པ་ཁྱོད་ཀྱིས་་་་ཨ་ནུ་ཐང་བསོད་ནམས་ལགས་རྣམ་དཔྱོད་འདུག མི་དྲང་པོ་ཁ་ཞེ་གཉིས་མེད་ཡིན་ས་རེད། ཡིན་ན་ཡང་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མ་དེ་ལ་ཆ་རྒྱུས་ཅི་ཙམ་ཡོད།ཅེས་བཤད་འདུག
ཁྱོད་རང་ལ་བོད་པའི་སྤྱི་ཚོགས་དངོས་ཀྱི་གནས་སྟངས་ལ་ཆ་རྒྱུས་མེད་པའི་འབྲས་རྟགས་སྟོན་གྱི་འདུག་ག་་་་་ཧཧཧ
ཨོ་རེད་་་་རྨོངས་དད་དང་ཤེས་དད་གཉིས་ལ་འགྲེལ་བཤད་དགོས་ན་ངས་རྒྱག་ཆོག
སྤྱང་ཤོས་ལགས་ཁྱོད་ཀྱི་སྐད་ཆ་ཉུང་ཉུང་དེའི་སྐོར་ལ་མདང་དགོང་མཚན་མོ་ཉལ་སའི་ནང་དུ་བསམ་བློ་ཡུན་རིང་བཏང་པ་ཡིན། ཁྱོད་ལ་ལན་ཞིག་ཕུལ་འདོད་ཡོད། དང་པོར་་ངས་ཞོགས་ཇ་ཞིག་འཐུང་། གནམ་ས་གོ་འབྱེད་་བཀླགས་ནས་དུས་ཚོད་ཡུན་རིང་ཤོར་སོང་བས་ཆུ་ཚོད་༡༠་པ་ཟིན་འདུག ཞོགས་ཇ་ཡང་རག་མ་སོང་།
ད་དངོས་གནས་གནས་ཚུལ་མང་པོའི་ཐོག་ལ་ཕན་ཚུན་བསམ་བློ་གཏང་ས་མང་པོ་འདུག འདི་ལྟར་ན་ཐོག་མར་རྒྱ་དམག་བོད་དུ་ཁྲིད་པ་དང། མཐའ་མ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བཅུག་པས། ཕུན་དབང་དང་འབྲེལ་བའི་ལེགས་ཉེས་ཀྱི་ལོ་རྒྱུས་ད་དུང་མཇུག་རྫོགས་མེད་པ་འད།
སྤྱང་ཤོས་ལགས།
བོད་ཕུང་ལ་སྦྱར་བའི་རྒྱུ་རྐྱེན་ངོས་འཛིན་སྟངས་ལ་བཤད་ན་ཚིག་མ་འདྲ་བ་ཁག་ཤས་ཡོད།
༡་་་དམ་པ་དགེ་ཆོས་མཆོག་གིས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་་དུ་བསྒྲགས་པ་དང་གསར་པ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་རེད་བསམ་པའི་འདུ་ཤེས་ཀྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་ཡོད་པ་དང་།
༢་་་མཁས་དབང་འཇམ་ནོར་ལགས་ཀྱིས་རྨོངས་དད་ཀྱིས་བོད་ཕུང་པར་ངོས་འཛིན་གནང་ཡོད་པ་དང།
༣་་་རྣམ་དཔྱོད་ཅན་ཚ་བ་མདའ་སྨྱུག་ལགས་ཀྱིས་ཆོས་ལུགས་པས་སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་ཀྱིས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད།
༤་་་སེམས་དཀར་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བག་ཆག་རྙིང་པས་བོད་ཕུང་ལ་སྦྱར་བ་ངོས་འཛིན་གནང་གི་ཡོད།
༥་་་་དེ་དེ་བཞིན་བོད་ཕྱི་ནང་གི་བོད་པའི་གཞོན་སྐྱེས་བསམ་བློ་བ་དང་ཤེས་ཡོན་ཅན་སྤྱི་ཡོངས་ཆ་ནས་རྨོངས་དད་དང་རྙིང་ཞེན་བག་ཁུམ་གྱིས་བོད་ཕུང་ལ་སྦྱར་སོང་བ་ངོས་འཛིན་གནང་གི་ཡོད།
འདི་དག་བཤད་པའི་མི་བུ་དེ་དག་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བསམ་པ་དཀར་བའི་མི་ཤ་དག་ཡིན་ལ་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་དུ་ལྷུང་འདོད་མེད་པའི་འདུ་ཤེས་ཅན་ཤ་དག་ཡིན། བོད་མི་རིགས་ཀྱི་ཤེས་ཅན་ཟེར་ནའང་འདྲ། བསམ་བློ་བ་ཟེར་ནའང་འདྲ། གསར་བརྗེ་བ་ཟེར་ནའང་འདྲ། འདི་དག་ལྷག་པའི་གསར་གཏོད་པ་དང་གསར་བརྗེ་འདོད་མཁན་ད་ལྟའི་ཆ་བོད་ལ་མེད། ཁོང་རྣམས་པས་ལྟ་གྲུབ་ལ་བོད་མི་ཚོས་ངེས་པ་ཏུ་བརྟག་དཔྱད་བྱ་དགོས། ཤེས་པ་བྱ་དགོས།
གོང་གི་མཁས་དབང་དེ་དག་གིས་ཚིག་གི་བརྗོད་པ་མ་འདྲ་བ་ཙམ་ལས་དོན་དག་དངོས་ཀྱི་ཐོག་ཏུ་བབ་ས་གཅིག་པ་ཡིན། མཁས་དབང་དེ་དག་གཙོ་བོ་གྱུར་པའི་ང་ཚོ་ཚང་མས་གསར་བརྗེ་དང་གསར་གཏོད་བྱ་འདོད་ཡོད། ཕུན་དབང་གུན་ཁྲན་རིང་ལུགས་ཀྱི་གསར་བརྗེ་བ་ཆགས་མྱངས་པ་དང་། ང་ཚོ་དམངས་གཙོའི་རིང་ལུགས་ཀྱི་གསར་བརྗེ་བ་ཆགས་འདོད་པ་གཉིས་ཀྱི་བར་དུ་བལྟ་བྱ་ཐུན་མོང་བ་ཡང་ཡོད། ཕྱོགས་གཉིས་ཀས་གསར་གཏོད་དང་གསར་བརྗེ་འདོད་པ་འདི་རེད།
ཡིན་ཀྱང་མི་མཐུན་པའི་ཕྱོགས་དེ་ལས་མང་བ་ཡོད། ཕུན་དབང་གཙོ་བོ་གྱུར་པའི་བོད་པའི་གུན་ཁྲན་རིང་ལུགས་ཀྱི་གསར་བརྗེའི་མདུན་མཆོངས་པ་ཚོས་བོད་ལ་རྒྱ་དམག་ནས་དྲངས་ནས་མི་གསོད་ཁྲག་སྦྱར་དང་རྡུང་རྡེག་བཙན་གནོན་སོགས་བྱས་ནས་གསར་བརྗེ་བྱས་པ་རེད། བླ་སྤྲུལ་བསད་པ་དང་དགོན་སྡེ་གཏོར་བ། ས་བདག་དང་ཕྱུག་བདག་སོགས་ཀྱི་མིང་བཏགས་ནས་རྒྱུ་ནོར་འཕྲོག་བཅོམ་བྱས་པ། ཡར་རྒྱས་དང་འཛུགས་བསྐྲུན་བཤད་ནས་གཏེར་ཁ་དང་སྨན་རྩྭ་འཕྲོག་པ་སོགས་མ་རུང་དང་མི་འགྲིག་པའི་གསར་བརྗེ་དང་གསར་བསྐྲུན་བྱས་ཡོད། མཐའ་ན་བོད་རྒྱལ་ཁབ་ཀྱི་རང་ས་རྒྱའི་ལག་ཏུ་ཤོར་བཅུག་ཡོད།
དེང་གི་དམངས་གཙོའི་རིང་ལུགས་ཀྱི་བོད་པའི་གསར་བརྗེའི་བསམ་བློ་བ་ཚོས་ངོས་ནས་གསར་བརྗེ་དང་གསར་གཏོད་བྱེད་འདོད་པ་ཡོད་ཀྱང་་་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་དཔུང་རོགས་བཀུག་ནས་བོད་ལ་དམག་དྲངས་ནས་རྨོངས་དད་ཅན་རྣམས་ཚར་བཅོད་བརྩིས་མེད་ལ་རང་ཡུལ་དགྲ་ལག་ཏུ་བཞག་འདོད་དེ་བས་མེད།
ང་ཚོས་གསར་བརྗེ་བྱ་འདོད་ནི་བོད་མི་རྣམས་རྨོངས་གཉིད་ལས་སད་བཅུག་ནས། རྨོངས་དད་སྤང་བཅུག་ནས། གོ་རྟོགས་སྤེལ་ནས། རྟོག་པ་སད་ནས་བོད་མི་རྣམས་ལ་རང་དབང་དམངས་གཙོའི་ཉི་མའི་འོད་ལ་ལོངས་སྤྱོད་བཅུག་འདོད་པ་དང་། འཇིག་རྟེན་འཚོ་གནས་ཀྱི་ཐོག་ཏུ་དངོས་ཡོད་ཚན་རིག་མཐུན་པའི་ལས་ཀ་བྱ་འདོད་པ། བོད་རྒྱལ་ཁབ་ཀྱི་ཐོབ་ཐང་བདག་དབང་གི་ཐོག་ཏུ་རང་ཐག་རང་གཅོད་ཀྱིས་ཐོག་ནས་འཐབ་རྩོད་བྱེད་བཅུག་འདོད་པའི་གསར་བརྗེ་རྣམས་ཡིན། གུན་ཁྲན་རིང་ལུགས་པའི་གསར་བརྗེ་མདུན་མཆོངས་པ་ཕུན་དབང་དང་ང་ཚོའི་བར་ལ་གནམ་དང་སའི་ཁྱད་པ་ཡོད།
བཀྲ་ཤིས་བདེ་ལེགས།
ནོར་བཅོས་་་་
འདི་དག་བཤད་པའི་མི་བུ་དེ་དག་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་བསམ་པ་དཀར་བའི་མི་ཤ་དག་ཡིན་ལ་བོད་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུང་འདོད་མེད་པའི་འདུ་ཤེས་ཅན་ཤ་དག་ཡིན
དྲ་གྲོགས་ཅོ་རི་ཉི་མ་ལགས། ཁྱེད་ཀྱི་གོང་དུ་བྲིས་པའི་གསར་བརྗེའི་སྐོར་གྱི་མཆན་རིང་པོ་དེ་མདུན་གྱི་རྩོམ་ཡིག་གི་གྲས་སུ་སྤེལ་ན་ཆོག་གམ། ཆོག་ན་ངས་བཀོད་ཆོག མི་མང་པོས་དོ་སྣང་ཡོང་བར་ཁྱད་པར་འདུག
ཅོ་རི་ཉི་མ་ལགས། ང་ཁྱེད་ཀྱི་ལྟ་གྲུབ་ལ་མོས་མཐུན་མེད། འོན་ཀྱང་ཁྱེད་ཀྱི་ལྟ་གྲུབ་འཆད་པའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད། བོད་ཕུང་མཁན་ནི་ལྷ་མ་རེད། བླ་མ་མ་རེད། ཆོས་མ་རེད། དད་པ་མ་རེད། དེ་དག་ཚང་མ་བོད་ཀྱི་སྟོབས་ཤུགས་རེད། བོད་ཀྱི་རྒྱན་ཆ་རེད། བོད་ཀྱི་ཁྱད་ཆོས་རེད། བོད་ཀྱི་རྒྱུ་ནོར་རེད། བོད་ཀྱི་ལྕགས་རི་རེད། བོད་ཕུང་མཁན་ངོ་མ་དེ་སུ་རེད་ཟེར་ན། རྒྱ་དམར་བཙན་འཛུལ་བ་དང་དེས་སྤེལ་བའི་བྱ་ངན་སྤྱོད་ངན་ཁག་རེད། ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་འདི་ཚོས་ནམ་ཡིན་ཡང་རང་མགོ་རྡུང་བའི་ཐོ་བ་མ་གཏོགས་ཅི་ཡང་འཇོན་གི་མ་རེད།
སྤོབས་པ་ལགས། མདུན་གྱི་རྩོམ་ཡིག་ནང་དུ་སྤེལ་ན་འགྲིག་དང་འགྲིག ཡིན་ཀྱང་དག་ཆ་ནོར་བ་དང་ཆད་ལྷག་ཤོར་བ། སྐད་ཆ་དང་གནད་ལུགས་ཆ་ཚང་བ་ཞིག་བསྟན་ཐུབ་མེད་པའི་མཆན་བུ་ཞིག་ཡིན་དུས་དགོས་པ་དང་རྒྱུ་མཚན་འདྲ་འདུག་གམ། ཁྱོད་ཀྱིས་དག་ཆ་ནོར་བཅོས་བྱེད་ནས་འགོད་རོགས།
སྤོབས་པ་ལགས་་་་ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་ང་ཚོ་ཡིན་ས་མེད། རང་མགོ་རྡུང་བའི་ཐོ་བ་དེ་ང་ཚོ་ཡིན་ས་མེད། རང་མགོ་རྡུང་མ་ཐུབ་དུས་རྒྱ་དམག་དང་སོག་དམག་ཁྲིད་འོང་ནས་བོད་མགོ་རྡུང་མཁན་ང་ཚོ་ཡིན་ས་མེད། ཁས་ལེན་གྱི་མིན། ལོ་རྒྱུས་ལ་ཕྱི་བལྟས་བྱོས་དང་གྲོད་པུ་མགོ་སུ་ཡིན་གསལ་པོ་ཡིན།
ཅོ་རུ་ཉི་མ་ལགས་ཀྱིས་བོད་ཕོངས་བྱེད་ཀྱི་རྒྱུ་དང་དད་གཙོ་སྨྲ་བའི་ཐད་དབྱེ་ཞིབ་ཡག་པོ་གནང་སོང་ལ། ཚང་མར་བགྲོ་གླེང་བྱེད་གཞི་ཡན་གར་བ་ཞིག་བསྐྲུན་སོང་། དེ་བས། ཁག་དེ་གཉིས་སྔ་རྗེས་ཀྱིས་མདུན་ངོས་འཇོག་ཐུབ་ན་ཧ་ཅང་གི་གནད་འགག་འདུག་སྙམ། རྒྱུ་མཚན་གཉིས་ཡོད། ༡ བོད་མི་ཡོད་དོ་ཅོག་གིས་ངེས་པར་དུ་བོད་ཕོངས་དོན་ལ་བསྐྱར་ཞིབ་བྱེད་རན་ཡོད། ༢ བསྐྱར་ཞིབ་བརྒྱུད་ནས་རྐང་པའི་སྒང་ལངས་སྟངས་འཚོལ་ཐུབ་ཀྱི་ཡོད།
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་་་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན།
སྤོབས་མཆོོག་མཐའ་ཡས་ཀྱི་དྲི་བ་བཏང་ཡག་བྱུང་། ང་ལྟ་ཅུང་ཁོམ་གྱི་མི་འདུག ཁོམ་དུས་དྲི་ལན་རྒྱས་བ་ཞིག་གནང་ཆོག་པ་ཞུ། ཡིན་ཡང་། དྲ་གྲོགས་ཅོ་རིས་མང་པོ་ཞིག་གནང་ཟིན་པས་དེ་ཙམ་ངལ་བ་བརྟེན་དགོས་མེད་ཁར། དད་པ་རིང་ལུགས་པའི་སྐོར་ཟླ་སྔོན་མའི་ནང་དུ་ང་ཚོའི་མང་དུ་གླེང་ཟིན་པས་ཡིན།
དད་པ་ཡིས་བོད་འདི་ཕོངས་དངོས་འབྲེལ་རེད། ངས་སྔ་མོ་དེ་ལ་ཡིད་ཆེས་ཀྱིན་ཡོད། དད་པ་ཡིས་འཇིག་རྟེན་སྐྱོང་ཚུལ་ལ་ཕམ་ཁ་མྱོང་ཚར་ཞིང་དེས་བོད་འདི་ཁ་ཐོར་ནས་ཡང་འཐོར་དུ་བཏང་ཡོད་ལ། མ་འོངས་བར་དད་པ་ཡི་རྗེས་འབྲང་བ་ཡིན་ན་བོད་ཀྱི་ཤེས་ལྡན་མི་སྣ་ཀུན་སྨྲ་བ་མེད་པའི་ལྐུག་པར་འགྱུར་ཞིང་། མི་རིགས་ཀྱི་གོ་རྟོགས་སད་ཐབས་མེད། རྒྱུ་མཚན་ནི། དད་པ་རིགས་ལུགས་པ་ཚོས་དངོས་ཤུགས་རྒྱུད་གསུམ་དུ་ཚུལ་མིན་གྱི་གནོད་ཤུགས་སྤྲད་པས་ཡིན། ཚུལ་མིན་གྱི་གནོད་ཤུགས་ཡོད་སའི་སྤྱི་ཚོགས་ནི་སྒེར་གཅོད་ཀྱི་སྤྱི་ཚོགས་རེད་ལ། སྒེར་སྤྱོད་ཀྱི་སྤྱི་ཚོགས་ཀྱིས་མི་རྣམས་གླེན་པ་དང་ནུས་མེད་སྒྱུར་ངེས་རེད།
ཟླ་སྔོན་མའི་ནང་དད་པའི་སྐོར་བྲིས་བའི་མཆན་ཞིག་འབུལ་ཆོག་པ་ཞུ།
# 27 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
March 25th, 2014 at 10:08 AM
ནོར་བཅོས་དང་ཁ་གསབ།
དམ་ཅན་ཆོས་རྒྱལ་ཧིན་ངྷིའི་ཡུལ་ལྷ་རེད།།
ཧིན་ལྷ་དམྱལ་བར་བརྫངས་བའི་ནུས་ཡོད་ན།།
ལས་དང་རྒྱུ་འབྲས་ཟེར་བའི་རྒྱ་མ་དེ།།
ཡོད་དང་མེད་ཀྱི་ཁྱད་པར་ཅི་ལ་ཡོད།།
སངས་ཆོས་བཤད་སར་ཧིན་ངྷིའི་ལྟ་བ་འཁུར།།
རྒྱུ་འབྲས་བཤད་སར་ལྷ་ཡི་ནུས་མཐུ་སྨྲ།།
རྒྱུ་འབྲས་ལྷ་ལ་རེ་བའི་སྐྱེས་བོ་ཚོ།།
རྨོངས་པའི་སྒྲོག་ཏུ་ལུས་བའི་ཚུལ་འདི་སྐྱོ།།
དམ་ཆོས་རྒྱལ་པོར་ནུས་བ་ཡོད་གྱུར་ན།།
ཁོ་བོའི་དམྱལ་བའི་ལམ་དུ་ད་འཕེན་ཤོག།
རྐྱང་ཕྱག་འཚལ་བར་སངས་རྒྱས་རྒྱུར་གྱུར་ཚེ།།
སྟོན་པས་རྐྱང་ཕྱག་མ་འཚལ་སྒྲུབ་བྱེད་གང་།།
ངེས་ཤེས་མེད་ན་གཞན་གྱི་མགོ་མ་སྐོར།།
མགོ་སྐོར་ལས་འདི་དྲང་པོའི་ལྡོག་ཟླ་རེད།།
དྲང་པོའི་ལམ་ལ་རྒོལ་ཡ་སྤྲད་མི་དེ།།
གནས་འདི་འཚོ་བ་སྤྱི་ཚོགས་གད་སྙིགས་རེད།།
གད་སྙིགས་བོད་ལ་མང་པོ་བློ་ཕམ་རེད།།
ཕམ་ཁའི་རྩ་བ་དེད་ན་དད་པ་ཉིད།།
དད་པས་སྐྱོང་བའི་བླ་མའི་རྒྱལ་ཁམས་འདི།།
དུས་ཀྱིས་རྫོགས་ཚིག་བྲིས་བའི་ལས་འདི་ལྕི།།
འདི་ཕྱི་ཆོས་དཔོན་ཉིད་ལ་དབང་འདོད་ནས།།
བོད་ཀྱི་དོ་བདག་ཆོས་དཔོན་ཕྱག་ཏུ་ཕུལ།།
ཆོས་བས་ཁམས་གསུམ་སྒྱུར་བའི་གཏམ་བསྒྲགས་ཀྱང་།།
གུང་ཁྲན་སླེབས་དུས་ཁྱོད་འབྲོ་དང་ང་འབྲོ་རེད།།
ནང་གི་མི་ལ་སྟག་ལས་དཔའ་རྒོད་ཅིང་།།
འཇིགས་སྐུལ་བྱེད་པའི་ལྷ་ཡི་དམག་དཔུང་དང་།།
གཏོར་མའི་འཕྲུལ་འཁོར་ནུས་ཀྱི་མཐུ་རྩལ་སོགས།།
མཁོ་དུས་མེད་པའི་ལས་འདིས་རྫུན་མར་མཐོང་།།
མགོ་སྐོར་འོག་ཏུ་ཚུད་ན་འདེ་འདྲ་རེད།།
དེ་ལས་ལྷག་གི་ལས་ཞིག་ཡོང་དུ་མེད།།
དཔང་པོའི་ལག་ཏུ་ཐོབ་པའི་གངས་ཅན་པའི།།
མི་རབས་གསར་བའི་གོ་རྟོགས་སེལ་བར་ཤོག།
# 49 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
March 26th, 2014 at 8:09 AM
དད་པ་ཆེ་མཁན་གྱི་རྣམས་ལ་གླེན་རྟགགས་ཡོད་བ་རེད། མེད་སྙམ་ན། དད་པ་རིང་ལུགས་པ་ཚོ་ལ་ཞིབ་འཇུག་ཡག་པོ་ཞིག་བྱོས་དང་། རིམ་བཞིན་ཤེས་ངེས་རེད།
དད་ཅན་མི་རྣམས་གཞན་གྱི་བྲན་གཡོག་ཡིན།།
བྲན་གྱིས་མི་ཚེ་ཟད་པའི་སྐྱེས་བོ་རྣམས།།
རྨོངས་བའི་གླེན་རྟགས་ཆེ་བའི་ཉེས་ཡིན་པས།།
ཤེས་རིག་གྲོགས་ཀྱི་རིགས་དང་འཕྲད་པ་ཤོག།
འཇིག་རྟེན་འདི་ན་བདེན་པ་བཤད་མཁན་ཉུང་།།
རྫུན་གྱིས་ས་གཞི་གང་བའི་གོ་ལ་འདིར།།
རྒྱ་གར་ཡུལ་འདི་རྫུན་གྱི་ལུས་ཡིན་པས།།
ཆོས་རྫུན་མཁན་གྱིས་བོད་འདི་བསླུས་བ་སྐྱོ།།
སུ་དད་པ་ཡོད་ན་གླེན་རྟགས་ཡོད།།
གླེན་པའི་ལས་ཀྱིས་གནས་ལུགས་འགྲོ་ས་མེད།།
གནས་དང་རྒྱུ་མཚན་མི་མཁོ་སྐྱེབ་བོ་ཞིག།
སྐྱེས་ལུས་བླངས་བ་བདེན་པའི་དགྲ་ཟླ་རེད།།
སུ་ཞིག་གནས་ལུགས་མོས་ན་དད་པ་ཉུང་།།
དད་པའི་རིན་ཐང་ཞན་པས་རྒྱུ་མཚན་མཐོང་།།
རྒྱུ་འབྲས་གཏན་ཚིག་བསྐྱེད་པའི་བློ་རིག་གིས།།
བདེན་པའི་ངོ་བོ་མཐོང་བས་དད་པ་མེད།།
རིག་པ་མེད་ན་སུ་ལ་ཡིད་ཆེས་བྱེད།།
ཡིད་ཆེས་རྩ་བ་དཔང་པོ་མཐོང་ནུས་མེད།།
ལོ་གསུམ་བྱིས་བ་ཡན་གྱིས་རྫུན་སྨྲ་བས།།
དཔང་རྟགས་མེད་ན་སུ་ལ་ཡིད་ཆེས་བྱེད།།
ལོ་མང་ཐུབ་པར་འགྲོགས་པའི་ཉན་ཐོས་གཉིས།།
ཐུབ་པའི་དགོངས་བ་བརྩད་ནས་འགལ་ཟླ་བྱུང་།།
བོད་ཀྱིས་མཐོང་མྱོང་མེད་པའི་ཤཱཀྱའི་མགོན།།
ཅི་གསུངས་ཚད་མར་འཛིན་པ་འོས་ལེགས་སམ།།
ཆོས་དཔོན་རེ་ལ་རང་གི་ཆོས་ལུགས་རེ།།
ཆོས་ཀྱི་རྒྱབ་ལྗོངས་སྟོན་པའི་དགོངས་བ་འགྲེལ།།
རྒྱལ་དགོངས་ཁྲི་ཕྲག་ཡོད་པའི་གནད་ཀྱི་གཙོ།།
གྲུབ་མཐའ་མཁན་པོས་རང་བཟོའི་བྱེད་ལས་ཡིན།།
རྒྱལ་དགོངས་མེད་ན་མི་མང་ཉན་མཁན་མེད།།
རང་ལྟ་ཐུབ་པའི་དགོངས་བར་འགྲེལ་དགོས་ཡོད།།
ཆོས་ཚོང་མཁན་པོས་གནད་འདི་གསལ་རྟོགས་པས།།
གླེན་རྒན་དད་ཅན་མི་རྣམས་སྙིང་རྗེ་ཡུལ།།
དད་དང་མི་དད་རང་གི་འདོད་མོས་རེད།།
འདོད་དང་མི་འདོད་རང་གི་ཐག་གཅོད་རེད།།
ཐག་གཅོད་རྨོངས་བར་བརྟེན་པའི་སྐྱེས་བོ་རྣམས།།
ཚུལ་གསུམ་རྟགས་ཀྱིས་བཅིང་གྲོལ་ཐོབ་པ་ཤོག།
རང་སྲོག་རང་གིས་གཅད་ན་རང་དབང་རེད།།
རང་ལུས་གཞན་གཡོག་སྒྱུར་ན་འདོད་མོས་རེད།།
འདོད་སེམས་དད་པས་སྒྱུར་བའི་སྐྱེས་བོའི་རྣམས།།
བདེན་པའི་ལྡོག་ཕྱོགས་ཆགས་པས་ཚིག་འགའ་ཐར།།
ཆོས་རྒྱུད་རེ་ལ་རང་གི་དད་ས་ཡོད།།
ཆོས་ལུགས་རེ་ལ་དད་ས་དེ་ལྟར་རེད།།
དད་ཞེན་ཅན་ལ་བདེན་པ་མི་མཁོ་བས།།
དད་པས་བོད་འདི་ཁ་ཐོར་གཡང་སར་ཁྲིད།།
དད་པའི་དམག་འཁྲུག་ལངས་བས་སིལ་བུ་ཐོར།།
སྲུང་མའི་ཡག་རྩོག་རྩད་ནས་ཕྱོགས་ཁག་གྱེར།།
གྲུབ་མཐའི་དད་སེམས་སྨྲས་ནས་བདག་དབང་ཤོར།།
དད་པས་བོད་འདི་ཕོངས་བ་བགྲང་དུ་མེད།།
དད་པ་ལ་དབྱེ་ན་མོས་པའི་དད་པ་དང་ཡིད་ཆེས་པའི་དད་པ་དང་དངས་བའི་དད་པ་ཞེས་དགོས་པ་རྒྱུ་མཚན་དང་བཅས་པ་བཀོད་འདུག བཅོས་མིན་གྱི་དད་པ་རང་ཁ་མས་བོད་པ་ཚང་ཕུངས་སོང་བ་ཨ་ཡིན་ན། བོད་པ་ཚང་ལ་སྔར་མེད་པའི་མགོ་ཞིག་གིས་བཙན་དབང་གིས་གཞན་ཞིག་ལ་བཅོས་བསྒྱུར་གྱི་དད་པ་བྱེད་དུ་བཅུག་ནས་ཕུངས་སོང་བ་ཡིན་སྲིད། དེ་ཡང་མཚམས་དང་ཚོད་མེད་པར་རིག་གཞུང་གཞན་ལ་བཅོས་བསྒྱུར་གྱི་དད་པ་བྱེད་དུ་བཅུག་པ་རེད། དེ་འདྲའི་དད་པ་བྱེད་ས་དེ་ཡང་རང་མི་རིགས་ཀྱི་ཕ་མེས་ཡང་མེས་ཀྱི་གོམས་གཤིས་དང་འབྲེལ་བ་མེད་ས་ཞིག་ལ་དད་པ་བྱེད་དུ་བཅུག་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་པས་གཞན་ཞིག་ལ་དད་པ་བྱེད་དགོས་པར་བརྩོན་ཀྱང་། དེང་སང་ད་དུང་བོད་པའི་རྒྱུད་ལ་བཅོས་བསྒྱུར་གྱི་དད་པ་དེ་བརྟན་པོ་ཞིག་རྒྱུད་ལ་མ་སྐྱེས་དུས་རྨོངས་དད་དུ་གྱུར་སོང་བ་ཡིན་སྲིད། དེ་འདྲ་བའི་རྨོངས་དད་ཀྱི་དད་པ་དེས་རྐྱེན་བྱས་ནས་བོད་མི་རིགས་ཕུངས་ལ་སྦྱར་བ་ཡིན་སྲིད་པ་རེད། །
དམ་ཅན་ཆོས་རྒྱལ་ཧིན་ངྷིའི་ཡུལ་ལྷ་རེད།།
དང་།
སངས་ཆོས་བཤད་སར་ཧིན་ངྷིའི་ལྟ་བ་འཁུར།།
རྒྱུ་འབྲས་བཤད་སར་ལྷ་ཡི་ནུས་མཐུ་སྨྲ།།
ཞེས་པ་ཧམ་བཤད་དང་། རྫུན་སྒྲིག་རེད།
རྐྱང་ཕྱག་འཚལ་བར་སངས་རྒྱས་རྒྱུར་གྱུར་ཚེ།།
སྟོན་པས་རྐྱང་ཕྱག་མ་འཚལ་སྒྲུབ་བྱེད་གང་།།
ངེས་ཤེས་མེད་ན་གཞན་གྱི་མགོ་མ་སྐོར།།
མགོ་སྐོར་ལས་འདི་དྲང་པོའི་ལྡོག་ཟླ་རེད།།
ཞེས་པ་འདི་ཡང་ཁུངས་གང་ཡང་མི་འདུག་གོ །
དམ་ཅན་ཆོས་རྒྱལ་ཧིན་ཆོས་ལྷ་ཡིན་ན། ལྷ་དེའི་མིང་དང་པར་འཁྱེར་ཤོག
ཡང་།
ཧིན་ཆོས་ཀྱི་འཇིག་རྟེན་བྱེད་པོ་ནང་པ་སུ་གང་གིས་ཀྱང་མི་འདོད་པས་ཁ་འདིས་བཀག
རྐྱང་་ཕྱག་འདི་། ནང་པ་ཙམ་མ་ཟད་ཕི་ཆོས་ལཡང་ཡོད་པས། མིག་ཡང་ན་ས་ཕྱེ་ནས་ལྟོས་དང་། ཁྱེད་ཀྱིས་ཀྱང་མཐོང་སྲིད།
འཇམ་ནོར་ལ་རྨ་ཁ་ཞིག་ཡོད་ངེས་གཏན་རེད། དེང་སང་སྐུ་དྲག་གསར་བ་མང་པོ་ཞིག་འཕེལ་ནས། འཇམ་ནོར་གྱི་རྨ་ཁ་དེ་སྙན་ཁ་རྒྱབ་ནས་ཧ་ལམ་འཆོལ་གྲབས་ཡོད་པ་མངོན། ངས་ཐོག་མར་འཇམ་ནོ་དང་ཟླ་ནོར་སོགས་ཁ་ཞེ་མེད་པར་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་ཐོས་ལ་རྩོམ་རིགས་དང་འགྲོ་གླེང་གང་མང་མཐོང་ཐོས་བྱུང་། བརྒྱུད་རིམ་དེ་འདྲའི་ནང་འཇམ་ནོར་གྱིས་རང་བཙན་རྩོད་དོན་བརྙེད། འཇམ་ནོར་གྱིས་རང་བཙན་རྩོད་ཡུལ་དེ་གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུག་ལས་རྒྱ་ནག་གུང་ཁྲན་གཞུང་ལ་མིན། འཇམ་ནོར་གྱིས་གོང་ས་མཆོག་དང་སྒྲིག་འཛུག་ལ་སྐྱོན་འཛུག་དང་དམའ་འབེབ་ག་ཚད་བྱས་ཐུབ་པ་དེ་ཙམ་གྱིས་རང་བཙན་རེག་གི་ཡོད་པས་སོ།
གྲོགས་ཨ་ནུ་དང་ཅོ་རི་གཉིས་ཀྱི་དགོངས་ཚུལ་ལ་ལྕགས་ཀྱི་རྒྱབ་ཡོལ་ཡོད། དེ་ག་རང་རེད། སྤོབས་མཐའ་ཡང་ཁ་ཙམ་གྱིས་དད་པ་ཡོད་རབས་་་ལྷ་ལ་ཡིད་ཆེས་ཡོད་རབས། ཆོས་ལུགས་ལ་མོས་པ་ཡོད་རབས། སྔར་སྲོལ་ལ་ཤི་འཐམ་རོ་འཐམ་ཡོད་རབས་བཤད་རུང། དོན་དངོས་སུ་ཁོ་ལ་དེ་འདྲའི་དད་སེམས་གཙང་མ་ཡོད་མཁན་ཞིག་གཏན་ནས་མ་རེད། གང་ཡིན་ཟེར་ན། ལྷ་དབུ་མང་པོ་དང་ཕྱག་མཚན་མང་པོ། བརྙན་མང་པོ་ཡོད་པའི་ཡི་དམ་གྱི་ལྷ་དེ་ཚོར་ཡིད་ཆེས་དང་ཕར་ཞག་དེ་ཚོར་ཞེད་སྣང་སྐྱེ་མཁན་ཞིག་ཡིན་པ་དང་གཞན་ཡང་བོད་མི་སྤྱི་བོ་གནམ་བསྟན་ཕལ་མོ་ཆེའི་དད་འདུན་དྲག་པོས་༧ གོང་ས་མཆོག་གི་དྲུང
ནས་བཀའ་དབང་ཞུ་སའི་དུས་འཁོར་གྱི་ལྷ་དང་བཅས་པ་དེ་ཚོར་ཡིད་ཆེས་མེད་རབས་ལུང་པ་གང་བཤད་ཚར་བ་རེད། ཡིན་ཇའང་ད་ལྟ་ཁོ་ཡིས་བཤད་སྟངས་ལ་ལྟས་ན་རྨོངས་དད་ཀྱི་ལྟ་བ་ག་རབས་ཡོད་པའི་བཟོ་ཞིག་སྟོན་གྱི་འདུག
དེ་སྔར་ད་བར་དུ་༸གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ། འབའ་པ་ཕུན་དབང་། སྲིད་སྐྱོང་བློ་བཟང་སེང་གེ་སོགས་ལགྲན་སེམས་ཀྱི་སྙིང་ལ་ནད་ངན་ཀྱིས་ཟིན་སོང་བར་འཇམ་ནོར་དང་། དེ་མིན་སྤྱི་ཚོགས་དྲ་འབུ་ཚོས་ངན་སྨྲས་དང་ཆོ་ངེར་རྒྱུན་མ་ཆད་པ་འདོན་ནས་ལོ་ངོ་མང་པོ་ཕྱིན་པ་རེད་དེ་ཡིན་ཡང་ཁོང་ཚོ་ནི་འཇིགས་རྟེན་འདིར་ཉིན་རེ་ནས་་ཉིན་རེར་མཛད་རྗེས་གོང་འཕེལ་དང་། འཛམ་གླིང་ཤར་ནུབ་གང་སར་ནས་ཡིན་ཆེས་དང་དགའ་མོས། དེ་བཞིན་གུས་བཀུར་དང་དད་ཞེན་ཇེ་ཆེར་འགྲོ་བཞིན་པའི་ངང་ཚུལ་འདིར་གཞིགས་ན་གོང་གསལ་དྲྭ་འབུ་ཚོས་ནུས་པ་ག་ཚོད་ཐོན་གྱིན་འདུག་གམ་་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ
ཅོ་རི་ཉི་མ་ལགས། ཁྱེད་ཀྱིས་གོང་གི་མཆན་རིང་པོ་དེར་བོད་ཕུང་བའི་རྒྱུ་རྐྱེན་ས་མཁས་པ་ལྔ་ཡི་འདོད་ཚུལ་གསུངས་འདུག ངའི་རེ་བ་ལ་མཁས་པ་དེ་དག་གི་གསུང་ཚིག་ལུང་འདྲེན་དུམ་བུ་རེ་རེ་ཁྱེར་ཡོང་རོགས། དེ་ནས་དཀྱུས་གཅིག་ཏུ་བསྒྲིགས་ནས་མདུན་གྱི་རྩོམ་ཡིག་ཏུ་སྤེལ་ཆོག
ཡི་དམ་གྱི་ལྷ་དང་། འཇིག་རྟེན་ལས་འདས་པའི་ལྷ་དང་། འཇིག་རྟེན་པའི་ལྷ་དང་། དེ་བཞིན་ལྷ་ཀླུ་ཞི་བདག་སོགས་སོ་སོར་ངོས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཅིག་གིས་ཁས་བླངས་བགྱིད་མི་འདུག ཡིད་ཆས་བགྱིད་མེད་ཟེར་བགྱིད་ཟེར་བས། སུ་གང་ལ་ཡང་ན་ཕན་གནོད་མེད་པས་་་་་་་་
་་་་་་་ བོད་ཕུང་མཁན་ནི་ལྷ་མ་རེད། བླ་མ་མ་རེད། ཆོས་མ་རེད། དད་པ་མ་རེད། དེ་དག་ཚང་མ་བོད་ཀྱི་སྟོབས་ཤུགས་རེད། བོད་ཀྱི་རྒྱན་ཆ་རེད། བོད་ཀྱི་ཁྱད་ཆོས་རེད། བོད་ཀྱི་རྒྱུ་ནོར་རེད། བོད་ཀྱི་ལྕགས་རི་རེད། བོད་ཕུང་མཁན་ངོ་མ་དེ་སུ་རེད་ཟེར་ན། རྒྱ་དམར་བཙན་འཛུལ་བ་དང་དེས་སྤེལ་བའི་བྱ་ངན་སྤྱོད་ངན་ཁག་རེད། ་་་་་
ད་དུང་མཁས་པ་ཡིན་ཟེར་མཁན་གྱི་བོད་མི་མང་པོ་ཞིག་གིས་ཆོས་སྲིད་ཟུང་དུ་འབྲེལ་བས་བོད་ཕུང་བར་འདོད་མཁན་ཡང་མང་པོ་འདུག དཔེར་ན། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། ཆོས་ལྡན་རྒྱལ་ཁབ་འཛམ་གླིང་ཀུན་ཏུ་ཡོད།།ཆོས་སྲིད་ཟུང་འབྲེལ་བོད་ཀྱི་ཡུལ་དུ་དར།།ཆོས་ལྡན་ཙམ་གྱིས་རྒྱལ་ཁབ་མི་ཉམས་ཀྱང་།།ཟུང་དུ་འབྲེལ་བས་གཉིས་ཀའི་ནུས་པ་ཤོར།།
ཐུབ་བསྟན་ཕུན་ཚོགས་ཀྱིས་ཀྱང་དེ་འདྲ་བོ་བྲིས་འདུག
སྤོབས་པ་ལགས། འདི་ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ནང་དུ་གསུངས་འདུག
དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས། ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌། སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌། གཞན་དོན་བྱས་པས་རང་དོན་ཤོར་སོང༌། མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང༌། ཞེས་སོགས་ཟེར་ཏེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་རྒྱག་བཞིན་འདུག་མོད། ཁོ་བོས་ནི་ང་ཚོ་རྒུད་པའི་རྩ་བ་དང༌། སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ཤིག་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱིན་ཡོད། མཐོ་སྲིད་པའི་རྩེ་མོ་ནས་བཟུང་སྟེ་དམའ་ན་རག་དམྱལ་བའི་བར་གྱི་འཇིག་རྟེན་འཁོར་ བ་འདི་ཡོངས་རྫོགས་སྡུག་བསྔལ་གྱི་རྒྱ་མཚོ་དང༌། མེ་མ་མུར་གྱི་འོབས། སྲིན་མོ་བུ་གཟན་མའི་གླིང༌། དུག་སྦྲུལ་གདུག་པའི་ཚང༌། སྤུ་གྲི་རྣོན་པོའི་སོ། ཆུ་སྲིན་ཁྲོས་པའི་ཁ་ཡིན་པས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་མི་དྲན་པར་ དགེ་བཤེས་གླང་རི་ཐང་པ་ལྟར་ཚེ་གང་པོར་ངོ་ནག་སྡུག་གེར་དང༌། སེམས་སྟོང་ལྷང་ངེར་འདུག་དགོས་པ་དང༌། འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་ མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང༌། ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་ པའི་ཕྱུགས་རང་ཡིན་པ་དང༌། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ ཀྱི་ཕྱོགས་ལ་ཕོ་རྒོད་པས་ནི་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང༌། ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་ པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་ འཚོ་དང༌། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་ དང༌། འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་ ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་ མི་རུང་བ་དང༌། དེང་སང་ནི་ལྟ་བའི་སྙིགས་མ་དང༌། ཚེ་ཡི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་ པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང༌། ལམ་འགྲོ་མ་རྒྱུགས་པ་ཞིག །ལན་ཆགས་ཤིག །ནོར་འཁྲུལ་ཞིག །ཆགས་སྒོ་ཞིག །ཕམ་ཁ་ཞིག །གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང༌། ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང༌། མུ་གེའི་བར་གྱི་བསྐལ་པ་དང༌། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་ མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིང་ཡི་མུག་དགོས་པ་ཞིག་ཡིན་པ་དང༌། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་ རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་ དེའི་ནང་དུ་འཛུལ་རྒྱུ་དང༌། གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་ བསྐྱོར་རྒྱུ་དང༌། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་ རྒྱུ་དང༌། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་ བསྒོམ་རྒྱུ་དང༌། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་ སྦྱང་རྒྱུ་དང༌། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག །གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང༌། འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་ བ་དང་ཡིད་ཆེས། སྤྲོ་སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་ དང༌། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང༌། གྲུབ་པའི་དབང་ཕྱུག །ཚད་མའི་སྐྱེས་བུ་དང༌། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང༌། ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་ བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང༌། ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་ དོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག །བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང༌། ཁོང་རྣམ་པས་མ་གཟིགས་པ་ཞིག་ང་ཚོས་མི་མཐོང༌། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ །ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང༌། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང༌། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང༌། རྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང༌། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ལྟ་ཞིང་དུག་ལྟར་འཛེམས་དགོས་པ་ དང༌། དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡད་ན་ད་གཟོད་ རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང༌། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་ རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང༌། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་རིག་གཞུང་གང་དེའི་བྲན་འབངས་སུ་ གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང༌། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། སྤྱིར་ཤར་ཕྱོགས་ལྐོག་རྒྱུར་རིང་ལུགས་པས་བསམ་གཞིག་གི་མདའ་ཁ་འཁྲུལ་སྣང་དང་མི་ མངོན་པའི་དབྱིངས་སུ་གཏད་དེ་མིག་མདུན་གྱི་དོན་དག་ལ་ཁ་ཡ་ཡག་པོ་ཞིག་བྱ་མྱོང་ མེད་ལ། སྒོས་གངས་ཅན་བོད་པའི་མི་རིགས་འདིས་མིག་གིས་རྒྱབ་ཏུ་བལྟས་ཤིང་རེ་བ་གཤིན་པོ་ ལ་བཅོལ་ནས་བསྡད་པས། ད་གཟོད་དེང་སང་ཁ་ནུབ་གླིང༌། སྣ་ནུབ་གླིང་ཟེར་ནས་འགྲམ་ཆུ་ལྷུག་ལྷུག་ཏུ་བཞུར་དགོས་པའི་གནས་བབ་འདི་འདྲ་ ཞིག་ཏུ་ལྷུང་བ་ཡིན་པར་འདོད་དོ། །
བག་ཆགས་དོང་སྤྲུགས། ཞོགས་དུང་། མཚོ་སྔོན་གཅན་ཚའི་མི། བག་ཆགས་དོང་སྤྲུགས་དང་རིགས་ཤེས་ཀུན་གྲོལ་སོགས་བརྩམས་ཆོས་མང་། ཉེ་ཆར་ཟི་ལིང་གི་་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་མཆིས།
སྣོད་བཅུད་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་འདི་ཅི་འདྲའི་ཕུན་སུམ་ཚོགས་པ་ཞིག་དང་།འཚོ་གནས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པའི་མི་ཚེ་འདི་ཅི་འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་།གཡོལ་མི་ཐུབ་པའི་མཚར་སྡུག་གི་བསླུ་བྲིད་དེས།ང་ཚོའི་འཚོ་གནས་ཀྱི་མོས་པ་སེམས་གཏིང་ནས་ཡང་དག་པར་བསླངས་ཤིང་།ང་ཚོའི་འཚོ་གནས་ཀྱི་དྲན་ཤུགས་ཇེ་དྲག་ནས་ཇེ་དྲག་ཏུ་བསྐྱེད།འཚོ་གནས་ཙམ་པོ་བས་ང་ཚོའི་ཞེ་འདོད་གཏན་ནས་སྐོང་མི་ཐུབ་ཅིང་།འཚོ་གནས་ཙམ་པོ་བས་ང་ཚོའི་བློ་ཡིད་ཀུན་ནས་ཚིམ་མ་ནུས། འུ་ཚོ་མི་ཡུལ་འདིར་འཚོ་དགོས་ལ་གནས་ཀྱང་དགོས།སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།འུ་ཚོ་ཡུན་ནས་ཡུན་དུ་འཚོ་གནས་བྱ་ཕྱིར།དགྲ་འདྲེ་འཕུང་སྦྱོར་གྱི་ཡོ་ལང་འཁྲུགས་པའི་བག་ཆགས་རྙིང་པར་མངན་བགྲང་ལ་མཚང་འབྲུ།གཡུལ་བཤམས་ལ་འཐབ་མོ་སྦྲན། འུ་ཚོའི་འཕུང་དགྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད།འུ་ཚོའི་འཕུང་དགྲ་ནི་འུ་ཚོ་རང་ཉིད་ཀྱི་བག་ཆགས་རྙིང་པ་ཡིན། བག་ཆགས་རྙིང་པས་ད་རེག་བར་དུ་འུ་ཚོའི་འཚོ་གནས་ཀྱི་སྲོག་དབུགས་ཚར་གཅོད་བཏང་ནའང་། ད་ལྟ།ང་ཚོས་བག་ཆགས་རྙིང་པའི་རྩ་ལག་དང་བཅས་པ་བཅོམ་བརླག་བྱ་ཆེད།འགས་གཏོར་གྱི་མདའ་ཁ་རང་སེམས་ལ་གཏོད་ཅིང་།ཕྱིར་རྒོལ་གྱི་དབུ་སྒོ་རང་ཉིད་ནས་རྩོམ།བག་ཆགས་རྙིང་པའི་ངོས་ཀྱི་དགྲ་འདྲེ་འཕུང་སྦྱོར་གྱི་དཔུང་ཚོགས་དེ་དག་དབྱེ་ན་རིགས་དང་རྣམ་གྲངས་མཐའ་ཡས་པ་ཡོད་སྲིད་ནའང་།ང་ཚོས་གནས་སྐབས་སུ་རིམ་པ་བཞི་རུ་ཕྱེས་ནས་རེ་རེ་བཞིན་གཞོམ་གཞིག་གཏོང་དགོས་ཏེ།
རིམ་པ་དང་པོ། ཡ་ཐོག་ལྷ་འདྲེ་བག་ཆགས།
དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།།དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ།།མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།།དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།།ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས།།དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།།ཡུལ་མིང་བོད་ཁམས་སྤུན་དགུས་དབང་བྱས་ཏེ།།ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།།ཞེས་པ་ལྟར་མཐོ་སྒང་གི་ཡུལ་འདི་རིམ་པ་བཞིན་གནོད་སྦྱིན་དང་།བདུད་སྲིད།ཀླུ་བཙན།མ་སངས་སོགས་ཀྱིས་བཟུང་བར་རློམ་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་ནི་འུ་ཚོའི་མེས་པོ་རྣམས་ཀྱི་ཡ་ཐོག་ལྷ་འདྲེ་བག་ཆགས་ཀྱི་ཐོག་མ་རེད།དེ་ནས་བཟུང་མི་མངོན་པའི་ཚུལ་དུ་འཚུབ་རྒྱུག་འདུར་བའི་ལྷ་འདྲེའི་ཁྱུ་ཚོགས་གནམ་ས་བཀང་བ་བསྐྱེད་པ་སྟེ། གདོན་ཆེན་པོ་གསུམ་དང་། ལྷ་ཆེན་པོ་བཞི།འགོ་བའི་ལྷ་ལྔ།ལྷ་སྲིན་སྡེ་བརྒྱད།སྲིད་པ་ཆགས་པའི་ལྷ་དགུ།ཕྱོགས་སྐྱོང་བཅུ།བརྟན་མ་བཅུ་གཉིས།མགུར་ལྷ་བཅུ་གསུམ།ཕྱོགས་སྐྱོང་བཅོ་ལྔ།བྱིས་པའི་གདོན་ཆེན་བཅོ་ལྔ།གདོན་ཆེན་པོ་བཅོ་བརྒྱད་ཀྱིས་མཚོན་པའི་ལྷ་དང་གདོན་གྱི་ཚོགས་ཐམས་ཅད་དང་།ཡུལ་ལྷ་གཞི་བདག་གི་ལྷ་ཚོགས།ཆོས་སྐྱོང་སྲུང་མའི་ལྷ་ཚོགས། དཔའ་བོ་མཁའ་འགྲོའི་ལྷ་ཚོགས་སོགས་བློ་ཡུལ་དུ་ཤོང་དཀའ་བའི་ལྷ་འདྲེའི་ཁྱུ་ཚོགས་ཀྱིས་དབང་བྱེད་པའི་བག་ཆགས་རྙིང་པ་དང་།ལྷ་དང་།ཀླུ་དང་།གཉན་དང་།མི་མ་ཡིན་དང་།གནོད་སྦྱིན་དང་།སྲིན་པོ་དང་།ཤ་ཟ་དང་།བཙན་དང་།འབྱུང་པོ་དང་།ཡི་དྭགས་དང་།མ་མོ་དང་།བདུད་དང་།གདོན་དང་།འདྲེ་དང་།དྲི་ཟ་དང་།རོ་ལངས་དང་།ཐེའུ་རང་དང་།རྒྱལ་པོ་ལ་སོགས་པ་དང་།ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་།ཡེ་འབྲོག་སུམ་བརྒྱ་དྲུག་ཅུ།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱིས་ཁ་ལོ་སྒྱུར་བའི་བག་ཆགས་རྙིང་པ།གཞན་ཡང་།ས་ལྷ་ཆུ་ལྷ་མེ་ལྷ་རླུང་ལྷ་ཁྱིམ་ལྷ་ལུས་ལྷ་དགྲ་ལྷ་ཐབ་ལྷ་ཟས་ལྷ་སོགས་བསྟན་མེད་ཐོགས་མེད་ཀྱི་ལྷ་འདྲེ་གྲངས་མེད་འཁྲུག་པའི་བག་ཆགས་རྙིང་པ་ནི་ཡ་ཐོག་ལྷ་འདྲེ་བག་ཆགས་ཡིན།བག་ཆགས་དེ་ཟབ་ཅིང་མཐུག་ལ་སྲ་ཞིང་མཁྲེགས་པར་མ་ཟད།རྒྱ་ཆེ་ཞིང་ཡུན་རིང་བས་བག་ཆགས་རྙིང་པ་ཀུན་གྱི་རྨང་གདན་དུ་གྱུར་ཡོད།བག་ཆགས་རྙིང་པའི་ཕུགས་ཀྱང་ཡ་ཐོག་ལྷ་འདྲེ་བག་ཆགས་འདི་ཡིན། ཡ་ཐོག་ལྷ་འདྲེ་བག་ཆགས་ནི་འགྲོ་བ་མིའི་ཤེས་རིག་མ་རྒྱས་གོང་གི་འཇིག་རྟེན་ལྟ་ཚུལ་ཞིག་རེད།བག་ཆགས་དེ་འཛམ་གླིང་འདིའི་མི་རིགས་ཀུན་ལ་ཡོད་མྱོང་སྟེ།སྔོན་རྒྱ་གར་གྱི་ཨརྱཎ་པ་རྣམས་ཀྱིས་ནམ་མཁའ་ནི་ཡབ་ལྷ་དྱོོ་བྱ་བ་དང་། ས་གཞི་ནི་ཡུམ་ལྷ་བྲྀཐ་བྱ་བ། དེ་བཞིན་རྒྱ་མཚོ་དང་། ཉི་མ། མེ།འཚུབ་མ།སྐྱ་རེངས་སོགས་རིམ་བཞིན་སུ་མུར་བྱ་བའི་ལྷ་དང་།སུརྱ་བྱ་བའི་ལྷ།ཨགྷི་བྱ་བའི་ལྷ།བཡུ་བྱ་བའི་ལྷ།མརུཏྲ་བྱ་བའི་ལྷ།ཨུཤ་བྱ་བའི་ལྷ་མོ་ཡིན་པར་རློམ་པ་དང་།རིག་བྱེད་གཏམ་རྒྱུད་ན་ལྷ་ཚངས་པ་དང་།བརྒྱ་བྱིན། ཁྱབ་འཇུགདབང་ཕྱུག་སོགས་ལྷའི་འཁོར་ཚོགས་གང་མང་ཡོད་པ།གནའ་བོའི་ཀེ་རི་སེ་པས།ཨོ་ལེམ་ཕོ་སེ་རི་ན་ལྷའི་དབང་པོ་ཇོ་སིས་གཙོས་པའི་ཉི་མའི་ལྷ་ཨ་ཕོ་ལོན་དང་།འདོད་པའི་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།དགྲ་ལྷ་ཨ་རོ་སི།ཟླ་བའི་ལྷ་མོ་ཨར་ཐི་མུ་སི།ཤེས་རབ་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།ཟས་ལྷ་ཏི་མོ་ཐེར།མཚོ་ལྷ་ཕོ་སེ་ཏུང་།ཆང་ལྷ་ཏི་ཨའོ་ཉི་སོ་སི།ཐབ་ལྷ་ཧི་ཞི་ཐི་ཡ(ཀེ་རི་སེའི་ཡི་གེ་མ་ཤེས་པས་ལྷའི་མཚན་མིང་རྣམས་རེ་ཞིག་རྒྱ་ཡིག་གི་སྒྲ་འགྱུར་བ་ཡིན། ཀེ་རི་སེའི་སྐད་རྣལ་མ་མཁྱེན་མཁན་སུ་ཡིན་ཀྱང་དྲང་ཐད་དུ་དག་ཕུད་ཆོག་པ་ཡིན།)སོགས་ལུས་སེམས་གང་ཡང་མིའི་རྣམ་པ་ཅན་དུ་བཞེངས་པའི་ལྷ་རྣམས་དང་། རྒྱ་ནག་པ་རྣམས་ཀྱིས་གདོད་མའི་ལྷ་ཧྥུ་ཞི(伏羲)དང་། མིའི་བྱེད་པོའམ་གནམ་སའི་གོ་འབྱེད་མཁན་གྱི་ཡུལ་ལྷ་ཉི་ཝ(女娲)སེམས་ཅན་གྱི་མགོན་པོ་ཧོང་ཏིས(黄带)།ཟླ་བའི་ལྷ་མོ་ཁྲང་ཨི(嫦娥)སོགས་བློས་བསླངས་བྱས་པའི་ལྷ་ཇི་སྙེད་ཅིག་ཡོད་པ་དང་ཀུན་ནས་མཚུངས།ཤེས་རིག་འཕེལ་བའི་གོ་རིམ་དུ། ཡ་ཐོག་ལྷ་འདྲེ་བག་ཆགས་དེ་འགྲོ་བ་མིའི་རིགས་སྤྱི་ལ་ཆགས་མྱོང་བའི་ཐུན་མོང་གི་གདོད་མའི་ལྟ་ཚུལ་ཞིག་རེད།ཡིན་ནའང་།ཤེས་རིག་དར་བའི་མི་རིགས་གཞན་དག་གིས་དུས་སྔ་མོ་ནས་བཟུང་བག་ཆགས་རྙིང་པ་དེ་རིགས་རང་སེམས་ཀྱི་བས་མཐར་སྤྱུགས་ཚར་ན།འུ་ཚོ་སུས་སྦྲིད་ཅིང་འཐོམས་པར་བྱས་པ་ཡིན།འུ་ཚོས་ཡུན་རིང་བཅོམ་བརླག་དང་གཏོར་བཤིག་གཏོང་མ་ཐུབ་པའི་ཡ་ཐོག་ལྷ་འདྲེ་བག་ཆགས་ན།གནའ་བོའི་རྒྱ་གར་གྱིས་རྡོག་བསྐྲད་བཏང་བའི་ལྷ་འདྲེ་དང་།རྒྱ་ནག་གིས་བས་མཐར་སྤྱུགས་པའི་ལྷ་འདྲེ།བལ་བོ་དང་ཁ་ཆེ་སོགས་ནས་རྒྱང་ཕུད་བཏང་བའི་ལྷ་འདྲེ།དེ་མིན་ཡུལ་གྲུ་གཞན་དང་གཞན་ནས་བླུས་ཤིང་ཁྲིད་པའི་ལྷ་འདྲེ་ཡ་མ་གཟུགས་སྣ་ཚོགས་ཡོད།ཁོ་ཚོས་གར་འགྲོ་གར་འདུག་ལ་གཏོལ་གང་ཡང་མ་རྙེད་པས་འཕྲལ་ལེ་འཕྲུལ་ལེ་དང་།ཡ་ག་ཡོག་གེ།རྫ་ན་རྫུན་ནེ།རྫ་ས་རྫུས་སེའི་ངང་ལ་གངས་རིའི་འདབས་འདིར་རུལ་དྲི་ལ་སྦྲང་ཐལ་ཇི་བཞིན་འདུ་རུབ་བྱས།འུ་ཚོས་ད་དུང་སྣང་ཚུལ་དེ་བསྟན་ནས་ངེད་ཅག་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ཅེས་ངོམ་སོར་འཁྱེར་བཞིན་པ་འདི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། དོན་དངོས་སུ།ལྷ་འདྲེ་དེ་དག་གསོན་ཤུགས་རྒྱས་སུ་འཇུག་མཁན་འུ་ཚོ་རང་རེད།འུ་ཚོ་གདོད་མའི་བག་ཆགས་རྙིང་པའི་ལུང་གི་རྗེས་སུ་འབྲངས་ནས་ངོས་འཛིན་ཇི་འདྲ་བྱས་མེད་རྒྱུ་ན། ཁོ་ཚོའི་དབང་ཤེད་དང་དཔུང་ཤུགས་དེ་འདྲ་ཅི་ལྟར་རྒྱས། འུ་ཚོས་ཁོ་ཚོ་ད་རེག་བར་དུ་གསོས་ཤིང་བཀུར། གལ་སྲིད་ཁོ་ཚོའི་གཟུགས་པོ་འུ་ཚོའི་མིག་གི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ན།ཁོ་ཚོ་གཅིག་ལས་གཅིག་ལྷག་ཚོན་པོ་རྒྱགས་པ་རྐྱང་རྐྱང་ཡིན་རྒྱུ་རེད།རྒྱུ་མཚན་ནི།འུ་ཚོས་མཆོད་བཀུར་གྱི་ཆོ་ག་ཆེ་ཆུང་གང་ལའང་ཁོ་ཚོར་བཟའ་བཏུང་གི་ཡང་ཕུད་ཀྱིས་མཆོད་ཅིང་བཟའ་བཏུང་གི་ཉིང་བཅུད་ཀྱིས་གསོལ་བས་སོ།། འཇིག་རྟེན་གྱི་འཚོ་བ་ནི་མིའི་འཚོ་བ་ཡིན་ཕྱིར།དཀའ་སྡུག་མྱོང་མཁན་མི་ཡིན་ལ་སྐྱིད་པོ་གཏོང་མཁན་ཡང་མི་ཡིན།མིའི་འཚོ་གནས་ཀྱི་རྒྱལ་ཕམ་རྩོད་པའི་འཇིག་རྟེན་འདིར།ལྷ་འདྲེའི་ཁྱུ་ཚོགས་ཅིའི་ཕྱིར་དུ་འཚང་ཁ་རྒྱག་པ་ཡིན།མིའི་བདེ་སྡུག་ལ་ཁ་ཚོས་ཏིལ་འབྲུ་ཙམ་གྱི་རྔོ་ཡང་མི་ཐོགས་ན་འུ་ཚོས་ལྷོད་པ་མེད་པར་ཁོ་ཚོའི་ཁ་སྐེ་ཚུར་འཐེན་དོན་ཅི་ཡིན།
རིམ་པ་གཉིས་པ། ཡ་ཐོག་ཤེས་རིག་བག་ཆགས།
ཕྱྭ་གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།།མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།།ཞེས་པ་ལྟར།ལྷ་ཕྱྭ་དང་།ཁྱིམ་ཕྱྭ།མགྲོན་ཕྱྭ།གྲོགས་ཕྱྭ།སྲོག་ཕྱྭ།སྲིད་ཕྱྭ།གདོན་ཕྱྭ།ཚོང་ཕྱྭ།ལམ་ཕྱྭ་སོགས་ཕྱྭ་གཡང་འགུགས་པའི་རིག་པ་དང་། འགལ་བ་ནས་མཐུན་པ་དང་། ཉེས་པ་ནས་ལེགས་པ། མི་དགེ་བ་ནས་དགེ་བ། ལྟས་ངན་པ་ནས་བཀྲ་ཤིས་པ། རྐྱེན་ངན་ནས་ཕུན་ཚོགས་སུ་བགྲོད་པར་བྱེད་པའི་ཀླུང་རྟའི་རིག་པ།སྐྱེ་འགྲོའི་ལུས་སྲོག་ལ་འཚེ་ཞིང་བར་དུ་གཅོད་པའི་ལྷ་ཀླུ་གཉན་བཙན་བསྐང་ཞིང་དགྱེས་བྱེད་ཀྱི་མདོས་དང་གླུད་ཀྱི་རིག་པ།སྐྱེས་བུའི་བླ་ཉམས་པ་དང་ཡར་བ་དང་སྟོར་བ་དང་བྲོས་པ་དང་འཁྱམས་པ་དང་འཕྲོག་པ་དང་བརྐུས་པ་དང་བཀུག་པ་དག་ཕྱིར་བསླུ་ཞིང་། གཤིན་གསོན་ཀུན་ལ་ཟ་འདྲེ་དང་ཤི་གཤེད་ཀྱི་གནོད་འཚེ་འགོག་པའི་བླ་བསླུ་དང་གཤེད་འདུལ་གྱི་རིག་པ།ལྷ་མི་ཀླུ་གཉན་དག་ལ་དམེ་རྨུགས་མནོལ་གྲིབ་ཐན་ལྟས་བྱུར་ཡུགས་མི་གཙང་བས་འབགས་པ་སེལ་ཅིང་བསང་བ་སེལ་བསང་ཚན་ཁྲུས་ཀྱི་རིག་པ།ས་བདག་ཀླུ་གཉན་བདུད་བཙན་མ་མོ་གཤིན་རྗེ་བརྟན་སྐྱོང་རྣམས་ལ་ཕོག་ཐུག་དང་འགྲམས་འཁྲུགས་སུ་ཤོར་བ་ཞི་ཞིང་།བྱད་ཁ་དང་ཕུར་ཁ་དང་རྦོད་གཏོང་དང་མནན་གཏད་སོགས་ལས་འགྲོལ་བྱེད་དབྱིངས་ཀྱི་ལྷ་ཚོགས་མཆོད་པའི་རིག་པ་དང་།མཁི་དབལ་མོ་བསྐངས་བའི་རིག་པ།ཀློང་གི་དམ་ཅན་བརྟེན་པའི་རིག་པ།ས་བདག་ཀླུ་གཉན་བཅོས་པའི་གཏོ་དཔྱད་ཀྱི་རིག་པ་སོགས་དང་།སྐྱེས་བུའི་བླ་སྲོག་དང་འབྱུང་ཁམས་ཀྱི་འབྲེལ་བ་སྟོན་ཞིང་།ལེགས་སྤེལ་ཉེས་སེལ་གཏན་ལ་འབེབས་པའི་གབ་རྩེ་དང་ཇུ་ཞག་གི་རིག་པ། ལོ་ཟླ་དང་གཟའ་སྐར་གྱི་ལེགས་ཉེས་བརྩི་བའི་སྨེ་བ་དང་སྤར་ཁའི་རིག་པ།བཟང་ངན་དང་ཕན་གནོད་ཀྱི་ལྐོག་གྱུར་སྟོན་པའི་ཇུ་ཐིག་གི་རིག་པ།དཀར་དམར་གསུར་གྱི་མཆོད་སྦྱིན་རིག་པ་རྣམས་དང་།ཡང་ན།བདག་སྐྱེས་པའི་སྐྱེས་སྐར་དང་།བདག་རྒ་བའི་བདེ་སྡུགབདག་འཆི་བའི་ལམ་བུ།དེ་མིན་རུ་གཞན་དུ་སྤོ་སའི་གནས་དང་།ཡུལ་བྱེས་སུ་གྱེར་བའི་དུས།ཞིང་མཐོང་ཁ་འབྱེད་པའི་ཉིན།ཁྱིམ་གཞི་མཁར་རྡུང་སའི་ས།ཟོག་བོར་སྟོར་བྱུང་བའི་ཕྱོགས། ཆས་གཡོར་བསྐྱི་བགྱི་བའི་གཡང་།ད་དུང་ས་རྐོ་རྡོ་སློག་གི་བཟོ་བཀོད་རྩོམ་པ་ནས་དབུ་སྐྲ་གསིལ་ལེན་གྱི་འདུ་བྱེད་སྐྱོང་བའི་བར་གྱི་བྱ་དངོས་ཆེ་མ་ཆུང་གསུམ་མཐའ་དག་ལ་མོ་འདེབས་པ།ཕྲ་འབེབས་པ།རྩིས་རྒྱག་པ།ལྷ་འབེབས་པ།རྨི་ལམ་དང་སྣང་མཐོང་རྟེན་འབྲེལ་བརྟག་པའི་ཡ་ཐོག་ལྷ་ཆོས་རིག་པ་དང་། ཡ་ཐོག་ཀླུ་ཆོས་རིག་པ། ཡ་ཐོག་འདྲེ་ཆོས་རིག་པ་སོགས་ནི་ཡ་ཐོག་ཤེས་རིག་བག་ཆགས་རེད།
ཡ་ཐོག་ཤེས་རིག་བག་ཆགས་འདི་ཡ་ཐོག་ལྷ་འདྲེ་བག་ཆགས་ལ་ལྟོས་ནས་བྱུང་བས་འདི་ཡང་རྩ་བ་སྦོམ་ལ་ཡལ་ག་སྟུགའུ་ཚོའི་བག་ཆགས་ངོས་ཀྱི་ཡ་ཐོག་ཤེས་རིག་འདི་གནོན་ཤུགས་ཆེ་ཞིང་དབང་ཤེད་བཙན་ཕྱིར་འུ་ཚོའི་སྔ་མ་རྣམས་ཀྱི་བློ་རིག་ལ་རང་དབང་ཏོག་ཙམ་མ་བྱིན་ཞིང་།ཤེས་རིག་གསར་པའི་གཡོ་འགུལ་གང་ལའང་གཟུར་བ་མེད་པའི་འབུར་འཇོམས་རི་རབ་ཇི་བཞིན་ལྕི།ཇི་སྲིད་ཡ་ཐོག་ཤེས་རིག་བག་ཆགས་མ་དོར་བ་དེ་སྲིད་དུ་འཇིག་རྟེན་པའི་བདག་གི་ལང་ཚོ་རྒྱས་མི་ཐུབ་ཅིང་།ཇི་སྲིད་འཇིག་རྟེན་པའི་བདག་གི་ལང་ཚོ་མ་རྒྱས་པ་དེ་སྲིད་དུ་ཤེས་རིག་གསར་པའི་མྱུ་གུའང་འབུས་མི་ཐུབ།ཇི་སྲིད་ཤེས་རིག་གསར་པའི་མྱུ་གུ་མ་འབུས་པ་དེ་སྲིད་དུ་དཔལ་ཡོན་དང་སྟོབས་འབྱོར་དང་མཚར་སྡུག་ཅེས་པའང་མིང་གི་ལྷག་མ་ཙམ་རེད།གང་ཞིག་ཡ་ཐོག་ཤེས་རིག་བག་ཆགས་ཇི་ལྟར་མཐུག་ན་དེ་ལྟར་རྗེས་སུས་ཡིན་ཞིང་།གང་ཞིག་རྗེས་ལུས་ཇི་ལྟར་ཡིན་ན་དེ་ལྟར་ཡ་ཐོག་ཤེས་རིག་གི་བག་ཆགས་ཟབ་པ་ཡིན།
ཡུལ་འདིར།གཞན་གྱི་ཁ་རྗེ་དང་བསོད་ནམས་དང་ཀླུང་རྟ་དང་དབང་ཐང་དང་དཔལ་ཁ་དང་ཕྱྭ་གཡང་རྣམས་སྤེལ་ཅིང་།ཆག་ཆེ་དང་ཉམ་ང་དང་ནད་ཡམས་དང་གོད་ཁ་དང་ལྟས་ངན་དང་རྟགས་ངན་དང་བསམ་ངན་དང་སྨེ་བ་ངན་པ་དང་སྤར་ཁ་ངན་པ་དང་ཡས་ཀྱི་བདུད་དང་མས་ཀྱི་སྲི་དང་ཀག་དང་ཕུང་སྲི་ལངས་པ་ཡོད་རྒུ་བསྐྲད་ཅིང་བཟློག་གི་ཡིན་ཟེར་མཁན་གྱི་ལྷ་པ་དང་། མོ་པ། རྩིས་པ། པྲ་པ།ལུང་སྟོན་མཁན།ཆོ་འཕྲུལ་སྟོན་མཁན།རྫུ་འཕྲུལ་སྟོན་མཁན།སྒྱུ་མཁན་སོགས་གཡོ་སྒྱུ་ཁྲམ་གསུམ་དང་རྫུ་འཕྲུལ་རྫུན་གསུམ་ཆེ་བའི་ཁྱུ་ཚོགས་རྣམས་ཀྱི་ལས་སྒོ་ཡོད་ཚད་དུས་རབས་དང་ལོ་རྒྱུས་རླབས་རྒྱུན་གྱི་འཕེལ་འགྲིབ་གང་གི་ཁྲོད་དུའང་གཞོམ་གཞིག་ནུབ་གསུམ་གྱི་འགྱུར་བ་ཅི་ཡང་མེད་པའི་ཁར་ད་དུང་མ་ཉམས་དར་མུས་ཡིན་པ་འདི་ཡང་འུ་ཚོ་རང་ཉིད་ལན་པ་མིན་ནམ་སུ་ལན་པ་ཡིན།
རིམ་པ་གསུམ་པ། དམ་པ་ལྷ་ཆོས་བག་ཆགས།
སེམས་ཅན་རྣམས་ནི་སངས་རྒྱས་ཉིད།།འོན་ཀྱང་གློ་བུར་དྲི་མས་བསྒྲིབས།།དྲི་མ་དེ་བསལ་སངས་རྒྱས་དངོས།།ཞེས་པ་ལྟར།དམ་པ་ལྷ་ཆོས་ཀྱི་གཞུང་ཤིང་ནི་སེམས་རེད།སེམས་ཀྱི་ངོ་བོ་འོད་གསལ་བའི་ཆ་དེ་རང་སར་གྲོལ་བ་ལ་དང་པོ་སྐྱབས་འགྲོ་ནས་བཟུང་སྟེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཁོར་བའི་རྩ་བ་མ་རིག་པ་དང་།བདེན་པ་གཉིས།སྒྲིབ་པ་གཉིས།བདག་མེད་གཉིས།ཚོགས་གཉིས།ཐེག་ཆེན་གཉིས་དང་།དུག་གསུམ།ཤེས་རབ་གསུམ།ཐེག་པ་གསུམ།བསླབ་པ་གསུམ་དང་།སྦྱིན་པ་བཞི།བདེན་པ་བཞི།ལྟ་བ་བཀར་བཏགས་བཞི།ཚད་མེད་བཞི་དང་།ཉོན་མོངས་ལྔ།སྒྲིབ་པ་ལྔ།ལམ་ལྔ།ཡེ་ཤེས་ལྔ།སྐུ་ལྔ་དང་།ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་དྲུགཕར་ཕྱིན་དྲུགརྩ་ཉོན་དྲུག་དང་།འཕགས་པའི་ནོར་བདུན། ཡན་ལག་བདུན། རྒྱུ་འབྲས་མན་ངག་བདུན། ཆེན་པོ་བདུན་དང་། ཞུགས་གནས་བརྒྱད།དངོས་པོ་བརྒྱད།འཕགས་ལམ་ཡན་ལག་བརྒྱད།རིག་གྲོལ་ཡོན་ཏན་བརྒྱད་དང་།སྙོམས་འཇུག་དགུ།བསམ་གཏན་ས་དགུ།བསྟན་བཅོས་དགུ་དང་།དགེ་བ་བཅུ།མི་དགེ་བ་བཅུ།སྤང་བྱ་ཡན་ལག་བཅུ།ཆོས་སྤྱོད་བཅུ།མཉམ་ཉིད་བཅུ་དང་།བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་བྱ་ཚུལ་བཅུ་གཉིས།རྟེན་འབྲེལ་ཡན་ལག་བཅུ་གཉིས།སྐྱེ་མཆེད་བཅུ་གཉིས།སྦྱངས་པའི་ཡོན་ཏན་བཅུ་གཉིས།གསུང་རབ་ཡན་ལག་བཅུ་གཉིས་དང་།དགེ་སློང་གི་སྤང་བྱ་ལྷག་མ་བཅུ་གསུམ།ཐེག་ཆེན་གྱི་ས་བཅུ་གསུམ་དང་།དམ་ཚིག་བཅུ་བཞི། ས་བཅུ་བཞི་དང་།ལམ་བཅོ་ལྔ།ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔ་དང་།སྟོང་ཉིད་བཅུ་དྲུགབདེན་བཞིའི་རྣམ་པ་བཅུ་དྲུགམཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་དང་།གཞི་བཅུ་བདུན། ཡུམ་སྲས་བཅུ་བདུན།ས་བཅུ་བདུན་དང་།ཁམས་བཅོ་བརྒྱད།སྟོང་ཉིད་བཅོ་བརྒྱད།བྱང་ཆུང་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།ཉེ་ཉོན་ཉི་ཤུ་དང་།ས་ཉེར་གཅིགསེམས་བསྐྱེད་ཉེར་གཅིག བཏགས་གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩེ་ལྔ་དང་།བྱང་ཕྱོགས་སོ་བདུན་དང་། ཆོས་བརྒྱད་དང་།བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་བསླབ་པར་བྱ་བ་དང་།ཤེས་པར་བྱ་བ་དང་། རྟོགས་པར་བྱ་བ་དང་།སྦྱང་བར་བྱ་བ་དང་། མྱང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། འབྱང་བར་བྱ་བ་དང་། ཆུབ་པར་བྱ་བ་དང་།གཞུག་པར་བྱ་བ་དང་།བསམ་པར་བྱ་བ་དང་།བསྒོམ་པར་བྱ་བ་དང་།གོམས་པར་བྱ་བ་དང་།བརྩོན་པར་བྱ་བ་དང་།གཞོམ་པར་བྱ་བ་དང་།དགག་པར་བྱ་བ་དང་།སྤང་བར་བྱ་བ་དང་།འདོར་བར་བྱ་བ་དང་།ཡང་དག་པར་རྫོགས་པར་བྱ་བའི་ཆོས་མཐའ་ཡས་ཡོད་ཅིང་།ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོ་ལ་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་པའི་དམ་པ་ལྷ་ཆོས་ཀྱི་རིག་གནས་འདི་ཡང་འུ་ཚོའི་བག་ཆགས་རྙིང་པའི་གྲུབ་ཆ་ཞིག་རེད།སྐུའི་ཡོན་ཏན་མཚན་དཔེ་བརྒྱད་དང་བཅུ་གཉིས།གསུང་གི་ཡོན་ཏན་ཚངས་དབྱངས་ཡན་ལག་དྲུག་ཅུ།ཐུགས་ཀྱི་ཡོན་ཏན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིགཡོན་ཏན་དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནམ།ཇི་ལྟར་ཇི་སྙེད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་ངོ་བོ།སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པའི་ཤེས་པའམ་རྟོགས་པའི་གོ་འཕང་ནི་དམ་པ་ལྷ་ཆོས་ཀྱི་དམིགས་ཡུལ་མཐར་ཐུག་རེད།དམིགས་ཡུལ་དེ་ཆོས་པའམ་ཐར་པ་སྒྲུབ་མཁན་ཚོའི་མཐོ་སྙེག་བྱ་ཡུལ་ཅིག་ཡིན་པ་ལས་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་ནི་སྡུག་བསྔལ་མེད་པའི་མཐར་ཐུག་དང་བདེ་བ་ལྡན་པའི་མཐར་ཐུག་གི་འཇིག་རྟེན་བླ་ན་མེད་པ་གོང་ན་མེད་པ་བླ་མའི་ཡང་བླ་མར་གྱུར་པའི་འཇིག་རྟེན་ཞིག་རེད།དེ་ནི་ཞི་བདེ་ཚད་མེད་ཅིང་།མཉམ་གནས་ཚད་མེད་པ།རང་དབང་ཚད་མེད་པ།ཐོབ་ཐང་ཚད་མེད་པའི་རབ་ཀྱི་འཇིག་རྟེན་ཞིག་དང་།ཕུལ་གྱི་འཇིག་རྟེན་ཞིགགྱ་ནོམ་པའི་འཇིག་རྟེན་ཞིག ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིགཡང་དག་པའི་འཇིག་རྟེན་ཞིགཡང་རབ་ཀྱི་འཇིག་རྟེན་ཞིགརྩེ་མོའི་འཇིག་རྟེན་ཞིགཤིན་ཏུ་རང་བྱུང་ཆེན་པོའི་འཇིག་རྟེན་ཞིག་ཡིན་ནའང་།སེམས་ཅན་འཚོ་གནས་འགྲན་རྩོད་ཆེ་བའི་འཇིག་རྟེན་འདིར་སྡིག་པ་ཅི་ཡང་མི་བྱ་མཁན་དང་།དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་མཁན།རང་གི་སེམས་པ་ཡོངས་སུ་འདུལ་མཁན་གྱི་སེམས་ཅན་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པས་རང་བྱུང་ཆེན་པོའི་འཇིག་རྟེན་དེ་འབྱུང་འགྱུར་སྨོན་པ་གཏོང་ས་ཙམ་ལས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་སླེབས་དཀའ།གལ་ཏེ་སྲིད་པ་འདི་དམ་པ་ལྷ་ཆོས་ཀྱི་བློས་བསླངས་པའི་བདེ་ལྡན་གྱི་འཇིག་རྟེན་དེ་ལྟ་བུ་ཆགས་ཐུབ་ན།བདེ་བ་ཅན་ཞེས་པ་ལོགས་སུ་བཙལ་རྒྱུ་མེད་དེ་ཁོ་རང་རེད།བློ་དཀྱེལ་དེ་ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད་ཨང་།ཡིན་ནའང་།དམ་པ་ལྷ་ཆོས་ཀྱི་ཐུགས་སྨོན་ཅི་ཙམ་མཛེས་སྡུག་ལྡན་ཞིང་འུ་ཚོའི་འདུན་པ་དེ་ཙམ་ཡིད་དུ་འོང་ནའང་།ཚད་ངེས་ཅན་གྱི་ཐོག་ནས་བཤད་ན།ས་སྒང་འདིར་བཙན་པོ་གཉོམ་ཆུང་ལ་སྡང་།ཕྱུག་པོ་དབུལ་བོ་ལ་སྡང་།དཔའ་བོ་སྡར་མ་ལ་ལྡང་།མཐོ་བ་དམན་པ་ལ་སྡང་།སྟོབས་ཅན་ཉམ་ཆུང་ལ་སྡང་།འཁོས་ཞན་དང་གཉོམ་ཆུང་དང་ནུས་མེད་དང་འབྱོར་མེད་དང་ཤུགས་མེད་རྣམས་ནི་ནམ་ཡང་སྡུག་གྱོང་མྱོང་མཁན་དང་སྐལ་ཆད་པ་རྐྱང་རྐྱང་རེད།དེ་ནི་སྣོད་བཅུད་འཕེལ་འགྱུར་གྱི་ཆོས་ཉིད་ཡིན་པ་ལས་ཁས་ལེན་འཛིན་མིན་གྱི་ཁྱད་པར་མིན།ཁྱོད་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཇི་བཞིན་ཁས་བླངས།ངེས་འབྱུང་བྱང་ཆུབ་ཀྱི་སེམས་བསྐྱེད།ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས།ཀུན་ལ་ཚད་མེད་པ་བཞི་བསྒོམས།སེམས་ཅན་རྣམས་རང་གི་མ་ལྟར་གཅེས།བདེན་པ་བཞིའི་ཟབ་དོན་ཇི་བཞིན་རྟོགས་ནའང་།འཇིག་རྟེན་འདིའི་སེམས་ཅན་གཞན་དང་གཞན་རྣམས་བསྡད་ཀྱིན་བསྡད་ཀྱིན་འདོད་རྔམ་སྟག་ལྟར་འཕྱོ།བདག་འཛིན་སྤྱང་ལྟར་འཇབ།ཞེ་སྡང་འབྲོང་ལྟར་ངར།འཁོན་འཛིན་ཁྱི་ལྟར་ཟུགསྲེད་པ་ཕག་ལྟར་ཉལ།གཡོ་སྒྱུ་ཝ་ལྟར་རྒྱུ།དེ་དག་གི་ཁ་རྩ་ན་འཇིག་རྟེན་འདིའི་ཕུན་ཚོགས་ལོངས་སྤྱོད་ཅི་ཡང་མི་མཁོ་ཟེར་བའི་འཚོ་གནས་པ་ཁྱོད་ཀྱི་ཐར་ས་གང་ཡིན།ཡང་གཅིག་བཤད་ན།འཚོ་གནས་ཀྱི་ཕྱིར་དུ་རྒྱུག་པའི་གྲོང་ཁྱིམ་པ་ཁྱོད་ཚོས་ཆོས་པའི་རྣམ་འགྱུར་ལ་ལད་མོ་བྱེད་དོན་མེད་ག
རིམ་པ་བཞི་པ། དཔེ་ལུགས་དང་གོམས་སྲོལ་བག་ཆགས།
འུ་ཚོའི་ཀུན་གཞི་ན་ཕན་ལས་གནོད་ཆེ་བའི་དཔེ་ལུགས་དང་གོམས་སྲོལ་རྙིང་པའི་བག་ཆགས་གང་ཇི་སྙེད་ཅིག་མཆིས་ཏེ།དཔེར་ན།ཡོན་ཏན་མི་གཙོ་རིགས་རུས་གཙོ་བའི་དཔེ་སྲོལ་དང་།འཇོན་ཐང་མི་གཙོ་ཐོབ་ཐང་གཙོ་བའི་དཔེ་སྲོལ།བསླབ་པ་མི་གཙོ་བགྲེས་པོ་གཙོ་བའི་དཔེ་སྲོལ།ཤེས་རིག་མི་གཙོ་གོམས་སྲོལ་གཙོ་བའི་དཔེ་སྲོལ།གནས་ལུགས་མི་གཙོ་ལུང་བསྟན་གཙོ་བའི་དཔེ་སྲོལ།དངོས་སྟོབས་མི་གཙོ་བཤད་རྒྱུན་གཙོ་བའི་དཔེ་སྲོལ།ཚི་དྲེག་ཆེ་བ་ན་བསོད་ནམས་ཡིན་ཟེར་བའི་དཔེ་སྲོལ།ཤིག་འབུ་མང་ན་ཚོགས་གསོག་ཡིན་ཟེར་བའི་དཔེ་སྲོལ།ཆེ་བར་འཕྲད་ན་ལྕེ་བསྣར་རྐུབ་འཕུར་གྱི་དཔེ་སྲོལ།བྱ་དངོས་ཀུན་ལ་ལས་ཀྱིས་འགྲེལ་བའི་དཔེ་སྲོལ།འགྲོ་འདུག་ཐམས་ཅད་རྟེན་འབྲེལ་བརྟག་པའི་དཔེ་སྲོལ།བློ་གཏད་མིན་ལ་མགོ་བོ་འདོགས་པའི་དཔེ་སྲོལ།བཙན་དང་ཆེན་པོར་ཁ་གསག་སྨྲ་བའི་དཔེ་སྲོལ།རྒྱུ་མཚན་མེད་པར་རང་སྣང་སྐྱིད་པའི་དཔེ་སྲོལ།རྒྱུ་རྐྱེན་མེད་པར་གླུ་ཡིས་བཟི་བའི་དཔེ་སྲོལ།བྱིས་པའི་གཉེན་དོན་ཕ་མས་སྒྲིག་པའི་དཔེ་སྲོལ།སྒྲིག་དང་ཁྲིམས་ལ་ཇི་མི་སྙམ་པའི་དཔེ་སྲོལ།ཆགས་པའི་འཁྲིག་པ་འཆལ་བོར་སྤྱོད་པའི་དཔེ་སྲོལ།སྲམ་དང་གཡུ་བྱུར་འདོགས་ཆར་དགའ་བའི་དཔེ་སྲོལ་སོགས་ཡོན་ལས་སྐྱོན་ཆེ་བའི་དཔེ་ལུགས་དང་གོམས་སྲོལ་སྣ་དགུས་ཁེངས་པའི་བག་ཆགས་རྙིང་པ་དེ་རྣམས་ནི་རིང་ནས་རིང་དུ་འདོར་བྱ་ཉིད་དོ།།
གཞན་ཡང་།མགོ་བོ་ཡོད་ཀྱང་ཀླད་པ་མི་སྤྱོད་པའི་རང་གཤིས་དང་།རྒོད་པོ་མགོ་ལ་ཐུར་མདའ་མེད་པའི་རང་གཤིས།ཕྱི་ལ་སྡར་ཞིང་ནང་ལ་བཙན་པའི་རང་གཤིས།བཙན་པོར་གཉོམ་ཞིང་གཉོམ་ལ་བཙན་པའི་རང་གཤིས།ཕྲག་དོག་ཆེ་ཞིང་རུ་ང་སྐྱེན་པའི་རང་གཤིས།ཆུང་ངུ་ཙམ་གྱིས་ཡིད་ཚིམ་སླ་བའི་རང་གཤིས།ཕག་པ་ལྟ་བུའི་ལེ་ལོ་ཆེ་བའི་རང་གཤིས།རི་དྭགས་ལྟ་བུའི་སོས་དལ་བག་ཕེབས་རང་གཤིས།འདོད་པ་ཆུང་ལ་ཆོག་ཤེས་ཆེ་བའི་རང་གཤིས།སྤྱི་ཡི་དོན་རྣམས་ཡལ་བར་འདོར་བའི་རང་གཤིས།རང་གི་དོན་ལ་འཆར་གཞི་མེད་པའི་རང་གཤིས།བྱས་པའི་ལས་ལ་ས་ཆོད་མེད་པའི་རང་གཤིས།ནང་དམེ་གྱོད་ལ་བག་མི་ཚར་བའི་རང་གཤིས།བཟང་ངན་ཀུན་ལ་རྟོག་དཔྱོད་མེད་པའི་རང་གཤིས།ཕྲན་བུའི་ཕྱིར་དུ་བླ་སྲོག་འཚོང་བའི་རང་གཤིས།ཧ་མ་ཧོལ་ལ་ཟེར་རྗེས་འབྲངས་པའི་རང་གཤིས།ཐུན་མོང་རྒྱུ་ལ་ཧབ་ཤ་རྒྱག་པའི་རང་གཤིས།རྫ་སེ་རྫ་སེར་དད་པ་ཆེ་བའི་རང་གཤིས།འཕྲལ་ལེ་འཕྲུལ་ལེར་དགའ་བོ་ཡོད་པའི་རང་གཤིས།གཡོ་དང་སྒྱུ་ལ་དོགས་སློང་བྲལ་བའི་རང་གཤིས།ཁྱི་དང་ཕག་གི་རྣམ་ཐར་སྐྱོང་བའི་རང་གཤིས་སོགས་འུ་ཚོ་ཐུར་འདྲེན་གྱི་གཏིང་རྡོ་ལྟ་བུའི་རང་གཤིས་འདི་རྣམས་ཀྱང་ཁད་དང་ཡུན་གྱིས་བཅོས་སྒྱུར་བྱ་བའི་ཆོས་ཁོ་ན་རེད། དཔེ་སྲོལ་དང་རང་གཤིས་མི་རིགས་གང་ལའང་ཐུན་མིན་དུ་ཡོད། དཔེ་སྲོལ་དང་རང་གཤིས་ནི་མི་རིགས་གང་ཡིན་དེའི་རིག་གནས་ཀྱི་གྲུབ་ཆ་ཞིག་རེད།དེ་ལས་མི་རིགས་དེའི་བློ་ཁོག་དང་།སྤོབས་པ་དང་།སྙིང་སྟོབས་དང་།རང་བཞིན་དང་།རྒྱུད་སྤུས་དང་།དགའ་བ་དང་།མོས་པ་དང་། འདུན་པ་དང་།ཞེ་འདོད་སོགས་ཤེས་ཐུབ་པ་ཡིན།འུ་ཚོའི་བག་ཆགས་ངོས་ཀྱི་འབག་རྫོབ་ཆེ་བའི་དཔེ་ལུགས་སྐྱོན་ཅན་དང་།གོམས་སྲོལ་སྐྱོན་ཅན།འཇིག་རྟེན་ལྟ་ཚུལ་སྐྱོན་ཅན།མཛེས་དཔྱོད་ལྟ་ཚུལ་སྐྱོན་ཅན།རིན་ཐང་ལྟ་ཚུལ་སྐྱོན་ཅན།རང་བཞིན་གཤིས་རྒྱུད་སྐྱོན་ཅན་རྣམས་ཀྱང་འུ་ཚོའི་བག་ཆགས་རྙིང་པ་དང་ལྷ་ཆོས་རིག་གནས་ཀྱིས་བསྐྱེད་པ་རེད།ང་ཚོས་འདིར་གླེང་བ་ནི་དགེ་མཚན་ཅི་ཡང་མེད་པའི་དཔེ་ལུགས་དང་རང་ གཤིས་རྣམས་ཡིན་པས་བཙན་པོའི་སྐབས་ཀྱི་ཚུར་ལེན་གྱི་ཁོག་རྒྱ་དང་ཧུར་བརྩོན་གྱི་བློ་གཤོགས་སོགས་དགེ་མཚན་ཅན་གྱི་དཔེ་ལུགས་དང་རང་གཤིས་བཟང་པོའི་རིགས་འདིར་གླེང་གི་མེད།བཟང་ཆ་གང་ཡོད་རང་ལ་ཡོད་པས་ལབ་དགོས་མི་འདུགའུ་ཚོའི་བཟང་ཆ་ཁོ་ན་ལབ་རྐྱང་གིས་དགའ་ཀྲོག་ཀྲོག་ཏུ་སྦྲིད་བསྡད་ན་འུ་ཚོ་འཕེལ་རྒྱས་སུ་འགྲོ་བའི་དུས་ནམ་ཡིན།མིའི་རིགས་སྤྱི་ལ་དབང་བའི་དུས་ཀྱི་འཁོར་ལོའི་གོམ་འགྲོས་དེ་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་སུ་སླེབས་ནའང་འུ་ཚོས་ད་དུང་རང་ཉིད་ཀྱི་རྒུད་པའི་རྩ་བའམ་ན་བའི་རྒྱུ་རྐྱེན་མི་འཚོལ་བར་ཆོ་མེད་མདོ་མེད་དུ་སྡོད་དོན་ཅི་ཡིན།མཐར་ཕུགས་གང་ལ་གཏུགས་ཀྱང་འུ་ཚོ་ཐུར་ནས་ཐུར་ལ་འཐེན་མཁན་ནི་རང་སེམས་ཀྱི་བག་ཆགས་རྙིང་པ་འདི་དག་རེད།སེམས་དང་བློ་རིག་ལ་རང་དབང་ལྷད་མེད་འཐོབ་ཕྱིར་དང་།སྒོ་ཀུན་ནས་ཡར་རྒྱས་གོང་འཕེལ་འབྱུང་ཕྱིར།བག་ཆགས་རྙིང་པའི་རིམ་པ་དེ་ཕ་མ་ལྟར་དབང་བཙན་ནའང་འུ་ཚོས་ངེས་པར་གསད་དགོས་ལ་གཞོམ་ཡང་དགོས་སོ།།
དམ་པ་དགེ་ཆོས་མཆོག་གིས།
རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།།
གསར་བ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་སེམས།།
ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་བསྒོམས།།
ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཌ་ཡི་སྲོལ།།་་་ཞེས་་་བོད་པས་རྙིང་པ་ལྷ་ཡི་སྲོལ་དང་གསར་པ་བདུད་ཀྱི་ཆོ་འཕྲུལ། ངོ་མཚར་བའི་བྱ་བ་ཐན་ལྟས་ཉིད་དུ་བསྒོམས་ཀྱི་འདུག་པས་སྐྱོན་གྱི་བོད་ཕུང་ལ་སྦྱར་གྱི་ཡོད་པར་བསྟན་པ་རེད།
མཁས་དབང་འཇམ་ནོར་གྱི་ལུང་ཚིག་གསལ་པོ་རྙེད་མ་སོང་བས་ཁུངས་སྐྱེལ་མེད་དུས་་ཁོང་མ་འཐེན་རོགས་བྱོས།
བོད་ཕོངས་བྱེད་ཀྱི་བརྗོད་གཞི་འདི་ལོགས་སུ་བླངས་ནས་བགྲོ་གླེང་བྱེད་ཐུབ་ན། ལྟ་ཚུལ་སྣ་མང་འབྱུང་སྲིད་པ་དང་དེ་དག་བརྒྱུད་ནས་བསྡོམས་ཀྱང་འགོད་ཆོག་པས། དེབ་གཟུགས་སུ་པར་བསྐྲུན་ཡང་བྱས་ཆོག་གི་རེད། འདི་ནི་མཉམ་རུབ་ཞིབ་འཇུག་གི་གྲས་རེད་ལ། གཙོ་ཁྲིད་པ་ཅོ་རི་ཉི་མ་དང་སྤོབས་པ་མཐའ་ཡས་ཡིན་སྟབས། སྣེ་ཁྲིད་པར་གྱུར་ཡོད། དེ་བཞིན་དེབ་གཟུགས་སུ་འགོད་སྐབས། ང་རང་ཉིད་ཀྱི་ངོས་ནས་ཞལ་འདེབས་སྤྲད་ངེས་ཡིན། གཞན་དག་གིས་ཀྱང་དེ་ལྟར་གནང་བར་ཡིད་ཆེས་ཡོད།
་་་་་་ དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས།
ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌།
སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌།
གཞན་དོན་བྱས་པས་རང་དོན་ཤོར་སོང༌།
མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང༌། ཞེས་སོགས་ཟེར་་་་་་་་་་
་་་་་་ འུ་ཚོའི་འཕུང་དགྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད།འུ་ཚོའི་འཕུང་དགྲ་ནི་འུ་ཚོ་རང་ཉིད་ཀྱི་བག་ཆགས་རྙིང་པ་ཡིན། ་་་་་་
་་་་་་་ ངེས་འབྱུང་བྱང་ཆུབ་ཀྱི་སེམས་བསྐྱེད།ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས།ཀུན་ལ་ཚད་མེད་པ་བཞི་བསྒོམས།སེམས་ཅན་རྣམས་རང་གི་མ་ལྟར་གཅེས།བདེན་པ་བཞིའི་ཟབ་དོན་ཇི་བཞིན་རྟོགས་ནའང་།འཇིག་རྟེན་འདིའི་སེམས་ཅན་གཞན་དང་གཞན་རྣམས་བསྡད་ཀྱིན་བསྡད་ཀྱིན་འདོད་རྔམ་སྟག་ལྟར་འཕྱོ།བདག་འཛིན་སྤྱང་ལྟར་འཇབ།ཞེ་སྡང་འབྲོང་ལྟར་ངར།འཁོན་འཛིན་ཁྱི་ལྟར་ཟུགསྲེད་པ་ཕག་ལྟར་ཉལ།གཡོ་སྒྱུ་ཝ་ལྟར་རྒྱུ།དེ་དག་གི་ཁ་རྩ་ན་འཇིག་རྟེན་འདིའི་ཕུན་ཚོགས་ལོངས་སྤྱོད་ཅི་ཡང་མི་མཁོ་ཟེར་བའི་འཚོ་གནས་པ་ཁྱོད་ཀྱི་ཐར་ས་གང་ཡིན། ་་་་་་་་
ཁ་ཅིག་གིས།
་་་་་ངེས་འབྱུང་བྱང་ཆུབ་ཀྱི་སེམས་བསྐྱེད།
ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས།
ཀུན་ལ་ཚད་མེད་པ་བཞི་བསྒོམས།
སེམས་ཅན་རྣམས་རང་གི་མ་ལྟར་གཅེས།
བདེན་པ་བཞིའི་ཟབ་དོན་ཇི་བཞིན་རྟོགས་ནའང་།
འཇིག་རྟེན་འདིའི་སེམས་ཅན་གཞན་དང་གཞན་རྣམས་བསྡད་ཀྱིན་བསྡད་ཀྱིན་འདོད་རྔམ་སྟག་ལྟར་འཕྱོ།བདག་འཛིན་སྤྱང་ལྟར་འཇབ།ཞེ་སྡང་འབྲོང་ལྟར་ངར།
འཁོན་འཛིན་ཁྱི་ལྟར་ཟུགསྲེད་པ་ཕག་ལྟར་ཉལ།
གཡོ་སྒྱུ་ཝ་ལྟར་རྒྱུ།
དེ་དག་གི་ཁ་རྩ་ན་འཇིག་རྟེན་འདིའི་ཕུན་ཚོགས་ལོངས་སྤྱོད་ཅི་ཡང་མི་མཁོ་ཟེར་བའི་འཚོ་གནས་པ་ཁྱོད་ཀྱི་ཐར་ས་གང་ཡིན། ་་་་་་་
་་་་ཟེར།
སེམས་བསྐྱེད་ཁ་ནས་འདོན་མཁན་དང་། དེ་དོན་ཡིད་ལ་བསམ་མཁན་གཉིས་མ་བསྲེས་ན། འདི་ལྟ་བུའི་བསྐུར་འདེབས་དང་། སྒྲོ་འདོགས་གཉིས་ཀ་མི་འོངས་པས་་་་་་་
རྣམ་དཔྱོད་ཤེས་རབ་ཀྱིས་རྨོངས་དད་དང་ལྷ་སྒྲུང་གི་འཆིང་ཐག་ལས་གྲོལ་བའི་དངོས་ཐོག་བདེན་འཚོལ་གྱི་མི་ཆོས་རིང་ལུགས་ཀྱི་བསམ་བློ་བ་ཆེ་མོ་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་
དངོས་ཡོད་ལས་ལྷ་སྒྲུང་ལ་དགའ་བའི་ང་ཚོ། ང་ཚོ་ནི་ལྷ་སྒྲུང་ལ་དགའ། འདི་ནི་གདོད་མའི་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པས་ང་ཚོ་ཅིས་མི་དགའ། གདོད་མའི་དུས་སུ་མི་རྣམས་ཤེས་རབ་མ་སྨིན་པ་དང་། ཅུང་ཟད་སྨིན་ལ་རང་བྱུང་ཁམས་ལ་ཕར་རྒོལ་མི་ནུས་པར་ཚུར་ཟིལ་གྱིས་མནན་པར་བརྟེན། རང་བྱུང་ཁམས་ཐམས་ཅད་སེམས་ལྡན་ནམ་ལྷ་འདྲེའི་རང་བཞིན་ཡིན་པའི་འདུ་ཤེས་ཡོད་མྱོང་ལ། དེའི་དཔང་པོར་རང་རེའི་ལོ་རྒྱུས་ནང་སྲིད་པའི་ལྷ་རབས་ཞེས་པ་འདི་བྱུང་། ང་ཚོ་ནི་རི་བོའི་ཁྲོད་དུ་གནས་པའི་མི་རིགས་ཤིག་ཡིན་པས་རི་ཡི་ལྷ་ལ་གཙོ་བོར་དད་པའི་ལུགས་བྱུང་ཞིང་། ཕྱིས་སུ་ཆོས་ལུགས་ཀྱི་དད་མོས་དང་འདྲེས་ནས་ད་བར་གནས་ཡོད།
ད་ལྟ་ཡང་ང་ཚོས་ལྷ་སྒྲུང་ལ་དགའ་བའི་ངང་ཚུལ་ཆེས་ཆེ་བས། ནང་བསྟན་དར་བའི་ཡུལ་ཡིན་པའི་ཚོར་བ་སྦྱིན་པའི་ཚབ་ལ་གདོད་མའི་ནང་དུ་ཕྱིར་ལོག་པའི་ཚོར་བ་སྦྱིན་བཞིན་པ་འདི་རེད། ང་ཚོས་ཆོས་དད་དང་རྨོངས་དད་ཐ་དད་ཕྱེ་དགོས་པ་མ་ཟད། ཆོས་དད་དང་ནང་བསྟན་ཆོས་དད་ཐ་དད་ཕྱེ་དགོས་པ་དང་། ལྷ་སྒྲུང་དང་ནང་བསྟན་ངེས་པར་དུ་ཐ་དད་ཕྱེ་དགོས། ངས་འདི་འདྲ་བཤད་དགོས་དོན་ནི་ང་ཚོའི་ཆེ་ཕྲ་མཆོག་དམན་ཀུན་གྱི་སེམས་ནང་ད་དུང་ལྷ་སྒྲུང་གི་འདུ་ཤེས་བརྟན་པོ་གནས་ཡོད་པས། ད་དུང་ལྷ་སྒྲུང་གི་འཆིང་རྒྱ་ལས་གྲོལ་མེད་པའི་སྣང་ཚུལ་འདི་དག་རེད། ལྷ་སྒྲུང་གི་ནུས་པ་ནི་མི་སེམས་དབང་མེད་དུ་སྦྲིད་པར་བྱེད་པ་དེ་ཡིན་ལ། དེ་ལ་བརྟེན་ནས་ལྷ་འདྲེ་བདུད་བཙན་སོགས་ནི་མི་ལས་ལྡབ་ཁྲི་ཁྲག་གིས་སྟོབས་ནུས་ཆེ་བ་དང་། སྤྲུལ་བསྒྱུར་དང་མྱུར་འགྱོགས་ཆེ་བ་དང་མཐུ་རྩལ་འགྲན་ཟླ་བྲལ་བ། སྲིད་གསུམ་ཡོམ་ཡོམ་བྱེད་པ། སྣང་སྲིད་དབང་དུ་བསྡུས་པ། ཁམས་གསུམ་ཟིལ་གྱིས་གནོན་པ་སོགས་ཀྱི་སྒྲོ་འདོགས་ཚད་ལས་འདས་པ་ཡོད་པས་རེད། གླིང་གེ་སར་གྱི་སྒྲུང་དེ་སྙན་པོ་ཡོད་དོན་ཡང་ལྷ་སྒྲུང་ཡིན་པས་རེད། རང་རེའི་སྟོང་བསམ་གྱི་གཤིས་ཀའི་དབང་གིས་དེ་ལ་ཡིད་སྨོན་དང་དད་འདུན་གྱིས་ད་བར་རྩོམ་རིག་ཙམ་མ་ཟད། བོད་པའི་སྤྱི་ཚོགས་ཡོངས་སུ་ཁེབས་ཡོད་པས་རེད། དེར་བརྟེན་གོང་དུ་ལྷ་འདྲེར་ཡིད་རྟོན་པའི་ང་ཚོ་ཞེས་པའི་སྐབས་སུ་གླེང་བ་ལྟར་ཡིན་ལ། འདིར་ཡང་བསྐྱར་གླེང་དགོས་པ་ཆགས་སོང་། ལྷ་སྒྲུང་གིས་ནང་བསྟན་ངོ་མ་ལ་ནག་ནོག་ཆེན་པོ་བཟོས་ཡོད།
ནང་བསྟན་ནི་ལྷ་འདྲེ་ལ་སྐྱབས་མི་བཅོལ་བའི་གཞུང་ལུགས་ཤིག་ཡིན་སྟབས་སངས་རྒྱས་འཚོ་བཞུགས་ཀྱི་སྐབས་དང་། གདོད་མའི་ནང་བསྟན་རིག་གཞུང་ནང་དང་། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་རིག་གཞུང་ནང་དུ་ལྷ་འདྲེའི་སྐོར་འཁོད་པ་ཉུང་ཞིང་ལྷ་འདྲེར་བརྩི་མཐོང་གཏན་ནས་གནང་མེད་ལ། ཐེག་ཆེན་མདོ་ཡི་རིགས་གཞུང་གི་ནང་དུ་ཡང་ལྷ་འདྲེར་བརྩི་མཐོང་གང་ཡང་མཛད་མེད། གསང་སྔགས་ཀྱི་སྐོར་ནས་ལྷ་འདྲེའི་ནུས་པའི་སྐོར་ཐོན་ཡོད་ཀྱང་རྒྱ་ཁྱབ་མིན། འོན་ཀྱང་ཕྱིས་སུ་བོད་རྒྱུད་ནང་རིག་ནང་དུ་ལྷ་འདྲེའི་སྟོབས་ཤུགས་བཤད་པའི་རྒྱུད་ཟེར་བའི་གཞུང་ལུགས་མང་པོ་རིམ་པས་བྱུང་ཞིང་། དེར་བརྟེན་དེ་དག་ལ་མཆོད་འབུལ་སོགས་དར་རྒྱས་ཤུགས་ཆེན་བྱུང་ལ། རིམ་པས་མང་དུ་མང་དུ་ཕྱིན་ནས་ཆོས་ལེ་ཚན་རེ་ལ་ལྷ་འདྲེ་རེས་བསྲུང་བའི་བར་འཕེལ་བར་མ་ཟད། བླ་གྲྭ་དགོན་པ་ཚང་མས་ལྷ་འདྲེ་གསོལ་མཆོད་བྱེད་བཞིན་ཡོད་པ་འདི་རེད། འདིས་ནང་བསྟན་ངོ་མ་མ་མཐོང་བ་ཆགས་ཡོད་པ་འདི་རེད། སྲིད་དོན་པ་དང་དབུ་ཆེ་སོགས་དམངས་ཀྱང་ལྷ་སྒྲུང་གིས་ད་དུང་ཡང་སྦྲིད་ཡོད། དངོས་ཡོད་གནས་ཚུལ་ལ་བསམ་གཞིག་མེད་པར་བོད་ཡུལ་ལྷ་འདྲེས་བསྲུང་བའི་དད་འདུན་དང་། བོད་དམངས་ཀྱང་ཡུལ་ལྷ་གཞི་བདག་ལ་སོགས་ལྷ་འདྲེ་ཆེ་གཉན་ཆུང་གསུམ་ལ་སྐྱབས་སུ་འགྲོ་དང་འགྲོ་བཞིན་པ་འདི་རེད། མདོར་ན་བོད་དང་བོད་ཀྱི་རྒུད་པ་མཐའ་དག་ནི་ལྷ་སྒྲུང་ལ་དགའ་བ་ལས་བྱུང་བ་རེད་ཅེས་སྐད་གསེང་མཐོན་པོས་སྨྲ་ཆོག ཡིད་སྐྱོ་དགོས་པ་གཞན་ཞིག་ནི་ད་དུང་བླ་གྲྭ་ཚོས་རང་རིགས་ལྷ་སྒྲུང་གི་འཆིང་རྒྱ་ལས་སྒྲོལ་ཕར་བཞག ད་དུང་མི་ཚོགས་གཞན་ཡང་ལྷ་སྒྲུང་ནང་ཁྲིད་བཞིན་འདུག་པ་འདི་རེད། ང་ཚོས་ངེས་པར་དུ་ནང་བསྟན་གཞུང་གི་བསམ་གྱི་མི་ཁྱབ་པའི་དགོངས་པ་དང་ལྷ་སྒྲུང་ཐ་དད་དུ་ཕྱེ་དགོས། ནང་རིག་ནང་བསམ་གྱིས་མི་ཁྱབ་པ་བཞི་ནི། སྨན་དང་རྫས་དང་། སྔགས་དང་ཏིང་ངེ་འཛིན་གྱི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་གསུངས་པ་ལས། བོད་ཀྱི་ལྷ་འདྲེའི་ནུས་པ་ནི་བསམ་གྱིས་མི་ཁྱབ་ཞེས་གསུངས་པ་གཏན་ནས་མེད་ལ། ལྷ་སྒྲུང་གི་ཤོད་སྲོལ་ནི་ནང་རིག་པའི་རྒྱུ་འབྲས་རིག་པའི་རྒྱབ་བརྟེན་ཡིན་ལུགས་དེ་བས་གསུངས་མེད་པ་ཤེས་དགོས། ནང་བསྟན་ཞིབ་འཇུག་པ་ལ་ལས་ཐེག་ཆེན་གྱི་དུས་རིམ་ནི་ནང་བསྟན་ལྷ་སྒྲུང་ཅན་དུ་བསྒྱུར་བའི་དུས་རིམ་ཡིན་པར་ངོས་འཛིན་བྱས་ཡོད་པ་འདི་རེད།
ང་ཚོས་ཞིབ་ཙམ་དཔྱད་མ་ཐུབ་ཀྱང་རགས་རིམ་ཞིག་དཔྱད་ན་ཡང་ནང་རིག་ལྷ་སྒྲུང་ལྡོག་ཕྱོགས་ཡིན་པ་མཐོང་ཐུབ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་དང་། བསྔགས་འོས་བསྔགས་པ་ལྟ་བུ་ལ་མཇལ་ན་ནང་བའི་སྟོན་པ་དང་གཞན་གྱི་སྟོན་པའི་བར་གཤིབ་བསྡུར་གྱིས་ནང་པ་ནི་ལྷ་སྒྲུང་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་ཡིན་པ་གསལ་པར་བཤད་ཡོད། གནའ་རབས་རྒྱ་གར་གྱི་ལྷ་སྒྲུང་དང་ནང་རིག་གི་ཐེག་ཆེན་གཞུང་གཤིབ་བསྡུར་བྱས་ན། ནང་རིག་ཐེག་ཆེན་གྱི་གཞུང་དུ་རྒྱ་གར་གྱི་ལྷ་སྒྲུང་གི་ཤོད་སྲོལ་ཁ་ཤས་འདྲེས་ཡོད་པ་བདེན་ན་ཡང་། དེ་ནི་སྤྱི་ཚོགས་དང་རིག་གནས་འཁོར་ཡུག་གི་ཤུགས་རྐྱེན་ཡིན་པས། དེ་ཙམ་ལ་བརྟེན་ནས་ནང་རིག་ལྷ་སྒྲུང་ཅན་དུ་སྒྲུབ་མི་ཐུབ། དེ་ནི་ནང་བསྟན་དར་ཡུལ་རྒྱ་གར་ཡིན་སྟབས་ཕན་ཚུན་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་ཡིན་ལ། ནང་བསྟན་ཉིད་རྒྱ་གར་གྱི་རིག་གནས་ཀྱི་རྨང་གཞིའི་ཐོག་གསར་བཏོད་མཛད་པས་ཀྱང་རེད། ཕྱི་པ་དང་ནང་པའི་བར་དུ་འགྲན་རྩོད་ཀྱི་རང་བཞིན་ཡོད་སྟབས་ཁོ་ལ་ཡོད་པ་དེ་ང་ལ་ཡང་ཡོད་པའི་བསམ་པ་ཡོད་པ་ཡང་གཡོལ་དུ་མེད་པའི་རང་བཞིན་ཞིག་ཀྱང་རེད། འོན་ཀྱང་རྒྱ་གར་གྱི་ལྷ་སྒྲུང་དང་ནང་རིག་བར་ཁྱད་པར་ཆེན་པོ་ཡོད་པ་ཤེས་དགོས། དངོས་གནས་ནང་བསྟན་ལྷ་སྒྲུང་ཅན་དུ་བསྒྱུར་མཁན་ནི་བོད་རིགས་ཚོ་རེད། བོད་ཀྱི་ལྷ་སྒྲུང་དང་ནང་རིག་བསྲེས་ནས། སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེལ་བྱང་སེམས། སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་སོགས་བོད་ཀྱི་ལོ་རྒྱུས་མི་སྣ་རྣམས་རིམ་བཞིན་ལྷ་སྒྲུང་དུ་བསྒྱུར་ཡོད། ཁོ་བོས་དག་སྣང་དང་གྲགས་པའི་རྗེས་འབྲངས་ལ་དགའ་བའི་ང་ཚོ་ཞེས་པར་བཤད་ཡོད་པ་ལྟར་རེད། དེའི་ཐོག་ར་མ་ཎའི་གཏམ་རྒྱུད་བོད་དུ་དར་ཞིང་རྒྱ་གར་གྱི་མངོན་བརྗོད་དང་སྙན་ངག་མེ་ལོང་མ་དར་ཚུན་རྒྱ་གར་གྱི་ལྷ་སྒྲུང་བོད་ཀྱི་ནང་རིག་དང་བསྲེས་པའི་མགོ་ཚུགས་པ་རེད།
ལྷོ་ནུབ་སྲིན་ཡུལ་སོགས་ལྷ་འདྲེའི་གཏམ་རྒྱུད་དར་ཞིང་ལྷ་འདྲེ་ཁོག་ཞུགས་དང་། ལྷ་འདྲེའི་ལུང་བསྟན་ལ་བརྩི་འཇོག ལྷ་འདྲེས་བོད་ཡུལ་བསྲུང་བའི་གདེང་འཇོག བླ་མ་ཚོས་དངོས་ཡོད་མི་ཡུལ་འདུལ་རྒྱུ་རང་སོར་བཞག་ནས་དངོས་མེད་ལྷ་འདྲེས་འཇིག་རྟེན་བཏུལ་བའི་གཏམ་རྒྱུད་སོགས་ཇེ་དར་དུ་སོང་ཡོད་པ་རེད། རྒྱུ་མཚན་སྔ་དར་གྱི་མཁས་པ་ཀ་ཅོག་ཞང་སོགས་ཀྱི་གསུང་རབ་ནང་དུ་ལྷ་འདྲེའི་རིང་ལུགས་མེད་ལ། ཕྱི་དར་གྱི་བཀའ་གདམས་ཡབ་སྲས། བཀའ་བརྒྱུད་གོང་མ་ཚོའི་གསུང་རབ་ནང་དུ་ཡང་ལྷ་འདྲེའི་རིང་ལུགས་གཏན་ནས་མི་འདུག་པ་འདིས་མཚོན་ཡོད། ཆོས་ལ་དད་པ་ནི་ཤེས་བྱ་ལ་དད་པ་ཡིན་པས་དེ་ནི་ནང་ཆོས་ལ་དད་པ་མིན་པས་དབྱེ་བ་ཡོད་པ་ཡིན། ནང་ཆོས་ལ་དད་པ་ནི་ཡང་དག་པའི་རིག་པ་རྙེད་ནས་རང་ཉིད་རང་གི་མགོན་དུ་འགྱུར་རྒྱུ་དེ་ཡིན་ལ། རྨོངས་དད་ནི་དབྱེ་འབྱེད་ཀྱི་རྣམ་དཔྱོད་མེད་པར་གཞན་ལ་སྐྱབས་བཅོལ་རྒྱུ་དེ་ཡིན་པས་དབྱེ་བ་ཡོད། ངས་རྨོངས་དད་ལ་དགའ་བའི་ང་ཚོ་ཞེས་པར་བཤད་ཡོད། ད་ལྟ་ཡང་ལྷ་སྒྲུང་གི་འདུ་ཤེས་སྲ་ཞིང་བརྟན་པ་གནས་ཡོད་སྟབས། དངོས་ཡོད་བོད་ཀྱི་དཀའ་ངལ་མིས་མ་སེལ་པར་དངོས་མེད་ལྷ་འདྲེས་སེལ་ཐུབ་པའི་ཡིད་ཆེས་ཀྱིས་ད་དུང་ལྷ་འདྲེའི་གསོལ་མཆོད་རྒྱོབ་སོད་སྒྲོལ་ཞེས་འབོད་སྐུལ་རྩོམ་མཁན་དང་། བོད་ཀྱི་གནད་དོན་ལུང་བསྟན་བཞིན་གཏོར་བརྒྱག་དང་རིམ་གྲོ་རྟེན་བཞེངས་ཀྱིས་སེལ་བར་འདོད་མཁན་ཚོ་དང་། ཤི་མ་མྱོང་བར་དམྱལ་བའི་ལོ་རྒྱུས་ཤོད་མཁན་ཚོ་དང་། སྒོར་མི་ཁྲི་གསུམ་ཕུལ་ན་བདེ་བ་ཅན་ལ་འཁྲིད་རྒྱུ། སྒོར་མོ་ཁྲི་གཅིག་ཡོད་ན་སྔོ་འགྲོ་སྒོམ་མི་དགོས་པའི་ཆོག་མཆན་སྤྲོད་རྒྱུ་དང་། སྒོར་མོ་ཁྲི་བཞི་ཡོད་ན་དམྱལ་བ་ནས་ཐར་རྒྱུ་དང་། ང་མཇལ་ཐུབ་མཁན་ཚང་མ་ཟངས་མདོག་དཔལ་རིར་མཉམ་འཛོམས་བྱ་རྒྱུ་དང་། སྒོར་མོ་ཁྲི་བཅུ་ཕྲག་འབུལ་རྒྱུ་ཡོད་ན་མཉམ་དུ་པར་རྒྱག་ཆོག་རྒྱུ། དངོས་ཡོད་ཀྱི་གནས་ཚུལ་ཐག་རིང་ཐུང་མི་ལ་དྲི་དགོས་པ་ལ་དངོས་མེད་ཤི་བོའི་བདེ་སྡུག་རིག་ནས་ལུང་སྟོན་རྒྱུ་དང་། སྡོམ་པ་གང་མེད་ཀྱང་གང་སར་འགྲོ་བ་འདྲེན་པའི་སྤོབ་པ་ཡོད་རྒྱུ། རང་སེམས་ཀྱི་དུག་གསུམ་འདུལ་མི་དགོས་པར་ཞིང་ཁམས་སུ་ཁྲིད་རྒྱུ་དང་། རྒྱུ་ནོར་ཕུལ་ན་སྡིག་པ་བཤགས་ནས་དག་འགྲོ་བའི་ལུང་དང་འདུ་ཤེས་སོགས་ཡོད་པ་འདི་དག་མ་ཡིན་ནམ། འདི་དག་ནི་འཛམ་གླིང་གི་འཁོར་ཕྱོགས་མི་ཤེས་ལ། མི་རིགས་གཞན་གྱི་གནས་བབ་མི་རིག་པར་ལོང་བའི་སྦར་ཉུལ་ཤ་སྟག་མ་ཡིན་ནམ། ང་ཚོས་ལྷ་སྒྲུང་ལ་དགའ་ཆོག་ལ། ལྷ་སྒྲུང་གི་སྒྱུ་རྩལ་ལ་མྱོང་རོལ་བྱེད་ཆོག
འོན་ཀྱང་ང་ཚོའི་དངོས་ཡོད་ཀྱི་འཚོ་བ་ནི་ལྷ་སྒྲུང་ནང་གི་འཚོ་བ་མིན་སྟབས། དངོས་ཡོད་དང་དུས་རབས་ཀྱི་འགྲོས་དང་བསྟུན་དགོས། །
ཅོ་རི་ལ་སོགས་པའི་དངོས་དོན་མི་རྟོགས་པའི་དམ་ཉམ་པ་ཚོས་ཉོན་ཨ།
འཛམ་གླིང་འདི་ན་བོད་གཅིག་པོ་མ་ཡིན་པས་བདག་དབང་གཞན་ལ་ཤོར་སོང་བ་མང་པོ་རེད། མྱིག་ཡོད་ན་ལ་ལྟ་ལུང་ལྟ་བྱོས་དང་། རྣ་ཡོད་ན་ཡར་མར་གཉིས་ལ་ཉོན་དང་། ག་ལེར་ཤེས་ཡོང་གི་རེད། བོད་ནང་གི་དམ་ཉམ་པ་དེ་ཚོ་ལ་འཛམ་གླིང་མཐོང་བའི་མྱིག་ཞིག་དང་དངོས་སུ་ཤེས་བའི་ལས་ཞིག་མེད་ཙང་། དམར་པོའི་ཤོག་དེབ་ཁུག་གི་བརྫུན་བསྒྲིགས་འགའ་ཞིག་ལ་གཞི་བཞག་ནས། ངས་ཅིག་ཤེས་མདོག་དང་མཁྱེན་མདོག་བལྟན་པ་ཡིན་ཡང་། དོན་དངོས་སུ་དེ་འདྲ་མིན་པ་ཆོས་ལུགས་ལ་འཁོན་སེམས་མེད་པའི་འཛམ་གླིང་གི་རྒྱལ་རབས་ལོ་རྒྱུས་ཀྱི་གཟི་བ་སུ་ལ་དྲིས་ན་ཡང་ལན་གསལ་པོ་རག་ཡོང་གི་རེད།
ཡོ་སུ་ཁྲི་ལས་ཡ་ཡི་གདོན་མའི་མི་རིགས་ལ་ཆོས་ལུགས་ཆོ་ག་ག་རེ་ཡིས་ཕུང་ལ་སྦྱོར་དུ་བཅུག་པ་རེད། ཨ་རིའི་གདོན་མའི་མི་ལ། དེ་དང་དེ་འདྲ་བའི་མང་པོ་ཡོད་པ་རེད།
སྤྱིར་བཙན་འཛུབ་བ་ཞིག་ཡིན་དུས་ཆོས་ནི་ལག་ཆ་གཉིས་བ་དེ་རེད། ཡིན་ན་ཡང་། དགྱ་རོ་ཚང་གིས་ཕུགས་རྒྱང་མེད་པའི་དྲག་དཔུང་གཅིག་པོ་བད་སྤྱད་པ་རེད། དེ་འདྲ་ཡིན་ཙང་། བོད་དང་ཡུ་གུར་བ་ཚོའི་ཆོས་ལུགས་ཀྱི་བདག་རྩ་ལ་ཆོས་ལུགས་གཞན་གྱིས་གཏོར་མ་ཐུབ་པར། ད་ལྟ་ཡང་དམ་ཉམ་པ་འགའ་རེ་མིན་པས་ང་ཚོ་མཛུ་གུ་ལྔ་བཅང་ཁུ་ཚུར་ལ་ཆགས་བསྡད་ཡོད་པ་རེད།
ད་ལྟ་དགྱ་ནག་ཚང་གིས་ཀྱང་ཆོས་ལུགས་འདི་ལག་ཆ་གཙོ་པོ་ཞིག་ཡིན་པས་ངོས་འཛིན་ཐོབ་ནས། དོལ་རྒྱལ་ལ་བདག་པོ་བརྒྱབས་ཚར་བ་རེད། དེ་ནས་བོན་པོ་སོགས་ལ་གོ་སྐབས་ཡོང་མདོག་ཁ་པོ་རེད།
ལྷ་སྡེ་དང་ཅོ་རི་སོགས་ལ། མྱེས་པོ་ཚོས་སྐྱག་པ་ཐང་ཐོག་ལ་བཏང་པ་དེ་ངོ་ཚ་དང་མི་རུང་བ་ཞིག་ལ་བལྟ་བ་ལས། མྱི་རབས་ཕྱི་མ་ཚོའི་ཆེད་དུ་སྐྱག་པ་སྐྱག་ཁང་ནང་ལ་གཏོང་པར། ཁ་དང་ལག་པ་འགུལ་མེད་ལ་འགུལ་ཡང་མི་ཤེས། རྒྱུ་མཚན་ཡོད་དེ། ཁོ་ཚོ་བོད་མིའི་གཡོག་པོ་མིན་པར། མི་རིགས་གཞན་པའི་རྐུབ་གཡོག་རྒྱུག་བཞིན། སྣང་བ་སྐྱིད་བཞིན་འགྲོ་མཁན་དེ་ཚོ་ཡིན་པས་རེད། འཛམ་གླིང་མི་མང་གི་སྤྱི་ཚོགས་ན་ཕོ་བ་རྒྱགས་ཙམ་ཡོད་པའི་ཁོ་ཚོའི་ཁ་འདི་ལ་ཅི་བྱུང་བ་ཡིན་ནམ། ངོ་དེ་ཚོར་ངོ་ཀོ་ཅི་ཞིག་གྱོན་ཡོད་པ་ཡིན་ནམ།
ཆོས་བཞག་ན་བཟང་ནི་རེད། བཤད་དགོས་ན་སྲིད་ཤོད། བཤད་མི་ཤེས་ན། མིས་བཤད་ཚད་ལ་ཉན་ནས་སྡོད།
ཀ་རྡོ་ལགས། གནས་ཚུལ་ཉུང་བསྡུས་ཤིག་ཞུས་ན། ཆོས་རྒྱལ་གྱི་མིང་ལ་ཧིན་དྷིའི་རིག་བྱེད་ལས་ཡ་མཱ་ཟེར་ཞིང་ཁོ་ནི་མི་བཞིན་གྲོངས་མཁན་་དང་པོ་དེ་ཡིན་ཞིང་། ཁོས་ཧིན་ཆོས་གྱི་ཁྲིམས་ལུགས་བཞིན་མི་རྣམས་ཤི་རྗེས་སུ་ཉེས་ཆད་དང་ལམ་སྟོན། གནས་གང་ཞིག་སྐྱེས་མིན་སོགས་ལ་ཐག་གཅོད་བྱེད་ཀྱིན་ཡོད་པ་འདོད་ཀྱི་ཡོད།
འོན་ཀྱང་། སངས་ཆོས་ཀྱིས་མིང་དེ་ཅུང་ཙམ་སྒྱུར་ནས་དྷ་མ་ར་ཡ་དང་། ཆོས་སྐྱོང་ཏེ་དྷ་མ་མ་ལ་ཡི་ཁོངས་སུ་འགྲེལ་གྱི་ཡོད་ལ། སྤྲུལ་རྒྱུན་གཅིག་པའང་མང་པོ་བཟོས་ཡོད། ལྷག་པར་དུ་དམ་ཅན་ཆོས་རྒྱལ་དང་ཁོང་གི་གཤིན་རྗེ་གཤེད་ཀྱིས་སྐལ་བ་འདིའི་རིང་ལ་སངས་ཆོས་སྲུང་རྒྱུ་ཡིན་པ་ཤཱ་ཐུབ་ཀྱི་མདུན་ནས་ཁས་ལེན་བྱས་བ་མ་ཟད། ཁོའི་སྤྲུལ་བ་གཤིན་རྗེ་ཡིས་ཀྱང་འགྲོ་བ་རྣམས་ཤི་རྗེས་སངས་ཆོས་ཀྱི་རྒྱ་མ་བཅག་ནས་ཐག་གཅོད་བྱས་ཏེ། སངས་བསྟན་སྲུང་རྒྱུ་ཡིན་པའི་དམ་ཚིག་ཡོད་པས་ཁོའི་མིང་ལ་གཤིན་རྗེ་ཆོས་རྒྱལ་ཞེས་བཏགས་ཡོད། དེ་ཡིད་དམ་གྱི་ངོོ་བར་སྒོ་ནས་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་བྱོན་ཚུལ་དང་། དམར་ནག་འཇིགས་གསུམ་གྱི་དབང་ལུང་མན་དག་ཀྱང་ཤཱ་ཐུབ་ནས་དངོས་སུ་བྱུང་བ་མིན་པ། རྒྱ་གར་གྱི་གྲུབ་ཆེན་གྱི་གྲུབ་ཆེན་ལཱ་ལི་ཏས་ཁྲིད་རྒྱུན་ཆད་པ་དེ་བཙལ་ཡང་མ་རྙེད་པས། འཇམ་དབྱངས་ལ་གསོལ་བ་བཏབས་ཏེ། འཇམ་དབྱངས་ཀྱིས་གནང་ཚུལ་སོགས་ལ་དཔྱད་ན། འབྱུང་ཁུངས་ཀྱང་ལྷ་སྒྲུང་ལས་མེད། ལྷ་སྒྲུང་དེའང་མཐའ་བཏུག་ན་གོང་དུ་བཀོད་པ་བཞིན་ཧིན་དྷིའི་ཡ་མཱ་ལ་ཐུག་ཡོད།
ཁོ་ཚོས་ལྷ་ལ་གཉེན་བཀུར་བྱོས་ཟེེར་ན་སྟོན་པས་ལྷ་དབང་སོགས་ལ་སྐྱབས་སུ་འགྲོ་ཡ་བཀག་ཟིན་པས། ལྷའི་ཚབ་ཏུ་ཡིད་དམ་ཞེས་བའི་ཐ་སྙད་གསར་བ་ཞིག་བརྩམས་ཤིང་། དེ་ནི་སངས་རྒྱས་དང་གཉིས་སུ་མེད་ཚུལ་གླེང་ནས་སྐྱབས་སུ་སོང་ན་འགྲིག་ཚུལ་གྱིས་ཧིན་ལྷ་རྣམས་ཡིད་དམ་ལ་སྒྱུར་བ་རེད།
གང་ལྟར་གཤིན་རྗེ་གཤེད་ཀྱི་ཁྲིད་རྒྱུན་དེ་རྗེས་སུ་རྭ་ལོའི་བོད་དུ་གདན་འདྲེན་ཞུས་ཤིང་བླ་མ་དུ་མ་རྒྱུད། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་ཁྲིད་རྒྱུན་དེ་རྗེ་རིན་པོ་ཆེ་ལ་གནང་ཡོད། མགོན་པོ་དང་རྟ་མགྲིན་ཡིན་ཡང་ཧིན་ལྷ་ཡིན་ཞིང་། མིང་ལ་ཀཱ་ལ་དང་ཧཱེ་ཡ་ཟེར། གནད་དོན་ཉུང་བསྡུས་ཤིག་ཞུས་ན་དེ་འདྲ་རེད། མི་བདེན་སྙམ་ན། ཞིབ་འཇུག་བྱོས་དང་ཤེས་ངེས་རེད།
རྐྱང་ཕྱག་འཚལ་བ་སངས་ཆོས་ཡིན་ན་སྟོན་པས་གང་ཞིག་ནས་རྐྱང་ཕྱག་འཚལ་འདུག གསུངས་དང་ཀྱེ།
ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་གསུངས་པའི་བཀའ་མོས་དེ་དག་ཡོད་དབང་འཕྲོག་དགོས་པ་ཞིག་གསུངས་འདུག་པས་དགའ་པོ་བྱུང་། བཀའ་མོས་དེ་དག་ཉན་རིན་ཡོད་པ་དང་བསམས་རིན་ཡོད་པ་ཤ་དག་རེད་འདུག་ལ་་དེང་བོད་མི་ཤེས་ཡོན་ཅན་རྣམས་དང་ཁ་ཕྱོགས་ཡོངས་སུ་མཐུན་པའི་བཀའ་མོས་རེད། ཐུགས་རྗེ་ཆེ།
ཨ་ནུ་ཐང་གིས་གསང་སྔགས་ཀྱི་ལྷ་རྣམས་ཧིན་དྷིའི་ལྷ་ཡིན་པའི་བཀའ་མོལ་དེ་སྙན་པོ་འདྲ་པོ་བྱུང་སོང་། བོད་བརྒྱུད་ནང་བསྟན་གྱི་ལྷ་ཚོགས་འདི་ལ་དབྱེ་བ་ཕྱེ་རྒྱུ་ཡོད་ས་རེད། ཕལ་མོ་ཆེ་ཧིན་དྷིའི་ལུགས་ཡིན་ཡིན་པ་རེད། བོད་པའི་རང་བཟོའི་ལྷ་ཡང་ཁ་ཤས་རེ་ཡོད་པ་འདྲ། སྔགས་བླ་མེད་ཀྱི་ལུགས་ཀྱི་ལྷ་སྐུའི་འདྲ་གཟུགས་འདི་རིགས་ངོ་མ་ཡག་པོ་མ་རེད་ཡ། འདི་རིགས་ངོམ་སྟོན་བྱ་རྒྱུ་མང་དྲགས་ན་ཉི་མ་གཅིག་ལ་ཡུལ་ཀྱི་སྲིད་གཞུང་ཚུན་གྱིས་བཀག་ཡོང་བ་བརྒྱ་ཆ་བརྒྱ་རེད། བྱིས་པ་ཡོད་མཁན་ཚོས་ངེས་པར་དུ་གཟབ་གཟབ་བྱེད་རོགས། བྱིས་པ་ལ་ལྷ་སྐུ་འདི་རིགས་གཏན་ནས་མ་སྟོན་རོགས།
# 82 ཨ་ནུ་ཐང་བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
April 11th, 2014 at 2:17 AM
ཀ་རྡོ་ལགས། གནས་ཚུལ་ཉུང་བསྡུས་ཤིག་ཞུས་ན། ཆོས་རྒྱལ་གྱི་མིང་ལ་ཧིན་དྷིའི་རིག་བྱེད་ལས་ཡ་མཱ་ཟེར་ཞིང་ཁོ་ནི་མི་བཞིན་གྲོངས་མཁན་་དང་པོ་དེ་ཡིན་ཞིང་། ཁོས་ཧིན་ཆོས་གྱི་ཁྲིམས་ལུགས་བཞིན་མི་རྣམས་ཤི་རྗེས་སུ་ཉེས་ཆད་དང་ལམ་སྟོན། གནས་གང་ཞིག་སྐྱེས་མིན་སོགས་ལ་ཐག་གཅོད་བྱེད་ཀྱིན་ཡོད་པ་འདོད་ཀྱི་ཡོད། ་་་་་
ཨ་ནུ་ལགས།
ཧིན་དུའི་ཡ་མའམ། ཡམ་རྰཇ་འདི། ནང་པས་ཁས་བླངས་ཀྱང་། ནང་ཆོས་ལྟར་ན། གཤིན་རྗེ་ཆོས་རྒྱལ་ལམ། ཡམ་རྰཇ་འདི་ནི། དུད་འགྲོ་ལས། འོག་གི་ཡི་དྭགས་ཀྱི་རྒྱལ་པོ་ཅིག་ལ་ངོས་འཛིན་བྱས་ཡོད་རེད།
ནང་ཆོས་ཀྱི་ཆོས་རྒྱལ་ནི། ལྷའམ། སྐྱེས་བུ་ཆུང་ངུའི་སྲུང་མ་སྟེ། མི་ལས་ལྷག་པ་ལྷའི་རིགས་ཅིག་ལ་ངོས་འཛིན་་བྱས་ཡོད་རེད་དོ།། །། ཨ་ནུལགས། མིང་ཨ་ནུ་ཡིན་ན་ཡང་། མཁྱེན་པ་ཨ་ཏིར་བཟོ་ཐུབ་ན་མི་ལེགས་སམ། ལགས། ད་ཤེས་སོང་ངམ། ལགས།
ངེད་ཚོས་དུས་རབས་འདི་ལ་གནམ་གྱི་བཀའ་གཏོང་ས་མེད་པར་ཤེས་དགོས་པ་རེད་བསམ། ཁ་ཤས་ཀྱིས་ད་ལྟའང་སྔར་སྲོལ་གྱི
གནམ་བཀའ་གཏོང་རྩིས་བྱེད་ཀྱི་འདུག་དེ་ཚོ་ནི་རྨི་ལམ་ནང་གི་རྨི་ལམ་རང་རེད། སྤོབས་མཐས་ཀྱང་སྐད་ཆ་ཁ་ཁོག་གཉིས་སུནམེད་པ་དྲང་པོ་དྲང་ཤག་བཤད་ན་ཡག་པོ་འདུག འོན་ཀྱང་ད་དུང་རྨོངས་དད་ཕྱོགས་ཞེན་གྱིས་གདུང་འདུག་པས
གཟབ་ནན་གནང་དགོས།།
འདིར་ལྟ་ཚུལ་གཞན་པ་ཞིག་ཡོད།
“ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌།” དེ་ལ་བརྟེན་ནས། ངའི་རྒྱུ་དང་། ངའི་སྤུན་མཆེད་དང་ངའི་ཕ་ཡུལ་དང་། ངའི་ཆོས་ལུགས་ཀྱི་འདུ་ཤེས་ཉུང་དུ་ཕྱིན་ནས། བློ་ཁ་རྒྱ་བསྐྱེད་པར་བྱེད། བོད་ཕུང་པའི་རྒྱུ་ནི། ནང་རྨེ་ལས་མ་འདས། བདག་མེད་བསྒྲུབས་དུས་ནང་རྨེ་ཞི་ནས། ཀུན་ལ་མཐུན་སྒྲིལ་གྱི་རྩ་བ་ཞིག་དང་། ཚོར་སྐྱེན་མ་ཡིན་པར་རྣམ་དཔྱོད་ལྡན་པའི་བདག་ཞིག་བསྐྲུན་པར་བྱེད། ཨེ་རེད།
སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌། ཞེས་པ་ནི་བདེན་པ་མ་ཡིན་ཏེ། སྙིང་རྗེ་མེད་པས། རང་གི་མི་རིགས་དང་མི་དམངས། སྤུན་ཟླ་སོགས་ལ་ཤིན་དུ་སྡང་ནས། བདག་འཛིན་བློས། གོང་གི་རྒྱལ་པོ་བཀྲོངས། འོག་གི་མི་མང་སྡུག་ལ་སྦྱར། སྙིང་རྗེ་མེད་པས། ཕྱི་ནས་དཔུང་དྲངས་ནས་རང་ཡུལ་གཞན་ལ་སྦྱིན། སྙིང་རྗེ་མེད་པས། བདག་འཛིན་ལ་ཤོར་ནས། བོད་མིའི་མཐུན་སྒྲིལ་བྱུང་མྱོང་མེད།
གཞན་དོན་བྱས་པས་རང་དོན་ཤོར་སོང༌། ཞེས་པ་ནི་དོན་ལ་མི་གནས་པའི་འཆལ་གཏམ་ཏེ། བདག་འཛིན་དང་སྙིང་རྗེ་བྲལ་བས། གཞན་དོན་ཇི་ལྟར་འོང་། གཞན་དོན་སྒྲུབ་ན་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་གཞན་དོན་སྒྲུབ་པ་ལས་གཞན་བསྒྲུལ་ཡུལ་མེད། བོད་ཕུང་ལ་སྦྱོར་མཁན་ཚང་མ་གཞན་དོན་ལྟ་ཅི། རང་དོན་སྒྲུབ་མ་ཐུབ་པའི་ཀླད་མེད་ཤ་སྟག་རེད། རྒྱ་འདྲེ་བོད་ལ་འདྲེན་མཁན་ཕུན་དབང་ཁྱོད་ཀྱིས་འདོད་པའི་ཆོས་པ་གཞན་དོན་བ་རེད་དམ། རང་གི་མགོ་ལ་རང་གིས་རྡོ་བརྒྱབ་པའི་སྐད་ཆ་འདིས་ངའི་དོ་དགོང་གི་འཁྲིག་པའི་འདོད་པ་ཡང་འཇོམས་སོང་།
སངས་ཆོས་ལྟར་ན་ཆོས་རྒྱལ་ནི་དུད་འགྲོའི་འོག་གི་ཡི་དགས་ཀྱི་རྒྱལ་པོ་ཞིག་ལ་ངོས་འཛིན་བྱས་ཡོད་ན། ཡི་རྒྱལ་མི་ལབ་ཆོས་རྒྱལ་ལབ་དགོས་དོན་ག་རེ་ཡིན་ནམ། གཞུང་གང་དུ་གསུངས་འདུག
དམར་པོ་དཔུང་གིས་གངས་རིའི་ལྗོངས་སུ་གཡུལ་གྱི་འཕྲུལ་འཁོར་བསྒྱུར་བའི་ཚེ།
ཇག་དང་སོ་བ་ལམ་སྣ་བྱས་ཏེ་རྒྱ་དམག་བསུ་བ་ཕུན་དབང་བརླ་བཙོང་རྟགས།
རིག་གནས་གསར་བརྗེའི་ལིག་གི་ལངས་ཕྱོགས་ནོར་བར་ཞུགས་པའི་ལེ་ལན་གྱིས།
རྒྱ་གྲོང་བཙོན་ཏུ་ཚུད་པ་ཕུན་དབང་སྲིད་དང་གནས་ལ་རྨོངས་བའི་རྟགས།
གཉེན་དང་ཉེ་དུ་སྡིག་པའི་ཤེད་ཀྱིས་བསད་དང་བཅོམ་ལ་ཞེ་སྡང་སྤུ་ཙམ་མི་ལངས་པར།
རྒྱ་ཕོགས་དུས་ལྟར་ལེན་ཞིང་ཆུང་མ་དེ་ལས་ཆུང་བ་བཞེས་པ་ཕུན་དབང་ཁྲེལ་མེད་རྟགས།
བཅོས་སྒྱུར་སྒོ་འབྱེད་རྒྱ་ཡི ཆབ་སྲིད་སྲིད་བྱུས་དཀྱེལ་ཆེ་གུ་ཡངས་དུས།
རང་སྐྱོང་མི་རྩོད་དངོས་ཟོག་ཚན་ཚན་རིག་པར་འཁོར་བ་ཕུན་དབང་གླེན་པའི་རྟགས།
བརྒྱ་ཕྲག་གངས་རིའི་དཔའ་བོས་རང་ལུས་མེ་ལ་མཆོད་ཅིང་སྡིག་སྤྱོད་སྲིད་ལ་རྒོལ་བའི་ཚེ།
ཤི་ལ་ཉེ་བས་བྱས་ཉེས་དྲན་པས་ཞེད་དེ་རིགས་ཞེན་གཏམ་ཙམ་སྨྲས་བ་ཕུན་དབང་འགྱོད་པའི་རྟགས།