ཉི་མ་བཀྲ་ཤིས།
ཟླ་བ་མི་ཤར་དགུ་ཤར།།
ཉི་མའི་གུང་ལ་ཤར་སོང་།།
མིག་ཀྱོག་སྒྲོལ་མའི་འགོང་ཁ།།
སེང་གེའི་རྣ་ལ་འབྱར་སོང་།།
སྲིད་སྐྱོང་རྨི་ལམ་འཁྲུག་ནས།།
ལོ་ནག་ཉིས་སྟོང་བཅུ་དྲུག།
རོ་ལངས་རྒྱག་ཏུ་བཅུག་ནས།།
སྤྱི་ཚོགས་དུམ་བུར་བཟོས་སོང་།།
ཟླ་བ་སྒྲོལ་མའི་སེམས་པར།།
ཨ་རིའི་དོན་གཅོད་ན་ཡོད།།
ཏན་ཏན་གནང་བའི་དངོས་གྲུབ།།
དངོས་གྲུབ་སྐུ་ངོས་ལྡག་སོང་།།
ཡིད་བཞིན་ནོར་བུར་མཇལ་ནས།།
སྐུ་པར་ཐེངས་གཅིག་བསྒྲོན་པ།།
བརྒྱ་སྡེའི་མིག་ལ་བཤམས་ནས།།
མགོ་སྐོར་གཏམ་བཤད་སྤེལ་སོང་།།
ཟླ་བ་སྒྲོལ་མའི་ཁ་ལ།།
སེང་གེའི་རྐུབ་ཤ་སྐྱེས་འདུག།
རྨི་ལམ་ལྷ་མོའི་ལུས་ཤས།།
གཡུ་ཐོག་རྒད་པོ་འཇིབས་སོང་།།
བཀའ་ཤག་ལྷན་རྒྱས་ཟེར་བ།།
བཀའ་བློན་ཚང་མ་ཨེ་རེད།།
ཚང་མ་མེད་པའི་ལྷན་རྒྱས།།
གསང་ནས་ཚོགས་དོན་ཅི་རེད།།
ལྷན་རྒྱས་མིན་པའི་ལྷན་རྒྱས།།
ག་ཚད་གནང་རྒྱུ་བྱུང་ཡོད།།
ལྟས་ངན་ནག་པོའི་རྔ་མ།།
སང་གནངས་ཕྱི་ལ་ཐོན་པ།།
དགྲ་བོ་དགའ་རུ་བཅུག་སོང་།།
གཉེན་ཉེ་སྡུག་ཏུ་བཅུག་སོང་།།
བཀའ་ཤག་སྐུ་ངོ་ལྷན་རྒྱས།།
ཕེབས་སྟངས་བཞུགས་སྟངས་འདི་རེད།།
ཟླ་བ་སྒྲོན་མའི་འོད་ཀྱི་།ཀརྨ་སྤེན་པ་སྒྲིབ་སོང་།སེངྒེའི་གད་རྒྱང་བསྒྲགས་པའི་།བདེ་སྐྱིད་བདེ་མོ་ཕེབ་སོང་།
ཉི་མའི་ཟླ་བ་སྨད་ཀྱང་།ཚེས་གསུམ་ཟླ་བ་ནང་བཞིན་།ཟླ་བ་གོང་དུ་འཕེལ་ངེས་།ཉི་མ་དགོངས་པ་མ་ཚོམ་།
སྤེན་པ་སྲིད་ཁྲི་ཤོར་སོང་། །
སེང་གེས་སྲི་ཁྲིར་འཛེགས་སོང་། །
དོན་གཅོད་བསྐོས་ཀྱང་དམོད་བགྱིད། །
སེང་གེ་སྲིད་ཁྲིར་འདར་བགྱིད། །
མ་འོངས་སྲིད་སྐྱོང་སྤེན་ཚེ། །
མ་འོངས་སྲིད་སྐྱོང་དར་སྒྲོན། །
ཁྱོད་གཉིས་སྲིད་ཁྲིར་འཛེགས་པར། །
སེང་གེ་ཀར་དགེས་བགྱིད། །
སེང་གེ་ཀར་དགེས་བགྱིད། །
འདི།
སེང་གེ་ཀར་དགེས་བཀག་བགྱིད། །
ཉི་མ་བཀྲ་ཤིས་ལགས་ཁྱེད་ཀྱི་མཉམ་གཞས་དང་ལྷན་དུ།
༼རྡ་སའི་དམངས་གཞས་ཞིག་གཟིགས་འབུལ་ཞུ་རྒྱུ་ལྷན་རྒྱས་སྤྲོ་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།༽
གཡུ་ཐོག་ལགས་ཀྱིས་ཁ་བྱས། །
སེང་གེ་ལགས་ཀྱིས་གཏིང་བྱས། །
ཨ་ཇོ་སྤེན་པ་ཚེ་རིང་། །
དོན་གཅོད་ཁང་ནས་ཕུད་སོང་། །
གསལ་བཤད་ཡིན་ཞེས་གསུངས་སོང་། །
ནང་གཏམ་ཞེས་ཡིན་ཞེས་སྦས་སོང་། །
ཆབ་སྲིད་ཟ་རི་ཟི་རིས། །
གོང་འོག་ཁ་བྲལ་བཏང་སོང་། །
ཁྲིམས་སྒྲིག་བྱ་སྒྲོ་སྤུ་གནོན། །
ལག་བསྟར་མི་གནང་རྒུ་གནང་། །
རླུང་རྟ་ཆག་པའི་སྤེན་ཚེ། །
ལག་བསྟར་གནང་ཡུལ་ཆགས་ཤག །
ཞབས་བྲོ་མི་རྒྱག་དགུ་རྒྱག །
སྒོག་ཏིང་ནང་ལ་རྒྱག་གིས། །
གསུང་ད་ལད་མོ་བརྒྱབ་ནས། །
སྔོ་ལོ་ལངས་ནས་འཕྱར་གྱིས། །
སྙིང་སྡུག་བྱ་རྡོ་ལམ་འཕྲད། །
ཁྱི་དང་གློ་བ་འཕྲད་འཕྲད། །
བསམ་པའི་བཀའ་བློན་ཕར་ཞོག །
མི་དགོས་སྤྱི་འཐུས་ཤོར་སོང་། །
བསམ་རྒྱུ་བཀའ་བློན་བསམ་ཤག །
ལས་ལ་ཐབ་ཕྱིས་བསྐོས་སོང་། །
ད་ལོའི་ཐབ་ཕྱིས་རྩབ་ཧྲལ། །
སྔོ་ལོའི་རྒྱལ་མཚན་འཕྱར་འཕྱར། །
སྙིང་གཏམ་བྱམས་པར་ཤོད་དུས། །
གསང་བ་བྱས་ཆོག་གསུང་གིས། །
བྱམས་པ་ཁྲེལ་གཞུང་མེད་པས། །
སྙིང་གཏམ་ཁྲོམ་བསྒྲགས་བྱས་སོང་། །
ད་ལོའི་བཀའ་ཤག་ནང་ལ། །
གནང་སྟངས་ཁྲིག་ཁྲིག་མི་འདུག །
སྐུ་ཞབས་སྤེན་པ་ཚེ་རིང་། །
དེ་ནས་ཁྲིག་ཁྲིག་གནང་ཤོག །
ངེས་ཀྱང་དམངས་གཞས་མཉམ་དུ་བཏང། ཨ་ཇོ་སྤེན་པ་ཚེ་རིང་།ཨ་རིས་དོན་གཅོད་འཁྱུར་དུས་།ཨ་རག་ཚོད་མེད་མ་འཐུངས་་།ཨ་ཅེས་ཨར་ལ་གཏད་ཡོད་།
བདེན་པའི་རྒྱབ་ལངས་ལག་ཀྱིས།བདེན་པར་བརྫུན་མར་མབསྒྱུར་།བདེན་རྫུན་དབྱེ་འབྱེད་བྱེད་མཁན་།བདེན་ངེས་བླ་མ་བཞུགས་ཡོད་།
བློ་གྲོད་པ་ལ་བསྐལ་གྲོད་པས་ཆུ་མ་ཐུབ་ཧཧཧ
བཀའ་ཤག་བྱབ་ཆུང་རེད་འདུག།
མདང་སྐྱེས་བྱིས་པ་རེད་འདུག།
རྐར་དགེ་དུག་ཅན་རེད་འདུག།
སྲོག་རླུང་འགོང་པོ་རེད་འདུག།
དངོས་གྲུབ་འཆལ་པོ་རེད་འདུག།
དབྱིན་སྐད་འཆལ་པོ་རེད་འདུག།
དོན་གཅོད་ཡོང་བ་མི་འདུག།
ནང་ཁྱིམ་གཏད་སོ་མི་འདུག།
སེང་གེ་ཁྱི་རང་རེད་འདུག།
དང་པོ་བྲག་ཅ་རེད་འདུག།
གཉིས་པ་སྟོང་ཆ་རེད་འདུག།
མཐའ་མ་ཌ་རུ་རེད་འདུག།
སྤེན་ཚེ་ཁ་མང་རེད་འདུག།
སྐྱུར་ཆུ་གང་མང་རེད་འདུག།
ཅི་བཤད་འདི་བཤད་རེད་འདུག།
བསམ་ཚད་ཤོད་མཁན་རེད་འདུག།
བཀའ་ཤག་གི་གསལ་བཤད་བཅུ་ དེའི་ནང་དོན་གང་ཙམ་ཕྱི་དྲིལ་ལས་ཁུངས་ (DIIR office)དང་འབྲེལ་་འདུག་ དེའི་མགོ་གཙོ་ བསྟན་འཛིན་ཟླ་སྒྲོན་( ཟླ་སྒྲོན་) བུམོ་ན་གཞོན་ ཤེས་ལྗོན་གང་ཙམ་ དབྱིན་སྐད་ནང་ མོ་རང་ནས་(Few day before nomination on June 1st. I got call from Sikyong saying that he would like me to work for the cabinet) ཨོ་ཡང་བསྐྱར བཀའ་བློན་འོས་མི་བུམེད་་་་་་་་དེ་ནི་ཟླ་སྒྲོན་རང་རེད་ ཧཧཧཧཧ། དེ་མིན་སྐུངོ་སྤེན་པ་ཚེ་རིང་ལགས་སུ་ ནག་ཆེ་བ་གང་ཡོད་ ལ་བསོ་ ཨ་ནི་སྙོད་མོ་ལགས་སུ་👩🏿🤡👹
ཉིན་གྱི་གང་སྐྱིད་ཨ་ནི་སྙོད་མོ་😎🤣😘
ཚན་གྱི་གང་སྐྱིད་ཨ་ནི་སྙོད་མོ་😍💃🧛🏻♀️
ག་ལེ་ག་ལེ་ཕེབས་རོགས་
སྤེན་ཚེ་ར་བཟི་སྐྱུར་གོང་། སྐུ་ཚབ་ཨེ་ཡོང་བསམ་པ། མཐོ་རེངས་སྐྱུར་གྱི་བཟི་ནས། སྲོད་ལ་ཟླ་སྒྲོན་ཁྲིད་བྱུང་།
སློབ་བཟང་ཁམས་པས་གཅིག་བྱས། སྤེན་ཚེ་ཨ་མདོ་གཉིས་བྱས། ཟླ་སྒྲོན་དབུས་པ་གསུམ་གྱིས། གོང་ས་རླུང་གིས་བསྐྱལ་ཡོང་།
ཤར་གླིང་ལྕེ་བདེའི་རྩེ་ནས། དཀར་གསལ་སྙིང་གཏམ་ཤོར་སོང་། མ་སྐྱེས་སྐུ་ཚབ་ལས་ཁུངས། ཡིད་ལ་ལྷང་ལྷང་དྲན་བྱུང་།
ང་ལ་དགོས་པའི་ཆུང་དྲིས། ཤར་གླིང་ཟླ་བ་སྒྲོལ་མ། དབང་དང་ཨ་མཇེ་ཐོབ་ནས། གསང་བ་གནམ་ལ་སྟོར་སོང་།
ཆང་དེ་དང་པོས་མ་བཟི། གཉིས་པས་ག་ལ་བཟི་བ། ཟླ་བ་སྒྲོལ་མའི་ཆང་གིས། བལྟ་ཟོ་མེད་པ་བཟོས་སོང་།
སྤྱི་ཐུས་ལས་ཁུངས་གཅིག་བྱས། བཀའ་བློན་ཁྲི་པ་གཉིས་ནས། དོན་གཅོད་ལས་ཁུངས་ཤོར་ནས། སྐུ་སྒེར་ཡིག་ཚང་ཐོབ་ཤོག
རྡ་ས་མི་ཚོགས་མཐུག་པ། ཨ་རི་མི་ཚོགས་བཟང་བ། ང་ལ་ཡོད་པའི་སྙིང་སྡུག སྐུ་སྒེར་ཚང་ལ་ཡོད་དོ།
ཆུངའདྲིན་ཟླ་བ་སྒྲོལ་མར་།སྙིང་གཏམ་བཤད་རྒྱུ་བྱུང་ན་།ཨ་རིས་དོན་གཅོད་ལས་ཁུང་།ཤོར་ཡང་འགྱོད་པ་མེད་དོ་།ཨ་སྒོར་འབུམ་ཕྲག་བཅོ་ལྔ་།གསང་བ་བསྒྲགས་རྒྱུ་བྱུང་ན་།སྲིད་སྐྱོངས་བློ་བཟང་སེངྒེ་།ཁྲོས་ཀྱང་འགྱོད་པ་མེད་དོ་།
སྔ་མ་བླ་མའི་གསང་ཡུམ་།གསང་བ་ཕྱི་ལ་མ་ཤོར་།ད་ལོ་ཟླ་བ་སྒྲོལ་མའི་།གསང་བ་ཕྱི་ལབསྒྲགས་སོང་་།
ཕྱི་ལོ་༢༠༠༩ ནས ༢༠༡༠ནང་ མ་ཕུལ་སྤྱ་དངུལ་ཡོང་རྫོགས་ཕུལ་སོང་ སེང་གེ་ སངས་རྒྱས་རྒྱུར་སོང་ ག་ལེར་དགོན་པ་ གཞི་ཆགས་སྐོར་བསྐྱོད་ དེ་ནས་ལོ་བདུན་༼༧༽ནང་ ༼བཀའ་ཁྲི་༽༼ སྲིད་སྐྱོང་༽༼ཚོགས་གཙོ་༽རེད་འདུག་ ལོ་ངོ་བདུན་ནང་སྤྱི་ཚོགས་བློ་ཕམ་བཟོད་སོང་ བོད་མི་ཡོངས་སྐྱི་༧སྐུ་ཚབ་དོན་གཅོད་ཁང་ནང་ ངའི་གྲོགས་པོ་ སྐལ་དོར་ ངའི་གྲོགས་པོ་དངོས་སྒྲུབས་ཚེ་རིང་ ག་ལེ་གྲོགས་མོ་ཨ་ནི་སྙོན་མོ་༼ཟླ་སྒྲོན་💃💋👄༽ ད་དུང་ལོ་གསུམ་དང་ཕྱེད་ཙམ་(༣/༥)ལྷག་འདུག་ སྐུ་མཁྱེན་ སྐུ་མཁྱེན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་རྣམས་ཀྱིས་བསྐྱངས་པའི་སྒྲིག་འཛུགས་འདི་ ནུས་མེད་ མཐོང་ཆུང་ མ་སྟོང་རོགས་ ད་ནི་སེམས་པ་སྐྱོ་ལྷང་ཡོང་གི།
་་་་་་་་ ད་དུང་ལོ་གསུམ་དང་ཕྱེད་ཙམ་(༣/༥)ལྷག་འདུག་ སྐུ་མཁྱེན་ སྐུ་མཁྱེན་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པ་རྣམས་ཀྱིས་བསྐྱངས་པའི་སྒྲིག་འཛུགས་འདི་ ནུས་མེད་ མཐོང་ཆུང་ མ་སྟོང་རོགས་ ད་ནི་སེམས་པ་སྐྱོ་ལྷང་ཡོང་གི། ་་་་་་་་་་