རིག་འཛིན་རྡོ་རྗེ།
ཀ་བ་བཞིན་དུ་གཞུང་དྲང་གཏན་མིན་ཞིག །
ཁ་བའི་ཕྱི་རོལ་བཙན་བྱོལ་སྒྲིག་འཛུགས་ཀྱི།།
ག་ཤེད་སྟེས་ཀྱིས་དཔོན་མིང་ཐོབ་ན་ཡང་།།
ང་སྙམ་འཁྲུལ་སྣང་ཆེ་བས་རང་མདོག་བསྟན།།
ཅ་ཅོ་འདུ་འཛིའི་ལས་བསྟེན་ཆེ་ཉམས་འཛིན།།
ཆ་མེད་བོད་ཐད་ཨ་མཚར་འགྲེལ་ལོག་བསྐྱོན།།
ཇ་ལན་ཆུ་ཡིས་འཇལ་དང་རྟག་འདྲིས་མཐུས།།
ཉ་ཉོག་གཏམ་ནང་མི་མཐུན་འགལ་ཚིག་མང་།།
ཏ་རན་སྐུ་དྲག་ལུགས་སྲོལ་ཆེར་དགའ་བས།།
ཐ་དད་བསམ་འཆར་ཉན་འཇོག་མི་ཕོད་པས།།
ད་ལྟའི་ལས་རྣམས་མ་འོངས་དུས་ནང་དེད།།
ན་ཡམ་དཔོན་པོར་རང་རྟོགས་ཤེས་རིག་བྲལ།།
པ་སངས་ལྟར་དཀར་ལྷག་བསམ་ལྡན་བྱས་ཏེ།།
ཕ་རོལ་རྒྱ་ཕྱོགས་ཐབས་ཤེས་རྩལ་སྤྲུག་ངང་།།
བ་མོ་འཁྱགས་ནང་སིམ་འདྲའི་བོད་དོན་ཐད།།
མ་ལུས་གཅིག་ཏུ་འབུངས་ན་ཅིས་མ་ལེགས།།
ཙ་རི་གནས་ལྟར་ནུབ་ཕྱོགས་ཡང་ཡང་འདུར།།
ཚ་གྲང་ཇི་བཞིན་ལས་དོན་ཡ་བྲལ་བསྒྲུབས།།
ཛ་དྲག་བོད་དོན་རང་མིང་གྲགས་ཕྱིར་སྤྱད།།
ཝ་སྐྱེས་ལྟ་བུའི་དཔོན་པོར་ཁྲམ་སེམས་རྒོད།།
ཞྭ་ཙམ་མི་བདག་གཞན་ཡུལ་གནས་ཚང་དུ།།
ཟ་འཐུང་རྒྱས་སྤྲོས་འཚོ་བར་འབད་ལུགས་དེ།།
འ་ཅག་བོད་མིའི་སྤྱི་དོན་གཏན་མིན་པས།།
ཡ་གའི་རྣམ་ཤེས་ཚོགས་རྣམས་ངུ་སྐད་ཤོར།།
ར་བ་གངས་རིའི་མགོན་པོ་ཚེ་མཇུག་ཕེབས།།
ལ་ལུང་སྤུན་ཟླའི་རེ་བའི་མིག་ཆུ་བསྐམས།།
ཤ་ཚའི་ལས་དོན་སྣ་གཅིག་འགྲུབ་མེད་དེས།།
ས་མཐོའི་བོད་ཀྱི་འཇིགས་ཉེན་ཇེ་ཆེར་བསྐྲུན།།
ཧ་ཧར་རྒོད་བཞིན་འཇོན་ཁུལ་བྱས་ཐལ་བས།།
ཧ་ལོག་ཐེབས་ནས་རྫུན་རྐུབ་བརྡོལ་བར་ལྟོས།།
ཨ་ཀྱོག་སྟོང་གཏམ་སྔོན་ནས་ད་བཤད་རྣམས།།
ཨ་འཐས་སེམས་ནང་དྲན་བཞིན་ཡོད་ལོས་ཆེ།།
_________________________
ཨ་མའི་བུ་བཞིན་རེ་འདུན་བཅངས་མོད་ཀྱང་།།
ཨ་ཕོ་བདུད་ལྟར་གཞུང་རྒྱུད་འཁྱོག་པས་ན།།
ཧ་བཏབ་ཤེལ་ངོར་བལྟས་དང་ཁྱད་མེད་པར།།
ཧ་ལོག་བོད་དོན་ཡོངས་སུ་བསྒྲིབས་འདིས་སྐྱོ།།
ས་དབང་ལྟ་བུའི་འཁྲུལ་བློ་བཟུང་དྲགས་པས།།
ཤ་གཟན་སྲོག་ཆགས་ཇི་བཞིན་རང་དོན་གཉེར།།
ལ་མོའི་རྒྱབ་ཀྱི་བོད་གནས་གཏན་རྨོངས་ནའང་།།
ར་ལྟར་མཁྲེགས་པའི་རང་ཚུགས་མེད་དེ་མཚར།།
ཡ་རབས་དྲང་བདེན་སྲོལ་ཡག་གནས་བཞིན་དུ།།
འ་འུར་ཆེར་སྒྲོག་སྐབས་འཚོལ་རྗེས་འབྲངས་ཏེ།།
ཟ་ང་ཟིང་ངེར་བཅའ་ཁྲིམས་མགོ་ནས་དཀྲུགས།།
ཞ་འཁུམས་ལྟར་གྱུར་བོད་མིའི་ཆིག་སྒྲིལ་གཏོར།།
ཝ་སྐྱེས་ཁྲམ་ཟོལ་འཛིན་པར་ཡོངས་མཁས་ལྟར།།
ཛ་དྲག་ཡིན་མིན་ཕྱོགས་རྣམས་རང་བསྐྱོད་ནས།།
ཚ་གཡོལ་ཚུལ་བཞིན་ཁག་འཇོག་བྱེད་ཁུལ་ངང་།།
ཙ་རྟགས་ལྟ་བུའི་རྒྱུད་འཁྱོག་ཤུགས་ཀྱིས་གསལ།།
མ་ལུས་འགྲོར་བརྩེ་གངས་ཅན་མགོན་མཆོག་ལ།།
བ་ལང་ལྟར་གླེན་བོད་རིགས་རྨོངས་སྤྱོད་འགས།།
ཕ་རོལ་དགྲ་བཞིན་ཐོ་འཚམ་ལས་བརྩམས་ཀྱང་།།
པ་ལོ་འབྲེག་པ་བཞིན་དུ་དངངས་འཚབ་བྲལ།།
ན་ནིང་སྔོན་ནས་བོད་རིགས་དུམ་བཅད་བཟོས།།
ད་ལྟའི་མཚམས་འདིར་ཧ་ཅང་རྙོག་འཛིང་གྱུར།།
ཐ་ཤལ་དཔོན་གྱི་ཚུལ་འཆོས་འཇོན་ཉམས་དེས།།
ཏ་རྒན་དགྲ་བོའི་དགོས་མཁོ་དོན་གྱིས་བསྐངས།།
ཉ་ཉུང་མཉམ་བསྲེས་མི་ལེགས་མཐོང་བཞིན་དུ།།
ཇ་མདོང་ཁོག་ལྟར་རང་སེམས་དོག་དྲགས་པས།།
ཆ་ཙམ་ཁྲིམས་སྐོར་སྦྱངས་པའི་ཤེས་ཚད་དེའང་།།
ཅ་ཅོ་སྒྲོག་པའི་ཐབས་གཙོར་སྤྱད་འདི་འཇིགས།།
ང་སྙམ་རློམ་སེམས་ཆེར་བཟུང་ཉེར་ལེན་ལས།།
ག་ཤེད་ཡུལ་གཞན་སུས་ཀྱང་མཐོང་འཇོག་མེད།།
ཁ་ཞེ་མི་མཚུངས་གྲགས་སྐམ་གཉེར་འབྲས་སུ།།
ཀ་ཀོར་ངང་ནས་བོད་དོན་བརླགས་འདི་གཟན།།
སྲིད་ཟུར་བློ་སངས་ཀྱི་བྱས་འབྲས་ལ་བརྟེན་ནས་ཕེབས་སྐྱེལ་དུ་བྲིས།
ཏ་རན་ཟེར་ན་རྒྱ་སྐད་འདྲ་ཡིན་ནམ།
ཀ་་ལ་ཡི་སྟེང་དུ་ལེགས་བཞད་པའི།།
ཁ་ལྗོངས་ལྷ་སྐལ་སྤྱན་རས་གཟིགས་དབང་གིས།།
ག་ས་ག་ལ་ཞབས་ཀྱིས་ལེགས་བཅགས་ཏེ།།
ང་ཅག་བོད་ཀྱི་མིང་ལ་ནམ་མཁར་བཏེགས།།
ཅ་རིལ་ཆོས་བརྒྱུད་སྤྱི་འཐུས་རྨུ་རྒོད་འགས།།
ཆ་ལེ་འཆོལ་ལེས་ཆོལ་ཁ་ཆོས་ལུགས་དཀྲུགས།།
ཇ་མ་ཆང་མ་ཡན་གྱི་མི་དམངས་ནས།།
ཉ་ཉུང་མཉམ་བསྲེའི་འུར་གཏམ་གནམ་ས་འགེངས།།
ཏཱ་ལའི་བླ་མ་རྩ་བླ་ཡན་ཆད་ལ།།
ཐ་ཤལ་འགས་ཀྱང་བསྐུར་འདེབས་དུག་རླང་འཐུལ།།
ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག །
ན་ཚོད་རིང་ན་ལྷ་རོ་མཐོང་སྨྲ་བདེན།།
པ་ཕ་ཨ་མ་ལ་སོགས་ཡ་རབས་རྣམས།།
ཕ་རོལ་འཇིག་རྟེན་ཕྱི་མར་གཤེགས་ཤུལ་དུ།།
བ་ལང་ལྟ་བུའི་དཔོན་ངན་ཁྲེལ་མེད་འགས།།
མ་རབས་སྐུ་དྲག་གསར་པའི་ཟློས་གར་ཁྲབ།།
ཙ་མ་ར་ཡི་བདག་པོ་གཞིས་བཞུགས་ཚོས།།
ཚ་མོ་མེ་མཆོད་ཕུལ་ཏེ་བོད་དོན་གླེང་།།
ཛ་ལང་ལྟ་བུའི་སྤྱི་འཐུས་རྒྱུན་ལས་ཚོས།།
ཝ་སྐྱེས་ཝ་ལ་སྡང་བའི་ངང་ཚུལ་བསྟན།།
ཞྭ་མོ་རིས་མེད་དད་ཁུལ་ཆོས་རྒྱུད་རྣམས།།
ཟ་འདྲེ་ཁ་བསྒྱུར་བཞིན་དུ་ཇོ་ནང་པ།།
འ་ར་འུ་རེའི་ལམ་ནས་མཐའ་འབུད་བཏང་།།
ཡ་མ་ར་ཛ་འདི་ཚོར་ཚངས་ཐིག་གང་།།
ར་བ་གངས་རིའི་ལྗོངས་ཀྱི་བླ་ཆེན་ཚོ།།
ལ་བ་དམར་སེར་མནབ་པའི་སྐུ་ཚབ་ཚོའི།།
ཤ་ཟ་དམག་ལ་ཆས་འདྲའི་མཛད་སྤྱོད་རྣམས།།
ས་ཡི་གོ་ལར་ཁྱབ་འདིར་ཐུགས་བཟོད་དམ།།
ཧ་རཻ་ད་ནི་གྲྭ་བ་ཆབ་སྲིད་པས།།
ཨ་ཕ་འཇིག་རྟེན་པ་ལ་སྐྱེངས་པ་གཏེར།།
ཧ་ལོག་འདི་ཚོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས།།
ཨ་ཕོ་ཧོར་གྱི་མཐའ་མའི་ཞུ་འབོད་ཡིན།།
ཀ་མ་ལ་ཡིསྟེང་དུ་ལེགས་བཞད་པའི་།། ཡིན།
༑ རྡོ་རྗེ་རིག་འཛིན། རྩོམ་བྲི་ཤེས་པ་ཙམ་གྱི་མི་མཐུས། བསྟོད་སྨད་ཇི་ལྟར་ཞུ་ཡང་གཡས་གཡོན་དང་རྒྱབ་མདུན་སོགས་གང་སར་ཞིབ་རྒྱུ་གལ་ཆེ་ཡིན། ཁྱེད་ཀྱི་ཕེབས་སྐྱེལ་ཀ་རྩོམ་ཐོལ་བྱུང་མ་ནང་བློ་སེང་ལ་སྨད་ར་ཡིན་པ་དང་ཐོག་ནས་ཤེས་རྒྱུ་འདུག་པས་ངས་ནི་ཡིག་ཕྲེང་གཉིས་ལས་ཀློག་མེད། རྒྱལ་བ་དོན་གྱི་བདག་པོས་ཡག་པོ་བྱས་ལོ་བཅུ་བསྐྱངས་སོང་།་ཐུགས་རྗེ་ཆེ་ཅེས་བཀའ་ཤག་ཚང་མ་དང་དམིགས་སུ་བློ་སེང་ལ་ཞུས་གནང་སོང་། ཁྱེད་རེས་གོ་མེད་ན་བཀའ་ཤག་རྙིང་པར་མཐོན་མཇལ་བཀའ་སློབ་ཏུ་གཟིགས་རྒྱུ་འདུག བློ་སེང་གིས་ཁྱེད་ལྟ་བུའི་སྐད་ཆ་དེ་ཉོན་མོངས་དུག་གསུམ་གྱི་ཟིར་བས་སྐད་ཅོར་ལས་མི་མཐོང་ངོ་།
ངས་གོང་ངུ་ཕྱོགས་གང་སར་ཞིབ་དགོས་ཞུ་དུས་༸རྒྱལ་བ་དོན་གྱི་བདག་པོས་ལེགས་ཐེ་གསུངས་ཡུལ་ཞིག་ཏུ་ཁྱེད་ཀྱི་མ་མཐུས་མ་བྱུང་པའི་སྐྱོན་གནད་ཞུས་ན་སུ་ལ་སྐྱོན་ཞུ་ཡི་འདུག བློ་སེང་ལ་མཆེ་བསྟོད་ཞུ་མཁན་ལ་སྐྱོན་བརྗོད་ཞུས་མིན་འདུག་གམ། དོན་གནད་འདིར་ཁྱེད་ནས་ངོས་ག་ནས་ལེན། ཡིན་ཀྱང་དངོས་ཤུགས་གཉིས་ནས་དེ་ལས་གོ་རྒྱུ་མེད། དེ་ན་ངས་རྩོམ་བྲི་ཤེས་པ་ཙམ་གྱིས་མི་མཐུས་ཞེས་པའི་དོན་ཡང་དེ་ལྟར་ཡིན་ནོ། བློ་སེང་ལ་སྐྱོན་མེད་པའང་ངས་ངོས་མ་ལེན།
ཀ་མ་ལ་དང་ཤནྟ་རཀྵིཏ་སོགས།།
ཁ་བའི་ལྗོངས་སུ་བསྟན་པའི་སྲོལ་འབྱེད་རྣམས།།
ག་ཤེད་ཅིག་ནས་སླར་ཡང་བྱོན་པ་ལྟའི།།
ང་ཚོའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ།།
ཅ་ཟིང་འཁོར་བར་ངེས་པར་ལེགས་བྱུང་སྟེ།།
ཆ་ལུགས་ཀུན་མཆོག་སུམ་ལྡན་རྡོ་རྗེ་འཛིན།།
ཇ་བཅུད་བཞིན་དུ་ཆོས་སྲིད་ཀུན་ལ་ཕན།།
ཉ་མ་བཞིན་དུ་རྒྱལ་གསུང་སྤྱི་བོར་ལེན།།
ཏ་ར་བཞིན་དུ་འཕགས་པའི་འཕྲིན་ལས་བསྒྲུབ།།
ཐ་ཤལ་རེ་འགས་དེ་ལ་འབར་ཤ་ལྡིར།།
ད་རི་ཌ་ཡི་བཙན་བྱོལ་སྤྱི་ཚོགས་འདི།།
ན་ནིང་ཞིག་ནས་མ་རབས་ཁྲེལ་མེད་ཁེངས།།
པ་ལོ་བྲེགས་པའི་མགོ་རིལ་ཆོལ་ཞེན་ཅན།།
ཕ་ཡུལ་འབྲོག་པའི་རྨོངས་རྟགས་ད་དུང་སྟོན།།
བ་རྒན་སོ་མེད་འདྲ་བའི་ངན་རུལ་འགའ།།
མ་རིག་མུན་པའི་སྨག་གིས་ད་རུང་འཐུམ།།
ཙ་རི་ཊ་འདྲའི་བཞུགས་དྷརྨ་ཤ་ལར།།
ཚ་གྲང་ཐེག་པའི་ཁྲིམས་བཟོ་ཁྲིམས་ཁང་དང་།།
ཛ་ཡའི་འཕྲིན་ལས་སྒྲུབ་པའི་བཀའ་ཤག་བཅས།།
ཝ་ཏི་བཟང་པོ་བཞུགས་པས་བྱིན་ཡང་ཆགས།།
ཞ་ཀྱོག་ངན་རྒུ་འཛོམས་པའི་གྲོས་ཚོགས་དང་།།
ཟ་འདྲེ་རྒྱུན་ལས་གླལ་བའི་ཁ་རླང་གིས།།
འ་འུར་མ་རབས་ཁྲིམས་མེད་ལུང་མེད་ཀྱིས།།
ཡ་རབས་དམ་པའི་སྲོལ་བཟང་ཐལ་བར་བརླགས།།
ར་ཕོའི་འཇོལ་འཇོལ་ར་མོའི་གཉིད་ཐེབས་བཅག །
ལ་མོ་ཚངས་པ་ལ་སོགས་བསྟན་སྲུང་རྣམས།།
ཤ་ཁྲག་རོལ་ལ་དགྱེས་པ་མི་མཛད་མོད།།
ས་རྒྱུས་ཆ་རྒྱུས་ཙམ་རེ་སྟོན་ལ་རེམས།།
ཧ་ཅང་རྒྱས་ན་ཀུན་གྱིས་ཉོབ་སྣང་གཏེར།།
ཨ་ཏིག་སྙིང་པོ་འདི་ལ་གོ་བ་བཞེས།།
ཧ་རི་ཙནྡན་བཞིན་དུ་དྲི་བསུང་ཐུལ།།
ཨ་རུ་རྣམ་རྒྱལ་བཞིན་དུ་ནད་ཀུན་ཞི།།
ཀ་ནས་ཨའི་བར་ཨ་ནས་ཀ་ཡི་བར།།
ཁ་ཡག་ཁོག་ངན་ཅན་གྱི་སྲིད་ཟུར་ནི།།
ག་ས་གང་ནས་ཁྲག་ལྟར་དཀྲུག་པ་པོ།།
ང་ཚོའི་སྲིད་ཟུར་ང་ཚོའི་ཆགས་སྒོ་དངོས།།
ཀ་མལ་ཤི་ལ་ཤནྟ་རཀྵིཏ་སོགས།།
ཁ་བའི་ལྗོངས་སུ་བསྟན་པའི་སྲོལ་འབྱེད་རྣམས།།
ག་ཤེད་ཅིག་ནས་སླར་ཡང་བྱོན་པ་ལྟའི།།
ང་ཚོའི་སློབ་དཔོན་ཟམ་གདོང་རིན་པོ་ཆེ།།
ཅ་ཟིང་འཁོར་བར་ངེས་པར་ལེགས་བྱུང་སྟེ།།
ཆ་ལུགས་ཀུན་མཆོག་སུམ་ལྡན་རྡོ་རྗེ་འཛིན།།
ཇ་བཅུད་བཞིན་དུ་ཆོས་སྲིད་ཀུན་ལ་ཕན།།
ཉ་མ་བཞིན་དུ་རྒྱལ་གསུང་སྤྱི་བོར་ལེན།།
ཏ་ར་བཞིན་དུ་འཕགས་པའི་འཕྲིན་ལས་བསྒྲུབ།།
ཐ་ཤལ་རེ་འགས་དེ་ལ་འབར་ཤ་ལྡིར།།
ད་རི་ཌ་ཡི་བཙན་བྱོལ་སྤྱི་ཚོགས་འདི།།
ན་ནིང་ཞིག་ནས་མ་རབས་ཁྲེལ་མེད་ཁེངས།།
པ་ལོ་བྲེགས་པའི་མགོ་རིལ་ཆོལ་ཞེན་ཅན།།
ཕ་ཡུལ་འབྲོག་པའི་རྨོངས་རྟགས་ད་དུང་སྟོན།།
བ་རྒན་སོ་མེད་འདྲ་བའི་ངན་རུལ་འགའ།།
མ་རིག་མུན་པའི་སྨག་གིས་ད་རུང་འཐུམ།།
ཙ་རི་ཊ་འདྲའི་བཞུགས་དྷརྨ་ཤ་ལར།།
ཚ་གྲང་ཐེག་པའི་ཁྲིམས་བཟོ་ཁྲིམས་ཁང་དང་།།
ཛ་ཡའི་འཕྲིན་ལས་སྒྲུབ་པའི་བཀའ་ཤག་བཅས།།
ཝ་ཏི་བཟང་པོ་བཞུགས་པས་བྱིན་ཡང་ཆགས།།
ཞ་ཀྱོག་ངན་རྒུ་འཛོམས་པའི་གྲོས་ཚོགས་དང་།།
ཟ་འདྲེ་རྒྱུན་ལས་གླལ་བའི་ཁ་རླང་གིས།།
འ་འུར་མ་རབས་ཁྲིམས་མེད་ལུང་མེད་ཀྱིས།།
ཡ་རབས་དམ་པའི་སྲོལ་བཟང་ཐལ་བར་བརླགས།།
ར་ཕོའི་འཇོལ་འཇོལ་ར་མོའི་གཉིད་ཐེབས་བཅག །
ལ་མོ་ཚངས་པ་ལ་སོགས་བསྟན་སྲུང་རྣམས།།
ཤ་ཁྲག་རོལ་ལ་དགྱེས་པ་མི་མཛད་མོད།།
ས་རྒྱུས་ཆ་རྒྱུས་ཙམ་རེ་སྟོན་ལ་རེམས།།
ཧ་ཅང་རྒྱས་ན་ཀུན་གྱིས་ཉོབ་སྣང་གཏེར།།
ཨ་ཏིག་སྙིང་པོ་འདི་ལ་གོ་བ་བཞེས།།
ཧ་རི་ཙནྡན་བཞིན་དུ་དྲི་བསུང་ཐུལ།།
ཨ་རུ་རྣམ་རྒྱལ་བཞིན་དུ་ནད་ཀུན་ཞི།།
ཙ་རི་ཊ་འདྲའི་བཞུགས་སྒར་དྷརྨ་ཤ་ལར།། ཡིིན།