ཞོགས་སྤྲིན།
ས་མཐའ་རབ་འབྱམས་སུ་གསལ་བའི་ཁྲི་གདུགས་ཁྱེད།།
དྲོལ་ཁོལ་བོད་ཡུལ་ལ་བཞག་པའི་སྤྲོ་སྣང་འདི།།
དངོས་སུ་ནམ་འཆར་གྱི་རེ་བའི་སྐྱོ་གདུང་འདི།།
དྲི་མེད་མཁའ་དབྱིངས་སུ་འཆར་ཏེ་གདུང་བ་སོལ།།
ངེས་མེད་ཕྱག་སྤལ་ན་གནས་བའི་ཆུ་ཤེལ་ཁྱེད།།
དྲི་མེད་ནག་ནོག་གིས་བྲལ་ཏེ་ཡར་ངོའི་ལམ།།
ཉེར་གཅིག་དུས་རབས་ལ་བསྟུན་ན་གསལ་བ་ལ།།
སྔོན་གྱི་དབྱངས་རྟ་དང་འགྲོགས་ནས་ཤར་བར་ཤོག།།
ཧིན་ངྷིའི་གླིང་ཚོམས་ན་གནས་བའི་བྱེས་སྡོད་རྣམས།།
ཆབ་སྲིད་རང་དབང་དུ་བསྒྱུར་བའི་ཟློས་གར་གྱིས།།
འགག་མེད་ཞི་བདེ་དང་འགྲོགས་ནས་དལ་བུ་ཡིས།།
དམངས་གཙོ་འཛམ་གླིང་ལ་སྒྲོག་བཞིན་ཕེབས་པར་ཤོག།།
རང་སར་རང་ལུགས་ཀྱིས་ཆེ་བསྟོད་ངོམས། །
གཞན་འབྱོར་ཞེན་འདོད་ཀྱི་སླུ་ཁྲིད་སོམས། །
རྟེན་འབྱུང་ལས་འབྲས་ཀྱི་སླུ་མེད་ཀྱིས། །
གཞེས་བྱེས་གཉིས་འཛོམས་ཤིག་ཡོང་ངེས་འདུག །