སྣ་ཚོགས་རང་གྲོལ།
སྐྱེས་པ་ཡོད་པས་སྐྱེས་མ་བྱུང་བ་དང་།།
སྐྱེས་མ་ཡོད་པས་སྐྱེས་པ་བྱུང་བ་ཡི།།
ཆོས་ཉིད་ལྟོས་ནས་གྲུབ་པའི་གནས་ལུགས་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
སྐྱེས་པ་མེད་ན་སྐྱེས་མ་ཡོང་ཐབས་མེད།།
སྐྱེས་མ་མེད་ན་སྐྱེས་པ་དེ་བས་ཀྱང་།།
གཉིས་ཀ་བྲལ་ཐབས་མེད་པའི་གོ་རིམ་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
གཉིས་ཀའི་སེམས་ན་འདོད་པ་བདེ་བ་རེད།།
མི་འདོད་བྲལ་ན་བསམ་པ་སྡུག་བསྔལ་རེད།།
མ་བཅོས་ལྷན་སྐྱེས་སེམས་ཀྱི་མཐུན་སྣང་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
དཀའ་སྤྱད་ཚོགས་གཉིས་རྫོགས་ལས་བྱུང་བ་ཡི།།
སྒྲིབ་གཉིས་མ་ལུས་སྤངས་་པའི་གོ་ས་དེ།།
སུས་འཇོན་དེ་ལ་དབང་བའི་ཚད་གྲུབ་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
དགེ་སློང་ཕ་མའི་སྡོམ་རྒྱུན་ཡོད་མེད་དེས།།
དགེ་བཤེས་ཕ་མའི་མཚན་བྱང་འགྲེལ་སྟངས་གང་།།
ཁོར་ཡུག་དོག་པའི་ཁྲོམ་པའི་སྦལ་པ་ལས།།
མཐའ་ཡས་་རྒྱ་མཚོ་མ་མཐོང་སྐད་ཆ་རེད།།
ཀུན་མཁྱེན་སངས་རྒྱས་གོ་འཕང་འཐོབ་པ་ལ།།
ངེས་པར་དགེ་སློང་སྡོམ་ལྡན་མི་དགོས་ན།།
གཞུང་ལུགས་བསྦྱངས་པའི་དགེ་བཤེས་མིང་ཙམ་ལ།།
དགེ་སློང་སྡོམ་རྒྱུན་དགོས་པའི་རྒྱུ་མཚན་གང་།།
སྐྱ་བོའི་ནང་ནས་དགེ་བཤེས་ཡོང་ཆོག་ན།།
བཙུན་མར་མི་ཐོབ་རྒྱུ་མཚན་དེ་བས་མེད།།
སྡོམ་རྒྱུན་ཡོད་མེད་ལྐུགས་པའི་ཨུ་ཚུགས་འདི།།
སྐྱེས་མར་མཐོང་ཆུང་བྱེད་པའི་ལྟ་ངན་ཙམ།།
སྐྱེས་པའི་ཟླ་ལ་བུད་མེད་ཟེར་ན་ལེགས།།
ལགས་སོ་གྲོགས་པོ་མེ་ཏོག་དཀར་པོ་ལགས། དེ་ཡང་ཡག་པོ་འདུག་སྐབས་འདིར་བུད་མེད་ཅེས་སྦྱོར་ན་ཚིག་སྦྱོར་སྙན་ཙམ་ཡོང་ས་རེད།
སྐྱེས་པ་ཡོད་པས་བུད་མེད་་བྱུང་བ་དང་།།
བུད་མེད་ཡོད་པས་སྐྱེས་པ་བྱུང་བ་ཡི།།
ཆོས་ཉིད་ལྟོས་ནས་གྲུབ་པའི་གནས་ལུགས་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
སྐྱེས་པ་མེད་ན་བུད་མེད་་ཡོང་ཐབས་མེད།།
བུད་མེད་མེད་ན་སྐྱེས་པ་དེ་བས་ཀྱང་།།
གཉིས་ཀ་བྲལ་ཐབས་མེད་པའི་གོ་རིམ་འདི།།
ཕོ་མོ་འདྲ་མཉམ་ཡིན་པའི་དཔང་རྟགས་རེད།།
གསེར་འདི་མེད་ན་གསེར་མིན་འཇོག་དཀའ་བས།། གསེར་དང་གསེར་མིན་རིན་གོང་མཉམ་ལགས་སམ།།
ཡག་པོ་མེད་ན་སྡུག་པོ་མི་འབྱུང་བས།། ཡག་སྡུག་གཉིས་པོ་གཅིག་པ་ཡིན་ནམ་ཀྱཻ།།
རྫུན་པ་མེད་ན་བདེན་པ་བཞག་དཀའ་བས།། བདེན་རྫུན་གཉིས་པོར་ཁྱད་པ་མེད་དམ་ཀྱཻ།།
ཁྲིམས་ལུགས་དབུ་ཚད་གང་ལའང་མི་རིགས་པའི།། ལོག་པ་སྨྲ་བ་ཉུང་དུ་བྱོས་དང་བཟང་།།
ཕོ་མོ་གཉིས་ཆོས་ཅན། འདྲ་མཉམ་མ་ཡིན་པར་ཐལ། བུ་མོ་ལ་ཟླ་ཚན་ཟག་པའི་སྡུག་བསྔལ་ཐོས་པ་ཡོད་པའི་ཕྱིར།
ཁྱིས་མི་སྐད་གོ་ཁག་པོ་རེད། འདྲ་མཉམ་ཟེར་བ་གཞི་རྩའི་ཐོབ་མ་གཏོགས། ཚང་མ་གཅིག་པ་ཡིན་མི་དགོས། དགོས་ན་ཕོ་ལ་འང་མཇེ་ཆེ་ཆུང་མང་དུ་ཡོད་པས་སོ།།
ཕོ་མོ་འདྲ་མཉམ་ཟེར་བ་ཡག་ས་ཤིག་ལ་བསམ་བློ་གཏོང་དགོས་ཀྱི་འདུག་མ་གཏོགས། ཕོ་ཡིས་གང་བྱེད་པ་དེ་མོས་ཀྱང་བྱེད་དགོས་ན་ཧ་ཧ།
ཕོ་མོ་གཉིས་ཀྱི་ཐོབ་ཐང་འདྲའ་མཉམ་མི་འདུག་གམ།