གངས་ལྷ་མོས་བསྒྱུར།
(གྲགས་ཅན་འཁྲབ་སྟོན་མ་ཞིག་གི་འགྱོད་གདུང་།)
དེ་སྔོན་ཧྲང་ཧེའི་ཀོན་ཏུང་དུ། གདོང་མཆོང་བྱེད། ཅེས་པའི་མུ་འགོད་ལེའུ་ཚན་གློག་བརྙན་དེ་འཁྲབ་མྱོངས་པའི་གྲགས་ཅན་འཁྲབ་སྟོན་མ་ ཏཱིང་ཅ་ལིས་ཉེ་སྔོན་ཙམ་དུ་སྤྱི་ཕན་གྱི་བགྲོ་གླེང་ཐོག་ཚང་མའི་མདུན་དུ་སོ་སོའི་འཚོ་བའི་ཀུན་སྤྱོད་འཆོལ་ཞིང་། ཐེངས་བཞིར་ཕྲུ་གུ་བསྐོག་པའི་ལོ་རྒྱུས་སྐོར་བཤད་པར་ཚང་མ་ཧང་སང་བར་གྱུར།
མོས་སེམས་འདུན་གཙང་མ་དང་དཔའ་ངར་ལ་གུས་བཀུར་དང་བསྟོད་པར་འོས།
ཏཱིང་ཅ་ལིས་ཀྱིས། ང་ལའང་བུ་མོ་ཡོད། ངས་བུ་མོས་ང་ལྟ་བུའི་ནོར་འཁྲུལ་མི་ཤོར་བའི་རེ་བ་ཡོད། ངས་སྒེར་གྱིས་གསབ་ཐབས་མེད་པའི་ནོར་འཁྲུལ་ཤོར་ཟིན། དེ་སྔོན་སོ་སོས་གཞོན་ནུ་མ་ཞིག་དང་མནའ་མ་ཞིག བུད་མེད་ཅིག་གིས་བཟང་སྤྱོད་གང་འདྲ་དགོས་མིན་མ་ཤེས་པ་རེད། ཅེས་བཤད། ལོ་ཆུང་དུས་ཕ་མས་མོ་རང་ལ་སྤྱོད་བཟང་དང་ལུགས་མཐུན་དགོས་སྐོར་སློབ་གསོ་བརྒྱབས་མྱོངས། འོན་ཀྱང་དེར་ཉན་འཇོག་མ་བྱས་པར་དེར་ཧ་ཅང་ཞེན་པ་ལོག་ཅིང་། དེ་ནི་རྗེས་ལུས་དང་བཀས་བཀོད་ཀྱི་ལྟ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ད་ལྟ་དུས་གང་ཞིག་ཏུ་སླེབས་ཡོད། བསམ་བློར་བཅིང་འགྲོལ་དང་སོ་སོའི་ཚོར་བར་བརྟེན་ནས་འགྲོ་དགོས། གང་བསམ་པ་ལྟར་བྱེད་དགོས་པར་འདོད་ཅིང་མཇུག་འབྲས་ལ་འཇིགས་སྐྲག་ཀྱང་སྐྱེས་མ་མྱོང་།
སློབ་ཆེན་ཐོན་རྗེས་ཀྱི་ལོ་གཅིག་རྗེས་དགའ་རོགས་ཤིག་ཐུག་ནས་ཁོ་དང་མཉམ་དུ་ཉལ། དེའང་སོ་སོས་བསྐུལ་བ་གཙོ་བོ་བྱས་པའི་འོག་བྱུང་བ་ཡིན། དགའ་རོགས་འདི་དེ་རྗེས་ངའི་བཟའ་ཟླ་ཐོག་མ་དེ་ཆགས། ཁོས་ང་ལ། གནད་དོན་དེ་ཧ་ཅང་གལ་ཆེ། ཁྱོད་ཀྱིས་བསམ་བློ་གཏོང་ཚར་རམ། ཞེས་དྲིས་བྱུང་། སྐབས་དེར་ང་རང་ཚོར་བ་དེའི་ནང་ཐིམས་ཤིང་ཚང་མ་གཞན་ཞིག་ལ་དོར་རྗེས་སོ་སོའང་བརྗེད་པར་གྱུར་ཟིན། དོན་དངོས་ཐོག་ངས་སོ་སོར་གཅེས་སྤྲས་དང་འགན་འཁྱེར་མིན་ནི་གནད་དོན་དེའི་གཙོ་བོ་རེད། ངས་སྐབས་དེར་བུད་མེད་ཟེར་བ་འདིས་སོ་སོར་གཅེས་སྤྲས་དང་རང་གཤིས་བཟང་ཞིང་དྭངས་ གཙང་གཡང་ཊི་ལྟར་དགོས་པ་དེ་བརྗེད་ཟིན་པ་རེད།
ཏཱིང་ཅ་ལིའི་བསམ་ཡུལ་ལས་འདས་པ་ཞིག་ནི་གནས་ཚུལ་དེ་བྱུང་རྗེས་མོའི་དགའ་ རོགས་ཀྱིས་མོ་ལ་རྣམ་འགྱུར་ཤུགས་ཆེན་འགྱུར་ཏེ། ཁྱོད་ཀྱིས་ངའི་མི་ཚེའི་མཛེས་སྡུག་ལྡན་པའི་ལོ་ཟླ་དུམ་ཞིག་འཕྲོག་བརླགས་བཏང་ སོང་། ཞེས་བཤད་པ་དེ་རེད། མི་ཞིག་གིས་སོ་སོར་གཅེས་སྤྲས་མི་བྱེད་ན་གཞན་གྱིས་ཁྱོད་ལ་མཐོང་བཞག་མི་སྲིད། ཅེས་པ་ལྟར་ཕོ་མོའི་དབར་གྱི་འབྲེལ་བའི་ནང་ཕྱི་ཚུལ་ཞིམ་མངར་དང་ནང་དུ་རོ་ཁ་ བའི་སྨན་རྡོག་ཅིག་དང་མཚུངས་ཤིང་། དུས་ཡུན་ནང་རོ་མངར་མོ་དེ་ཡལ། སྡུག་ངལ་འགོ་བརྩམས་ཤིང་ཏཱིང་ཅ་ལིས་ཆང་ས་མ་རྒྱབ་སྔོན་ནས་ཕྲུ་གུ་སྦྲུམས་ཏེ་ ཉི་མ་ལོ་ལས་རིང་པའི་དཀའ་སྡུག་གི་འཚོ་བ་རོལ་འགོ་བཙུགས་པ་དང་། ཕྱོགས་གཅིག་ནས་མུ་མཐུད་གློ་བརྙན་འཁྲབ་ཅིང་ཕྱོགས་གཞན་ནས་མིའི་མདུན་དུ་རྣམ་ འགྱུར་ལོག་མིན་ལ་སེམས་འཚབ་ཀྱིས་མཚན་མོར་གཉིད་མི་ཁུག་པ་དང་། མགོའི་སྐྲ་མང་པོ་ལྷུང་བཞིན་དེ་མུར་ལུས།
དེ་རྗེས་ང་པཱེ་ཅིང་གི་གྲོང་བརྡལ་ཆུང་ཆུང་ཞིག་གི་འཕྲོད་བསྟེན་ཁང་དུ་སོང་ ནས་ཕྲུ་གུ་བསྐོག ཚོར་བ་དེ་ནི་མིས་གྲི་འཁྱེར་ཏེ་ལག་མཐིལ་དུ་གཏིང་ཟབ་པོ་ཞིག་བསྣུབས་པ་དང་ མཚུངས། དེ་རྗེས་སྐམ་པས་གཟུགས་པོའི་ཤ་བསྐོག་པ་དེ་ནི་ཧ་ཅང་བཟོད་དཀའ་བ་ཞིག་རེད། སྐབས་དེར་ངས་སྨན་པར་ནོར་འཁྲུལ་ངོས་ལེན་གྱིས། ང་ནོར་འདུག ཅེས་ཞུ་བ་འཐེན་པར་སྨན་པས་ཚོར་བ་སྤུ་ཙམ་མེད་པར། ད་ལྟ་གཞི་ནས་ན་ཚ་ཚོར་སོང་ངམ། དེ་སྔོན་ག་རེ་བྱས་བསྡད་པ་ཡིན། ངོ་ཚ་རྒྱུ་མེད་པ། ཟེར། སྨན་པའི་སྐད་ཆ་རྫོབས་པོ་མཇུག་དེ་ཚོ་ནི་ངས་འདིར་བཤད་ཁག་པོ་འདུག སྐབས་དེར་ང་རོགས་དང་མགོན་མེད་སྐྱབས་མེད་ཀྱིས་གཤག་བཅོས་ཀྱི་མལ་ཁྲིར་ཉལ་ཞིང་ ཧ་ཅང་ངོ་ཚ་དང་ཁ་སྐྱེངས་པ་བྱུང་། ང་རང་ལོ་ཉི་ཤུ་ལྷག་གི་འཚོ་བའི་ནང་ཐོག་མར་ངོ་ཚ་དང་གཞན་ལ་ངོ་བཏོན་མི་ཕོད་པ་ གྱུར་།
ནོར་འཁྲུལ་ཞིག་གིས་མི་ཚེར་འགྱོད་པ་སྐྱེས། ཅེས་པ་ལྟར་སོ་སོའི་གཟུགས་པོ་འཕྲོག་བརླགས་བཏང་བས་མི་ཚད་སོ་སོའི་གཉེན་བསྒྲིག་ དེའང་འཕྲོག་བརླགས་བཏང་ཡོད་པ་རེད། འོན་ཀྱང་ཐེངས་དང་པོར་ཕྲུ་གུ་བསྐོག་པ་དེས་ཏཱིང་ཅ་ལིས་འགྱོད་པ་སྐྱེས་མེད་ཅིང་ རྨ་ཁ་དྲག་རྗེས་སྡུག་ངལ་དེའང་བརྗེད་ཟིན། ང་འཁྲིག་སྤྱོད་ཀྱི་གློག་བརྙན་ལ་ལྟ་དགའ་ཞིང་དེའི་རིགས་ཀྱི་གློག་བརྙན་འོད་ སྡེར་བསྡུས་ནས་ལྟ་ཞིང་བསམ་བློའི་ནང་མ་རབས་བྱ་སྤྱོད་ཀྱིས་ཁེངས། དེ་འདྲ་གནས་ཚུལ་མ་ལྷག་ན་ཡ་མཚན་རེད། ཆང་ས་བརྒྱབས་རྗེས་བཟའ་ཟླ་ལས་དོན་ཕྱིར་གཞན་ལ་འགྲོ་ཡུན་རིང་ཞིང་དེའི་རིང་སུན་ སྣང་ལ་མ་བཟོད་པར་ང་བཟའ་ཟླར་ངོ་ལོག་ཅིང་བཟའ་ཚང་ཡོད་པའི་སྐྱེས་པ་གཞན་ཞིག་དང་ ངན་འབྲེལ་གྱིས་སླར་ཕྲུ་གུ་འཁོར། ངས་མི་དེ་འཚོལ་དུས་ཁོས་དུས་ཡུན་རིང་པོར་སྐད་ཆ་མ་བཤད་པར་མཐར་ཕྲུ་གུ་དེ་ངའི་ རེད་དམ། ཁྱོད་ཀྱིས་ང་དང་འདི་འདྲ་བྱེད་ཕོད་པར་གཞན་དང་ཡང་བྱེད་ལོས་ཕོད། ཁྱོད་ཀྱིས་ང་འཚོལ་བ་དེ་མ་འགྲིག་པ་རེད། གནས་ཚུལ་དེ་སོ་སོས་ཐག་གཅོད་ཅིག ཅེས་བཤད་པར་ཏཱིང་ཅ་ལིས་སོ་སོའི་བསམ་བློ་ཡོངས་སྟོང་པ་ཆགས་ཤིང་མིག་ཆུ་དེའང་ ཤིན་ཏུ་གྲང་ཤུར་ཤུར་ཞིག་ཡིན་པར་ཚོར་ཡོད་པ་རེད།
ཏཱིང་ཅ་ལིས་བླ་བོར་བ་ལྟར་སོ་སོས་ཕྲུ་གུ་བསྐོག་སར་སོང་རྗེས་ལམ་སང་མེ་ འཁོར་དུ་བསྡད་དེ་ཤར་བྱང་ཁུལ་དུ་གློག་བརྙན་འཁྲབ་ཏུ་སོང་། དེར་གྲང་ཚད་ཀླད་ཀོར་འོག་གི་གྲངས་བཞི་ཅུའི་གྲང་ངེད་ཀྱི་ས་རྒོད་དུ་ཉིན་ཅིག་ ཏག་ཏག་ལ་གློག་བརྙན་འཁྲབ། གློག་བརྙན་ཡག་པོ་ཁྱོན་ནས་འཁྲབ་མ་ཐུབ་པར་མོ་རང་ཁ་བའི་ས་གཞིར་ལྷ་ང་སར་བཙུགས་ ནས་གངས་ཆུས་སྤྲིན་བལ་གྱི་སྨད་གཡོག་སྦངས་པ་དང་། གྲོད་ཁོག་ཤིན་ཏུ་ན་ནས་གྲོང་བརྡལ་གྱི་སྨན་ཁང་ནས་ཀྱང་ཐབས་ཤེས་མ་རག་པར་མོ་ལ་ ཟུག་འཇགས་སྨན་ཁབ་བརྒྱབ་རྗེས་ཀྱང་ཕན་ནུས་མ་ཐོན་པ་རེད།
གློག་བརྙན་འཁྲབ་ཚར་རྗེས་ཧཱ་ཨར་པིང་གྲོང་ཁྱེར་དུ་ཕྱིར་ལོག སྨན་ཁང་ཆེན་པོར་རྟག་དཔྱད་བྱས་པར་དེ་ནི་ཛ་དྲག་གི་བུ་སྣོད་གཉེན་ཚད་ཡིན་པར་ བཤད། དེའང་གཉེན་ཚད་དེ་གཅོང་ནད་དུ་གྱུར་ནས་བཅོས་ཐབས་དཀའ་བ་མ་ཟད། མི་ཚེའི་ནང་དེ་ལྟར་ཕྲུ་གུ་བསྐོགས་པའི་བྱུང་འབྲས་ཀྱིས་བཟོས་པ་རེད། ན་ཚ་དེས་ཐོག་མཐའ་བར་གསུམ་དུ་ང་ལ་སྡུག་ངལ་བཟོས་ཤིང་། གལ་ཏེ་ང་རང་ཏོག་ཙམ་དཀའ་ལས་ཁག་པ་ཙམ་གྱིས། ཡང་ན་ལུས་པོ་གྲང་བ་ཙམ་གྱིས། སྐབས་འགར་ང་རང་ཕྱི་ནས་རླུང་ཏོག་ཙམ་ཕོག་ན་གྲོད་ཁོག་ན་ཞིང་། དེའང་མིས་ངའི་སྐེད་པར་ཤུགས་ཀྱིས་རེག་ཅིང་ཡུལ་དེ་ནས་འཐཻན་པ་དང་མཚུངས་ཤིང་ཧ་ ཅང་གི་ཟུག་གཟེར་རྒྱག་གི་ཡོད། དེ་བཞིན་གསང་རྒྱུད་ཟགས་གཤེར་ལུགས་མཐུན་མེད་པར་གྱུར་ནས་ཡུན་རིང་ལ་སྨན་ཟས་ པའི་རྐྱེན་གྱིས་སླར་ཕོ་བའི་ན་ཚའང་ཕོག ན་ཚ་མང་པོས་ང་དང་འགྲོག་ཅིང་ང་ལ་སྡུག་ངལ་སྤྲོད་ཀྱི་ཡོད། སྡུག་གྱོང་རེད་ཨ། ང་ལ་ནག་ཉེས་ཡོད་ཅིང་འདི་འདྲ་བྱུང་བ་འོས་ཤིས་འཚམ་པ་རེད།
དེ་རྗེས་ངས་ཕ་མར་སོ་སོས་ཕྲུ་གུ་ཐེངས་གཉིས་བསྐོག་པའི་སྐོར་བཤད་པར་ཕ་མ་ཧ་ ཅང་ཁོང་ཁྲོ་ལངས་ཏེ། ཁྱོད་ངོ་མ་ངོ་ཚ་མེད་པ་ཞིག་རེད། རྗེས་མར་ལས་རྒྱུ་འབྲས་འཁོར་གྱི་རེད། ང་ཚོ་ཁྱོད་ལ་སེམས་གཏིང་ནས་ཡིད་ཐང་ཆད་སོང་། ཁྱོད་ཀྱིས་དེ་ལྟར་ཕྲུ་གུ་བསྐོག་པ་ཡིན་ཟེར། ཁྱོད་ཀྱིས་ཤེས་སམ། དེའང་ཁྱོད་ཀྱི་ཤ་གཟུགས་ལས་གྲུབ་པའི་ཚེ་སྲོག་རེད། དེ་བཞིན་ཁོ་ནི་ཁྱོད་ཀྱི་ཚེ་སྲོག་རེད་ཨང་། ངའི་ཨ་ཕ་ལགས་ཁོང་ཁྲོ་ཟོས་ཏེ་ང་ལ་ཐད་ཀར་འགྲམ་ལྕག་བཞུས་བྱུང་། དོན་དངོས་ཐོག་ཨ་ཕས་ང་ལ་འགྲམ་ལྕག་བཞུ་ཐེངས་རེར་དེ་ངའི་སྙིང་ཁམས་ལ་བཞུས་པ་དང་ གཉིས་སུ་མི་འདུག ངའི་བཟའ་ཟླ་ཕྱིར་ལོག་རྗེས་གནས་སྟངས་ཤེས་ཏེ་ངའི་ངོ་གདོང་སྔོ་ནག་གྱུར་བ་མཐོང་ མ་ཐག་ཏཱིང་ཅ་ལི་དང་ཁ་བྲལ་ནས་བསྡད། དེ་རྗེས་ཀྱང་བཟའ་ཚང་ཁ་ཐོར་སོང་། དེ་རྗེས་ཏཱིང་ཅ་ལིས་སླར་ཡང་ཆང་ས་བརྒྱབ། མོའི་བཟའ་ཟླ་ཨང་གཉིས་པས་ཀྱང་ཕྱི་ནས་ཟུར་ཉར་དགའ་རོགས་འཚོལ་ཏེ་བཟའ་ཚང་དབར་ འཁྲུག་རྩོད་ཆེན་པོར་ཤོར། ངས་བསམ་པར་དེ་ནི་ལས་འབྲས་ངན་པ་འཁོར་བ་རེད་ལ། ངོ་མ་ཡིན། ལས་རྒྱུ་འབྲས་ཟེར་བ་དེ་ངའི་གཟུགས་པོར་འཁོར་བ་རེད། གཞན་ལ་ཁ་དཀྲི་ས་མེད། གཞན་གྱིས་ཁྱོད་ལ་ཅི་འདྲ་བྱས་ན་ཁྱོད་ཀྱིས་ཀྱང་གཞན་ལ་དེ་ལྟར་ལོས་དགོས།
ཐེངས་གཉིས་པར་བཟའ་ཐོར་བྱས་ཏེ་ད་བར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་འགྲོ་ལ་ཉེ། ངས་དཀའ་ཚེགས་ཆེན་པོས་ཕྲུ་གུ་གཉིས་འཁྲིད་དེ་འཚོ་བཞིན་ཡོད། ངས་བསམ་པར་དེ་ནི་དཀོན་མཆོག་གིས་ང་ལ་ལས་རྒྱུ་འབྲས་འཁོར་བཅུག་པ་རེད་ལ་ངས་ སྡུག་ངལ་དེ་མྱོང་དགོས་སྙམ། ངས་གཞན་གྱི་བཟའ་ཚང་གཏོར་བཅོམས་བཏང་བ་མ་ཟད། ཕ་མའི་སེམས་ལ་སྡུག་ངལ་ཡང་བཟོས། དུས་མཚུངས་སུ་ངས་གཞན་གྱི་ཕ་མ་དང་བཟའ་ཟླ་མོ། གཞན་གྱི་ཕྲུ་གུ་བཅས་ལ་སྡུག་ངལ་བཟོས་ཡོད་པ་རེད། དེ་ནི་ལས་རྒྱུ་འབྲས་ལ་མི་བརྩི་བའི་སྤྱོད་ངན་རེད། དེ་འདྲ་ཁྱོན་ནས་བྱེད་མི་ཉེན། དེ་ནི་ལས་འབྲས་དང་འགལ་ཞིང་ངའི་ཕ་མའི་སེམས་སྐྱོ་བཅུག་པ་དང་། བུད་མེད་ཀྱི་ལུགས་མཐུན་དང་འགལ་བ། མནམ་མ་ཞིག་ཡིན་པའི་འོས་འགན་དང་འགལ་བ་བཅས་ཀྱིས་གཉེན་སྒྲིག་ཐེངས་གཉིས་ལ་ངས་ བྱུང་འབྲས་ངན་པ་དེ་འདྲ་ཞིག་བཟོས་ཡོད་པ་རེད།
ཆང་ས་མ་བརྒྱབ་སྔོན་ནས་ཕྲུ་གུ་འཁོར་བ་དེར་ཉེན་ཁ་ཆེན་པོ་ཡོད། ངས་འདི་ནས་གཞོན་ནུ་མ་ཚོས་སོ་སོར་གཅེས་སྤྲས་ཡོང་བར་འབོད་བསྐུལ་ཞུ་བཞིན་ཡོད། ཏཱིང་ཅ་ལིས་སོ་སོའི་བྱ་སྤྱོད་འཆོལ་བའི་དབང་གིས་ཐེངས་བཞི་ཙམ་ཕྲུ་གུ་བསྐོག་ པའི་སྐོར་སྦ་གསང་མེད་པར་ངོས་ལེན་བྱས། ད་ལྟའི་ཆར་འགྱོད་པ་ཆེན་པོས་གདུང་བ་ཆེ། མོས་མང་པོས། ཕྲུ་གུ་འཁོར་ན་འཁོར་ག་རེ་ཡོད་དམ། བསྐོག་བཞག་ན་དེ་གས་སྒྲུང་ཡོངས་རྫོགས་པ་མ་རེད་དམ། ཞེས་རང་ཚོད་མ་ཟིན་པའི་སྐད་ཆ་ཞིག་བཤད་ནས་བསྡད་ཡོད། དོན་དངོས་ཐོག་དེ་ནས་སོ་སོར་མགོ་བསྐོར་བཏང་བ་ཡིན་ལ། ཕྲུ་གུ་བསྐོག་པའི་བྱུང་འབྲས་དེས་མིའི་གཟུགས་པོར་ཤུགས་རྐྱེན་དང་བྱུང་འབྲས་ ངན་པ་དེ་བཞིན་ནད་རྟགས་ཀྱིས་ཧ་ཅང་གསལ་པོར་མཚོན་ཐུབ།
སྐབས་འགར་ནད་རྟགས་རེ་འགའ་ནི་དུས་ཡུན་རྗེས་སུ་གཞི་ནས་ཕྱིར་ཐོན་གྱི་ཡོད་པ་རེད།
ཕྲུ་གུ་བསྐོག་པ་དེས་བུད་མེད་རྣམས་སྔ་ཙམ་རྒས་ཤིང་རྗེས་ཤུལ་གྱི་ན་ཚ་མང་ ཞིང་བུ་སྣོད་ལ་ཨི་ཁུང་དོལ་བའི་ཉེན་ཁ་ཆེ། དེ་བས་མི་ཚེའི་ནང་ཕྲུ་གུ་འཁོར་རྒྱུ་མེད་པ་བཅས་ཆགས་ཀྱི་ཡོད། གཞོན་ནུ་མས་ཕྲུ་གུ་བསྐོག་པ་དེའི་བྱུང་འབྲས་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཡིན། གང་ཡིན་ཟེར་ན། གཞོན་ནུ་མའི་ལུས་འཚར་ལོང་འབྱུང་བཞིན་པའི་སྐབས་སུ་གསང་ཁུང་གི་ཤ་པགས་ཧ་ཅང་ སྲབ་ཅིང་རྙི་བ། བུ་སྣོད་ཧ་ཅང་ཆུང་བར་བརྟེན། ཉེན་ཁ་སྔར་བས་ཆེ། གཤག་བཅོས་སྐབས་བུ་སྣོད་ཁ་འབྱེད་ཅིང་ཕྲུ་གུའི་ཤུལ་བསྐོག་དགོས་སྟབས་གཉེན་ཚད་ ཁྲག་རྩར་འཛུལ་སླ་བས་གཉེན་ཁ་གྲམ་སོང་ན་དེ་བས་ཉེན་ཁ་ཆེ། གསང་རྒྱུད་ཟགས་གཤེར་མང་བས་བུ་སྣོད་ཀྱི་ལམ་འགག་པ་བཅས་ཕྲུ་གུ་མི་འཁོར་བར་ གྱུར།
རྒྱལ་ཡོངས་སུ་ལོ་རེར་ཆང་ས་མ་རྒྱབ་པའི་མི་ཁྲི་༥༠༠ ཡིས་ཕྲུ་གུ་བསྐོག་པ་སོགས་བྱེད་ཅིང་། དའི་ནང་བརྒྱ་ཆ་ལྔ་བཅུ་ནི་གཞོན་ནུ་མ་ཡིན། སྐར་ཆ་རེར་གཞོན་ནུ་མ་བཅུ་རེས་བདེ་འཇགས་མིན་པའི་ཕྲུ་གུ་ཤོར་བཅུག་གི་ཡོད་པའི་ སྐོར་ཕྱོགས་བསྡོམས་བྱས་ཡོད། བདེ་འཇགས་མེད་པའི་ཕྲུ་གུ་ཤོར་བཅུག་པ་ནི་སྨན་ཟོས་ནས་ཕྲུ་གུ་ཤོར་བཅུག་པར་གོ དེ་འདྲས་གཙང་མ་མ་ཆགས་སྟབས་གཤག་བཅོས་ཀྱང་བྱེད་ཀྱི་ཡོད་པ་རེད།
གོ་ལའི་ཡོངས་སུ་ལོ་རེར་མི་ཁྲི་༧ གྱིས་ཕྲུ་གུ་བསྐོག་ནས་རྐྱེན་ལམ་དུ་འགྲོ་བཞིན་ཡོད། ཏཱིང་ཅ་ལིས། ང་ད་ལྟ་དངོས་གནས་འགྱོད་པ་ཤོར་གྱི་ཡོད་ཨང་། གལ་ཏེ་ངས་ཕྲུ་གུ་བསྐོག་པའི་རྐྱེན་གྱིས་གནས་ཚུལ་ལྷག་ཚེ་ངའི་ཕ་མ་གཉིས་གང་འདྲ་ འཚོ་དགོས་སམ། དེ་ནི་བུ་རྒྱུད་ཀྱིས་གོང་བསྐུར་གྱི་ལམ་ལུགས་བརྩི་སྲུང་མ་བྱས་པའི་སྡིག་ལས་ རང་རེད་ཨང་། ཞེས་བཤད་དེ་སླར་ཡང་མིག་ཆུ་ཤོར།
ཏཱིང་ཅ་ལིར་ཕྲུ་གུ་ཐེངས་དགུ་ཙམ་བསྐོགས་མྱོངས་པའི་གྲོགས་མོ་ཞིག་ཡོད། མཐར་རྒྱུན་གཏན་གྱིས་ཕྲུ་གུ་ཤོར་ཞིང་མཇུག་ཏུ་ཉིན་ལྟར་ཕྲུ་གུ་ཉར་བའི་སྨན་ཟ་ བཞིན་མལ་ཁྲིར་རྒྱུན་དུ་ཉལ་དགོས་གྱུར། གློ་ཙམ་རྒྱག་པར་ཡང་ཕྲུ་གུ་ཤོར་གྱི་ཡོད། ཏཱིང་ཅ་ལིར་རྒྱབ་སྐྱོར་གནང་མཁན་གྱི་སྨན་པ་ཞིག་གིས་མོ་ལ། ངེས་པར་དུ་ཚང་མར་བུ་སྣོད་སྐྲན་ནད་ནི་གཞོན་ནུ་མ་དང་ཉེ་སར་གནས་པའི་སྐོར་བཤད་ དགོས། དེ་སྔོན་མང་ཆེར་རང་ལོ་ལྔ་བཅུ་དྲུག་ཅུ་ཅན་ལ་ན་ཚ་འདི་ན་བ་དང་། ད་ལྟའི་ཆར་རང་ལོ་ཉི་ཤུ་ཙམ་དང་། དེ་བས་ཆུང་བ་ནི་ལོ་བཅུ་གྲངས་ཁ་ཤས་ལའང་ན་ཚ་འདི་འབྱུང་བཞིན་པ་ནི་ཧ་ཅང་ཉེན་ཁ་ ཆེ་བའི་གནས་སྟངས་ཤིག་རེད། ཅེས་གསུངས་ཡོད།
དེ་བས་ཚབ་ཆེ་བའི་བྱུང་འབྲས་ནི་ལོ་ཆུང་དུས་ནས་ཕོ་མོའི་དབར་མཁྲིག་སྤྱོད་ ཀྱིས་བུད་མེད་ཅིག་གི་མི་ཚེ་གཅིག་གི་བདེ་སྐྱིད་བརླགས་སྲིད། འཁྲིས་སུ་ཡོད་པའི་དཔེ་མཚོན་དེ་འདྲ་ཧ་ཅང་མང་། ཏཱིང་ཅ་ལིས་དེ་སྔོན་སློབ་ཆེན་མ་འགྲོ་སྔོན་པེ་ཅིང་ཟློས་གར་ཁང་དུ་ལས་རོགས་ ཚུལ་གྱིས་བསྡདད་སྐབས་དེར་རང་ལོ་ཉེར་གཅིག་གི་གཞོན་ནུ་མ་མཛེས་མ་ལྷའི་བུ་མོ་ ལྟར་ཞིག་ཡོད་པ་དེ་འཁྲབ་སྟོན་མ་ཞིག་བྱས་པར་སྐྱོན་ཆ་སྤུ་ཙམ་མེད། མོ་རང་རྒྱུན་དུ་ལམ་དུ་འགྲོ་དུས་ཀྱང་མགོ་བོ་གནམ་ལ་གཏད་དེ་ཁེངས་དྲེགས་ཀྱིས་ འགྲོ་མཁན་ཞིག་ཡིན། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། མོས་གཞན་དང་ལྐོག་ནས་ལུས་འབྲེལ་བྱུང་རྗེས་ཕྲུ་གུ་འཁོར་ཏེ་སོ་སོའི་གྲོད་པ་ བསྡམས་ཤིང་ས་ལ་རིལ་བ། སྨན་ཟ་བ་བཅས་ཀྱིས་སོ་སོར་མནར་གཅོད་བཏང་ཡང་ཕྲུ་གུ་མ་ཤོར་སྟབས། མཐར་ཕྲུ་གུ་ཟླ་བ་བདུན་ལ་སྤེལས་དུས་སྨན་ཁང་ནས་ཕྲུ་གུ་བསྐོག སྨན་པས་མོའི་གྲོད་པར་ཁབ་བཙུགས་ཏེ་ཁབ་རྩེ་འདར་འཁྲུག་འཁྲུག་བྱེད་པར་མཐོང་། ཕྲུ་གུ་ཤོར་བཅུག་རྗེས་མཛེས་སྡུག་ལྡན་པའི་བུ་ཆུང་ཞིག་གི་བན་རོ་ཕྱིར་བཏོན། དེ་ནས་འཁྲབ་སྟོན་མ་འདིའང་དེ་ནས་ཕྱི་ཕུད་བཏང་རྗེས་ཕྱིར་ཁྱིམ་དུ་ལོག
ལོ་མང་རྗེས་ཏཱིང་ཅི་ལིས་སླར་རང་ལོ་ལྔ་བཅུར་ཟིན་པའི་བུད་མེད་དེ་དང་ཐུག མོ་ནི་མི་གཞན་ཞིག་དང་འདྲ་བ་ཤ་རྒྱག་ཅིང་རྣམ་འགྱུར་གྲང་ཤུར་ཤུར་ལྟར་གྱུར་འདུག དེ་སྔོན་གྱི་མཛེས་སྡུག་གི་ཤུལ་ཙམ་མེད་པར་མོའི་གྱ་གྱུར་གྱི་མི་ཚེའི་ཉམས་ མྱོང་ནི་དེབ་ཅིག་བྲིས་ཀྱང་འགྲིག་ཚུལ་ཡང་བཤད། ཏཱིང་ཅ་ལིས་ད་ལྟ་མོ་རང་གང་འདྲ་ཡོད་མེད་དྲིས་པར་མོས་གྲང་ཤུར་ཤུར་གྱིས་ཁྱོད་ ཀྱིས་བསམ་བློ་ཞིག་བཏང་ན་ང་ཡག་པོ་ཡོང་སྲིད་ཀྱི་རེད་དམ། ཞེས་ལན་འདེབས།
ད་ལྟའི་ཆར་ཏཱིང་ཅ་ལིས་སོ་སོའི་སྒྱུ་ རྩལ་གྱི་ལས་གནས་ཀྱི་འོས་འགན་ཐད་ཕྱི་མདང་རྒྱག་དུས་དེ་སྔོན་སོ་སོས་མཁྲིག་ སྤྱོད་སྐོར་གྱི་གློ་བརྙན་འགའ་འཁྲབ་མྱོངས་བས་དེས་སྤྱི་ཚོགས་ལ་ཉེན་ཁ་བཟོས་པ་ ནི་་ད་དུང་སོ་སོའི་ངོས་ནས་དེ་ནི་སྒྱུ་རྩལ་ལ་རློམས་མྱོངས་པའི་སྐོར་ཕྱིར་ ལྡོག་བྱས། ཀྲུང་ཧཱ་མི་རིགས་ཀྱི་ལོ་ངོ་སྟོང་ལྔའི་རིག་གནས་སློབ་གསོས་ང་ཚོར་བསམ་བློ་གཙང་ དག་སྐོར་བཤད་ཡོད། དེ་སྔོན་གྱི་ཟློས་གར་དང་སྒྱུ་རྩལ་ནི་རྩ་འཛིན་འདིའི་ཐོག་ནས་གསར་བསྐྲུན་བྱས་ པ་ཞིག་ཡིན།
ངའི་ཨ་མ་ཟློས་གར་འཁྲབ་སྟོན་མ་ཞིག་ཡིན། ཟློས་གར་འཁྲབ་པ་དེ་ཚོའང་བཟང་པོར་བཟང་ལན་དང་ངན་པར་ལྡོག་གཤེར་གྱི་བརྗོད་གཞི་ ཐོག་ནས་ཡིན། མོས་ཀྱང་དེ་ལྟར་ང་ལ་སློབ་གསོ་རྒྱག་གི་ཡོད། འོན་ཀྱང་ངས་ཨ་མའི་བཀའ་ལ་མ་ཉན་པར་འགྱོད་པ་ཤོར་གྱི་འདུག ཐེངས་ཤིག་ངས་དར་སྲོལ་ཅན་གྱི་གཞས་ཤིག་གཏོང་བར་ཨ་མས་ང་ལ་རྡོག་འཇག་གཅིག་གིས་ ཕྱིར་ཕུད་བྱུང་། ཨ་མས། ག་རེ་གཏོང་གི་ཡོད། ངས་དར་སྲོལ་གྱི་གཞས་གཏོང་བ་ཡིན། ཞེས་པར་ཨ་མས་དར་སྲོལ་ཡོད་ཚད་་ཡ་རབས་ཤ་སྟག་རེད་པས། ངས་དེ་འདྲ་ཡིན་པ་འདྲ། ཞེས་པར་ཨ་མས་ཆམ་ནད་དར་སྲོལ་ཆེ་བ་དེའང་་ཡ་རབས་ཆེན་པོ་རེད་དམ། དེའི་ནང་དོན་ག་རེ་ཡིན་མིན་ཤེས་སམ། ངོ་ཚ་རྒྱུ་མེད་པ། ཁྱོད་ཀྱིས་ད་དུང་གཞས་དེ་འདྲ་གོཏོང་དང་། ཞེས་གསུངས་བྱུང་། ད་ ལྟའི་ང་ཚོའི་གློག་བརྙན་དང་གསར་ལམ་ཁག དེ་བཞིན་དུས་དེབ་ཚོར་གཅིག་ལྟོས་དང་། དེ་དག་ཚང་མས་གནའ་སྲོལ་གྱི་བློ་གྲོས་ཅན་ཚོའི་བསླབ་བྱ་དང་འགལ་ཞིང་། མི་ཚོའི་བསམ་བློར་འབག་བཙོག་ཡོང་བའི་བསམ་བློ་ཤ་སྟག་རེད།
ཏཱིང་ཅ་ལིས་མུ་མཐུད་བཤད་དོན། ཉེ་སྔོན་ཙམ་ལ་མོས་སྤྱི་ཚོགས་ཐོག་རྟོགས་དཔྱོད་ཅིག་བྱས་པར་ཚོང་ཁང་སྦྱིན་བདག་ གིས། ཚོང་ཁང་དེབ་ཁང་ལས་མང་བ་དང་། བརྒྱ་ཆ་དྲུག་ཅུ་ནི་གཞོན་སྐྱེས་ཚོས་ཉོ་བཞིན་ཡོད། ད་ཆ་ལོ་ཆུང་ཚོ་དྲ་ཁང་དུ་ལས་སྟབས་བདེས་འཛུལ་ཆོག་ལ། རི་མོའི་དེབ་དེ་དག་ནང་འདོད་ཆགས་དང་མཁྲིག་སྤྱོད་ཀྱི་དྲག་སྤྱོད་ཀྱི་ནང་དོན་ ཁེངས་ནས་ཡོད། ཅེས་འགྱོད་གདུང་གིས་ཁེངས་པའི་ཏཱིང་ཅ་ལིས་ད་ནས་བཟུང་དུས་ནམ་ཡང་འདོད་ཆགས་ཀྱི་ དྲག་ཤུགས་གློག་བརྙན་རིགས་མི་འཁྲབ་རྒྱུའི་དམ་བཅའ་བཞག
ཉེ་སྔོན་ཙམ་གང་ཟག་འགས་མཱིང་རྒྱལ་རབས་ སྐབས་ཀྱི་མཁྲིག་སྤྱོད་གློང་བརྙན་ཞིག་འཁྲབ་བརྩིས་ཀྱིས་ཏཱིང་ཅ་ལིས་འཚོལ་དུ་ སླེབས། དེར་འཁྲབ་གླ་མཐོན་པོར་སྤྲོད་རྒྱུར་བཤད་པར་ཏཱིང་ཅ་ལིས་དེར་མོས་མཐུན་མ་བྱས་པ་ རེད། ཕ་རོལ་པོས་འཁྲབ་སྟོན་མ་གཞན་འཚོལ་གྱི་ཡིན་སྐོར་བཤད་པར་ཏཱིང་ཅ་ལིས་ལས་རོགས་ གཞན་ལའང་ཁ་པར་བརྒྱུད་དེ་འཁྲབ་རྒྱུ་མེད་པའི་འབོད་བསྐུར་ཞུས། མོས། ངས་ཁོའི་ལས་དོན་མ་གྲུབ་པར་བཟོས་པར་ཤེས་ཡོད། འདིར་ངས་སྐད་སངས་མཐོན་པོས་ལས་རོགས་ཚོར་འབོད་བསྐུར་ཞུ་བཞིན་ཡོད། གློག་བརྙེན་དེའི་རིགས་ཁྱོན་ནས་མ་འཁྲབ་རོགས། ང་ཚོའི་རྒྱལ་རབས་ལོ་རྒྱུས་ཐོག་བསྟོད་པར་འོས་པའི་བརྗོད་གཞིའི་རྒྱུ་ཆ་མང་དག་ ཡོད་པ་རེད། ང་ཚོས་ངེས་པར་དུ་གློག་བརྙན་འཛོར་པོ་དེ་འདྲ་འཁྲབ་དགོས་ཀྱི་རེད་དམ། ང་ཚོའི་ཚེ་ཕྱེད་ལ་ཕྱི་མདང་བརྒྱབ་ན་བུད་མེད་ཅིག་གི་མི་ཚེ་འགོ་བརྩམས་སྟངས་ནི་ ཧ་ཅང་གལ་ཆེ་ཡིན། ནོར་འཁྲུལ་ཐེངས་ཤིག་ཤོར་བ་དེས་མི་ཚེའི་གཅིག་གི་འགྱོད་པ་བཟོའང་སྲིད། གཞོན་ནུ་མ་ཚོས་ངེས་པར་དུ་སོ་སོའི་གོམ་པ་དང་པོ་དེ་ཡག་པོར་སྤོ་དགོས། བྱ་སྤྱོད་ངན་པ་དང་རིང་དུ་གྱེར་ནས་སྡོད། ང་ཚོས་སོ་སོར་ཆེ་མཐོང་བྱེད་ན་གཞི་ནས་གཞན་གྱིས་ང་ཚོར་བརྩི་མཐོང་བྱེད་སྲིད། ང་ཚོས་སོ་སོར་གཅེས་སྤྲས་བྱེད་པར་གཞན་གྱིས་ང་ཚོར་གཅེས་པར་བྱེད་སྲིད། སོ་སོའི་ས་མཚམས་ལེགས་པོར་བཟུང་ན་གཞི་ནས་ང་ཚོར་གཅེས་སྤྲས་བྱེད་མཁན་དེ་རྙེད་ སྲིད་ལ། ཕན་ཚུན་གཉོར་སྐྱོང་གིས་མི་ཚེ་གཅིག་ལ་ཕན་ཚུན་བརྩེ་དུང་བཅང་ཞིང་བདེ་སྐྱིད་དང་ མཛེས་སྡུག་ལྡན་པའི་དགའ་སྤྲོ་དང་བདེ་བར་རོལ་ཐུབ།
ངའི་མི་ཚེའི་འདིའི་ནང་སྐྱེས་པ་གཅིག་གི་གཅེས་སྤྲས་ཀྱང་ཐོབ་མ་མྱོངས། དེ་གང་ཡིན་ཟེར་ན། ངས་སོ་སོར་གཅེས་སྤྲས་མ་བྱས་པ་དང་། སོ་སོས་ནོར་འཁྲུལ་ཤོར་བ་དང་། སོ་སོའི་སོ་མཚམས་དང་བུད་མེད་ཀྱི་ལུགས་བཟང་ལེགས་པོ་སྲུང་མ་ཐུབ་པས་བྱུང་འབྲས་ ཀྱིས་འདི་འདྲ་ཡོང་བ་རེད། དེང་སྐབས་ཀྱི་གཞོན་སྐྱེས་ཚོས་དེང་རབས་སྤྱི་ཚོགས་ཀྱི་གུ་ཡངས་ཟེར་བར་ཁ་ཕྱོགས་ ཏེ་ཆང་ས་མ་རྒྱག་སྔོན་ནས་ཕྲུ་གུ་སྦྲུམས་པ་དང་། མཚན་གཅིག་གི་བརྩེ་དུང་ཟེར་བ་དེ་འདྲ་ལུགས་མཐུན་མིན་པའི་བརྩེ་དུང་མང་པོ་འཁྲབ་ ཀྱི་ཡོད། དོན་དངོས་ཐོག་དེ་དག་གི་མཇུག་འབྲས་ནི་ངོ་མ་ཧ་ཅང་སྐྱོ་གདུང་དགོས་པ་ཞིག་རེད། དེའང་གཟུགས་པོ་ཐང་པོ་མེད་པའི་རྐྱེན་ནི་ཕྱོགས་གཅིག་ཡིན་ལ། ཕྱོགས་གཞན་ནས་ཁྱོད་རང་མཐར་ཁེར་རྐྱང་ཞིག་མྱོངས་དགོས་པ་དེ་ཡིན། དེ་ང་ལ་ཉམས་མྱོངས་གཏིང་ཟབ་ཅིག་ཡོད། ཅེས་བཤད་ཡོད་པ་རེད།
འབྲེལ་ཐག་དུས་རབས་དགུ་བཅུའི་རྗེས་རབས་ཚོའི་འབོད་སྒྲ ཞེས་པའི་དྲ་ལམ་ནས།
མོ་རང་གི་མིང་རྒྱ་ཡིག་གམ་དབྱིན་ཡིག་གང་རུང་བྲིས་ན་མི་སུ་ཡིན་ཤེས་ཐུབ། དེ་མིན་འདི་འདྲ་སྤེལ་ན་སྙིང་བོ་གང་ཡང་མི་འདུག་གོ། །
ཏིང་ཅ་ལི༼ 丁嘉丽༽ མོའི་མི་ཚེའི་ལོ་རྒྱུས་ཤེས་འདོད་ན་པེ་ཏོ་༼百度༽ ནང་འཚོལ་དང་རྙེད་ཐུབ།
དག་ཆ་དང་སྡེབ་སྦྱོར་ཞན་དྲགས་པས་ཆ་ཚང་ཀློག་སྙིང་འདོད་མ་བྱུང་།
ལོ་རིམ་གསུམ་པ་བཞི་བའི་སློབ་ཕྲུག་ཅིག་གིས་ཀྱང་དག་ཆ་དང་སྡེབས་སྦྱོར་འདི་ལས་ལྷག་མིན་འགྲོ། ཨ་ཁ་ཁ།
ཨ་ཧ་ཨ་ཧ། ཨ་ཅེ་གངས་ལྷ་མོས་ད་དུང་བརྡ་དག་དག་གསུམ་འགོ་ནས་སྦྱང་དགོས་འདུག
རྩོམ་པ་པོས་དཀའ་ལས་བྱས་ཏེ་བྲིས་ཀྱང་དོན་གོ་ཆོད་མི་འདུག འཕྲུལ་གྱི་བཙན་པོས་གསལ་པོ་བྱས་འདུག ཐུགས་རྗེ་ཆེ། རྗེས་སོར་འདི་འདྲ་སྤེལ་ན་པར་དང་མིང་སོགས་གསལ་པོ་བྱེད་དགོས་རེད དེ་མིན་ཀློག་པ་པོ་རྣམས་མགོ་བོ་རྨོངས་བྱེད་དུ་འགྱུར་སྲིད་དོ། །།
ཡག་པོ་འདུག ངས་ནི་ཆ་ཚང་གོ་བྱུང་། གཅིག་བྱས་ན་ངའི་བོད་ཡིག་སྐྱོ་དྲགས་པས་མིན་འགྲོ
ཏིང་ཅ་ལི་འདི་ན་འདུག།
https://www.youtube.com/watch?v=-rXQx85Tcm8
ད་དུང་གཟིགས་ན་འདི་ཡང་རེད་འདུག།https://www.youtube.com/watch?v=4q3cXvDVQMg
སྤྱི་ཚོགས་གཞན་གྱི་གནས་ཚུལ་ལ་དོ་སྣང་གིས་བོད་ཡིག་ཏུ་ཕབ་སྒྱུར་བྱས་པར་རྗེས་སུ་ཡི་རངས་ཡོད།
ཡིག་སྒྱུར་བ་ལ་བཀའ་དྲིན་ཆེ། ནང་དོན་མ་གོ་བ་ཅི་ཡང་མི་འདུག
རྩོམ་ཐུང་འདི་བཀླགས་རྗེས་བུད་མེད་འདི་སྔར་མཐོང་མྱོང་བའི་གློག་བརྙན་ཨེ་ཡིན་ནམ་སྙམ་ནས་ཤེས་འདོད་བྱུང་། འོན་ཀྱང་དབྱིན་ཡིག་དང་རྒྱ་ཡིག་གི་མིང་མེད་སྟབས་བཙལ་ཐབས་བྲལ། ཆུད་ཚོད་ཆུད་ཟོས་སུ་བཏང་། རྗེས་སུ་འཕྲུལ་གྱི་བཙན་པོའི་མཆན་ལ་བརྟེན་ནས་བུད་མེད་འདི་སུ་ཡིན་ཧ་གོ་སོང་། དེ་མིན་བོད་ཡིག་གིས་བྲིས་པའི་མིང་དེས་རྙེད་ཐབས་བྲལ། །
ཨ་ལགས་ཀླུ་སྨྱོན་ཚང་གི་རྩོམ་དེ་བཀླགས་པ་ཙམ་གྱི་བུད་མེད་དེ་སུ་ཡིན་ཤེས་འདུག དངོས་གནས་ཡ་མཚན་རེད། ཁྱོད་ཀྱིས་མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཉམས་ལེན་བྱེད་ཀྱི་མེད་པ་འདྲ། དེ་མིན་དྲ་རྒྱ་རྐྱང་ཉུལ་ནས་ཡོད་ས་རེད། ཧ་ཅང་ཕོང་བ་ལ། །
ཀླུ་སྨྱོན་གྲུབ་ཐོབ་ལ་བདེ་སྟོང་ཟུང་འཇུག་ཐད་ཐབས་ཤེས་མཁས་པས་ཉམས་ལེན་གང་བྱེད་རེད་དོ།།
ཁ་སྟོང་པ་འཁྱེར་ནས་མི་ལ་དམའ་འབེབ་བྱེད་པ་ལས། མོ་རང་དང་འདྲ་བར་ཚང་མས་བོད་ཡིག་བེད་སྤྱོད་བྱེད་དགོས།
རྩོམ་པ་པོར་བཀའ་དྲིན་ཞུ།