Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱག་རོགས་བཀའ་བློན་རྣམ་པ་སུ་སུ་ཡིན་ནམ།

Posted on 2011-09-14 By ཁ་བརྡ་ 47 Comments on ཕྱག་རོགས་བཀའ་བློན་རྣམ་པ་སུ་སུ་ཡིན་ནམ།

རང་དབང་ལྷ་མོ།
བཀའ་ཁྲི་བློ་བཟང་སེངྒེའི་ཕྱག་རོགས་བཀའ་བློན་རྣམ་པའི་ཕྱོགས་སུ། གུས་མོས་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན། བདེ་སྲུང་བཀའ་བློན་ནི། འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ། བཀའ་ཁྲི་བློ་བཟང་སེངྒེ་ལགས་ཀྱིས་ཡོངས་གྲགས་ཀྱིས་གསུངས་ཚར་བ་ཡིན་དུས། སུས་ཀྱང་འགྱུར་ལྡོག་གཏོང་ཐུབ་རྒྱུ་མ་རེད་དེ། སྤྱི་འཐུས་རྣམ་པའི་ཐུགས་ལ་འབབ་མིན་དཀའ་སེ་རེད་སྙམ།
ཕྱི་དྲིལ་བཀའ་བློན་ནི། སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་ཡིན་ན། དགེ་མཚན་གསུམ་འདུག ༡ འབྲེལ་བ་བྱེད་སྤྱད་ཀྱི་ཆ་རྐྱེན་གཙོ་བོ་སྐད་ཡིག་རང་རྐྱ་འཕེར་བ་ཡོད་པ། ༢ འབྲེལ་བ་ལ་བྱེད་ཕྱོགས་ལ་ཉམས་མྱོང་ཆེན་པོ་ཡོད་པ་མ་ཟད། ཤུགས་རྐྱེན་ཡང་ཆེ་བ། ༣ སྤྱི་ཚོགས་ཀྱི་མདུན་ལ་ཐོན་ནས་ལྷག་བསམ་རྣམ་དག་གིས་ལས་ཀ་ཏག་ཏག་བྱེད་པ་མ་ཟད། གྲུབ་འབྲས་ཡོད་པ། དེ་འདྲ་ཡིན་དུས། སྤྱི་འཐུས་རྣམ་པ་ཡིན་རུང་ཁོང་མོ་ལ་ཆ་རྒྱུས་ཡོད་སྟབས་ཐོབ་རེ་ཆེའོ།།

ཆོས་རིག་བཀའ་བློན་ནི། དགེ་སྦྱོང་ཟམ་གདོང་བླ་མ་ཡིན་ན། དགེ་མཚན་ཆེན་པོ་ལྔ་འདུག ༡ བོད་ཀྱི་ཆོས་རིག་ལ་ཐུགས་རྒྱུས་ཟབ་ཅིང་ཆོས་བརྒྱུད་ཁག་གི་འགྲོ་སྲོལ་སོགས་ཞིབ་ཕྲ་ཤེས་པ། ཆབ་སྲིད་དང་མ་འབྲེལ་བའི་ཆོས་རིག་རང་གི་ཁྱད་ཡོན་སྐྱེད་སྲིང་ཐུབ་པ། ༢ བཙན་བྱོལ་ནང་གི་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་མ་ཟད་བོད་ནང་གི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་གནས་ཚུལ་མཁྱེན་རྟོགས་ཆེ་བ། ༣ ད་ནས་བཟུང་ཆོས་སྲིད་སོ་སོའི་ལམ་གྱི་ཐོག་ཏུ་འགྲོ་དགོས་པ་ཡིན་དུས། ཆོས་དང་རིག་གཞུང་གི་འཛིན་སྐྱོང་སྤེལ་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་དམིགས་བསལ་བ་ཞིག་ཡིན་པས་ན། དགེ་སྦྱོང་ཟམ་གདོང་བླ་མའི་མཛའ་ཞིག་མེད་པ། ༤ ཆོས་རིག་དེ་དུས་དང་འཛམ་གླིང་གི་འགྲོ་ཕྱོགས་དང་བསྟུན་ནས། ངེས་པར་དུ་འགྲོ་དགོས་པ་ཡིན་དུས། དགེ་སྦྱོང་ཟམ་གདོང་བླ་མར་རྒྱ་གར་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་མཚན་སྙན་ཡོད་པ། ༥ ལྷག་པར་དུ། དགེ་སྦྱོང་ཟམ་གདོང་བླ་མ་ཡིན་རུང་། ཆོས་དང་རིག་གཞུང་གི་ཐོག་ཏུ་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པར་འདོད། གང་ལགས་ཞེ་ན། ཁོང་གི་སྐུ་ཚེའི་མཛད་རྣམ་གྱི་སྨད་དེ་ཆོས་དང་རིག་གཞུང་གི་ཀློང་ཡངས་སུ་འཐིམས་ན། ཁོང་གི་གཟི་བརྗིད་དང་མཛད་རྗེས་ཆེན་པོ་མ་རེད་དམ།

ནང་སྲིད་བཀའ་བློན་ནི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ན། དགེ་མཚན་ཆེན་པོ་འདུག ༡ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྷན་ཁང་བདུན་སོགས་ཀྱིས་གཙོས་འཛིན་སྐྱོང་བྱེད་ཕྱོགས་ལ་ཉམས་མྱོང་ཡོད་པ། ༢ ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནང་སྲིད་འཛིན་སྐྱོང་བྱེད་སྟངས་ཐད་ལ་མཐོང་ཐོས་མྱོང་གསུམ་གང་འཚམ་ཡོད་པས་ན། བོད་མིའི་ནང་སྲིད་ཀྱི་སྲིད་བྱུས་ཐད་ལ་གསར་གཏོད་ཀྱི་ཆ་གང་ནུས་བྱེད་པ། ༣ ཆོས་བརྒྱུད་ཁག་གི་གྲྭ་བཙུན་སྔགས་གསུམ་གྱི་དགོན་ཁག་དང་གཞིས་ཆགས་རྣམས། དེ་བཞིན་རྒན་དར་གཞོན་གསུམ་གྱི་བོད་མི་རྣམས་ཀྱི་གནས་ཚུལ་ཕལ་ཆེ་བ་མཁྱེན་རྟོགས་ཡོད་སྟབས། ནང་སྲིད་ཀྱི་འཛིན་སྐྱོང་ཁ་ཡོད་ལག་ལེན་དུ་བསྒྱུར་ཐུབ་པ་ཡིན་དུས། དེ་ལུགས་སྤྱི་འཐུས་རྣམ་པས་དགོངས་ཡངས་ཆེན་པོ་བཞེས་རྒྱུ་གལ་ཆེའོ།།

ཤེས་རིག་བཀའ་བློན་ནི། ཨཀྱཱ་རིན་པོ་ཆེ་ཡིན་ན། དགེ་མཚན་གཉིས་འདུག ༡ སྤྱིར་ན་ཁོང་ལ་བོད་རང་གི་ཤེས་ཡོན་གྱི་ཕྱོགས་སུ་མཁྱེན་རྟོགས་གང་འཚམ་ཡོད་པ་མ་ཟད་སྐད་ཡིག་རིགས་དང་གོ་རྟོགས་ཆེ་བ། ༢ ཁོང་ཉིད་མདོ་སྨད་ཕྱོགས་ནས་ཡིན་པས་ན། བཀའ་ཁྲི་བློ་བཟང་སེངྒེའི་དགོངས་དོན་ཞིག་འགྲུབ་ཡོད་པས་ན། སྤྱི་འཐུས་རྣམ་པས་དགོངས་པ་མི་བཞེས་རང་བཞེས་སུ་རེད་སྙམ།

དཔལ་འབྱོར་བཀའ་བློན་ཡིན་ན། རང་འཇགས་ཡིན་ན་བཟང་སྙམ་མོ།། དེའི་རྒྱབ་ལྗོངས་ནི། ཁྱེད་རྣམ་པའི་དགོངས་ཚུལ་ཡིན་ན་གང་ཞིག་རེད་དམ།

འཕྲོད་བསྟེན་བཀའ་བློན་ཡིན་ན། ངས་བསམ་གཞིགས་མང་པོ་ཞིག་བྱས་པ་ཡིན་མོད། ཏག་ཏག་ཅིག་རྙེད་ཀྱིན་མི་འདུག་པས་ན། ཁྱེད་རྣམ་པའི་ངོ་སྤྲོད་རེ་བྱེད་ཐུབ་བམ།

སྣ་ཚོགས།

Post navigation

Previous Post: ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མའི་ལྷག་དཀར་སྲུང་བརྩིའི་ལས་འགུལ།
Next Post: ཀླུ་སྨྱོན་རྩོམ་རིག་གཟེངས་རྟགས་ལ།

Comments (47) on “ཕྱག་རོགས་བཀའ་བློན་རྣམ་པ་སུ་སུ་ཡིན་ནམ།”

  1. སྨན་མོ་མཚོ། says:
    2011-09-14 at 2:41 pm

    ཁྱོད་རང་རྨི་ལམ་སྐྱིད་པོ་ཞིག་བཏང་ནས་སྒུག་སྡད་ལོ་ཧ་ཧ།

  2. གངས་སྨྱུག says:
    2011-09-14 at 3:07 pm

    ཤ་ཚ་ལ། རང་དབང་ལྷ་མོས་བཀའ་བློན་ཕྱག་རོགས་འདེབས་ནས་དགེ་མཚན་གང་ཡོད་གྲངས་ཀ་རྒྱབ་ནས་བཀོད་འདུག དེ་སྟེང་སྨན་མོ་མཚོ་ནས་རྒྱབ་སྐྱོར་ཆ་ཚང་ཡོད་པའི་ཚུལ་དུ་རྨི་ལམ་སྐྱིད་པོ་བཏང་ལབ་འདུག འདི་གཉིས་ཤ་ཚ་ལ།

  3. རང་དབང་ལྷ་མོ་ says:
    2011-09-14 at 3:17 pm

    སྨན་མོ་མཚོ་ལ།

    རྨི་ལམ་ནི། མངོན་གྱུར་ཡོང་ཐབས་ཀྱི་རྨང་གཞི་རེད་ལོ།

  4. རང་དབང་ལྷ་མོ་ says:
    2011-09-14 at 3:20 pm

    གངས་སྨྱུག་ལ།
    ངས་དབྱེ་ཞིབ་ཀྱི་བསམ་བློའི་ཐོག་ནས་བྲིས་པ་ཡིན་ལགས་སོ།

  5. སྨན་མོ་མཚོ། says:
    2011-09-14 at 3:39 pm

    ཨ་ལེ་རང་དབང་ལྷ་མོས་རང་དབང་བེད་སྤྱད་གནང་བ་དེ་ཡག་པོ་རེད།།
    ཡིན་ན་ཡང་རྨི་ལམ་ནི་རྨི་ལམ་རང་ཡིན་པས་ཁྱེད་རང་གིས་མངོན་གྱུར་ཡོང་བའི་རྨང་གཞི་རུ་རློམ་ཡང་རེ་བ་སྟོང་ཟད་རེད། མ་གཞི་ནས་ཁྱེད་རང་གིས་ལྷ་ཡིས་ཞལ་མ་གྲག་སྒང་ནས། འདྲ་ཡི་ཨོག་མ་ཅབ་ཅབ་ཅབ་བྱེད་དགོས་དོན་གང་ཡང་མེད་སྙམ།

  6. སྨན་མོ་མཚོ། says:
    2011-09-14 at 4:02 pm

    ངས་ཁ་སང་དེ་རིང་ཁ་པར་ལམ་ནས་གོ་ཐོས་ལྟར་ན་རྡ་ས་དང་ལྡིའི་སྲང་ལམ་ཁག་ཏུ་མི་ཚོགས་ཕལ་མོ་ཆེས་ཁར་སྔོན་ལྷོ་ཕྱོགས་བཀའ་ཁྲིའི་འོས་གཞིའི་བགྲོ་གླེང་ཞིག་གི་སྐབས་སུ་བློ་བཟང་སེང་གེས་གལ་སྲིད་ང་བཀའ་ཁྲིར་སླེབས་པའི་དབང་དུ་བཏང་ན་གཤམ་གྱི་བཀའ་བློན་དག་ཆོས་ལུགས་དང་ཆོས་རྒྱུད་ཆེན་པོ་ལྔ་ཡི་མི་སྣ་རེ་བདམས་འཆར་ཡོད་ཅེས་བཤད་པ་ལྟར་ལག་བསྟར་བྱེད་མིན་ཐད་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་སྐོར་གོ་ཐོས་བྱུང་། དེ་དངོས་གནས་བདེན་པ་རེད་སྐུ་ངོ་བློ་སེང་གིས་རང་དགར་མ་ཡིན་པར་མི་ཚོགས་འདུ་འཛོམས་དེ་ལྟ་བུའི་དབུས་སུ་སྐད་ཆ་དེ་བཤད་ཟིན་པས་ལག་བསྟར་བྱེད་མདོག་ཁ་བོ་རེད།
    གལ་སྲིད་དེ་རིང་དངོས་སུ་ལག་བསྟར་དེ་མ་བྱས་ན་དེ་རིང་ཁོང་བཀའ་ཁྲིའི་གདན་ལ་བཞུགས་ནས་ཟླ་བ་གཅིག་མ་ཟིན་གོང་ངེད་ཅག་གིས་མཐོང་ས་རིག་ས་ནས་ཁར་སྔོན་མི་ལ་ཤས་ཀྱིས་བློ་བཟང་སེང་གེ་སྐབས་འཚོལ་རིང་ལུགས་པ་ཡིན་པའི་སྐྱོན་བརྗོད་དག་རང་ཐོག་བླངས་པ་རེད་སྙམ། དེར་མ་ཟད་བློ་སེང་བཀའ་ཁྲིར་བཞུགས་ནས་མི་མང་ལ་དབུ་སྐོར་ཐོག་མར་བཏང་བ་ཡིན་པས་ཧ་ལམ་སྐྱོག་ཞབས་གནམ་ལ་བཀྱག་ན་བྱིས་པ་ཡིད་ཆེས་ཞེས་པའི་དཔེ་ལྟར་མི་མང་གིས་ཁོང་གི་རྒྱུས་ལོན་ཐོག་མ་དེ་དེ་དུས་འབྱུང་བར་བཤད་མ་དགོས་པ་ཞིག་རེད།།

  7. ཆུ་ཐིགས་སྔོན་མོ། says:
    2011-09-14 at 4:12 pm

    བུད་མེད་ཀྱི་ཁ་་་་འདི་ནའང་བུད་མེད་འགས་ཁ་རྩོད་བྱེད་ཀྱི་འདུག་་་རི་བོང་གནམ་རྡིབ་བྱུང་འདུག་ཀ་་་

  8. ལ་རྒྱའི་བདག་པོ། says:
    2011-09-14 at 4:24 pm

    ཀྱེ་མ་གསོན་དང་དྲ་གྲོགས་བློ་ལྡན་ཚོ།།
    ཡང་གཅིག་གསོན་དང་རང་དབང་ལྷ་མོ་ལགས།།
    བསམ་ཞིབ་མཛོད་དང་ཕྱག་རོགས་བཀའ་བློན་ཐད།།
    གང་བསྐོ་སུ་འདེམས་མངོན་ཤེས་ཤོད་རན་འདུག།
    མངོན་ཤེས་མེད་ན་རིགས་པས་བསྒྲུབ་རན་འདུག།
    དྲུག་གསུམ་བཅོ་བརྒྱད་བསམ་བློ་ཅི་བཏང་ཡང་།།
    བཀའ་ཡི་བློན་པོ་ག་བཏང་གོ་ཆོད་དུ།།

    ༡༽འབྲོང་ཆུང་དངོས་གྲུབ་རང་ཚུགས་བརྟན་པ་ཡིས།།(དབུས་གཙང་།)
    བདེ་སྲུང་བཀའ་བློན་རང་འཇགས་གནས་ངེས་ཡིན།།

    ༢༽ཚེ་རིང་དོན་གྲུབ་འཛིན་སྐྱོང་དོ་ནན་པས།།(དབུས་གཙང་)
    ནང་སྲིད་བཀའ་བློན་བསྐོས་ན་ནང་དོན་བསྒྲུབ།།

    ༣༽ཀརྨ་དགེ་ལེགས་ཤེས་རིག་མྱོང་ཆེ་བས།།(མདོ་སྟོད་)
    ཤེས་རིག་བཀའ་བློན་བསྐོ་རྒྱུར་འོས་ཤིང་འཚམས།།

    ༤༽དཀོན་མཆོག་བརྩོན་འགྲུས་འཆར་འགོད་ཆེེད་ལས་པས།།(མདོ་སྟོད་)
    དཔལ་འབྱོར་བཀའ་བློན་བསྐོས་ན་དེ་དོན་བསྒྲུབ།།་

    ༥༽རོང་པོ་བློ་སྙན་ནང་བསྟན་དར་སྤེལ་སླད།།(མདོ་སྨད་)
    ཆོས་རིག་བཀའ་བློན་བསྐོ་རྒྱུའི་རེ་བ་ཆེ།།

    ༦༽འཕེལ་རྒྱས་སྒྲོལ་མཚོ་སྤྱི་ཚོགས་ཞབས་ཞུ་མང་།།(མདོ་སྨད་)
    འཕྲོས་བསྟེན་བཀའ་བློན་བསྐོས་ན་དམངས་ལ་ཕན།།

    ༧༽ཚེ་བརྟན་དབང་ཕྱུག་རྒྱ་རི་སྒྲོལ་མ་དང་།
    དབུ་དཀར་གཡུ་སྒྲོན་སུ་རུང་ཕྱི་དྲིལ་འོས།།

    སྨོན་ལམ་མཐར་ཕྱིན་བཀའ་བློན་འོས་བསམས་ཀྱང་།།
    རང་ཚུགས་མེད་པར་འགྱུར་ཁ་རྐྱེན་པོས་བསླུས།།
    པད་མ་ཆོས་འབྱོར་བཀའ་བློན་རེ་ཆེ་ཡང་།།
    སྐུ་ཕྱྭའི་སྐོར་ལ་རྙོག་གླེང་བྱུང་བ་མང་།།

    མདོ་སྨད་ཕྱོགས་ཀྱི་བཀའ་བློན་ཉག་ཕྲ་བས།།
    ཧོར་གཙང་འཇིགས་མེད་བསྐོ་ཡང་མི་དམན་ཙམ།།
    ལྔ་པ་ཚེ་རྒྱམ་ཨཀྱཱ་བླ་མ་ཡིས།།
    ཡང་ཡང་དགོངས་ཞུ་བྱས་ཞེས་གཞན་གྱིས་གླེང་།།

    ཡང་སྒོས་གསོན་དང་རང་དབང་ལྷ་མོ་ལགས།།
    ཁྱེད་ཀྱིས་བཀའ་བློན་བསྐོ་ཕྱོགས་རྩ་དོན་འགའ།།
    སྣང་མེད་དོ་གལ་མེད་པ་ཤིན་ཏུ་ཕངས།།
    ཟམ་གདོང་བླ་མ་ཆོས་སྲིད་བཀའ་བློན་དུ།།
    བཅའ་ཁྲིམས་བཙན་པོས་ཁས་ལེན་བྱེད་མི་སྲིད།།
    ཨ་ཀྱཱ་བླ་མས་དགོངས་ཞུ་བྱས་པར་གྲགས།།
    བཀས་མཐོང་ཤེས་འཇོན་མྱོང་གསུམ་ལྡན་པ་དེས།།
    བཀའ་ཁྲིའི་ནུས་པ་ལས་ཀྱང་ཆེས་བརྒལ་བས།།
    ཕྱག་རོགས་བཀའ་བློན་བསྐོས་ན་གླེན་རྟགས་རེད།།

    བཀའ་ཁྲིས་བཀའ་བློན་བསྐོ་ཕྱོགས་ལྟ་གྲུབ་མང་།།
    བཀའ་ཁྲིས་བཀའ་བློན་ཕྱུག་མེད་འདེམས་པར་སྨོན།།
    བཀའ་ཁྲིའི་བཀའ་བློན་གྲྭ་སྒྲིག་འཐུས་ཚང་ལ།།
    གྲོས་ཚོགས་རྭ་བའི་ནང་ནས་མཐར་བར་སྨོན།།།།

  9. རང་དབང་ལྷ་མོ་ says:
    2011-09-14 at 4:31 pm

    སྨན་མོ་མཚོ།
    ཐོག་མར་རེ་སྐུལ་ཞུ་རྒྱུ་ཞིག་ལ་ཟེར་སྒྲོས་བསྐྱུར་ནས་རིང་ལུགས་ཡོད་པའི་བསམ་ཚུལ་ཞིག་གསུང་རོགས་ཞུ།
    ཉིད་ཀྱིས་ཟེར་ན་”བློ་བཟང་སེང་གེས་གལ་སྲིད་ང་བཀའ་ཁྲིར་སླེབས་པའི་དབང་དུ་བཏང་ན་གཤམ་གྱི་བཀའ་བློན་དག་ཆོས་ལུགས་དང་ཆོས་རྒྱུད་ཆེན་པོ་ལྔ་ཡི་མི་སྣ་རེ་བདམས་འཆར་ཡོད་”ཅེས་པའི་རང་བཟོའི་གཟི་ལམ་ཉག་ཅིག་ཏུ་འཁུམས་སོ།། གང་ཡིན་ཟེར་ན། ངས་ཀྱང་། ད་ལྟའི་བར་དུ་བཀའ་ཁྲི་བློ་བཟང་སེངྒེས་གསུངས་ཟིན་པ་དང་གསུང་བཞིན་པའི་གནད་སྒོ་རྣམས་ལ་དོ་སྣང་དང་ཉམས་འཇོག་བྱེད་ཀྱིན་པའི་སྒང་ཡིན་མོད། འོན་ཀྱང་ཁྱོད་ཀྱིས་བཤད་པ་ལྟར་ཞིག་ད་ལྟའི་བར་དུ། གོ་ཐོས་ཙམ་ཡང་མ་བྱུང་། སྤྱིར་ན། བཀའ་ཁྲི་ཁོང་གི་བཀའ་བློན་བསྐོ་སྟངས་སྐོར་ལ། མདོ་དབུས་ཁམས་གསུམ་གྱི་མི་རེ་དང་། བུད་མེད་དང་གསར་རྙིང་གི་སྐུ་ཚབ། རྒན་གཞོན་སོགས་བསྐོ་རྒྱུ་ཡིན་ཚུལ་གསུངས་པ་དེ་བདེན་པ་རེད་དེ། ད་སྐབས་ཁོང་གིས་སྔོན་མའི་འཆར་གཞི་སོང་ཡོད་མེད་སུས་ཀྱང་བཤད་དཀའ་སེ་ཡིན་རྒྱུ་རེད།
    རྒྱུ་མཚན་ནི། དུས་དང་ཁོར་ཡུག་སོགས་ལ་ལྟོས་ནས་འགྱུར་བ་ཞིག་རང་ཤུགས་ཀྱིས་འགྲོ་གི་རེད།
    གཞན་ཡང་། ཉིད་ཀྱི་བསམ་ཚུལ་གྱི་ཤུགས་བསྟན་ལ་ཉིད་དེ་ཆོས་ལུགས་དང་ཆོས་བརྒྱུད་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ས་ཞིག་ཡིན་མཐོང་སོང་།
    ལྷག་པར་དུ། ད་ནས་བཟུང་། ཆོས་སྲིད་ཐ་དད་པའི་ལམ་དུ་བསྐྱོད་མགོ་བརྩམས་མ་ཐག་ཡིན་པས་ན། དང་པོ་ནས་ཆོས་པ་ཆོས་ས་དང་སྲིད་པ་སྲིད་ས་ལ་མཛའ་བའི་ལམ་ཞིག་གི་སྟེང་དུ་སོང་ན་བདེ་རྒྱུ་མ་གཏོགས། དང་མའི་འགྲོ་ཕྱོགས་ནོར་སོང་ན་གཞུག་མའི་ཁ་ཕྱོགས་དེ་ལས་ཀྱང་ནོར་བའི་ཕྱོགས་སུ་ལྷུང་ངེས་སོ།།
    དེ་འདྲ་ཡིན་དུས། བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་ཐུགས་གཞིགས་གནང་ཡོད་པ་གོར་མ་ཆག་པ་མ་ཟད། བོད་མི་དམངས་ཀྱི་ངོས་ནས་ཆོད་སེམས་དང་གུ་ཡངས་ཀྱི་འགྲོ་ལམ་ཞིག་བཙལ་རན་པའི་དུས་ཚོད་ཅིག་རེད་འདོད། རྒྱུ་མཚན་ནི། བཀའ་ཁྲི་བློ་བཟང་སེངྒེ་མཆོག་གི་ཁྲི་སྟོན་མཛད་སྒོའི་སྐབས་སུ། ༸གོང་ས་མཆོག་གིས་གསལ་བོ་གསུངས་པ་ཟིན་པ་མ་ཡིན་ནམ། གཤམ་གྱིས་དྲ་བྱང་ལ་གཟིགས་ཞིབ་ཅིག་གནོངས་དང་གསལ་ཡོང་ངོ་།།
    http://www.tibettimes.net/news.php?showfooter=1&id=4718

  10. རང་དབང་ལྷ་མོ་ says:
    2011-09-14 at 4:58 pm

    ཆུ་ཐིགས་སྔོན་མོ་ལ།
    ཁྱེད་ཉིད་ལྷུང་སའི་ཆུ་དེ་དྭངས་མོ་ཞིག་ཡིན་རུང་། ཆུ་ཐིགས་ཁྱེད་རང་ནག་ནོག་ཅིག་ཡིན་པ་འདྲ། གང་ཡིན་ཟེར་ན། དུས་རྒྱུན་དུ་མཆན་བུ་རེ་འདེབས་དུས། སྐྱོན་གྱི་ཕྱོགས་ཁོ་ན་གླེང་བ་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན་པ་སྟོན་གྱིས་འདུག དེས་ཕྱོགས་གཅིག་གི་ཕྱོགས་སུ་ལྷུང་བ་མཚོན་སོང་བ་རེད།
    སྤྱིར་ན། གང་ཞིག་སྐོར་ལ་བསམ་ཚུལ་ཞིག་འདོན་སྐབས། དགེ་སྐྱོན་གཉིས་ཀྱི་ཕྱོགས་ནས། གླེང་ཐུབ་རྒྱུ་ན། ཁྱེད་དང་ཁྱེད་ཀྱི་སྐད་ཆ་ལ་ཆ་འཇོག་ཡོད་པ་ཅན་ཞིག་ཏུ་འགྱུར་ན་ཐང་།
    ད་དུང་། བུད་མེད་ལ་འདྲ་མཉམ་དང་བུད་མེད་ཀྱི་ཐོབ་ཐང་ལ་བསམ་ཤེས་མེད་མཁན་ཞིག་ཡིན་པ་འདྲ། གང་ཡིན་ཟེར་ན། “བུད་མེད་ཀྱི་ཁ་”ཞེས་པའི་ཚིག་ཤུགས་ལ་རིག་གནས་ཤིག་དང་དེའི་བཞག་པའི་བག་ཆགས་མཐུག་པོ་ཅན་ཞིག་ཡིན་པ་ལྷུང་ལ་བུད་འདུག ཡིན་ན་ཡང་། བོད་ཀྱི་སྤྱི་ཚོགས་གང་སར་བསམས་ཤིང་བརྟགས་པ་ཡིན་ན། བུད་མེད་ལས་སྐྱེས་པའི་ཁ་མང་ཞིང་དཀྲུགས་པ་མང་དུ་མཐོང་བ་འདི། “བུད་མེད་ཀྱི་ཁ་”ཟེར་བའི་ལྡོག་ཕྱོགས་སུ་སོང་སྟེ། “སྐྱེས་པའི་ཁ་”ཞེས་པའི་ཚད་དུ་སླེབས་མི་འདུག་གམ།
    འདི་ནི། ཁྱོད་ཀྱིས་ཞིབ་མོར་བྱས་ནས། བོད་ཕྱི་ནང་གང་སར་གཟིགས་དང་བུད་མེད་ལས་སྐྱེས་པའི་ཞབས་འདྲེན་ཞུས་པ་མང་གི་མི་འདུག་གམ།

  11. སྨན་མོ་མཚོ། says:
    2011-09-14 at 5:07 pm

    ཆོས་པ་ཆོས་སར་འཛའ་བ་བདེན་གྱུར་ན།།
    ཟམ་གདོང་བླ་རྒན་བཀའ་བློན་མ་བདམ་རོགས།།

  12. རང་དབང་ལྷ་མོ་ says:
    2011-09-14 at 5:21 pm

    སྨན་མོ་མཚོ་ལ།
    ཆོས་སྦྱོང་ཟམ་གདོང་ཆོས་པ་ཡིན་པས།།
    ཆོས་ཀྱི་འཛིན་སྐྱོང་ཤིན་ཏུ་མཛའ་འོ།།
    ཆོས་ཀྱི་མཁྱེན་རྟོགས་ཆེན་པོ་ཡོད་པས།།
    ཆོས་པ་ཆོས་སར་བཞུགས་རྒྱུར་ལོས་ཕན།།

  13. ལྷོ་མོན་འབྲུག་རིས says:
    2011-09-14 at 5:30 pm

    ཡཡཡ

  14. ལ་རྒྱའི་བདག་པོ། says:
    2011-09-14 at 5:34 pm

    གོང་གི་(བཀས་མཐོང་)ཞེས་པ་(བཀྲས་མཐོང་)ལ་བཅོས་རོགས།
    རྗེས་སུ་མཇལ་ཡོང་།

  15. ལ་རྒྱའི་བདག་པོ། says:
    2011-09-14 at 6:01 pm

    མ་གཞི་ནས་བཀའ་ཁྲི་མཆོག་གིས་དེ་སྔ་ནས་ཟམ་གདོང་རིན་པོ་ཆེ་རང་ཉིད་ཀྱི་བློ་འདྲི་ཡུལ་བྱ་རྒྱུ་ཡིན་ཞེས་ཡོང་བསྒྲགས་མཛད་ཟིན་པས་བློ་འདྲི་ཡུལ་དེ་ཆོས་དོན་བཀའ་བློན་ལ་བསྐོས་ན་བཀོད་པ་གཏོང་ཡུལ་དང་བློ་འདྲི་ཡུལ་གཉིས་འགལ་ཟླར་འགྱུར་ཉེན་ཆེ་བས་ཁོང་ཆོས་དོན་བཀའ་བློན་ལ་རེ་བ་བྱས་པ་ནི་གཉིད་མོའི་རྨི་ལམ་རང་རེད།མི་སྲིད་པ་ཞིག་རེད།
    དེ་བས་རང་དབང་ལྷ་མོ་ལགས་གཞན་དེ་འདྲ་ཆོས་དོན་བཀའ་བློན་ལ་འོས་སྦྱོར་གནང་རྒྱུ་ཡོད་ན་གྲྭ་སྒྲིག་གྱིས་དང་།
    མུ་མཐུད་གསུངས་དང་།

  16. རེ་བ་ says:
    2011-09-14 at 7:04 pm

    བཀའ་ཤག་གི་ཞབས་བཏེགས་ནི་ཆོལ་ཁ་གསུམ་དབྱེར་མེད་ཀྱི་འཐོབ་ཐང་རྩོད་གཞི་དང་ཆོས་རྒྱུད་ཆེན་པོ་ལྔའི་འཐོབ་ཐང་རྩོད་གཞི་མིན་པར་ཞབས་བཏེགས་འདིའི་སྟེང་ནས་ཆོལ་གསུམ་གཅིག་འགྲིལ་ཐོག་ཆོས་རྒྱུད་སོ་སོའི་ཆོས་བྱེད་པ་ཡོངས་ཀྱིས་རང་དབང་གིས་ཆོས་འཆད་སྤེལ་ཐུབ་པར་རྒྱ་དམར་གྱི་བཙན་འོག་ལས་གྲོལ་ཏེ་ཆོལ་གསུམ་གོང་བུ་གཅིག་འགྲིལ་གྱི་རང་དབང་མང་གཙོ་དེ་རྩོད་གཞི་ཡིན་པ་གསལ་རྟོགས་ཐུབ་པ་བྱ་གལ་ཆེའོ།།

  17. སྐྱུ་རྩི་ནས། says:
    2011-09-15 at 12:31 am

    དེ་རིང་ང་ཡིས་ཤོ་མོ་བརྒྱབས་པ་ན།
    མོ་ཡི་ནང་དོན་ཤིན་དུ་བཟང་་པོ་འདུག
    བཀའ་ཁྲི་གསར་པ་མཛད་འཕྲིན་རྒྱས་པོ་འདུག
    གངས་ལྗོངས་རང་དབང་ཡོང་བའི་མངོན་རྟགས་འདུག
    ལྷག་པར་ཕྱག་རོགས་བཀའ་བློན་རྣམས་པ་ནི།
    འབྲོང་ཆུང་བདེ་སྲུང་བཀའ་བློན་རང་འཇགས་དང་།
    ཚེ་དོན་ནང་སྲིད་བཀའ་བློན་ལོ་ལྔ་དང་།
    རྣམ་སྤེལ་བློ་སྦྱིན་ཆོས་སྲིད་བཀའ་བློན་དང་།
    ཨ་ཏི་ཤ་ལགས་ཕྱི་སྲིད་བློན་པོ་དང་།
    ཀི་ཏི་སྒྲོལ་དཀར་འཕྲོད་རྟེན་བློན་ཆེན་དང་།
    ཀརྨ་ཆོས་འཕེལ་དཔལ་འབྱོར་བཀའ་བློན་དང་།
    བེ་རི་འཇིགས་མེད་ཤེས་རིག་བློན་ཆེན་དུ།
    བསྐོ་བའི་མོ་རྟགས་དེ་ནི་བཟང་ནས་བྱུང་།

  18. ཆུ་ཐིགས་སྔོན་མོ། says:
    2011-09-15 at 3:59 am

    རང་དབང་ལྷ་མོར་འཚམས་འདྲི་ཞིག་གི་ཚབ་ཏུ།
    ཉིད་ཀྱིས་གསུང་བ་དེ་བདེན་པ་རེད། འཇིག་རྟེན་ལ་བུད་མེད་ལས་ལྷག་ཅིག་གང་ན་ཡོད། འགྲོ་བ་མིའི་རིགས་ཡོད་ཚད་བུད་མེད་ལ་བརྟེན་ནས་བྱུང་བ་རེད། ཡིན་ནའང་བུད་མེད་ཚོས་བྱེད་སྟངས་ལས་སྟངས་སྐྱེས་པ་ལས་ཡག་པོ་ཡོད་པ་རེད་ཅེས་བཤད་ཀྱི་ཡོད་ན་་་་མྱུར་དུ་སྨན་ཁང་ཞིག་ལ་རྒྱུགས་ན་མ་གཏོགས་ཚ་བའི་འཕར་ཚད་བཞི་བཅུ་ནས་ལྔ་བཅུར་སླེབས་འགྲོ་ཡོད་པའི་ཚོད་དུ་འདུག་པ་འདྲ།

    དེ་མིན་ངས་ཁྱོད་ཚོའི་ཟིན་བྲིས་ལ་མཆན་བུ་བཏབ་དུས་སྐྱོན་གྱི་ཕྱོགས་ཁོ་ན་གླེང་འདུག་ཅེས་བཤད་བྱུང་་་་་ཡིན་ནའང་སྐྱོན་མེད་ས་ཞིག་ལ་སྐྱོན་འདུག་ཅེས་མངོན་སུམ་དུ་བསྙོན་ནས་བཤད་པ་གཅིག་ཀྱང་མེད་་་་་
    མི་འགའ་ཤས་ལ་རྟག་པར་ངོ་བསྟོད་རྐྱང་རྐྱང་དགོས་ཀྱི་འདུག་ནའང་ངས་འདི་ལྟར་བྱེད་ཐུབ་ཀྱི་མི་འདུག་་་་་འདི་ནི་ངའི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་པས་བཅོས་ཐབས་མ་བྱུང་བ་རེད། ཡིན་ནའང་མི་རེ་འགས་ནམ་རྒྱུན་ཚང་མར་ངོ་སོ་བསྟོད་ཐུབ་པ་མ་ཟད་ཡག་རབས་བཟང་རབས་རྐྱང་རྐྱང་བཤད་ནས་བསྡད་འདུག་་་་དེ་ལ་མི་ཚང་མས་དགའ་མོས་བྱེད་ཀྱི་འདུག་པ་མཐོང་དུས་དངོས་གནས་གད་མོ་ཤོར་བ་ཞིག་རེད་་་་དེར་བརྟེན་ངས་ནམ་རྒྱུན་གཙོ་བོ་སྐྱོན་ཕྱོགས་ནས་བཟུང་སྟེ་མཆན་བུ་འདེབས་ཀྱི་ཡོད། དགེ་མཚན་གྱི་ཕྱོགས་ནས་དེ་འདྲའི་བསྟོད་པ་བྱེད་མ་ཐུབ་ཀྱང་དགེ་མཚན་དེ་ཁོ་རང་ལ་ལྡན་པས་ནམ་ཡང་དགེ་མཚན་ཞིག་ཡིན།

  19. ཆུ་ཐིགས་སྔོན་མོ། says:
    2011-09-15 at 4:04 am

    རང་སྣང་བྲན་དུ་བཀོལ་བ་བླུན་པོའི་སེམས།།
    མ་རྟོགས་ཕྱོགས་སུ་བྱེལ་བ་མཛེས་པའི་ཆོས།།
    འདི་སྣང་དགའ་བདེའི་གཏམ་ལ་མངོན་རོལ་ཚེ།།
    དྲན་སྣང་གླུ་རུ་ལེན་བའི་ཟློས་གར་མཐོང་།།

  20. གངས་སྤྲེལ་ཚ། says:
    2011-09-15 at 5:08 am

    ཆོད་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས། ནང་སྲིད་རྣམ་སྤེལ་བློ་སྦྱིན། ཕྱི་སྲིད་རྒྱ་རི་སྒྲོལ་མ། བདེ་སྤྲུང་མགྲོང་ཆུང་། འཕྲོད་བརྟེན་རྟའུ་བློ་བཟང་དཔལ་ལྡན། དཔལ་འབྱོར་ཚེ་རིང་དོན་གྲུབ།

  21. ལྷོ་མོན་འབྲུག་རིས says:
    2011-09-15 at 5:28 am

    ཀརྨ་ཆོས་འཕེལ་དཔལ་འབྱོར་བཀའ་བློན་ ཧཧཧཧཧཧཧཧཧཧཧཧ ཨ་རག་རིན་གོང་ཆེ་ཤོས་དེ་དང་ཐག་ཉེ་རུ་སོང་བ་མིན་ནམ། དངོས་གནས་ཤོ་མོ་ཡག་པོ་འབབ་འདུག

  22. སྣྲོན་ངག་ཁྲི་ says:
    2011-09-15 at 5:41 am

    རང་དབང་ལྷ་མོ་ལགས་དང་དྲཱ་གྲོགས་རྣམ་པ་ལྷན་རྒྱས་ཀྱི་སྤྱན་ལམ་དེུད
    དཀའ་བློན་འོས་མི་ངོ་མའི་མཚན་ཐོ་ནི།
    ༡༽བཀའ་ཟུར་ཚེ་རིང་ཕུན་ཚོགས་ལགས་ཆོས་རིགས་བཀའ་བློན་རང་འཇགས་དང་།
    ༢༽དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཤེས་རིགས་བཀའ་བློན།
    ༣༽བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་བདེ་སྲུང་བཀའ་བློན་རང་འཇགས་གནས་རྒྱུ།
    ༤༽སྤྱི་ཟུར་རྒྱ་རི་སྒྲོལ་མ་ཕྱི་སྲིད་བཀའ་བློན་གནས་འཕོ།
    ༥༽བཀའ་ཟུར་ཚེ་རིང་དོན་གྲུབ་ལགས་དཔལ་འབྱོར་བཀའ་བློན་གནང་རྒྱུ།
    ༦༽འཕྲོད་བསྟེན་བཀའ་བློན་དུ་སྤྱི་ཟུར་ཟླ་བ་ཕུན་སྐྱིད་ལགས་གནས་སྤར་གནང་རྒྱུ་
    ༧༽ནང་སྲིད་དྲུང་ཆེ་ལས་ཐོག་པ་མཆོག་ནང་སྲིད་བཀའ་བློན་དུ་གནས་སྤར་གནང་རྒྱུ་བཅས་ཡིན་པས་དེ་
    ལུགས་དྲཱ་གྲོགས་རྣམས་ཀྱིས་ཀྱང་བསམ་ཚུལ་དང་།མོ་ལུང་།ལྷ་འབེབས།མངོན་ཤེས།
    རིགས་ཤེས་སོགས་གང་རུང་ལ་བརྟེན་ནས་
    དགོངས་ཚུལ་གསུངས་ཏེ་དོན་ལ་གནས་མིན་གཟིགས་པར་ཞུ།

  23. ལྷག་པ། says:
    2011-09-15 at 6:05 am

    མཚན་མོ་འོད་གསལ་ངང་དུ་ཉལ་བའི་སྐབས།།
    ནམ་གྱི་ཐོ་རེངས་དང་པོ་འཆར་བའི་དུས།།
    ལྷ་བུ་དཀར་པོ་དར་དཀར་ཅོད་པཎ་ཅན།།
    བདག་གི་ཉལ་མགོར་བྱོན་ཏེ་འདི་སྐད་གསུངས།།
    བུ་བུ་པུར་རྒྱལ་བོད་ཀྱི་རྒྱལ་སྲིད་ཀྱི།།
    སོག་མའི་འཕོན་ཐག་ཆད་ལ་ཉེ་དུས་འདིར།།
    རིག་པ་རྣལ་དུ་ཕོགས་ནས་བསམ་བློ་ཐོངས།།
    བློ་རྩེ་གཏོད་དེ་རྒྱལ་སྲིད་བྱ་བ་བསྒྲུབ།།
    འདྲེ་ཡི་བཏགས་མིང་ལྷ་ཡི་རྣམ་དཔྱོད་ཅན།།
    ཕྱག་ཏུ་དབལ་རྣོའི་སྙུ་གུའི་མཚོན་འཆང་བ།།
    འཕྲིན་ལས་ཐོགས་ལྟར་མྱུར་བ་གང་དེས་གཙོས།།
    ཨ་ར་དཀར་པོ་ལ་རྒྱའི་བདག་པོ་དང་།།
    གངས་སྨྱུག་ལ་སྟོད་བུ་དང་སྐྱུར་རྩི་དང་།།
    གསར་དུ་བྱོན་པའི་རང་དབང་ལྷ་མོ་བཅས།།
    སྤྱི་དོན་གཅེས་པའི་ཤེས་རབ་ལྡན་པའི་བུ།།
    རང་དོན་དོར་ནས་གཞན་དོན་སྒྲུབ་པའི་བུ།།
    པུར་རྒྱལ་བོད་ཀྱི་རིགས་རྒྱུད་གཙང་མའི་བུ།།
    དེ་དག་ཁྱོད་ཀྱི་བློ་གྲོས་འཕེལ་བའི་གྲོགས།།
    དེ་ཡི་ནང་ནས་སྐྱུར་རྩིས་ཞེས་པ་འདི།།
    སྐྱུར་ལ་དད་ལ་སེམས་བག་དོགས་སྐྱོན་ཡོད།།
    སྐྱོན་དུ་བསྟན་ཡང་ངོ་འཕྲོད་འོང་བ་དཀའ།།
    ཞེས་པ་བདག་ལ་དག་སྣང་གསལ་བར་བྱུང་།།
    དོན་ཡང་དེ་ལྟར་བདག་གི་སྔ་རྩོམ་དུ།།
    བཀའ་ཤག་གོར་གོར་མ་ལ་ཟུར་གསུམ་ཡོད།།
    ཅེས་པའི་སྔ་ཚིག་ཕྱི་ཚིག་འགལ་ལུགས་ལ།།
    ཟུར་གསུམ་ཡོད་ན་གོར་གོར་ཡིན་པ་འགལ།།
    གོར་གོར་ཡིན་ན་ཟུར་གསུམ་ཡིན་པ་འགལ།།
    དེ་འདྲའི་སྨྱོ་ལབ་ཅི་སྟེ་གླེང་འདོད་ན།།
    མཆུ་ཏོ་སྐམ་པོར་གློག་ཀླད་མདུན་དུ་ཤོག
    ཅེས་པའི་ལན་ལ་སྐྱུར་རྩིས་འདི་སྐད་བཤད།།
    བཀའ་ཤག་སྒོར་སྒོར་མིན་པའི་སྒྲུབ་བྱེད་དུ།
    ཟུར་གསུམ་ཡོད་པ་སྐྱུ་རྩིས་བསྒྲུབས་ནས་ཡོད།
    དྲ་གྲོགས་ལྷག་པ་ཅ་ཅོ་མ་མང་བར།
    རང་འཁྲིའི་ལས་ལ་རོལ་ན་ལེགས་པར་སེམས།
    གོང་དུ་དྲ་གྲོགས་དུ་མའི་བསམ་ཚུལ་རྣམས།
    རང་གི་རྣམ་དཔྱོད་རྩལ་ལས་འཁྲུངས་ལགས་ན།
    འགྲིག་པ་གཅིག་དང་མ་འགྲིག་གཉིས་ཞེས་པ།
    དོན་མེད་ཚིག་ཚུབ་སྨྲ་བའི་གནས་མ་ཡིན།
    ཞེས་པ་སྐྱུར་རྩིའི་སེམས་སྦུག་དོགས་ལུགས་ལ།།
    ཡང་བསྐྱར་སྔ་ཚིག་ཕྱི་ཚིགས་འགལ་ལུགས་ལ།།
    གོར་གོར་ཟུར་གསུམ་འགལ་བའི་འཁུར་བོ་དེ།།
    ལྷག་པས་སྐྱུར་རྩིའི་མགོ་བོར་ལིང་ངེར་བཀལ།།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པར།།
    ཁ་སྦུག་ས་ལ་འགྱེལ་ཏེ་ཆོ་ངེ་འདོན།།
    ཁྱོད་ཀྱི་རྩོམ་དང་ལན་དུ་སྨྲ་བ་གཉིས།།
    སྔ་ཚིག་ཕྱི་ཚིག་མཐུན་མིན་ཡང་བསྐྱར་དཔྱོད།།
    དེ་ནས་ལྷག་པར་ལན་ཞིག་འདེབས་པར་མཛོད།།
    ལྷག་པ་རང་འཁྲིའི་ལས་དོན་སྒྲུབ་བཞིན་ཡོད།།
    སྐྱུར་རྩི་དོན་མེད་ཐུགས་ཁྲལ་མེད་པ་ཞུ།།
    ལྷག་པས་བགྲོ་གླེང་ཚུལ་དུ་ཞུས་པ་ལས།།
    ཚིག་རྩུབ་སྨྲ་སྙམ་རྨི་ལམ་ནང་དུ་མེད།།
    ཕན་ཚུན་ངོ་ཤེས་འབྲེལ་བ་མེད་གྱུར་ཡང་།།
    བློ་མཐུན་ཤེས་ལྡན་རྣམས་དང་ལྷན་ཅིག་ཏུ།།
    ལེགས་བཤད་ལམ་རྡོལ་འབྱིན་པ་ལྷག་པ་ངའི།།
    གཤིས་སུ་གྲུབ་ན་གླན་ཀ་མ་མཛོད་ཅིག

    དོན་གྱི་སྙིང་པོ་འདྲིལ་ཏེ་སྨྲ་བ་ལ།།
    མི་དབང་སྲིད་སྐྱོང་བློ་སེང་རིན་པོ་ཆེ།།
    གངས་སྐྱིད་བྱེ་ཚན་དཀྱིལ་དུ་ལོ་ངོ་བཅུ།།
    ཟམ་གདོང་ནམ་མཁའི་སྤྲིན་པར་རེ་བཅོལ་ནས།།
    འདོད་རྔམ་ཚ་བས་སྐམ་སྲེག་ཐེབས་ཉེ་བའི།།
    དབུས་གཙང་སྤྱི་འཐུས་པད་མ་འབྱུང་གནས་དང་།།
    འཆར་འགོད་དཀོན་མཆོག་བརྩོན་འགྲུས་རྣམ་གཉིས་ལ།།
    བཀའ་ཡི་བློན་པོའི་སྦྲང་ཆར་འཇོ་བར་མཛོད།།
    གསེར་རྟ་ཚུལ་ཁྲིམས་མ་དོར་ཐུགས་རྗེས་ཟུངས།།
    བློ་བཟང་དབང་རྒྱལ་མ་དོར་སོ་ཡིས་ཟུངས།།
    འཆི་མེད་གཡུ་དྲུང་མ་དོར་མཆུ་ཡིས་ཟུངས།།
    པདྨ་ཆོས་འབྱོར་མ་དོར་ཕྱག་གིས་ཟུངས།།
    དགའ་གྲྭ་བག་གྲོ་མ་དོར་རྡོག་པས་ཟུངས།།
    དེ་དག་ཁྱོད་ཀྱི་སྐུ་འཁོར་ལྔ་པོ་ཡིན།།
    མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི།།
    མཚན་དང་རྗེས་མཐུན་འཁོར་ལྷ་བསོད་སྟོབས་ལ།།
    ཁྱོད་ཀྱི་བཀའ་ཡི་བློན་པོར་བསྐོ་ངེས་པའི།།
    འཆར་གཞི་ནེམ་ནུར་མེད་པ་ལག་བསྟར་མཛོད།།
    མི་དབང་འཁོར་ལྷ་ཕོ་ལྷར་འཕོས་ན་སྙན།།
    གསེར་རྟ་ཚུལ་ཁྲིམས་ཁྲོས་ཀྱང་སྡུག་གྱོང་རེད།།
    བྱས་ཡུད་སྡུག་ཡུད་བཤད་ཀྱང་སྡུག་གྱོང་རེད།།

  24. སྐྱུ་རྩི་ནས། says:
    2011-09-15 at 11:29 am

    ཡང་གཅིག་གསོན་དང་སེམས་ཡངས་ལྷག་པ་ལགས།
    རང་ལ་བསྟོད་དང་མི་ལ་འཕྱ་བ་དེ།
    སྐྱུ་རྩི་བློ་སྦུག་དོག་པའི་སྐྱོན་མིན་པར།
    ལྷག་པ་ང་རྒྱལ་ཆེ་བས་ལན་པ་ཡིན།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པར།
    ཞེས་པའི་ཚིག་དེར་གོ་དོན་གང་ཞིག་ཡོད།
    སྐྱུ་རྩི་བཟི་ནས་གང་ཞིག་མ་ཐེགས་པའི།
    དཔང་རྟགས་ཁྱོད་ལ་བསྟན་རྒྱུ་ཨེ་ཡོད་དམ།
    མ་ཟད་བཟི་ན་ལྕི་བའི་ཁུར་པོ་ཞིག
    འཁུར་ནས་ས་ཆ་གང་དུ་འཁྱེལ་དགོས་སམ།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པའི།
    ལྕི་བའི་ཅ་དངོས་དེ་ཡི་ངོ་བོ་དང་།
    སྤྱི་རྒྱ་ཇི་ཡོད་སྐྱུ་རྩིར་གསུང་འགྱུར་ན།
    ཁོ་བོས་རྒྱ་གར་གཡོག་གཅིག་གླ་བྱས་ནས།
    སེམས་ཡངས་ལྷག་པ་ཁྱོད་ལ་བསྐྱལ་བས་ཆོག
    རང་གི་བསམ་ཚུལ་མཆོག་ཏུ་བཀུར་བ་དང་།
    གཞན་གྱིས་སྨྲ་ལ་ཕྲ་དོག་མེ་ལྕེ་འབར།
    རང་གིས་རང་ལ་བསྟོད་པའི་སེམས་ཡངས་ཅན།
    དུས་རབས་ཉི་ཤུའི་མཁས་དབང་ཁྱོད་ཉིད་རྒྱལ།
    ཀརྨ་ཆོས་འཕེལ་དཔལ་འབྱོར་བཀའ་བློན་གནང་ན་ཁོང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་གཅིག་ནི་སྐྱུ་དད་པས་པུར་རྒྱལ་བོད་ཀྱི་ཨ་རག་ཞེས་པའི་བཟོ་གྲ་ཞིག་བཙུགས་ནས་འཛམ་གླིང་གཞན་དུ་ཚོང་འགྲེམས་གནང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལ་ཕན་ཐོགས་ཡོང་ངེས། མ་ཟད་སྐུ་ངོ་བཀའ་ཁྲི་མཆོག་ལ་ཡང་ཨ་རག་གི་ཕུད་དེ་ནས་ཉིན་ལྟར་ཐུན་གསུམ་འབུལ་བ་སོགས་མཆོག་ཏུ་འཕགས་པའི་དགེ་མཚན་ལྡན།

  25. གསེར་འབྲུག་སྡེར་ལྔ་ says:
    2011-09-15 at 11:33 am

    རང་དབང་ལྷ་མོ་ལགས།
    ཁྲི་གསར་སྲིད་སྐྱོང་ཚང་ལ་དེ་འདྲའི་སློབ་སྟོན་གནང་དགོས་དོན་ཨེ་ཡོད། སྲིད་སྐྱོང་མཆོག་གིས་ཕྱག་རོགས་འདེམས་སྟངས་ནོར་མི་སྲིད་ལ་གྲེས་གཞོན་བར་ལ་ཟམ་པ་ཞིག་བསྐྲུན་གྱི་ཡིན་ཞེས་མང་མང་གསུངས་པ་མ་རེད་པས། བྱས་ཙང་སྲིད་སྐྱོང་ལ་ཕྱག་རོགས་འདེམས་དབང་ཡོད་ཙང་ཁྱེད་ཀྱི་འདོད་མོས་ཀྱི་ཕྱག་རོགས་དེ་ཚོ་སླེབས་མིན་ཤེས་ཚོད་དཀའ། གལ་སྲིད་དེ་ཚོ་འདེམས་སྒྲུག་གནང་ན་ཁྱོད་ཀྱི་འདོད་ཐོགས་ལ་རྟ་རྒྱུགས་ངེས་པས་སྐབས་དེ་དུས་ངས་འཚམས་འདྲི་ཞུས་ཆོག།

  26. ཨ་ར་དཀར་པོ says:
    2011-09-15 at 3:16 pm

    ཡ་་་་་་ཚུར་ལ་གསོན་དང་དྲ་གྲོགས་རྣམ་པ་ཚོ།།
    རྣ་བ་གཞན་ལ་མ་ཡེངས་བདག་ལ་གསོན།།
    ཨ་ར་དཀར་པོར་རྣམ་དཔྱོད་ཆེར་མེད་ཀྱང་།།
    འཇིག་རྟེན་རྒན་པོ་ཉམས་མྱོང་བདག་པོ་ཡིན།།
    སྲིད་སྐྱོང་བློ་སེང་ཕྱག་རོགས་བློན་ཆེན་བདུན།།
    ང་ཡིས་བལྟས་ན་འདི་ལྟར་བསྐོ་བར་ངེས།།
    བདེ་སྲུང་མི་གླེང་ཀུན་གྱིས་མཁྱེན་ནས་ཡོད།།
    ཆོས་རིག་བློན་ཆེན་ཚེ་ཕུན་རང་འཇགས་ཡིན།།
    ནང་སྲིད་བློན་ཆེན་རྒྱ་རི་སྒྲོལ་མ་ཡིན།།
    འཕྲོད་བསྟེན་བློན་པོ་ཨེམ་རྗེ་ཚེ་བརྟན་ནམ།།
    ཡང་ན་རྟའུ་བློ་བཟང་དཔལ་ལྡན་ཡིན།།
    དཔལ་འབྱོར་བློན་པོ་ཀིརྟི་སྒྲོལ་ལྷ་མོ།།
    ཤེས་རིག་ལ་ནི་གཡུ་ཐོག་ཀར་དགེ་འོང་།།
    ཕྱི་དྲིལ་སྲིད་སྐྱོང་གཅིག་ལྕོགས་བློ་སེང་རང་།།
    འདི་ལྟར་བཀའ་ཤག་གསར་པའི་ལྷ་ཚོགས་ཀྱིས།།
    ཆོས་ལྡན་བོད་ཀྱི་ལུགས་གཉིས་སྐྱོང་འགྱུར་བས།།
    ཨེ་བདེན་མི་བདེན་སང་ཉིན་ལྟོས་དང་ཤེས།།

  27. དུར་བདག says:
    2011-09-15 at 3:27 pm

    ཁྱོད་ཀྱི་བསམ་ཚུལ་བཤད་པ་ཡག་གི ངས་ཀྱང་ནམ་རྒྱུན་འདི་འདྲ་ཞིག་དྲན་གྱིན་ཡོད། དུས་བབ་ནང་དུ་སངས་རྒྱས་སྒྲོལ་མ་ཟེར་བས་རྩོམ་ཡིག་ཞིག་སྤེལ་འདུག་མོད། ཕྱོགས་ཞེན་སྐད་ཆ་རྐྱངརྐྱང་ང་བཤད་འདུག དེ་འདྲ་བཤད་ན་ཆོ་ཁྱོན་ནས་མི་འདུག སྤྱི་ཚོགས་སུ་དགོས་མེད་ཀྱི་སྙོགས་གླེང་ཡོང་བའི་རྒྱུ་མ་གཏོགས་ཅི་ཡང་པན་གི་མ་རེད།

  28. འཆི་མེད་མགོན་པོ། says:
    2011-09-15 at 3:28 pm

    བཀའ་ཁྲི་མཁས་དབང་བློ་བཟང་སེངྒེའི་ཕྱག་རོགས་སུ། ཆོས་རིག་བཀའ་བློན། བློ་བཟང་སྦྱིན་པ། ནང་སྲིད་བཀའ་བློན། སྒྲོལ་མ་རྒྱ་རི། དཔལ་འབྱོར་བཀའ་བློན། ཚེ་རིང་དོན་གྲུབ། ཤེས་རིག་བཀའ་བློན། ཀརྨ་དགེ་ལེགས་གཡུ་ཐོག བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ། ཕྱི་དྲིལ་ལས་བཀའ་བློན། བཀྲ་ཤིས་དབང་འདུས། འཕྲོད་བསྟེན་བཀའ་བློན། བླ་སྨན་ཚེ་བསྟན་བཅས་འོས་པར་མཐོང་།

  29. འཆི་མེད་མགོན་པོ། says:
    2011-09-15 at 3:31 pm

    བཀའ་ཁྲི་མཁས་དབང་བློ་བཟང་སེངྒེའི་ཕྱག་རོགས་སུ། ཆོས་རིག་བཀའ་བློན། བློ་བཟང་སྦྱིན་པ། ནང་སྲིད་བཀའ་བློན། སྒྲོལ་མ་རྒྱ་རི། དཔལ་འབྱོར་བཀའ་བློན། ཚེ་རིང་དོན་གྲུབ། ཤེས་རིག་བཀའ་བློན། ཀརྨ་དགེ་ལེགས་གཡུ་ཐོག བདེ་སྲུང་བཀའ་བློན། འབྲོང་ཆུང་དངོས་གྲུབ། ཕྱི་དྲིལ་བཀའ་བློན། བཀྲ་ཤིས་དབང་འདུས། འཕྲོད་བསྟེན་བཀའ་བློན། བླ་སྨན་ཚེ་བསྟན་བཅས་འོས་པར་མཐོང་།

  30. དུར་བདག says:
    2011-09-15 at 3:33 pm

    གང་ལྟར་བཀའ་བློན་སུ་ཞིག་འདེམས་མིན་དེ་གཙོ་བོ་མ་ཡིན་པར་བཀའ་བློན་སུ་ཞིག་གིས་ཅི་ཞིག་བྱེད་ཀྱི་འདུག་མིན་གཙོ་བོ་བལྟ་རྒྱུ་དེ་གལ་ཆེ་བ་མཐོང་ངོ་།

  31. དུར་བདག says:
    2011-09-15 at 3:37 pm

    འཆི་མེད་མགོན་པོས་འདེམས་པའི་བཀའ་བློན་དག་ལ་རྒྱུ་མཚན་གང་ཡང་བཤད་མི་འདུག ཁྱོད་ཀྱིས་དེ་དག་ལརྒྱུ་མཚན་རེ་རེ་ནས་ཤོད་དང་།

  32. ལ་རྒྱའི་བདག་པོ། says:
    2011-09-15 at 3:53 pm

    བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཆོལ་ཁ་གསུམ་དང་།ཆོས་བརྒྱུད་ལྔ།རྒན་གཞོན་ཕོ་མོ་རིས་མེད་ཀྱི་བཀའ་བློན་ཕྱག་རོགས་བསྐོ་ཕྱོགས་ཀྱི་ལྟ་གྲུབ་དང་།ལངས་ཕྱོགས་རྩ་དོན་ཡོད་པ་དེའི་རྒྱ་ལས་མ་བརྒལ་བའི་བསམས་གཞིགས་བྱས་ནས་སོ་སོའི་བལྟ་ཚུལ་བརྗོད་དགོས་མོད།
    འོན་ཏེ་གོང་དུ་མཆན་པ་པོ་མང་ཆེ་བས་མིག་ཡ་གཅིག་བལྟ་ཚུལ་གཞི་གཅིག་བརྗོད་ཀྱི་འདུག་དཔེར་ན་མང་ཆེ་བས་མདོ་སྨད་ཕྱོགས་ཀྱི་བཀའ་བློན་གྱི་ཐོག་བསམ་གཞིགས་ཏན་ནས་གནང་མི་འདུག་ཆོལ་ཁ་གསུམ་གྱི་རིས་མེད་བཀའ་བློན་བསྐོ་དགོས་པ་དེ་བཀའ་ཁྲིའི་རྩ་དོན་དང་ལངས་ཕྱོགས་ཡིན་པས་དེར་འགྱུར་བ་འགྲོ་མི་སྲིད།དེ་ན་དྲ་གྲོགས་རྣམས་ལས་སླར་དེར་འཐམས་ནས་དཀའ་སར་གཡོལ་ནས་འགྲོ་བ་ལྟ་བུ་མ་ཡིན་པར་མདོ་སྨད་ཕྱོགས་ཀྱི་ཕྱག་རོགས་བཀའ་བློན་སུ་བསྐོ་སུ་འོས་ཀྱི་ལུང་བསྟན་དང་འདེང་དཔོག་བྱོས་དང་།མདོ་སྨད་ཀྱི་བཀའ་བློན་ཕྱག་རོགས་སུ་བསྐོ་སྲིད་དམ།
    དྲི་བ་དེར་ལན་རྒྱོབ་དང་།

  33. ཨ་རིག་དགེ་མཐོང་། says:
    2011-09-15 at 4:10 pm

    བཀའ་བློན་ཐད་ནས་རང་སེམས་སྐྱིད་ལ་བསྐུར་བའི་དྲ་གྲོགས་ཚོ་སྙིང་རྗེ། ཚེས་བཅུ་བདུན་ཉིན་ཤེས་ངེས་རེད།

  34. རེ་བ་ says:
    2011-09-15 at 4:56 pm

    སྐྱུ་རྩི་ཆང་གིས་མྱོས་ནས་བཀའ་བློན་ཆང་བཟི་བརྙེད་འདུག་ ཧ་་ཧ་་ཧཧ་ཧོ།།

  35. རེ་བ་ says:
    2011-09-15 at 5:07 pm

    ལ་རྒྱའི་བདག་པོ་ལགས་ཁྱེད་རང་ལ་མདོ་སྨད་ཕྱོགས་ཀྱི་བཀའ་བློན་ཕྱགས་རོགས་ངེས་པར་དུ་དགོས་ན་ངས་ཕུལ་ཆོག་ལྷག་བསམ་དང་ཤེས་ཡོན་དཔལ་འབྱོར་རྣམ་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་སྤྱི་ཟུར་སྒྲོལ་མ་མཚོ་མོ་འོས་སོ་།།

  36. གཞོན་ནུ་ཟླ་མེད། says:
    2011-09-15 at 5:08 pm

    བཀའ་ཁྲིའི་ལས་རོགས་དེ་ཚོ་རང་གི་བཟང་ས་རྒྱན་ས་རྐྱང་འཇོག་དགོས་པའི་ལུགས་སྲོལ་ཞིག་འདུག་ཀ དེ་ཡང་ཡག་ནི་རེད། མདོ་སྨད་བཀའ་བློན་ཟེར་ན་ག་རེ་རེད། ཆོལ་ཁ་གསུམ་ནས་བཀའ་བློན་རེ་བསྐོ་དགོས་པ་འེ་རེད། ཡང་ཆོས་བརྒྱུད་ཁག་ནས་རེ་རེ་བསྐོ་དགོས་ནི་འེ་རེད། ད་ནི་བཀའ་བློན་ནང་དུ་བླ་རྒན་དེ་ཚོ་འཚང་ཀ་མ་བརྒྱབ་ན་ཧྲ་གི་པ། སྡེ་གསར་བུ་གསར་མོ་ཚོའི་ལག་ཏུ་བཞག་ཞོག་དང་ཅིག་ལ་བསྐོར་ནས་འགྲོ་བཞག་ནི་རེད། མདོ་སྨད་བཀའ་བློན་ངེས་པར་དུ་དགོས་ན་ཕལ་ཆེར་ཁ་སང་སྔོན་མ་ཞིག་ལ་ཅིག་སྤྱི་འཐུས་ནས་དགོངས་པ་ཞུས་སོང་བ་དེ་ཡིན་རྒྱུ་རེད་ཡ། གངས་དཀར་སེམས་ལ་རྟ་ཡོད་ནས། ཕུད་རུང་ནང་ལ་སྲབ་བཟུང་ནི་ཡིན་རྒྱུ་རེད་ཀོ

  37. ལ་རྒྱའི་བདག་པོ། says:
    2011-09-15 at 5:40 pm

    དྲ་གྲོགས་རེ་བ་ནས་གསུངས་པ་ལྟར་ངས་ཀྱང་ཁོ་མོར་རེ་བ་བྱེད་བཞིན་ཡོད།གོང་དུ་ངའི་བཀའ་བློན་གྱི་འོས་མིའི་ཁོངས་སུ་ཁོ་མོ་འཕྲོད་བསྟེན་བཀའ་བློན་དུ་མཚམས་སྦྱོར་ཞུས་ཡོད་ཀྱང་དངོས་སུ་གང་འདྲ་བྱེད་མིན་མི་ཤེས།

    མདོ་སྨད་ཀྱི་བཀའ་བློན་ངེས་པར་དགོས་པ་དེ་ངའི་བསམ་ཚུལ་མ་རེད།དེ་ནི་བཀའ་ཁྲིས་དེ་སྔོན་ནས་ཆོལ་ཁ་གསུམ་རིས་མེད་ཀྱི་བཀའ་བློན་བསྐོ་རྒྱུ་གཏན་འཁེལ་གསལ་བསྒྲགས་བྱས་ནས་རྡོ་རིང་ལ་བཀོད་ཟིན་པའི་གནས་ཚུལ་ཡོངས་བསྒྲགས་ཤིག་རེད།

  38. གསེར་འབྲུག་སྡེར་ལྔ་ says:
    2011-09-15 at 8:08 pm

    ཡང་བཀའ་ཤག་ནང་ཆོལ་ཁའི་མི་སྣ་སླེབས་དགོས་པ་དང་ཆོས་རྒྱུད་མི་སྣ་ངེས་པར་དུ་སླེབས་དགོས་པ་འདྲ་ཞིག་མང་མང་གླེང་འདུག་པས་ང་ནི་ཆོལ་ཁ་དང་ཆོས་ལུགས་ཞེས་ལབ་ཡོང་དུས་ཞེ་རེ་བསུན་གི།
    ཁྲི་གསར་སྲིད་སྐྱོང་ཚང་འདི་དེང་དུས་ཤེས་ཡོན་གྱི་གཡུ་རལ་རྒྱས་ཅིང་ཆོལ་ཁ་དང་ཆོས་ལུགས་ཀྱི་དྲི་མས་མ་འགོས་པའི་གངས་སེང་དཀར་མོ་དེར་ཕྱག་རོགས་སུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལྷུངས་ཅན་གྱི་སྟག་ཟིགས་སོགས་སླེབས་ན་མི་རིགས་ཀྱི་རྩ་དོན་དང་མི་རིགས་ཀྱི་འཐབ་རྩོད་དེར་མི་འབད་པར་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གླེང་ཁོ་ནས་དུས་འདའ་བ་ནི་སྨྲོས་མེད་རེད། བྱས་ཙང་ཆོལ་ཁའི་རྙིང་ཞེན་ཅན་གྱི་གྲེས་སྲོང་དེ་ཚོ་དང་ཆོས་ལུགས་ཀྱི་རང་ལྟ་མཆོག་འཛིན་ཅན་གྱི་བླར་རྒན་དེ་ཚོ་རང་རང་སོ་སོའི་གནས་སུ་ལྷོད་ལྷོད་བཞུགས་པ་ལས་ཆབ་སྲིད་ཀྱི་གར་སྟེགས་སུ་མ་ཕེབས་ན་ཡག་གི་མ་རེད་པས།

  39. སྣྲོན་ངག་ཁྲི་ says:
    2011-09-15 at 10:06 pm

    ༡༽གསར་པ་ཐམས་ཅད་སྐྱོན་མེད་དཀར་གཙང་དུ་བསྒོམས་ཤིང་།།
    རྙིང་པ་མཐའ་དག་ཕྱོགས་ལྷུང་བག་ཁུམས་པར་རྩི་བའི།།
    ཀླད་མེད་ཕ་མེས་སྨོད་པའི་དམར་ཤོག་སྤུན་རྣམས་ལ།།
    གདོད་ནས་རྙིང་དྲི་དྲོ་བའི་ཆོས་ཅན་ཞིག་ཨེ་ཡོད།།
    ༢༽ཡབ་གཞིས་ཕལ་ཆེར་ཕལ་པའི་ཁྱིམ་ཚང་ནས་བྱུང་ཞིང་།།
    རྒྱལ་པོའི་ཐོག་མ་མང་པོས་བཀུར་བ་ལས་བྱུང་བས།།
    མིའུ་གདུང་དྲུག་དག་ཀྱང་སྤྲེལ་རྒྱུད་དུ་མཚུངས་ན།།
    སྐུ་དྲགས་མི་དྲགས་ཟེར་བའང་གདུང་རྒྱུད་ལས་མིན་ནོ།།
    ༣༽ཐོག་མར་ཨ་གསར་ཤུགས་ཀྱིས་རྫིག་ཉམས་ཤིག་སྟོན་ཀྱང་།།
    བར་དུ་ཁོར་ཡུག་རྐྱེན་དང་བག་ཆགས་ཀྱི་དབང་གིས།།
    ངོ་བསྟོད་མཁན་པོའི་གཏམ་དང་ལྷན་སྐྱེས་སུ་འབྱུང་བས།།
    སྲིད་སྐྱོང་སྐུ་དྲགས་ཉིད་དང་ཉེར་ལེན་ཡང་ཡིན་ནོ།།

  40. སྣྲོན་ངག་ཁྲི་ says:
    2011-09-15 at 10:42 pm

    གལ་སྲིད་མདོ་སྨད་ཆོལ་ཁ་ནས་བཀའ་བློན་ངེས་པར་དུ་དགོས་ཤིང་ཨ་ཀྱ་རིན་པོ་ཆེས་དགོངས་ཞུ་གནང་མེད་ཚེ།
    ཨ་ཀྱ་རིན་པོ་ཆེ་དེ་སྔོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་ནས་ཚོགས་གཙོོར་གནས་སྤར་ཀྱང་མ་གནང་བས།
    འཚམས་ཤོས་ཁོང་ཉིད་ཆོས་རིགས་བཀའ་བློན་དང་དེ་མིན་ཡང་ན་ཤེས་རིགས་བཀའ་བློན་གང་རུང་གནང་ན་ཤེས་
    འཇོན་མྱོང་གསུམ་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པ་ཡིན་པས་དེ་ལས་ལྷག་པ་མེད་ལ་སྤྱི་ཚོགས་ཡོངས་ལ་བག་ཆགས་ཤུགས་ཆེན་གྱི་ནུས་པ་ཐེབ་པར་གདོན་མི་ཟའོ།

  41. རང་དབང་ལྷ་མོ་ says:
    2011-09-16 at 5:23 am

    དྲ་གྲོགས་རྣམ་པ།

    དྲ་བྱང་འདིར་གཟིགས་དང་། བཀའ་ཁྲིའི་ཕྱག་རོགས་བཀའ་བློན་རྣམ་པ་བསྐོ་འཇོག་བྱེད་བཞིན་པ་མཐོང་གི་འདུག
    http://www.tibetonline.tv/

  42. རང་དབང་ལྷ་མོ་ says:
    2011-09-16 at 5:29 am

    དྲ་བྱང་འདིར་གཟིགས་དང་། ད་ལྟ་རང་ཕྱག་རོགས་བཀའ་བློན་རྣམ་པ་བསྐོ་འཇོག་བྱེད་བཞིན་པ་མཐོང་གི་འདུག
    http://www.tibetonline.tv/

  43. རང་དབང་ལྷ་མོ་ says:
    2011-09-16 at 6:04 am

    བཀའ་ཁྲི་མཆོག་གི་ཕྱག་བཀའ་བློན་རྣམ་པ་ཁོང་རྣམས་རེད།

    ད་ལྟ་ངས་བོད་གཞུང་དྲ་བརྙན་ཐད་གཏོང་ལེ་ཚན་ལ་ལྟ་བཞིན་པ་ཡིན། སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་བཀའ་བློན་ཕྱག་རོགས་རྣམ་པའི་མཚན་དང་མཛད་རྣམས་ངོ་སྤྲད་གནང་སོང་། སྤྱི་འཐུས་གྲོགས་ཚོས་ཀྱིས་བཀའ་བློན་ཕྱག་རོགས་རྣམས་སྤྱི་མོས་ཀྱི་ཐོག་ནས་བཀའ་བློན་ཕྱག་རོགས་སུ་བསྐོ་བཞག་གནང་སོང་།

    འབྲོང་ཆུང་དངོས་གྲུབ།

    ཚེ་རིང་དོན་གྲུབ།

    པདྨ་ཆོས་འབྱོར།

    རྒྱ་རི་སྒྲོལ་མ།

    བདེ་སྐྱིད་ཆོས་དབྱིངས།

    ཚེ་རིང་དབང་ཕྱུག་བཅས་རེད།

  44. ཐོག་སྒྲ། says:
    2011-09-16 at 6:47 am

    བཀའ་ཁྲིས་རྫུན་དང་པོ་དེ་བཤད་ཚར་སོང་།
    ད་དུང་ལོ་ལྔའི་ནང་ལ་རྫུན་དང་ཁྲམ་པ་ག་ཚོད་ཙམ་ཞིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  45. རང་དབང་ལྷ་མོ་ says:
    2011-09-16 at 6:53 am

    འདི་་ལ་གཟིགས་རོགས་ཞུ།
    http://www.tibettimes.net/blogs.php?id=6&post_id=17211

    http://www.khabdha.org/?p=21930

  46. ཨ་ར་དཀར་པོ says:
    2011-09-16 at 7:12 am

    ཨོ་ལགས་སོ། ཕྱག་རོགས་བཀའ་བློན་ལྷན་རྒྱས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རྣམ་པས་སྲིད་སྐྱོང་ཁོང་ལ་ཕྱག་རོགས་ཧུར་ཐག་གནང་ཞོག་ཨ། འོན་ཀྱང་སྲིད་སྐྱོང་མཆོག་གིས་ཕྱག་རོགས་བཀའ་བློན་དྲུག་ལས་འདེམས་མེད་པར་བལྟས་ན་ཨ་ར་དཀར་པོའི་འདོད་པ་ལྟར་བློ་སེང་རང་གིས་གཅིག་ལྕོག་གནང་འཆར་ཡོད་པ་མིན་ནམ། ཉམས་མྱོང་ཅན་ཟེར་ཡ་འདི་ཅུང་འདྲ་ས་མེད་ཡ། ཨེ་རེད་དྲ་གྲོགས་ཚོ།

  47. ལྷག་པ། says:
    2011-09-16 at 7:13 am

    དེ་རིང་ལྷ་ཉིན་དཀར་པོ་ཤར་བའི་ཉིན།།
    སྲིད་སྐྱོང་བློ་བཟང་སེང་གེས་བཀའ་བློན་བདུན།།
    འབྲོང་ཆུང་དངོས་གྲུབ་ཚེ་རིང་དོན་གྲུབ་དང་།།
    པདྨ་ཆོས་འབྱོར་རྒྱ་རི་སྒྲོལ་མ་དང་།།
    བདེ་སྐྱིང་ཆོས་དབྱིངས་ཚེ་རིང་དབང་ཕྱུག་བཅས།།
    མིང་སྨྲོས་རྒྱབ་ལྗོངས་ལོ་རྒྱུས་བཤད་པས་ན།།
    གྲོས་ཚོགས་འཐུས་མིས་དེ་ལ་རྒྱབ་སྐྱོར་བྱས།།
    ཐོག་མར་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།།
    དེ་ཡི་ནང་དུ་གནད་དོན་གསུམ་ཡོད་པ།།
    དང་པོ་བཀའ་ཟུར་པདྨ་ཆོས་འབྱོར་དེ།།
    ཁོག་ནང་ཆོལ་ཁའི་ཞེན་ཁོག་རི་ལས་ཆེ།།
    སེ་རའི་གྲྭ་པ་བདེ་སྲུང་ལས་བྱེད་བཟོས།།
    ཉེས་གསོག་བཙོན་པ་ཆབ་སྲིད་བཙོན་པར་བཅོས།།
    སྒེར་གྱི་སྤྱོད་པ་འཆལ་པོ་རྐུབ་ཀྱོག་རེད།།
    ཟུར་བསྟེན་ཆུང་མ་གང་ས་གང་དུ་ཡོད།།
    དེ་ལ་རྒྱབ་སྐྱོར་ཐོབ་པ་ཡ་རེ་མཚན།།
    གཉིས་པ་རྒྱ་རི་སྒྲོལ་མ་བྱོན་པ་ལེགས།།
    ང་ལ་བཀའ་བློན་ཁྲི་པ་མ་ཐོབ་ན།།
    བཀའ་བློན་དཀྱུས་མ་མི་བྱེད་ཅེས་པ་ཡི།།
    ཁྱོད་ཀྱི་དམ་བཅའི་སྡོམ་པ་ལྷང་ངེར་ཤོར།།
    གསུམ་པ་སྲིད་སྐྱོང་བློ་བཟང་སེང་གེ་ལགས།།
    གསར་འབྱོར་འཐུས་མི་བཀའ་བློན་གང་དུ་མཆིས།།
    ཆོས་བརྒྱུད་སྐུ་ཚབ་བཀའ་བློན་སུ་ཞིག་བསྐོས།།
    བཀའ་བློན་འོས་པའི་སྐྱེ་བོ་གང་ཡང་རུང་།།
    གང་ནས་ཡིན་དང་གང་གི་ཁོངས་ཡིན་མིན།།
    གལ་ཆེ་མིན་ཡང་ཁྱོད་ཀྱིས་སྔོན་བཤད་པ།།
    ལག་བསྟར་བྱེད་མིན་ང་ཚོས་ལྟ་བཞིན་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (62)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (30)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme