ཕྱི་གླིང་བ་དང་གྲྭ་ཆས། Posted on 2009-10-23 By ཀླུ་ 14 Comments on ཕྱི་གླིང་བ་དང་གྲྭ་ཆས། ཉིན་གྲངས་འདི་ཚོར་བོད་ནང་གི་དྲ་ལམ་ཁག་ན་གླེང་མོལ་ཤུགས་ཆེན་བྱེད་བཞིན་པའི་འདྲ་པར་འདི་ཁ་བརྡ་བ་ཚོར་གཟའ་མཇུག་གི་ཁ་བརྡའི་ཆེད་བཀོད་ཡིན། སྣ་ཚོགས།
ཧ་ཧ་ཧ ཧེ་ཧེ་ཧེ ཧོ་ཧོ་ཧོ བལྟས་བཞིན་བལྟས་བཞིན་ཁེར་དགོད་ཐེངས་འགའ་རང་དབང་མེད་པར་ཤོར་སོང་། ཚོར་སྣང་གཞན་པ་དམིགས་བསལ་བྱུང་མ་སོང་། མ་གཞི་ནས་ཕྱི་གླིང་བ་ཁོང་བཞི་བོ་གྲྭ་བ་ཡིན་མིན་གང་ལྟར་ཡང་གྲྭ་ཆས་དེ་ལན་པོ་དང་འཚམ་པོ་ཞིག་འདུག
དེང་སང་གྲྭ་ཆས་ནི་ཕྱི་རྒྱལ་མགོ་སེ་ཚོས་རྣམ་པ་སྟོན་བྱེད་དུ་བརྩི་ཡི་ཡོད་པ་འདྲ། འོན་ཀྱང་ཁྱད་པར་མི་འདུག ནང་པའི་ལྟ་བ་མི་ཉམས་རྒྱུན་འཛིན་བྱེད་མཁན་ཡོད་ན། མགོ་སེ་འདི་ཚོས་ཕྲུ་གུའི་སྣང་བ་ཁུར་ནས་འདྲ་མི་འདྲ་བྱེད་པ་ལ་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད།
འདི་ལྟར་བལྟས་ཡོང་དུས་གྲྭ་ཆས་ཡང་དགེ་ཚུལ་སློང་གི་དམིགས་བསལ་གྱོན་གོས་ཤིག་གི་གནས་སྟངས་དང་རྣམ་པ་ལས་བརྒལ་ཏེ་སྤྱིར་བཏང་གི་གོན་པ་བཟོ་དབྱིབ་མ་འདྲ་བ་ཞིག་གི་རྣམ་པར་འགྱུར་བཞིན་འདུག་གཱ། ངས་འདི་ནས་དྲྭ་གྲོགས་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་ཚོར་དྲི་བ་ཞིག་འདོན་གི་ཡིན། དཔེར་ན་སྤྱིར་བཏང་གི་མི་དཀྱུས་མ་ཞིག་གིས་དམག་དཔོན་གྱི་དམིགས་བསལ་ཐོབ་ཐང་གི་ལྭ་བ་ཞིག་གོན་ཆོག་གི་རེད་དམ། འདི་གོན་མི་ཆོག་པའི་ཁྲིམས་ཤིག་ཡོད་ན་ཕལ་ཆེར་གྲྭ་ཆས་ཀྱང་དགེ་ཚུལ་སློང་མ་ཡིན་པར་སུ་རུང་གི་གོན་མི་ཆོག་པའི་འདུལ་ཁྲིམས་ལས་གཞན་པའི་རྒྱལ་ཁྲིམས་ཤིག་བཟོ་རྒྱུར་ཤུགས་བརྒྱབ་རུང་གཞི་རྩ་མེད་པ་མ་རེད་སྙམ།
ཧ་ཧ་ཧ་ པད་མས་ཟེར་བ་བདེན་པ་རེད། དེང་སང་ཕྱི་གླིང་པ་ཚོས་གྲྭ་ཆས་གོན། པད་མ་གཙོས་། གྲྭ་ཆས་གཡུག་སྟེ་དྲྭ་ནང་དུ་འཛུལ། ཡ་མཚན།
ཕྱི་གླིང་བ་གྲྭ་ལ་གོན་ནས་དགོན་པ་དག་ན་སློབ་གཉེར་བྱེད་བཞིན་དེ་དག་ལ་ལྟ་ཚུལ་གང་ཡོད་དམ། འདི་དག་གིས་གྲྭ་རིང་བོ་ཞིག་བཞག་འདུག་པ་དེའི་སྟབས་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་ཡོད་མཁན་དེ་འདྲ་མ་རེད་ཟེར་ནས་བཤད་ཀྱི་ཡོད་དམ། བོད་མི་མ་གཏོགས་གྲྭ་ལ་གོན་པའི་རང་དབང་མེད་པ་ཡིན་ནམ། ཡང་ན། གྲྭ་ལ་འདི་ནང་བ་ཚང་ཁོ་ན་ལ་དབང་བ་ཞིག་རེད་དམ། གྲྭ་བ་དག་གིས་གྲྭ་ལ་ལས་རྒྱ་ལྭ་གོན་ན་འགྲིག་གི་ཡོད་དམ། དེ་ཡང་ཁྲིམས་འགལ་ཡིན་ནམ།
མིག་དཔེ་འདི་ཡང་ཕྱི་རྒྱལ་ནས་བརྩམས་མཁན་ཐོག་མ་དེ་དོལ་ཚོགས་ཚོ་རེད། སྔ་ལོ་༧རྒྱལ་བ་རིན་པོ་ཆེ་ཡོརོབ་རྒྱལ་ཁབ་འགར་ཆིབས་བསྒྱུར་གནང་སྐབས་དོལ་ཚོགས་ཀྱི་རྗེས་འབྲེངས་བ་སྐྱེས་ཕོ་མོ་གཉིས་ཀས་མགོ་ལ་འགྱིག་ཐུམ་གྱོ་སྐོག་སྐམ་པོ་ལྟ་བུ་ཞིག་གོན་ཏེ་ཐག་རིང་པོ་ནས་བལྟས་ན་མགོ་རིལ་ལྟ་བུ་ཞིག་བཟོས་རྗེས་ཚང་མས་གྲ་ཆས་གྱོན་ཏེ་༧རྒྱལ་བ་རིན་པོར་སྐུར་བ་འདེབས་བཞིན་ངོ་རྒོལ་བྱེད་ཀྱིན་འདུག
འཇིག་རྟེན་ཁམས་ལ་བསྡད་ན་རིག་རྒྱུ་མཐོང་རྒྱུ་མང་གི། གྲྭ་བས་གྲྭ་ལྭ་ཕུད། སྐྱ་བོས་གྲྭ་ལྭ་གྱོན། ད་དུང་ཅུང་འདུག་རྒྱུ་ཡིན་ན། འཛམ་གླིང་ནང་ན་གཞོན་མང་པོ་ཞིག་གིས་གྲྭ་ཆས་གྱོན་ཏེ་གོས་གསར་ཡིན་པའི་རྣམ་པ་སྟོན་མཁན་མང་པོ་སླེབས་རྒྱུ་རེད། མ་གཞི་སྒོར་མོའི་ཆེད་ཡིན་མིན་གཉིས་ཀ་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་ལས་རྒྱུ་མང་ན་དེ་མ་གཏོགས་ཡོང་རྒྱུ་མེད།
དམ་པ་ཕལ་ཆེར་ཟང་ཟིང་ཆོས་དང་སུན།། དམ་སྲི་ཕལ་ཆེར་ཕྱི་རོལ་ཁྲོམ་ལ་དུངས།། འདི་ཕྱི་གཉིས་ཀ་ཟེར་ནས་མི་ཤེས་ཀྱང་།། མི་རིགས་འདུ་ཤེས་འབོར་མཁན་མཐོང་དུས་སྐྱོ།།
དེ་ནི་ཧང་སངས་དགོས་པ་ཞིག་མ་རེད། གྲྭ་པའི་ཞྭ་མོ་དང་ཟླ་གམ་དེ་དབྱིན་ཇི་ཡི་དམག་མིའི་ཆས་གོས་ཤིག་རེད་ཟེར་བ་མིན་ནམ། གཅིག་གཅིག་ལས་ཆས་གོས་ལུགས་སྲོལ་ལེན་རྐྱང་བྱས་ན་ཁྱད་ཅིག་མི་འདུག
རེད་ཡ། གྲྭ་ཆས་བོད་ཆས་ཡིན་ཟེར་མཁན་ཚོ། མགོན་པ་ཁག་དུ་ལན་གཅིག་ལྟ་རུ་སོང་དང། བོད་མི་ནི་རྫོགས་ཟིན་རྗེས་རྒྱ་གར་མོན་པ་བལ་པོ་དབྱིན་ཇི་བཅས་ཀྱི་གེངས་ཡོད། བོད་མི་ལ་གཟན་ཤམ་ཤོག་པར་སྒྱུར་བའི་ནུས་པ་དེ་ཡོད་པས། ཨ་སྔོན་གནམ་མཁའི་དབྱིངས་ལ་འཕར་ནས་ཐག་རིང་དུ་ཕུར་ཟིན། ཨ་རི་ནུབ་ཕྱོགས་བདེ་ཆེན་ཞིང་དུ་ཕུར་ཟིན།
གྲྭ་བ་མིན་བཞིན་དུ་གྲྭ་ཆས་གྱོིན་ན་ ནང་བའི་དགེ་འདུན་པའི་སྡེ་ལ་སྐུར་འདེབས་བྱས་པ་གསལ་བོ་རེད་ལ་ ནང་བའི་ཆོས་ཕྱོགས་ནས་བཤད་ནའང དེ་ནི་ལྟས་ངན་པ་ཞིག་ཡིན་པས་ དེ་རིགས་འགོག་ཐུབ་ན་བཀག་ན་ཡག་གི་རེད་ རྒྱུ་མཚན་ནི་ གྲྭ་བ་མིན་པ་གང་ཞིག་གིས་གྲྭ་ཆས་གྱོན་བཞིན་བུ་མོ་མཛེས་མ་ཞིག་འཁྲིད་སོང་ན་ ཡང་ན་སྨད་འཚོང་མའི་གྲྭ་ཆས་གྱོན་བཏང་ན་ ཁྱོད་ཀྱིས་དེ་ལ་ཅི་ལྟར་བལྟ་རྒྱུ་ཡིན་ནམ་
ཧ་ཧ། ཁྱོད་ཀྱིས་གྲྭ་བ་ཡིན་དང་མིན་པའི་ས་མཚམས་དེ་གང་དུ་འཇོག་གམ། བོད་པ་ཡིན་མིན་དང་གྲྭ་ཆས་ཡག་པོ་གྱོན་ཤེས་མི་ཤེས་ཀྱི་ཁྱད་པར་ལ་འཇོག་གམ། ཡང་ན་སྡོམ་པ་ཡོད་མེད་ཀྱི་ཁྱད་པར་ལ་འཇོག དང་པོ་འདོད་ན། དགོན་སྡེ་ཁག་གེངས་པའི་བལ་པོ་སོགས་ཅི་ཡིན། གཉིས་པ་འདོད་ན། ཨ་ཁ་ཁ། དགོན་སྡེ་ཕལ་ཆེར་སྟོང་རྒྱུ་རེད། གྲྭ་བས་མཛེས་མ་འཁྲིད་བ་དང། གྲྭ་ཕྲུག་འཁྲིད་བ་ལས་གང་ཡག་གི་རེད་ཤོད་དང། ངས་ལྟས་ན། ཕྱི་མཛེས་ནང་རུལ་ལས། ཕྱི་རུལ་ནང་རུལ་རྦད་དེ་དྲག་བསམ།
ཧ་ཧ་ཧ ཧེ་ཧེ་ཧེ ཧོ་ཧོ་ཧོ
བལྟས་བཞིན་བལྟས་བཞིན་ཁེར་དགོད་ཐེངས་འགའ་རང་དབང་མེད་པར་ཤོར་སོང་།
ཚོར་སྣང་གཞན་པ་དམིགས་བསལ་བྱུང་མ་སོང་།
མ་གཞི་ནས་ཕྱི་གླིང་བ་ཁོང་བཞི་བོ་གྲྭ་བ་ཡིན་མིན་གང་ལྟར་ཡང་གྲྭ་ཆས་དེ་ལན་པོ་དང་འཚམ་པོ་ཞིག་འདུག
དེང་སང་ཕྱི་གླིང་པས་གྲྭ་ཆས་གྱོན། གྲྭ་པས་གྲྭ་གཡུག་སྟེ་ཕྱི་གླིང་དུ་སོང་། ཡ་མཚན།
དེང་སང་གྲྭ་ཆས་ནི་ཕྱི་རྒྱལ་མགོ་སེ་ཚོས་རྣམ་པ་སྟོན་བྱེད་དུ་བརྩི་ཡི་ཡོད་པ་འདྲ། འོན་ཀྱང་ཁྱད་པར་མི་འདུག ནང་པའི་ལྟ་བ་མི་ཉམས་རྒྱུན་འཛིན་བྱེད་མཁན་ཡོད་ན། མགོ་སེ་འདི་ཚོས་ཕྲུ་གུའི་སྣང་བ་ཁུར་ནས་འདྲ་མི་འདྲ་བྱེད་པ་ལ་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད།
འདི་ལྟར་བལྟས་ཡོང་དུས་གྲྭ་ཆས་ཡང་དགེ་ཚུལ་སློང་གི་དམིགས་བསལ་གྱོན་གོས་ཤིག་གི་གནས་སྟངས་དང་རྣམ་པ་ལས་བརྒལ་ཏེ་སྤྱིར་བཏང་གི་གོན་པ་བཟོ་དབྱིབ་མ་འདྲ་བ་ཞིག་གི་རྣམ་པར་འགྱུར་བཞིན་འདུག་གཱ། ངས་འདི་ནས་དྲྭ་གྲོགས་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་ཚོར་དྲི་བ་ཞིག་འདོན་གི་ཡིན། དཔེར་ན་སྤྱིར་བཏང་གི་མི་དཀྱུས་མ་ཞིག་གིས་དམག་དཔོན་གྱི་དམིགས་བསལ་ཐོབ་ཐང་གི་ལྭ་བ་ཞིག་གོན་ཆོག་གི་རེད་དམ། འདི་གོན་མི་ཆོག་པའི་ཁྲིམས་ཤིག་ཡོད་ན་ཕལ་ཆེར་གྲྭ་ཆས་ཀྱང་དགེ་ཚུལ་སློང་མ་ཡིན་པར་སུ་རུང་གི་གོན་མི་ཆོག་པའི་འདུལ་ཁྲིམས་ལས་གཞན་པའི་རྒྱལ་ཁྲིམས་ཤིག་བཟོ་རྒྱུར་ཤུགས་བརྒྱབ་རུང་གཞི་རྩ་མེད་པ་མ་རེད་སྙམ།
ཧ་ཧ་ཧ་ པད་མས་ཟེར་བ་བདེན་པ་རེད། དེང་སང་ཕྱི་གླིང་པ་ཚོས་གྲྭ་ཆས་གོན། པད་མ་གཙོས་། གྲྭ་ཆས་གཡུག་སྟེ་དྲྭ་ནང་དུ་འཛུལ། ཡ་མཚན།
ཕྱི་གླིང་བ་གྲྭ་ལ་གོན་ནས་དགོན་པ་དག་ན་སློབ་གཉེར་བྱེད་བཞིན་དེ་དག་ལ་ལྟ་ཚུལ་གང་ཡོད་དམ། འདི་དག་གིས་གྲྭ་རིང་བོ་ཞིག་བཞག་འདུག་པ་དེའི་སྟབས་ཀྱིས་དགེ་ཚུལ་སློང་གི་སྡོམ་པ་ཡོད་མཁན་དེ་འདྲ་མ་རེད་ཟེར་ནས་བཤད་ཀྱི་ཡོད་དམ། བོད་མི་མ་གཏོགས་གྲྭ་ལ་གོན་པའི་རང་དབང་མེད་པ་ཡིན་ནམ། ཡང་ན། གྲྭ་ལ་འདི་ནང་བ་ཚང་ཁོ་ན་ལ་དབང་བ་ཞིག་རེད་དམ། གྲྭ་བ་དག་གིས་གྲྭ་ལ་ལས་རྒྱ་ལྭ་གོན་ན་འགྲིག་གི་ཡོད་དམ། དེ་ཡང་ཁྲིམས་འགལ་ཡིན་ནམ།
མིག་དཔེ་འདི་ཡང་ཕྱི་རྒྱལ་ནས་བརྩམས་མཁན་ཐོག་མ་དེ་དོལ་ཚོགས་ཚོ་རེད། སྔ་ལོ་༧རྒྱལ་བ་རིན་པོ་ཆེ་ཡོརོབ་རྒྱལ་ཁབ་འགར་ཆིབས་བསྒྱུར་གནང་སྐབས་དོལ་ཚོགས་ཀྱི་རྗེས་འབྲེངས་བ་སྐྱེས་ཕོ་མོ་གཉིས་ཀས་མགོ་ལ་འགྱིག་ཐུམ་གྱོ་སྐོག་སྐམ་པོ་ལྟ་བུ་ཞིག་གོན་ཏེ་ཐག་རིང་པོ་ནས་བལྟས་ན་མགོ་རིལ་ལྟ་བུ་ཞིག་བཟོས་རྗེས་ཚང་མས་གྲ་ཆས་གྱོན་ཏེ་༧རྒྱལ་བ་རིན་པོར་སྐུར་བ་འདེབས་བཞིན་ངོ་རྒོལ་བྱེད་ཀྱིན་འདུག
འཇིག་རྟེན་ཁམས་ལ་བསྡད་ན་རིག་རྒྱུ་མཐོང་རྒྱུ་མང་གི། གྲྭ་བས་གྲྭ་ལྭ་ཕུད། སྐྱ་བོས་གྲྭ་ལྭ་གྱོན། ད་དུང་ཅུང་འདུག་རྒྱུ་ཡིན་ན། འཛམ་གླིང་ནང་ན་གཞོན་མང་པོ་ཞིག་གིས་གྲྭ་ཆས་གྱོན་ཏེ་གོས་གསར་ཡིན་པའི་རྣམ་པ་སྟོན་མཁན་མང་པོ་སླེབས་རྒྱུ་རེད། མ་གཞི་སྒོར་མོའི་ཆེད་ཡིན་མིན་གཉིས་ཀ་སྤྲུལ་སྐུར་ངོས་འཛིན་བྱས་ཏེ་ལས་རྒྱུ་མང་ན་དེ་མ་གཏོགས་ཡོང་རྒྱུ་མེད།
དམ་པ་ཕལ་ཆེར་ཟང་ཟིང་ཆོས་དང་སུན།།
དམ་སྲི་ཕལ་ཆེར་ཕྱི་རོལ་ཁྲོམ་ལ་དུངས།།
འདི་ཕྱི་གཉིས་ཀ་ཟེར་ནས་མི་ཤེས་ཀྱང་།།
མི་རིགས་འདུ་ཤེས་འབོར་མཁན་མཐོང་དུས་སྐྱོ།།
དེ་ནི་ཧང་སངས་དགོས་པ་ཞིག་མ་རེད། གྲྭ་པའི་ཞྭ་མོ་དང་ཟླ་གམ་དེ་དབྱིན་ཇི་ཡི་དམག་མིའི་ཆས་གོས་ཤིག་རེད་ཟེར་བ་མིན་ནམ། གཅིག་གཅིག་ལས་ཆས་གོས་ལུགས་སྲོལ་ལེན་རྐྱང་བྱས་ན་ཁྱད་ཅིག་མི་འདུག
རེད་ཡ། གྲྭ་ཆས་བོད་ཆས་ཡིན་ཟེར་མཁན་ཚོ། མགོན་པ་ཁག་དུ་ལན་གཅིག་ལྟ་རུ་སོང་དང། བོད་མི་ནི་རྫོགས་ཟིན་རྗེས་རྒྱ་གར་མོན་པ་བལ་པོ་དབྱིན་ཇི་བཅས་ཀྱི་གེངས་ཡོད། བོད་མི་ལ་གཟན་ཤམ་ཤོག་པར་སྒྱུར་བའི་ནུས་པ་དེ་ཡོད་པས། ཨ་སྔོན་གནམ་མཁའི་དབྱིངས་ལ་འཕར་ནས་ཐག་རིང་དུ་ཕུར་ཟིན། ཨ་རི་ནུབ་ཕྱོགས་བདེ་ཆེན་ཞིང་དུ་ཕུར་ཟིན།
གྲྭ་བ་མིན་བཞིན་དུ་གྲྭ་ཆས་གྱོིན་ན་ ནང་བའི་དགེ་འདུན་པའི་སྡེ་ལ་སྐུར་འདེབས་བྱས་པ་གསལ་བོ་རེད་ལ་ ནང་བའི་ཆོས་ཕྱོགས་ནས་བཤད་ནའང དེ་ནི་ལྟས་ངན་པ་ཞིག་ཡིན་པས་ དེ་རིགས་འགོག་ཐུབ་ན་བཀག་ན་ཡག་གི་རེད་ རྒྱུ་མཚན་ནི་ གྲྭ་བ་མིན་པ་གང་ཞིག་གིས་གྲྭ་ཆས་གྱོན་བཞིན་བུ་མོ་མཛེས་མ་ཞིག་འཁྲིད་སོང་ན་ ཡང་ན་སྨད་འཚོང་མའི་གྲྭ་ཆས་གྱོན་བཏང་ན་ ཁྱོད་ཀྱིས་དེ་ལ་ཅི་ལྟར་བལྟ་རྒྱུ་ཡིན་ནམ་
ཧ་ཧ། ཁྱོད་ཀྱིས་གྲྭ་བ་ཡིན་དང་མིན་པའི་ས་མཚམས་དེ་གང་དུ་འཇོག་གམ། བོད་པ་ཡིན་མིན་དང་གྲྭ་ཆས་ཡག་པོ་གྱོན་ཤེས་མི་ཤེས་ཀྱི་ཁྱད་པར་ལ་འཇོག་གམ། ཡང་ན་སྡོམ་པ་ཡོད་མེད་ཀྱི་ཁྱད་པར་ལ་འཇོག དང་པོ་འདོད་ན། དགོན་སྡེ་ཁག་གེངས་པའི་བལ་པོ་སོགས་ཅི་ཡིན། གཉིས་པ་འདོད་ན། ཨ་ཁ་ཁ། དགོན་སྡེ་ཕལ་ཆེར་སྟོང་རྒྱུ་རེད།
གྲྭ་བས་མཛེས་མ་འཁྲིད་བ་དང། གྲྭ་ཕྲུག་འཁྲིད་བ་ལས་གང་ཡག་གི་རེད་ཤོད་དང།
ངས་ལྟས་ན། ཕྱི་མཛེས་ནང་རུལ་ལས། ཕྱི་རུལ་ནང་རུལ་རྦད་དེ་དྲག་བསམ།
ཁོང་ཚོ་ནི་གྲྭ་པ་མ་ཡིན་པ་རེད་ཞེས། ཁྱོད་ཚོས་གང་ནས་ཧ་གོ་རྒྱུ་རེད། གཅིག་བྱས་ན་གྲྭ་པ་རེད་མོད།