ཀླུ་སྨྱོན།
ང་རང་སྡོད་སའི་ནུབ་ཕྱོགས་པའི་ཁོར་ཡུག་ཏུ། སྤྱིར་བཏང་གི་ཆ་ནས་མི་ཞིག་གིས་རང་གིས་བྱས་པ་དེ་ཚོ་བྱས་རབས་འཇོན་རབས་ཀྱི་གཏམ་རྒྱུད་འཆད་རྒྱུ་མེད་ན། མི་དེ་ནི་སློབ་སྦྱོང་མེད་པ། སྤོབས་པ་མེད་པ། གསར་སྙེགས་མེད་པ། འབད་བརྩོན་མེད་པ། ཕུགས་བསམ་མེད་པ་ཞིག་ཏུ་ངོས་འཛིན་བྱེད། དཔེར་ན་མི་ཞིག་ལས་ཀ་འཚོལ་དུ་སོང་དུས། སྦྱིན་བདག་གིས་ཁྱོད་ཀྱིས་ལས་ཀ་འདི་དང་དེ་བྱེད་ཨེ་ཤེས་ཞེས་དྲིས་པ་ན། ཁེངས་སྐྱུངས་བྱས་ནས་དེ་མི་ཤེས་འདི་ཡང་མི་ཤེས་ཞེས་ཤེས་ཀྱང་མི་ཤེས་པའི་རྣམ་འགྱུར་བསྟན་ན་ལས་ཀ་རྙེད་པའི་རེ་བ་མེད་པ་དང་། བྱིས་པ་ཆུང་ཆུང་ཚོར་ཡང་ཕ་མ་དག་གིས་མི་རྒན་པར་སྐད་ཆ་བཤད་པ་ཅི་བཞིན་དུ་འཆད་དགོས་ཤིང་། དེ་ཡང་དྲང་བདེན་གྱི་སྐད་ཆ་དང་གནས་ལུགས་ཡོད་པའི་སྐད་ཆ། བྱིས་པའི་ཕུག་བསམ་ལ་རེ་བ་དང་སྤོབས་པ་སྤྲོད་པའི་སྐད་ཆ་བཤད་ཀྱིན་འདུག ཐ་ན་བྱིས་པ་ཞིག་གིས་རང་གིས་བྲིས་པའི་སྙན་ངག་ཅིག་སྐྱོར་ན་ཡང་མི་རྒན་པ་ཚང་མས་འཇམ་ཅག་གེར་ཉན་ནས་འདུག་སྲོལ་ཞིག་འདུག མི་ཞིག་ལ་སྐྱོན་བརྗོད་བྱེད་ན་ཡང་གནས་ལུགས་ཡོད་པ་དང་རྒྱུ་མཚན་ལྡན་པ། ཁུངས་སྐྱེལ་བཙན་པ་ཞིག་གི་སྒང་ནས་བརྗོད་ཨེ་ཐུབ་ལ་འབད་བརྩོན་བྱེད་པ་དང་། རང་ཉིད་ལ་ཁུངས་སྐྱེལ་ཚད་ལྡན་མེད་ན་མིང་འདྲ་མིན་སྤྱད་ནས་མི་ཞིག་གི་བླ་བཙག་མཚང་འབྲུ་བྱེད་རྒྱུར་ཁྲིམས་ཆད་ཀྱི་འཇིགས་པ་ཧ་ཅང་ཆེ་བ་དང་། ང་ཚོ་བོད་དུ་མི་ཞིག་གིས་དྲང་བདེན་གྱི་སྐད་ཆ་བཤད་ན་ལབ་རྒྱག་པ་དང་རང་ངོམ་བྱེད་པ། མི་འཇོན་འཇོན་མདོག་བྱེད་པ། ཧམ་པ་ཚ་བོ་ཞིག་ཏུ་ངོས་འཛིན་བྱེད། རང་ཉིད་མི་ཞིག་ལ་མ་དགའ་ན་མི་དེས་ཅི་བྱས་ཚང་མ་ནག་པོ་ནག་རྐྱང་དུ་ངོས་འཛིན་བྱེད། མི་དེ་ལ་སྐྱོན་ཞིག་བརྗོད་ན་ཨེ་དྲག མི་དེ་ལ་མཚང་ཞིག་བྲུས་ན་ཨེ་བཟང་། མི་དེའི་རྐང་པ་ནས་མར་ཅིག་འདྲུད་ཨེ་ཐུབ་བལྟས་ན་ཅི་མ་རུང་གི་བསམ་བློ་ཐབས་རྡུག་ཅིག་ཡོད་པ་དང་། རང་མིང་སྦས་སྐུང་བྱེད་ཤེས་པ་ཙམ་གྱིས་སྨྱོ་སྤོབས་རབ་ཏུ་རྒྱས་ཏེ། དྲ་ངོས་སུ་མི་འདྲ་མིན་ལ་སྐྱོན་བཅོས་མ་དང་ཚིག་རྩུབ་མོས་སྡིགས་ཅི་ཐུབ་བྱེད་པ། བོད་ཀྱི་མི་རབས་རྗེས་མ་དང་རང་གི་ཤ་ལས་ཆད་པའི་བྱིས་པ་ཚོས་ཁ་གྲག་ན་ལམ་སེང་འབུར་འཇོམ་བྱས་ཏེ། ཁ་ཚུམས། ཁྱོད་བྱིས་པ་ཞིག་གིས་ཅི་ཤེས། འདི་ནི་མི་རྒན་པའི་སྐད་ཆ་བཤད་ས་རེད། བྱིས་པ་ཚོར་ཇུས་གཏོགས་ཡོད་པ་མ་རེད། ཟེར་བ་སོགས་བྱིས་པའི་སེམས་ཁམས་ལ་རྨ་ཁ་བཟོ་བ་དང་བྱིས་པའི་སྤྱི་ཚོགས་ལ་རྒྱུས་ལོན་གྱི་ལམ་ཁ་བཙན་འཕྲོག་བྱེད་པའི་གོམས་སྲོལ་ཞིག་ཡོད།
ངོས་མཐོང་ལག་ཟིན་ཞིག་བྲིས་འདུག ཁ་སྔོན་དྷི་ལི་གནམ་ཐང་ནས་ཇ་མཉམ་འཐུང་ཞིག་ཡང་བྱེད་ཁོམ་མ་བྱུང་བས་སེམས་ཅུང་ཙམ་བདེ་མ་བྱུང་། རྗེས་སུ་གང་ཞིག་ནས་སླར་འཕྲད་པར་ཤོག
ཡག་པོ་བྲིས་འདུག བསམ་བློ་གཏོང་དགོས་པ་ཞིག་རེད།
སྐད་ཆ་འདི་གསར་པ་ཅང་མ་རེད། འོན་ཀྱང་འདི་ལས་ཞིབ་ཚགས་པོས་གཤིབ་བསྡུར་གནང་ན།
ཨ་ཁུ་ཀླུ་སྨྱོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། བདེན་པ་རེད་ང་ཚོའི་བར་ལ་ཧེ་བག་ཆེན་པོ་འདུག རྫི་བོ་ལགས་གསར་རྙིང་འདྲ་བཤད་མ་བསྡད། ཁ་ཡོད་ལག་ཡོད་ཀྱི་གནད་འགག་དེ་ཚོ་ལ་བསམ་བློ་ཐོངས་ཞིབ་ཚགས་བྱོས།
གནས་ལུགས་ཞིག་བྲིས་འདུག མ་རེད་ཟེར་ས་མིན་འདུག་སྙམ།
ཀ་ཁའི་རྫི་བོ། ཞུ་བ་ལགས། སྐད་ཆ་འདི་གསར་པ་གང་ཡང་མ་རེད། ཞོགས་དུང་གིས་དཔྱོད་ཤེས་རྒྱང་འབོད་དང་དོགས་སློང་སྙིང་སྟོབས་སོགས་སུ། སྐད་ཆ་འདི་ཚོར་རྒྱ་ཆེ་ས་ནས་དང་གཏིང་ཟབ་ས་ནས་གླེང་གང་ཐུབ་བྱས་འདུག
ཀླུ་སྨྱོན་གྱིས་སྐད་ཆ་གསར་པ་ཡིན་ཟེར་མིན་འདུག་གོ
ཡིན་པ་དེ་ཡིན་པ་དང་། མ་ཡིན་པ་དེ་མ་ཡིན་པ་དྲང་པོར་འཆད་ཐུབ་ན། ལས་བྱེད་ཀྱི་གོ་གནས་རྙེད། གལ་ཏེ་མ་ཡིན་པ་ཞིག་ཡིན་ཞེས་རྫུན་སྨྲས་ན། ནམ་ཞིག་ན་རྗེས་ངན་གསལ་བར་འགྱུར་ཏེ། ཆོས་རྗེ་ས་པཎ་གྱིས།
་
ཧ་ཅང་གཡོ་སྒྱུ་ཆེས་དྲག་ན།
རེ་ཞིག་གྲུབ་ཀྱངམཐའ་མར་བརླག
གཟིག་ལྤགས་བཀབ་པའི་བོང་བུ་ཡིས།
ལོ་ཏོག་ཟོས་མཐར་གཞན་གྱིས་བསད།། ༥ །། རབ་བྱེད་༥པ།
ེེཀླུ་སྨྱོས་ཀྱིས་གོ་རྒྱུ་ཡོད་པ་བྲིས་གནང་འདུག་ག
ོ
བདེན་པ་རེད། མོས་མཐུན་ཡོད།
དངོས་ནས་བདེན་པ་རེད། ང་ཚོ་འདིའི་སྐོར་ལ་བཅས་བསྒྱུར་བཏང་ན་ཡག་པོ་རེད།
ཉེ་ཆར་ངའི་དབྱིན་དགེ་ནུབ་ཕྱོགས་མཚན་ཉིད་རིག་པ་སྨྲ་བ་སྐུ་ཞབས་Matt ལགས་དང་ཁ་བརྡ་བྱས་སྐབས། ཁོང་གིས་གསུངས་དོན་དེང་སང་མི་རྣམས་ཆུ་ཚོད་ལ་སེར་སྣ་ཅི་བས་བྱེད་སྟབས་ཁྱོད་ཀྱིས་རྩོམ་ཡིག་བྲིས་ན་ཉོག་འབྲི་ཁྱོན་ནས་བྱེད་རྒྱུ་མེད་ཅེས་གདམས།
ངས་དེ་ལ་བསམ་དུས་དེང་སང་ཀླུ་སྨྱོན་ལགས་ཀྱིས་རྩོམ་ཡིག་ཧ་ཅང་གནད་བསྡུས་རེ་
འབྲི་བཞིན་ཡོད་པའི་སྣང་བ་བྱུང་། འདི་གནད་དོན་དེ་འབྲེལ་བ་ཨེ་ཡོད་ཅེས་སྐུ་ཞབས་ཀླུ་སྨྱོན་ལ་འདྲི། ལན་ཞིག་འདེབས
པར་འཚལ།
ངས་རྩོམ་ཡིག་གནད་བསྡུས་རེ་འབྲི་དོན་ནི། ངས་ཆུ་ཚོད་ལ་སེར་སྣ་བྱས་པ་མིན། ཆུ་ཚོད་ཀྱིས་ངའི་མི་ཚེ་ལ་སེར་སྣ་བྱས་པས་ཡིན།
ཀླུ་སྨྱོན་གྱིས་གསུངས་པ་ནི་ཤིན་ཏུ་ནས་བདེན། ང་ལ་ཡང་མཐོང་སྣང་དང་བསམ་ཚུལ་དེ་འདྲ་བྱུང་། དེས་ན་ཁོ་བོས་ཀྱང་རང་གི་ཕྲུ་གུ་ལ་དབྱིན་ཇི་པའི་ལད་མོ་བྱེད་དེ་མི་ཆེན་དང་དབྱེ་བ་མེད་པའི་བརྩི་མཐོང་བསྐྱེད་དེ་སྐད་ཆ་འཆད་རྒྱུར་བརྩོན་བཞིན་ཡོད། འོན་ཀྱང་རང་ཉིད་ཁོར་ཡུག་ཐ་དད་པ་ཞིག་གི་ནང་ནས་འཚར་ལོངས་བྱུང་རྐྱེན་གྱིས་ཡིན་ནམ་ཅི་ཞིག་གིས་རྐྱེན་པ་ཆ་མ་འཚལ་ཏེ། དབྱིན་ཇི་པའི་བྱེད་སྟངས་དེའི་ལད་མོ་རྩ་བ་ནས་བྱེད་ཐུབ་མ་བྱུང་། གཅིག་བྱས་ན་དབྱིན་ཇི་པའི་བྱེད་སྟངས་འདི་ངེད་ཅག་བོད་རིགས་ཀྱི་ཕྲུ་གུ་ལ་འོས་འཚམས་མེད་པ་ཡིན་ནམ་སྙམ།
ཕ་མས་སློབ་གསོ་གཏོང་སྟངས་བོད་རིགས་བཟང་། །
ཕྲུ་གུར་རང་དབང་སྤྲོད་སྟངས་ཕྱི་རྒྱལ་བཟང་། །
ཕ་མའི་སློབ་གསོ་ཕྲུ་གུའི་རང་དབང་གཉིས། །
གཉིས་མཉམ་ཟུང་འབྲེལ་མཐའ་གཉིས་མ་ལྷུང་དགོས། །
ཀླུ་སྨྱོན་་་སྨྱོན་གཏམ་རེད་་ལུང་པ་རེ་ལ་ལུགས་སྲོལ་རེ།
ཡག་སྡུག་གི་ཁྱད་པ་ཅི་ཡང་མེད་ སྲེ་དྲི་ཁ་ན་ ཡག་པ་དང་
མར་དྲི་ཁ་ན་སྡུག་རྒྱུ་གང་ཡང་མེད་ ཨ་རི་ལྷ་ཡུལ་མ་རེད་ཨོ?
མཆན་༡༦་པ་དཀར་མཛེས་གངས་ཕྲུག་ལགས། འདིར་ཡུལ་ལུང་རེ་ལ་སྲོལ་རྒྱུན་རེ་མ་རེད་ཟེར་མཁན་སུ་འདུག
བརྗོད་བྱ་དང་བརྗོད་བྱེད་གཉིས་ལ་ལེགས་པོར་ལྟ་རོགས་གནང་།