ལྷག་བསམ་ནས།།
༄༅། །དེང་གི་ཆར་ང་ཚོ་བོད་མིའི་སྤྱི་ཚོགས་ནང་ཕྱི་གླིང་བ་ལ་ཆེས་དགའ་དྲགས་པའི་ནད་ཡམས་ཤིག་ཁྱབ་བདལ་དུ་འགྲོ་བཞིན་ཡོད། དེ་ལ་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་དེ་སྔ་ནས་ཉེན་བརྡ་བཏང་ཡོད་ལ། ད་ལྟའི་སྐབས་སུ་ཡང་རང་གཞུང་གི་བཀའ་ཁྲི་ཟམ་གདོང་བླ་མས་ཀྱང་ཐུགས་ཁྲལ་གནང་བཞིན་པ་ཡོངས་གྲགས་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ནད་ངན་དེ་ཁྱབ་བདལ་ཆེས་པའི་དབང་གིས་གནས་མཆོག་ཝཱ་ར་ཎཱ་སིའི་འདབས་སུ་ཆགས་པའི་ཝཱཎ་མཐོ་སློབ་ཀྱང་ནད་གཞི་འདིས་ཟིན་ནས་ལོ་མང་ ཕྱིན་ཟིན་སྐད།།
དཔེ་མཚོན་གྱི་གནས་ཚུལ་གསར་པ་ཞིག་བརྗོད་ན། ཉེ་ཆར་འགོ་བཙུགས་བྱས་མ་ཐག་པའི་དགེ་འོས་འཛིན་གྲྭའི་སློབ་མ་ཕལ་ཆེ་བ་བོུ་ཡིན་ཞིང་། སྔར་རྒྱུན་ལྟར་ཁོ་ཚོ་བོུའི་ཉལ་ཁང་དུ་བཞག་ཚེ་སྡོད་ཤག་ལ་དཀའ་ངལ་མེད། རྒྱུ་མཚན་ནི་བོུའི་ཉལ་ཁང་དུ་སློབ་ཕྲུག་བརྒྱད་ཙམ་ལྷོད་སྡོད་ཐུབ་པའི་ཉལ་ཁང་ཆེན་པོ་གསུམ་ཡོད། མདོར་ན་སློབ་ཕྲུག་བོུ་ཉི་ཤུ་རྩ་བཞིའི་སྡོད་ཤག་སྟོང་པ་ཡོད།།
འོན་ཀྱང་སློབ་ཕྲུག་བོུ་རྣམས་སློབ་གྲྭའི་ཕྱི་རོལ་དུ་ཡོད་པའི་རྒྱ་གར་གྱི་ཁང་པ་གཡར་ཏེ་བཞག་ཡོད། ཉལ་ཁང་ཆེན་པོ་གསུམ་སྟོང་པར་ཡོད་བཞིན་དུ་དགེ་འོས་སློབ་ཕྲུག་བོུ་རྣམས་རྒྱ་གར་གྱི་ཁང་པར་འཇོག་དགོས་དོན་གང་ཡིན་ནམ་ཞེ་ན། ཡོང་རྒྱུའི་ཕྱི་ཟླ་དང་པོའི་ཡས་མས་སུ་ཨ་རི་དང་ཨོ་སི་ཀྲོ་ལི་ཡ་རྒྱལ་ཁབ་གཉིས་ནས་ཤེས་རིག་བརྗེ་ལེན་གྱི་ལས་གཞིའི་མིང་ཐོག་ནས་སླེབས་པའི་ཕྱི་གླིང་བའི་སློབ་ཕྲུག་ཚོའི་ཆེད་དུ་ད་ལྟ་ནས་ཉལ་ཁང་སྟོང་པ་བཞག་པ་རེད། ཁོ་ཚོ་ཝཱ་ར་ཎཱ་སིར་ཟླ་བ་གཅིག་ཙམ་ལས་སྡོད་ལོང་མེད།།
དགེ་འོས་ཀྱི་འགྲོ་གྲོན་ཧིན་སྒོར་འབུམ་གཅིག་ཡས་མས་དེ་བོད་གཞུང་ནས་གཏོང་གི་ཡོད་ལ། ད་ཐེངས་ཀྱི་ཁང་གླ་དེ་ནི་དོན་མེད་ཀྱི་འགྲོ་གྲོན་སྣོན་མ་ཞིག་རེད། མ་ཟད་སློབ་ཕྲུག་བོུ་ཚོའི་བདེ་འཇགས་ཀྱི་ཐད་ལ་འཛིན་སྐྱོང་གི་འབྲེལ་ཡོད་མི་སྣར་འགན་འཁུར་གྱི་བསམ་བློ་རྩ་བ་ནས་མེད་པ་མཚོན་གྱི་ཡོད། མདོར་ན། ཕྱི་གླིང་བ་ལ་དགའ་དྲགས་པའི་དབང་གིས་བོད་གཞུང་ལ་བསམ་གཞིགས་དང་ཆེ་མཐོང་རྩ་བ་ ནས་མེད་པར་གྱུར་པ་དང་། ཕྱི་གླིང་བར་ངོ་དགའ་སྤྲེལ་ལད་བྱ་རྒྱུར་གཡེང་ནས་རང་ཁོངས་ཀྱི་སློབ་ཕྲུག་རྣམས་ཀྱང་རྒྱབ་སྐྱུར་བྱེད་ཕོད་མཁན་ཞིག་ཏུ་འགྱུར་ཡོད།། །།
ཚང་མ་ལ་བཀྲིས་བདེ་ལེགས། རྗེས་སུ་མཇལ་ཡོང་། ང་གསར་བ་ཡིན།
ང་ཕྱི་རྒྱལ་ནས་དྷ་སར་ཐེག་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་དུས། ཕྱི་རྒྱལ་བ་གྲལ་འཁྲིས་སུ་ས་སྟོང་ཅིག་འདུག་པ། དེར་གདན་སྟིང་དུས་ཕྱི་མི་ཞིག་གིས། ང་སྤོབས་ཆེན་པོས་ངང་་ནས་འབུད་བྱུང་། འདི་ཕྱི་རྒྱལ་བ་འདིས། ང་ལ་གནོད་པ་ཡིན་ནམ་། བོད་མི་གྲ་སྒྲིག་བྱེད་མཁན་གྱི་སྐྱོན་ཡིན་ནམ། ཡང་ན་ང་རང་རང་གི་སྐྱོན་ཡིན་ནམ། ངས་ད་ལྟའང་བསམ་བློ་གཏོང་བཞིན་ཡོད།
ཡ་ཡ་།འགོ་འཛིན་པ་དེ་མི་འཇོན་པོ་ཞིག་དང་མི་རིགས་ལ་ལ་རྒྱ་ཡོད་མཁན་ཞིག་ཡིན་པ་ཐག་ཆད།མི་འདེ་འདྲ་མང་ཙམ་འབྱུང་ན་བོད་མི་རིགས་ལ་ཕན་ཐོག་ཆེན་པོ་ཡོད་ས་རེད།ད་དུང་བུ་མོ་ཚོ་ལ་ཡང་སྒྲིག་ཁུར་མི་དགོས་པ་ཁེ་བཟང་རྒྱུགས་འདུག་ག།
ཀརྡོ་ལགས། སུ་གང་གི་སྐྱོན་མ་རེད། གཅིག་བྱས་ན་ཁྱེད་ཀྱིས་བོད་རྟགས་བསྟན་པ་ཙམ་ཡིན་རྒྱུ་རེད། བོད་པའི་གོམས་གཤིས་སུ་དེ་ཙམ་གྱིས་ཕྱི་གླིང་བ་ལྟ་བུའི་རྩིས་ཁྲ་ཞིབ་མོ་མེད་དུས་ཁྱེད་ཀྱི་སེམས་སུ་ས་སྟོང་བ་ཡིན་ན་སྡོད་ཆོག་པ་མ་ཟད་ཆེས་ལུགས་མཐུན་ཡིན་པའི་སྣང་བ་ཞིག་ཤར་ཏེ་བསྡད་ཡོད་ཀྱང་། ཕྱི་གླིང་བ་སྡོད་གནས་ཞེས་ས་མཚམས་ཞིག་ཡོད་པས་ཕྱི་མོ་དེའི་ཞིབ་རྩིས་བསམ་བློའི་ངོར་ཁྱེད་ཉིད་ཁྲིམས་མི་སྲུང་མཁན་དང་སྲུང་མི་ཤེས་མཁན་ཞིག་ཏུ་མཐོང་ནས་བསྡད་མ་བཅུག་པ་རེད། ད་དུང་སྐུ་ཉིད་ཕོ་གསར་རྫིག་པོ་ཞིག་མ་ཡིན་པ་ཡང་མཚོན་གྱི་འདུག་་་ཧ་ཧ་ཧ་་་རྩེད་མོ་ཡིན།
དོལ་སྨྱོན་ཞེས་པ་དེ་ཕལཆེལ་ དོལ་རྒྱལ་སྒྲུབ་མཁན་ཞིག་ཡིན་ན་སྙམ་སོང་ གང་ཡིན་ཟེར་ན་ མིང་དེ་
མགར་བཟའ་ཆོས་སྒྲོན་ལགས། ཁྱེད་རང་དག་སྣང་ཆེ་དྲག་ནས་༼ དོལ་༽ཡོད་ཚད་དོལ་རྒྱལ་དུ་མཐོང་བ་ཁག་མེད། འདི་ན་ དོལ་སྨྱོན་ཞེས་པ་ཕྲན་གྱི་སྨྱུག་མིང་ཡིན་ཅིང་ དེ་ཡང་ཟུར་དང་པོས་རིགས་མཚོན་པ་དང་ ཟུར་གཉིས་པས་བྱ་སྤྱོད་མཚོན་ཐུབ་པ་ཡིན།
མགར་བཟའ་ཆོས་སྒྲོན་ལགས། ཁྱེད་རང་དག་སྣང་ཆེ་དྲག་ནས་༼ དོལ་༽ཡོད་ཚད་དོལ་རྒྱལ་དུ་མཐོང་བ་ཁག་མེད། འདི་ན་ དོལ་སྨྱོན་ཞེས་པ་ཕྲན་གྱི་སྨྱུག་མིང་ཡིན་ཅིང་ དེ་ཡང་ཟུར་དང་པོས་རིགས་མཚོན་པ་དང་ ཟུར་གཉིས་པས་བྱ་སྤྱོད་མཚོན་ཐུབ་པ་ཡིན།
ལྷག་བསམ་ལགས།
ད་ཐེངས་ཁྱེད་ཀྱི་བྲིས་པའི་དགོངས་པ་དེ་ལ་ཡིད་བློ་ཤིན་ཏུ་ཕམ། མཚན་བྱང་དུ་ལྷག་བསམ་བཀོད་པ་ལས་དོན་དངོས་ཐོག་དེ་དང་འགལ་པར་མངོན། དེ་ཡང་གནས་ཚུལ་ཆ་ཚང་གོ་རྟོགས་མ་ཐུབ་པ་ལ་དོན་མེད་ཀྱི་ཅ་ཅོ་མང་ཙམ་ཡོད་པར་སྣང། འདི་ལོ་དགེ་རྒན་འོས་སྦྱོང་གི་བུ་མོ་རྣམས་ཕྱི་ལ་འཇོག་རྒྱུ་དེ་སྔར་ནས་འཆར་གཞི་ཡོད་པ་དེ་སྐབས་བབ་ལག་ལེན་དུ་འཁེལ་བ་བྱུང། དེ་ནི་ཁོང་རྣམས་ལ་རང་ཁྲིམས་རང་སྲུང་གི་སློབ་སྦྱོང་ཞིག་ཡིན་པར་མཁྱེན་པར་མཛོད། དེ་དེ་བཞིན་དུ་སློབ་བུ་རྣམས་ཀྱང་ཕྱི་ལ་འཇོག་རྒྱུ་དེ་ལྟར་ཡིན་ནམ། ཁྱེད་ཀྱི་དེ་སྐོར་མ་གླེང་དགོས་དོན་གང་ཡིན་ནམ། ཕྱི་རྒྱལ་སློབ་སྦྱོང་བརྗེ་ལེན་བ་རྣམས་ནི་ལོ་ལྟར་སླེབས་ཀྱི་ཡོད་པས་རྒྱུ་མཚན་ཡང་དག་མི་མངོན། དེ་མཚུངས་བུ་མོ་ཉལ་ཁང་དུ་ཁྱེད་བལྟ་རུ་ཕྱིན་ནམ། རང་གི་མི་མཐོང་བར་ྷམ་པས་མི་སྨོས་ན་ལེགས། ཇི་སྲིད་བར་བུ་མོ་རྣམས་ཀྱི་བདེ་འཇགས་ཡིན་ཞེས་ནང་དུ་བཅུག་འདོད་ཡོད། མདོར་ན་རང་ཉིད་ནད་ཡམས་དེ་ཕོག་པ་འདྲ། བཀྲིས་བདེ་ལེགས།
ལྷག་བསམ་ཡ་།
བསམ་བློ་དེ་ཙམ་མ་དོག
བསམ་གདོང་བླ་མ་གཙོ་བྱས་པའི་བོད་གཞུང་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་རྒྱབ་བསྐྱོར་མང་ཆེ་བ་ཕྱི་རྒྱལ་བ་ཡིན་ནི་ཁྱོད་ཀྱིས་མ་ཤེས་ནི་འུ་རེད་།
ཕྱི་རྒྱལ་བ་ཚོ་ཕྱིར་སོང་ཚེ་ཁྱེད་དགའ་སའི་བུ་མོ་དེ་ཁྱེད་ལ་དུངས་བ་བདེན་ན་སྐྱོན་གང་ཡང་མེད་པར་ཕྱིར་ཉལ་ཁང་དུ་སླེབས་ཡོང་ནི་རེད་།
བུ་མོའི་ཉལ་ཁང་སྟོང་པ་ཡོད་བཞིན་དུ་ཕྱི་རུ་འཇོག་དགོས་དོན་གང་ཡིན། ཁང་གླ་བོད་གཞུང་ནས་གཏོང་གི་ཡོད། ཁང་སྟོང་དུ་བཞག་པ་དེ་སུའི་ཆེད་དུ་རེད་ཟེར་ན། ཕྱི་གླིང་བའི་ཆེད་དུ་རེད། བོད་ཕྲུག་ཚོ་ཕྱི་རུ་ཕུད་དགོས་དོན་གང་ཡིན། རྒྱ་གར་ནང་བུ་མོ་ཚོར་ཉེན་ཁ་ཡོད་པ་ཀུན་ཤེས་རེད།
ང་གུ་དོག་ནས་མིན། བོད་མིས་བོད་མིར་བརྩི་ཐང་མི་བྱེད་པ་དེ་སྐྱོན་མིན་ན་གང་རེད། སློབ་ཕྲུག་དེ་ཚོ་མ་འོངས་པར་སློབ་གྲཱ་ཁག་ཏུ་དགེ་རྒན་བྱེད་མཁན་ཡིན་ཁུལ་རེད།
ཁྱེད་ཚོས་གནས་ཚུལ་ངོ་མ་ཤེས་ན་ངས་བཤད་པའི་དོན་རྣམས་ལ་ཏན་ཏན་རྒྱབ་སྐྱོར་བྱེད་ངེས།