རྣམ་རྒྱལ།
ཕྱི་དྲིལ་དང་ནང་སྲིད་བཀའ་བློན་གཉིས་ཀས་སྐབས་རྗེས་མའི་བཀའ་བློན་གྱི་ལས་འཁུར་མི་གནང་བ་ཐུགས་གཏན་འཁེལ་འདུག་ཟེར། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་སྐབས་རྗེས་མའི་བཀའ་བློན་གྱི་ལས་འཁུར་མི་གནང་བ་ཐུགས་གཏན་འཁེལ་བ་ཕྱི་དྲིལ་གྱི་ལས་བྱེད་ཁག་ཅིག་ལ་ནང་ཚགས་ཀྱིས་གསུངས་འདུག
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་རང་གི་དགའ་ཉེ་ནང་ཚགས་ལ་བསྒྲགས་འདུག བུད་མེད་ཀྱི་བཀའ་བློན་འདི་གཉིས་ནས་སྐབས་རྗེས་མའི་བཀའ་བློན་གྱི་ལས་འཁུར་མི་གནང་བ་ཐུགས་གཏན་འཁེལ་བ་ཁུངས་ལྡན་ཡིན་ན་ཡང་ཁོང་གཉིས་ཀྱིས་དེ་ལྟར་གནང་བའི་རྒྱུ་མཚན་ཅི་ཡང་གསུང་གི་མེད་སྐད།
ཁ་རྩང་གནས་ཚུལ་འདི་འདྲ་ཞིག་སྤེལ་འདུག་དེ་རིང་མཐོང་རྒྱུ་མི་འདུག དེའི་ནང་དུ། གནས་ཚུལ་འདི་ཐོས་མཁན་གྱིས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་ཐག་གཅོད་འདི་གནང་དོན་ནི་འདས་པའི་ལོ་ལྔའི་རིང་ལ་རང་གི་ནུས་པ་འདོན་ཐུབ་མེད་པ་དང་མ་འོངས་པར་ཡང་འདོན་ཐུབ་པའི་གོ་སྐབས་ཆུང་བར་དགོངས་ནས་ཡིན་པར་ཚོད་དཔག་བྱས་འདུག
བཙན་བྱོལ་ནང་བུད་སྨན་ཤེས་ཡོན་ཅན་གཞོན་སྐྱེས་མང་པོ་ཡོད་པས་དེ་ཚོ་ལ་གོ་སྐབས་ཡག་པོ་ཐོབ་ཀི་རེད་་་་་་ངོ་མ་ཡག་ཀི་ཡ་་་་ལས་ཡུན་ནང་འཇོན་ཐང་གང་ཡོད་མཐོང་གི་ཡོད། མི་རབས་གསར་པ་ཀུན་ལ་རིམ་པ་བཞིན་དུ་འགན་འཁྲི་སྤྲད་ན་དེ་ལས་ཡག་ཅི་དགོས་ཨ་་་་་
ཧང་སང་དགོས་དོན་ག་རེ་ཡོད་།
ཟླ་སྒྲོན་ཤར་གླིང་གི་ང་དེར་ཡོད་ཟེར་གྱི་མིན་འདུག་གམ་།
སོ་སོས་མི་འཇོན་པའམ། ཡང་ན་ནང་ཁུལ་གྱི་དཀའ་ངལ་གང་ཡིན་གསལ་རྟོགས་མི་ཐུབ་ན་ཡང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ལྟར་རང་ངོས་ནས་བཟང་སྤྱོད་དང་མཐུན་པའི་སྒོ་ནས་དགོངས་པ་ཞུས་ན་མིག་དཔེ་ལ་བཟང་གི
སྲིད་སྐྱོང་ང་སྤྱི་འཐུས་གང་ཡིན་ཡང་གསར་བ་འདེམས་ན་ཡག་པོ་འདུག་་
་རྙིང་པ་ནི་རྙིང་པ་རང་རེད།
གསར་བར་འགྱུར་མི་ཐུབ།
གསར་བ་མེད་ན་འགྱུར་བ་མེད།
འགྱུར་བ་མེད་ན་ཡར་རྒྱས་མེད།
ཡར་རྒྱས་ནི་འཛམ་གླིང་གི་དམིགས་འདུན་ཡིན།
ང་ཚོ་ཡང་ཡར་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་པ་ལས་ཕྱིར་ནུར་བརྒྱག་མི་རུང་།
ཕྱི་ནུར་ནི་རྗེས་ལུས་ཡིན་ལ་ཕམ་ཁ་ཡང་ཡིན།
རྗེས་ལུས་དང་ཕམ་ཁ་ནི་རྙིང་ཞེན་དང་བག་ཁུམ་ལས་བྱུང་བར་འདོད།
དེ་ཙམ་ཡིན།
དང་
་་་་་་་ ཕྱི་དྲིལ་དང་ནང་སྲིད་བཀའ་བློན་གཉིས་ཀས་སྐབས་རྗེས་མའི་བཀའ་བློན་གྱི་ལས་འཁུར་མི་གནང་བ་ཐུགས་གཏན་འཁེལ་འདུག་ཟེར།
རྣམ་རྒྱལ། ་་་་་་་་་་་གྱིས་ཟེར།
ཕྱི་དྲིལ་བཀའ་བློན་ཨ་རི་དོན་གཅོད་ལ་བསྐོ་རྒྱུ་རེད་འདུག་།
ནང་སྲིད་བཀའ་བློན་ལྡི་ལི་དོན་གཅོད་ལ་བསྐོ་རྒྱུ་རེད་འདུག་།
དབུ་ཀར་ཚང་ཕྱི་དྲིལ་བཀའ་བློན་བསྐོ་རྒྱུ་རེད་འདུག་།
དྲ་འབུའི་ལུང་བསྟན་རེད་པེ། ལགས།
ཨ་ཁ། བློ་སེང་ལ་བཀའ་ཤག་ནང་ཞབས་ཕྱི་ཞུ་མཁན་བུད་མེད་གཉིས་ལས་མེད་པ་དེ་ཐོན། ད་ཕོ་རྒན་རྣམས་གཏུག་ནས་སྡོད་རྒྱུ་རེད།
གོང་གི་ཕྱི་ནང་རྐུབ་བསྟེགས་དེ་མུ་མཐུད་བུད་མེད་ལ་འཇོག་ཐུབ་ན་ལེགས། ཕྱི་སྲིད་བཀའ་བློན་བྱེད་ཐུབ་མཁན་ཨ་རིའི་སྤྱི་འཐུས་འོས་མི་ཕྱག་མཛོད་ཚང་པད་མ་ལགས་འདུག། དེ་བཞིན་ནང་སྲིད་བཀའ་བློན་བྱེད་ཐུབ་མཁན་མངའ་རིས་རིན་པོ་ཆེའི་ལྕམ་རིན་ཆེན་མཁའ་འགྲོ་འདུག། དེ་བཞིན་སྟག་ལྷ་ནམ་ལྷ་ཡོད་རེད།
ལོ་ཅུང་ཆེ་ན་ཡག་ས་རེད། དེ་མིན་བློ་སེང་ཡང་ཕོ་རྩ་རྒོད་པོ་རེད། བཀའ་བློན་བུད་མེད་རྣམས་ལོ་ཆུང་ན་བཀའ་ཤག་འཁྲུགས་སྲིད། སྔོན་མ་ཨ་རིའི་སྲིད་འཛིན་སྦིལ་ཁི་ལིན་ཀྲོན་གྱིས་ལས་རོགས་བུད་མེད་ཚོར་སྡུག་གཅོད་མང་པོ་བཏང་བ་དྲན་གྱི་འདུག། སྒྲུང་ཞིག་ལ། ཁི་ལིན་ཀྲོན་གྱིས་སི་ཀར་ཟེར་བའི་ཐ་མག་སྦོམ་པོ་དེ་ལས་ཁུངས་ལ་ཁྱེར་ནས། དེ་མ་འཐེན་སྔོན་ལ་ལས་རོགས་བུད་མེད་རྣམས་ཀྱི་མཚན་མའི་ནང་ལ་བཅུག་དགོས་ཟེར། བློ་སེང་ཡང་གོ་སྐབས་རག་ན་ཁྲབ་དགོས་མཁན་དེ་རེད།
རྩོམ་འདི་སྟོན་ཙམ་སྦས་ཙམ་བྱེད་སྟངས་ལ་བལྟས་ཁ་བརྡར་དམིགས་ཡུལ་ཞིག་ཡོད་བཟོ་འདུག རྩོམ་འདི་མི་གཞན་གྱིས་ཁ་བརྡར་བཏང་བ་མ་རེད། ཁ་བརྡ་དྲྭ་བའི་གསང་ཨང་ཡོད་མཁན་བློ་སེང་དང་སྒེར་ཁོན་ཡོད་མཁན་ཞིག་ནས་སྒེར་སྤྱོད་བྱས་པ་རེད། སྐད་ཆ་འདི་འདྲ་ཞིག་བཀྲམ་ནས་བློ་སེང་ལ་དམིགས་པ་རེད། ཁམ་བུ་ཟ་འདོད་མ་རེད། ཁམ་སྡོང་དཀྲུག་འདོད་རེད།
བློ་སེང་ཉིད་རྒྱལ་གྱུར་ཅིག །
བཀའ་བློན་རྣམས་འཕོ་གྱུར་ཅིག །
་
ལྐོག་རུལ་རྣམས་ཕམ་གྱུར་ཅིག །
གཞོན་སྐྱེས་རྣམས་རྒྱལ་གྱུར་ཅིག །
ཁ་བརྡ་ཚང་གིས་དྲང་བཞག་གནང་རོགས། གོང་གི་རྩོམ་ཡིག་དེ་ལྟ་འདིར་བཀོད་གཅུག་པར་ངོ་རྒོལ་མེད། དམིགས་ཡུལ་ངན་པ་ཞིག་ཡིན་པར་ཧ་གོ་རུང་བཤད་མི་ཆོག་པ་མེད། འོན་ཀྱང་ངས་ད་ནངས་ཧྥ་རན་སི་གནས་སྡོད་ཨ་མདོ་བ་ཟླ་བ་ཚེ་རིང་གིས་སྐུ་ངོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མི་ཐུབ་པའི་སྐོར་གྱི་རྩོམ་ཡིག་ཡག་པོ་དེ་འདིར་འོས་སྦྱོར་བྱས་པ་ཡིན་རུང་བཀོད་མ་སོང་། རྩོམ་ཡིག་འོས་སྦྱོར་བྱེད་མི་ཆོག་་པ་ཨེ་ཡིན།
དུས་བབ་ཀྱི་དཔྱད་གླིང་དུ་ཡོད་པའི་ སྣ་གཅིག་ཀྱང་མེད་པའི་སྲིད་སྐྱོང་འོས་མི། — སྤེན་པ་ཚེ་རིང་དང་ཁོའི་རྒྱབ་སྐྱོར་བ་ཚོར་ཕུལ། རྩོམ་ཡིག་འདི་དྲ་གྲོགས་ཚོས་འདིར་བརྒྱུད་འགོད་གནོངས་རོགས།
སེངྒེ་གཞུང་གིས་ལྡེ་ལེ་དོན་གཅོད་མ་གཏོགས་གཞན་ཚང་མའི་མིང་ལ་འགྱུར་བ་བཏང་ཚར་ནའང་མི་དམངས་ལ་གསང་བ་བྱེད་དགོས་དོན་གང་ཡིན་ནམ།འགྱུར་བ་ཆེན་པོ་འདི་འདྲ།
ཕྱོགས་གཏོགས་ལ་འགན་འཁུར་ནས་གཡས་འཐེན་གཡོན་
འཐེན་དང་བསྟོད་རྒྱུ་སྨད་རྒྱུ་མང་དྲག་ན་འོས་འཕེན་ཞི་བའི་མི་
མང་ལྐུག་པ་མིན་པ་ནས་འོས་སྔོན་འགྲོ་ལས་ཉུང་དུ་འགྲོ་ཡོང་ངོ་
ཟབ་ཟབ་དང་བཏང་སྙོམས་ལ་སྡད་ན་ཡག་གི་རེད་དོ་།
འདི་བཀོད་མཁན་ཁ་བརྡ་ཚང་གི་མི་ཞིག་རེད་འདུག སྐད་ཆ་ཁ་གསལ་ལ་མི་གསལ་འདི་འདྲ་བཀོད་ནས་སྤྱི་ཚོགས་ནང་དཀྲུག་རྐྱེན་བྱུང་ན་ཁ་བརྡ་ཚང་གིས་མགན་ཁུར་དགོས་པ་རེད།
ད་སུ་དང་སུ་ལ། ཡིད་ཆེས་དགོས་དང་། སུ་དང་སུ་ལ། དྭོགས་ཟོན་བྱེད་དགོས་རེད། ལགས།
ཡིད་ཆེས་རྒྱ་གོང་བྲན་ལ་བྱས་། ཁང་པའི་བུ་ལོན་ག་ནས་བླངས་།
བློ་སེང་གི་ཁང་པའི་བུ་ལོན་ཐོན་ཡོད་པས་སྲིད་སྐྱོང་སྒེར་ལ་སྐུ་གྱོང་མེད་པས་ཐུགས་བདེ་མོ་གནང་།
#18 ལུང་རྟོགས། ་ལགས་ཀྱིས་སྤེལ་དོན།:
January 31st, 2016 at 11:10 am
འདི་བཀོད་མཁན་ཁ་བརྡ་ཚང་གི་མི་ཞིག་རེད་འདུག སྐད་ཆ་ཁ་གསལ་ལ་མི་གསལ་འདི་འདྲ་བཀོད་ནས་སྤྱི་ཚོགས་ནང་དཀྲུག་རྐྱེན་བྱུང་ན་ཁ་བརྡ་ཚང་གིས་མགན་ཁུར་དགོས་པ་རེད།
བློ་སེང་ལགས་ལ། ༸གོང་ས་མཆོག་གིས།
https://www.facebook.com/dakyab.lobsang/videos/936007206475207/
དངོས་ནས་བསྟོད་བསྔགས་རྒྱ་ཆེ་ཐོབ་།
ད་ལྟ་ངོ་མ་༧གོང་ས་མཆོག་སྐུ་ངལ་གསོ་བཅུག་རྩིས་མི་འདུག་།
བསྟོད་དེ་གནང་དགོས་དོན་གསལ་བཤད་ཅིག་གནང་དགོས་པ་འགྱུར་ས་རེད་།
དེ་དུས་བློ་སེང་གི་མདུན་ལམ་ཚར་བ་ཤེས་དགོས་།
ད་བར་བློ་སེང་འདི་དཔྱད་གཞི་ཆེན་པོ་རེད་འདུག
བཀའ་བློན་བུད་མེད་གཅིག་འདེམས་ཚར་འདུག ཚེ་རིང་མཚོ་མོ་རེད།
གཅིག་རུང་རགས་ཀི་མི་འདུག
ཤར་ཟླ་སྒྲོན་གྱི་བློ་སེང་འགྲམ་ན་རྐུབ་འདྲ་འགུལ་ཙམ་བྱེད་ཀི་འདུག
མོ་ད་རུང་བྱིས་བ་ཆུང་ཆུང་འདྲ་རེད་དཀའ་མོད་རེད།ཧཧཧཧ
མ་འོངས་པའི་བཀའ་ཤག
་
བློ་སེང་སྲིད་སྐྱོང་།
སྤེན་ཚེ་ནང་སྲིད།
ཀར་དགེ་ཤེར་རིག
བདེ་སྲུང་རང་འཇགས།
འཕྲོད་བསྟེན་ཨམ་ཆི་ཞིག
ཕྱི་དྲིལ་བློ་སེང་། གཅིག་ལྕོགས།
་
རྒྱ་རི་དོན་གཅོད། དིལླིའི།
་
ཀརྡོས་བསྐོས་པ། ཧ་ཧ། ཧོ་ཧོ། །
ནང་སྲིད་ལ་རྒྱ་སྒྲོལ་ལས་འཇོན་པ་སུ་ཨེ་འདུག་་་་དོན་གཅོད་ལ་ཕལ་ཆེར་སྡོད་མི་ཡང།་་་་་
༄༅། །ཤ་རུས་གཅིག་གི་སྤུན་ཟླ་ཚོ། གཤམ་གྱི་མཐུན་སྒྲིལ་ཚིག་བཅད་འདི་ལ་ཐུགས་བསམ་ཞིག་བཞེས་དང་།
༼མཐུན་སྒྲིལ།༽
མཐུན་སྒྲིལ་མི་ཡི་བདེ་སྐྱིད་རེད།།
མཐུན་སྒྲིལ་མི་ཡི་མདུན་ལམ་རེད།།
མཐུན་སྒྲིལ་མི་ཡི་འོས་འགན་རེད།།
མཐུན་སྒྲིལ་མ་འཆུག་བོད་པ་ཚོ།།
མཐུན་སྒྲིལ་བོད་ཀྱི་བླ་སྲོག་རེད།།
མཐུན་སྒྲིལ་བོད་ཀྱི་སྙིང་ནོར་རེད།།
མཐུན་སྒྲིལ་བོད་ཀྱི་དཔུང་པ་རེད།།
མཐུན་སྒྲིལ་མ་འཆུག་གྲུབ་མཐའ་ཁག །
མཐུན་སྒྲིལ་སེམས་ཀྱི་བདེ་སྐྱིད་རེད།།
མཐུན་སྒྲིལ་ཞི་བདེའི་རྩ་བ་རེད།།
མཐུན་སྒྲིལ་ལ་རྒྱའི་སྲོག་རྩ་རེད།།
མཐུན་སྒྲིལ་མ་འཆུག་མདོ་དབུས་ཁམས།།
མཐུན་སྒྲིལ་མེད་ན་རྗེས་ལུས་རེད།།
མཐུན་སྒྲིལ་མེད་ན་ཀླ་ཀློ་རེད།།
མཐུན་སྒྲིལ་མེད་ན་མུན་ནག་རེད།།
མཐུན་སྒྲིལ་མ་འཆུག་ན་གཞོན་ཚོ།།
མཐུན་སྒྲིལ་མེད་ན་རྒྱལ་ཁ་མེད།།
མཐུན་སྒྲིལ་མེད་ན་སྟོབས་ཤུགས་མེད།།
མཐུན་སྒྲིལ་མེད་ན་སྔོན་ཐོན་མེད།།
མཐུན་སྒྲིལ་མཛོད་ཅིག་གངས་ཅན་པ།།