ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་སྔ་དྲོར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་བཀའ་བློན་ནས་རྩ་དགོངས་ཞུས་པ་གསལ་བསྒྲགས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཕྱི་རོལ་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཁོང་མོས་བཀའ་ཤག་སྐབས་བཅུ་བཞི་པའི་ཕྱི་དྲིལ་བཀའ་བློན་ནས་རྩ་དགོངས་ཞུ་བཞིན་ཡོད་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་བསྐྱངས་སོང་།
བཀའ་བློན་མཆོག་ནས་གསར་འགོད་པ་ཚོར། དེ་རིང་ཞོགས་པར་ངས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཀའ་བློན་ནས་དགོངས་པ་ཞུ་རྒྱུ་ཡིན་པའི་ཡི་གེ་ཕུལ་ཡོད། དགོངས་ཤོག་དེའི་ངོ་བཤུས་བཀའ་དྲུང་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་ཆེ་བཅས་དྲུང་ཆེ་རྣམ་པ་བཞི་ལ་ཕུལ་ཡོད། ད་རེས་ཐག་བཅད་པ་འདི་གནས་ཚུལ་ཆུང་ཆུང་ཞིག་མིན་སྟབས། ང་རང་གི་ངོས་ནས་རྒྱུན་རིང་པོར་བསམ་བློ་མང་པོ་ཞིག་བཏང་སྟེ་ཐག་བཅད་པ་ཞིག་ཡིན། འདི་ཐག་གཅོད་བྱེད་སྐབས་ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་སྟེ་སྤྱི་པར་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། ང་རང་གི་ངོས་ནས་ལོ་བཞི་ལྷག་རིང་བོད་མིའི་ཚབ་བྱས་ཏེ་རྒྱལ་ཁབ་མང་པོ་ཞིག་གི་ནང་བཀའ་བློན་གྱི་མིང་འཁུར་ནས་ཞབས་ཞུ་ཞུས་ཡོད་ལ། མ་འོངས་པར་ང་རང་གིས་མུ་མཐུད་བོད་སྤྱི་པར་ཞབས་ཞུ་ཞུ་བའི་སེམས་ཤུགས་དང་གདེང་ཚོད་ཡོད། ངས་དགོངས་ཤོག་ཕུལ་དགོས་པའི་རྒྱུ་མཚན་སྐོར་རྗེས་མ་གོ་སྐབས་གཞན་པ་བཟུང་ནས་ཞིབ་ཚགས་ཀྱིས་ཞུ་ཡི་ཡིན། ཞེས་གསུངས་སོང་།
གསར་འགོད་བསྒྲགས་གཏམ་གྱི་ནང་དུ། བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན། ད་བར་བཀའ་བློན་གྱི་ལས་གནས་ཐོག་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་བསམ་བཞིན་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླའི་རེ་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ། ཞེས་བཀོད་འདུག
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་། ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་རྗེས། ༡༩༩༠ ལོར་བོད་མི་ཨ་རིར་(Connecticut, USA) གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་དུ་ཕེབས་ཏེ། མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་(Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ༢༠༡༡ ཟླ་ ༩ པའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོང་མོ་ཕྱི་དྲིལ་བཀའ་བློན་དུ་བསྐོ་བཞག་གནང་སྐབས། ཁེ་ན་ཌའི་མོན་ཊེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན་འདུག
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས།
་་་་་་་་་་་་་་ ང་རང་གི་ངོས་ནས་ལོ་བཞི་ལྷག་རིང་བོད་མིའི་ཚབ་བྱས་ཏེ་རྒྱལ་ཁབ་མང་པོ་ཞིག་གི་ནང་བཀའ་བློན་གྱི་མིང་འཁུར་ནས་ཞབས་ཞུ་ཞུས་ཡོད་ལ།
མ་འོངས་པར་ང་རང་གིས་མུ་མཐུད་བོད་སྤྱི་པར་ཞབས་ཞུ་ཞུ་བའི་སེམས་ཤུགས་དང་གདེང་ཚོད་ཡོད།
ངས་དགོངས་ཤོག་ཕུལ་དགོས་པའི་རྒྱུ་མཚན་སྐོར་རྗེས་མ་གོ་སྐབས་གཞན་པ་བཟུང་ནས་ཞིབ་ཚགས་ཀྱིས་ཞུ་ཡི་ཡིན། ་་་་་་་་་
ཞིབ་ཚགས་ཀྱིས་ཞུ་ཡི་ཡིན། ་་་་་་་་་
འདི།
ཞིབ་ཚགས་ཀྱིས་ཞུ་བགྱི་ཡིན། ་་་་་་་་་
ད་འདི་བློ་བཟང་ཕམ་ཉེས་སུ་འགྲོ་བའི་ལྟས་ཡིན་པ་ངས་ཚོད་དཔག་བྱས་མཆོག།།
ཕྱི་དྲིལ་བཀའ་བློན་གྱིས། ་་་་ ་་་་ ད་རེས་ཐག་བཅད་པ་འདི་གནས་ཚུལ་ཆུང་ཆུང་ཞིག་མིན་སྟབས། ང་རང་གི་ངོས་ནས་རྒྱུན་རིང་པོར་བསམ་བློ་མང་པོ་ཞིག་བཏང་སྟེ་ཐག་བཅད་པ་ཞིག་ཡིན། འདི་ཐག་གཅོད་བྱེད་སྐབས་ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་སྟེ་སྤྱི་པར་བསམ་བློ་བཏང་ནས་ཐག་བཅད་པ་ཞིག་ཡིན། ་་་་་ ་་་ ཞེས་བཤད་འདུག
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བཀའ་བློན་ཚོའི་བློ་ཕམ་དུ་བཅུག་འདུག འདི་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཤག་ལོ་རྒྱུས་ནང་ལ་ཐོག་མ་ཆགས་ཡོད། ད་དུང་བཀའ་བློན་གཅིག་གིས་རིང་མིན་དགོངསམཔ་ཞུ་འཆར་ཡོད་གནས་ཀྱང་དྲ་ལམ་ཁག་ན་འདུག
རླུང་ཐོག་ཁྱོད་བོད་མིའི་སྤྱི་ཚོགས་ནང་དཀྲུག་ཤིང་མ་བརྒྱག། ཁྱེད་ཀྱི་སེམས་ལ་དེ་ལྟར་ཡོད་ཀྱི་རེད།།
མི་རྗེ་སྲིད་སྐྱོངས་མཆོག་གིས། བཀའ་བློན་ཚང་མ་ཧྲ་ཐག་ཐག་ཡིན་ཞེས་པའི་སྐད་ཆའི་དྲོད་མ་ཡལ་གོང་ནས། ཧྲ་ཐག་གེར་གས་སོང་། ཧྲ་ཐག་གེར་ཆག་སོང་།
སྲིད་སྐྱོང་སེང་གེ་ལགས ད་ནི་ལྟས་ངན་པ་རེད། མི་མང་ལ་གོ་རྟོགས་ཡོད་ཚེ་ལས་ཐོག་སྲིད་སྐྱོང་ཕམ་ངེས་རེད། དེ་ནི་སེང་གེ་རང་འཚང་ཇེ་གསལ་ཇེ་གསལ་རེད།
བདེ་ཆོས་མེད་ན་ཡང། བློ་སེང་རྒྱལ་འགྱུར་ཅིག བློ་སེང་རྒྱལ་འགྱུར་ཅིག བློ་སེང་རྒྱལ་འགྱུར་ཅིག
༼བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན།༽ ཞེས་བྲིས་འདུག
སྲིད་སྐྱོང་གི་ལས་ཀ་ལས་སྟངས་ལ་རྒྱུས་ཡོད་ཆེ་ཤོས་བཀའ་བློན་ཚོ་ཆགས་ཡོད་པ་རེད།྄
རྩ་དགོངས་ཞུ་དགོས་པའི་གནད་དོན་གང་ཡིན། མགྱོགས་པོར་གསལ་བཤད་བྱ་དགོས་པ་རེད། དོན་དངོས་གང་ཡིན་འཁྱོག་བཤད་མེད་པ་ཞིག་གི་ཐོག་ནས་བཤད་དགོས་པ་རེད། དེ་མིན། བློ་ཕམ་དང་བཅས་ཞེས་པ་ཙམ་གྱིས་སུ་ཡང་སྣང་བ་མི་དག་པར་མ་ཟད། མང་པོ་ཞིག་དོགས་པ་རྣམ་རྟོག་གི་གནས་སུ་ལྷག་པར་བྱས་ཡོད། ད་གསར་འགོད་པ་ཚོས་ཀྱང་མོར་དྲི་བ་ཐོངས་ཡ། གལ་ཏེ། ཚོགས་གཙོ་དང་སྲིད་སྐྱོང་གང་རུང་གིས་ལན་ཡོད་ན་འོས་བསྡུའི་སྔོན་ལ་ཤོད། དེ་མིན། གསལ་བོ་དག་པོ་གང་ཡང་མེད་པའི་རྩ་དགོངས་དེར་ཆོད་གང་ཡང་མི་འདུག
མོ་ལགས་ཀྱི་འགྲོ་སྟངས་འདི་ཟུར་བསྟེན་མ་ཞིག་ལ་ལམ་འགྲོ་མ་བྱུང་པའམ། རྩིས་རྙོག་ཅན་ཞིག་འགྲོ་སྟངས་རེད་མ་གཏོགས་བཀའ་བློན་ཞིག་གིས་དགོངས་པ་ཞུ་སྟངས་རྩ་བ་ནས་མ་རེད། དགོངས་ཤོག་སྤྲད་པ་དང་གསར་འགོད་གསལ་བསྒྲགས། ད་དུང་ཁཱ་ན་སྒྲ་ལ་ལོག་པ་སོགས་དུས་མཉམ་ཡིན་དོན་ཅི།
ཕྱི་དྲིལ་བཀའ་བློན་མཆོག་གིས།
https://www.facebook.com/voatibetan/videos/974970982538687/
སྲིད་སྐྱོང་མཆོག་གིས་འོས་བསྡུ་མ་ཚར་གོང་དུ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལ་ཡར་མར་བཤད་ནས་དགོངས་ཞུ་བཀའ་འཁྲོལ་གནང་གི་མ་རེད། གལ་སྲིད། དགོངས་པ་གནང་རྗེས་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཁོང་བཀའ་བློན་ནས་དགོངས་པ་ཞུས་པའི་རྒྱུ་མཚན་ཡང་དག་བཤད་ཀྱི་རེད། རྒྱུ་མཚན་དེ་དག་ཐད་ཀར་སེང་གེ་ཡི་ཕྱག་ལས་གནང་སྟངས་ལ་འདོད་པ་མ་ཚིམས་པ་དང་མི་མང་ལ་སྐྱག་རྫུན་བཤད་པའི་སྐོར་རེད།དེ་ཚེ་སེང་གེ་འོས་བསྡུ་ཕམ་ངེས་རེད།
གང་ལྟར་སང་གེ་བཀའ་ཤག་གིས་མོ་རང་ལ་འོས་བསྡུའི་རྗེས་ནས་མ་གཏོགས་བཀའ་འཁྲོལ་གནང་གི་མ་རེད།
ཉིན་ཁ་ཤས་སྔོན་མདོ་སྨད་དབུས་རྒྱུན་གྱིས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་དང་། དེ་རིང་ཕྱི་འདྲིལ་བཀའ་བློན་ཧོབ་ཏེ་དགོངས་པ་ཞུས་པ་འདི་དུས་འགྲིག་པ་ཡིན་དང་སྒྲིག་པ་ཡིན་གྱི་དོག་པ་ཆེན་པོ་འདུག ད་དུང་སྔ་མིན་ཕྱི་མིན་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་དགོངས་པ་ཞུ་སྟངས་ལ་ལྟས་ན། འདིས་ནང་ཆབ་སྲིད་ཀྱི་འཁྲབ་སྟོན་ཆེན་པོ་ཞིག་ཡོད་པའི་དོག་པ་ཆེན་པོ་ཡོད། སྲིད་སྐྱོང་བློ་བཟང་སེང་གེས་མོ་རང་ཡར་འཐེན་གནང་སྟེ་བོད་པའི་སྤྱི་ཚོགས་ནང་མགོ་མཐོ་མཐོ་བྱེད་ནས་འགྲོ་ཆོག་པ་འདི་བྱུང་ཡོད་ཀྱང་། གནད་འགག་གི་དུས་འདི་འདྲ་ལ་རྒྱུ་མཚན་གསལ་ཁ་མེད་པའི་དགོངས་པ་ཞུ་བ་འདི་ནི་དྲིན་ལན་ལོག་འཇལ་དང་ཇ་ལན་ཆུ་འཇལ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
ཨ་མདོ་བ་ལ་ཨོ་འདོ་མེད་ཟེར་སྲོལ་ཡོད། དེ་ལྟར་མིན་པའི་རེ་བ་ཡོད། བློ་སེང་གིས་མི་རབས་གསར་པ་དང་ནུབ་ཕྱོགས་མང་གཙོའི་འཁོ་ཡུག་ཏུ་ཚར་ལང་བྱུང་ཞིང་དེང་དུས་ཀྱི་སློབ་གསོ་ཐོབ་པའི་བོད་ཕྲུག་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བློ་སེམས་སྒྱུར་ཐབས་བཅས་ཀྱི་ཆེད་དུ་བདེ་སྐྱིད་ཆོས་དབྱངས་ལ་རེ་བ་དང་ཡིད་ཆེས་ཀྱི་ཐོག་ནས་བཀའ་བློན་དུ་བཀོལ་བ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཕལ་ཆེ་བས་མོའི་མིང་ཙམ་ཡང་གོ་མྱོང་མེད་པའི་བདེ་ཆོས་བློ་བུ་དུ་བཀའ་ཤག་ནང་ཡོང་དུས་བོད་མི་ཚོས་བློ་སེང་ལ་ལབ་གླེང་སྣ་ཚོགས་བཟོས་པ་རེད། བདེ་སྐྱིད་ཆོས་དབྱངས་ཀྱི་ཆེད་དུ་བློ་སེང་ལ་ཁ་ངན་ཚིག་ངན་དང་ལབ་རྒྱུ་གླེང་རྒྱུ་རྒྱུན་དུ་བྱུང་སྡོད་པའི་སྐབས་སུ་བདེ་ཆོས་ཀྱིས་དགོངས་ཞུ་དང་གསལ་བཤད་སྦྲང་སྐད་ཙམ་ཡང་མ་བྱུང་བ་རེད། ད་ལྟའི་འོས་བསྡུ་ལས་རིམས་འགྲོ་བཞིན་པའི་སྐབས་སུ་གློ་བུར་ཐོག་རྒྱག་གི་དགོངས་པ་ཞུས་སྟངས་འདི་ཡག་རྟགས་ཞིག་རྩ་བ་རང་ནས་མ་རེད། མ་རབ་རྒྱུ་དག་མེད་པའི་སྤྱོད་པ་ངན་པའི་བྱེད་སྟངས་ཞིག་རེད། གལ་ཏེ་ཆོལ་ཁ་དང་ཆབ་སྲིད་ཀྱི་གཡོ་སྒྱུར་གྱིས་འཁྲབ་སྟོན་ཞིག་ཡིན་ཚེ་ཁྱེད་ལ་བོད་མི་དམངས་ཀྱིས་ཐར་པར་ནམ་ཡང་གཏོང་གི་མ་རེད་ལ། ཁྱེད་རང་གི་ཆབ་སྲིད་རྩོག་པའི་མི་ཚེའི་ལོ་རྒྱུས་ཞིག་ཏུ་འགྱུར་རྒྱུ་རེད།
དཔེ་མཛོད་ཀྱི་ཚོགས་ཁང་གསར་པའི་སྒོ་འགྲམ་དེ་ནས་གནས་ཚུལ་ཧང་སང་དགོས་པ་ཐོན་གྱི་འདུག
དཔེ་མཛོད་ཀྱི་ཚོགས་ཁང་གསར་པའི་སྒོ་འགྲམ་དེ་ནས་གནས་ཚུལ་ཧང་སང་དགོས་པ་ག་རེ། ཐོན་བགྱིད་འདུག་གེ ལགས། རངབཙན་བུ་ལགས།
གངས་ཕྲུག་དང་ལུང་རྟོགས་ཟེར་བའི་དྲ་འབུ་འདི་གཉིས་ཀྱིས་ཟིན་བྲིས་ནམ་བཏབ་ལ་བོད་སྤྱི་ཚོགས་ཐོག་གི་གནད་ཡོད་མི་སྣ་དག་ལ་གཞི་མེད་སྐྱོན་འཛུགས་དང་། དམའ་འབེབས། ཆོལ་དཀྲུག་བཅས་ཀྱི་འཆལ་རྩོམ་ཞིག་དུས་རྒྱུན་སྤེལ་དང་སྤེལ་མུས་རེད། ནང་སྲིད་དང་ཕྱི་དྲིལ་བཀའ་བློན་གཉིས་ཀྱིས་བཀའ་བློན་གྱི་ཐུགས་འགན་བཞེས་རྒྱུ་མིན་པའི་ཡི་གེ་ཞིག་བོད་སྤྱི་ཚོགས་ཐོག་ཁྱབ་སྤེལ་འགྲོ་བཞིན་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། བདེ་ཆོས་ཀྱིས་དུས་སྐབས་འདི་འདྲ་ཞིག་ལ་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་དང་། དགོངས་ཞུའི་སྐོར་གྱི་དྲི་བ་གསར་འགོད་པའི་ལས་འགན་རེད།
ངས་ནི་མོའི་མཚན་རྟགས་འདི་མཐོང་པ་དང་པོ་ཡིན་སྣང་བ་འགྲོ་སོང་།
ང་ཚོས་བློ་སེང་དང་སྤེན་ཚེ་གཉིས་ལས་སུ་ཞིག་མ་འོངས་པའི་སྲིད་སྐྱོང་འདེམས་མིན་དེ་རང་ཉིད་ཀྱི་ཐོབ་ཐང་རེད། འོན་ཏེ། སྲིད་སྐྱོང་ལ་རྒྱབ་སྐྱོར་ཞུ་སྟངས་འདི་འདྲ་མ་རེད། དངོས་གནས་ཁྱེད་གཉིས་རྣམ་དཔྱོད་ལྡན་པའི་མི་བུ་ཞིག་ཡིན་ཚེ་དོན་དངོས་གང་ཡིན་པ་གསལ་འགྲེལ་དང་། དཔྱད་ཞིབ། ཆོལ་ཞེན་ཅན་ལ་ཕྱོགས་རིས་ཀྱི་ངན་འབྲས་གང་ཡིན་ངོ་སྤྲོད། བོད་མི་ཡོད་དོ་ཅོག་ནང་ཕན་ཚུན་ཟིང་འཁྲུག་མི་བསླང་བའི་འགན་འདི་ངེས་པར་དུ་བཞེས་དགོས། ང་ཚོ་དྲ་འབུ་ཁ་ཤས་ཀྱིས་བོད་སྤྱི་ཚོགས་ལ་ཕན་པའི་ལས་ཤིག་བརྩམ་མ་ཐུབ་ནའང་། བོད་སྤྱི་ཚོགས་ལ་གནོད་པའི་ལས་མི་སྒྲུབ་པའི་དམ་བཅའ་འཇོག་དགོས། ང་ཚོས་བློ་སེང་དང་སྤེན་ཚེ་གཉིས་ཀྱི་ཆེད་བོད་རིགས་ནང་ཁུལ་ལ་མི་མཐུན་པ་བཟོས་ན་ང་ཚོ་རང་ཉིད་ལ་ཁེ་ཕན་ཅི་ཞིག་འབྱུང་ངམ། ཁོང་གཉིས་ཀྱི་ཆེད་ང་ཚོ་ནང་ཁུལ་ལ་འཁྲུག་རྩོད་ཤོར་དགོས་དོན་མེད། ང་ཚོས་ཁོང་གཉིས་ཀྱིས་ལས་དོན་བྱེད་ཕྱོགས་དོན་དངོས་དང་མཐུན་མིན་ལ་ལྟོས་ནས་བསམ་ཞིབ་ཀྱིས་དཔྱད་པ་གནང་རྒྱུ་དེ་རེད།
བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་ཤག་ནི། མདོ་སྟོད་འཆོལ་ཁ་གཅིག་པོའི་མ་ཡིན་ལ། མདོ་སྨད་འཆོལ་ཁའི་ཡང་མ་ཡིན། དབུས་གཙང་འཆོལ་ཁ་གཅིག་པོའི་ཡང་མ་ཡིན། འདི་ནི་བོད་རིགས་ཡོངས་རྫོགས་ཀྱི་ངོ་བོ་མཚོན་ཐུབ་པའི་ཆབ་སྲིད་ཀྱི་མགྲིན་ཚབ་མཐོ་ཤོས་དེ་ཡིན།། སྲིད་སྐྱོང་ནི་རང་ཚུགས་བརྟན་པོ་ཞིག་དང་། ཕྱོགས་ལྷུང་སྤང་བའི་མགྲིན་ཚབ་ངེས་པར་དགོས་ཀྱི་ཡོད།།
ཡ་ད་ནི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ནས་རྩ་དགོངས་ཞུས་པ་ནི་བཙན་བྱོལ་བོད་མིའི་ཕམ་ཁ་ཆེན་པོ་ཞིག་རེད། སྒེར་སྤྱོད་པ་བློ་སེང་ནི། གཟིག་སྤགས་གྱོན་པའི་བོང་བུ་དེ།།ལོ་ཏོག་ཟོས་མཐར་གཞན་གྱིས་བསད།། ཟེར་བ་བཞིན་ནོ།།
དགོང་ཤོག་ཕུལ་བ་ཙམ་གྱི་དགོང་པ་རག་པར་ངོས་འཛིན་གནང་ནས་ཧོལ་རྒྱུགས་གནང་མཁན་གྱི་བཀའ་བློན་དང་གསར་འགོད་ཚོའི་ལས་སྟངས་ལ་
བལྟས་པ་རང་མིང་གྲགས་མཁན་ཤ་སྟག་རེད་འདུག་།
སྲིད་སྐྱོང་ནས་དགོང་པ་བཏང་བའི་གསལ་བསྒྲགས་མ་གནང་སྔོན་དུ་བཀའ་བློན་ནས་དགོང་པ་འཁྲོལ་བར་ངོས་འཛིན་གནང་གི་ཡོད་ཚེ་བཀའ་བློན་ནས་བཙན་བྱོལ་བོདྈམིའི་བཅའ་ཁྲིམས་དང་ལས་བྱེད་པའི་བླང་དོར་སྒྲིག་གཞི་གསལ་པོ་མཁྱེན་གྱི་མེད་པ་ཐག་ཆོད་།
མ་གཞི་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་སླེབས་ལ་ཉེ་སྐབས་བཀའ་བློན་ནས་ཛ་དྲག་གི་རྒྱུ་ཚན་འདི་ཡིན་མེད་པར་དགོང་ཤོག་ཕུལ་ད་བཟང་སྤྱོད་དང་ཁྲིམས་ལུགས་ཡོངས་སུ་འགལ་བར་ངོས་འཛིན་བྱེད་ཀྱི་ཡོད་ལ་རྗེས་སུ་གསལ་ཁ་སྟོན་རྒྱུ་ཡོད་མདོག་མདོག་དེ་སྤྱི་ཚོགས་དཀྲུགས་འདོད་པ་མ་རེད་།
དུས་ཚོད་འདི་འདྲ་ལ་དགོང་པ་ཞུས་པ་དེ་བོད་མི་རིགས་ལ་མཐོང་ཆུང་མ་རེད་དམ་།
Pal den མིང་ཅན། རང་དང་ལྟ་ཕྱོགས་མི་མཐུན་པའི་གནས་ཚུལ་སྤེལ་མཁན་ཚོ་དྲ་འབུ་དང་རང་དང་མཐུན་པའི་གནས་སྤེལ་ཚོ་དྲ་གྲོགས་ཞེས་བཤད་པ་ཙམ་གྱིས་ཁྱེད་ལ་མི་དང་མིའི་བར་གྱི་འདུ་ཤེས་དང་བདག་གཞན་བར་དུ་ཆགས་སྡང་གི་འཛིན་སྟངས་དེ་མཐོང་ཡོང་གི་འདུག། སྲིད་སྐྱོང་གི་རྒྱབ་སྐྱོར་བ་ཚོས་བྱ་སྟངས་ལས་སྟངས་མ་འགྲིག་པ་དང་སྤེན་ཚེའི་རྒྱབ་སྐྱོར་བ་ཚོས་བྱ་སྟངས་ལས་སྟངས་འགྲིག་བསྡོད་ཡོད་པ་རེད་དམ། བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་འཛིན་སྐྱོང་གི་ལས་འཆར་དང་སྒྱུར་བཅོས་སོགས་བཙན་བྱོལ་བོད་མིར་བསམ་འདུན་གང་ཡང་གསལ་ཁ་མེད་པར་སྲིད་སྐྱོང་གི་མི་གཞིར་གཞི་མེད་སྐྱོན་འཛུགས་རྐྱང་བྱས་ནས་སྤྱི་ཚོགས་སུ་ངན་དགུ་ཚང་བའི་ལས་དོན་ཐོག་མར་སྤེལ་མཁན་དེ་སུ་རེད་དམ། གཞི་མེད་སྐྱོན་བརྗོད་ལ་དག་སེལ་དང་གསལ་བཤད་བྱས་ནས་སྤེན་ཚེ་ཕྱོགས་ཁག་ཚོའི་རྫུན་རྐུབ་གཏོར་ཡོང་དུས་རྫུན་རྒྱབ་རྫུན་དུ་སྒྲིགས་ནས་བཙན་བྱོལ་སྤྱི་ཚོགས་ཁ་འཐོར་འགྱུར་རྒྱུར་སྣང་དག་མེད་མཁན་དེ་ཚོ་སུ་རེད་དམ། བདེ་སྐྱིད་ཆོས་དབྱིངས་ལགས་ཀྱིས་ ད་ནང་དགོངས་ཞུའི་ཞུ་ཡིག་ཕུལ་ནས་དོ་དགོང་གསལ་འགོད་གསལ་སྒྲགས་སྤེལ་བ་དང་སང་ཉིན་ཁ་ན་ཌར་ལོག་འགྲོ་རྒྱུ་རེད། ཟེར་བའི་དྲ་ཐོག་ཏུ་གནས་ཚུལ་ཐོན་པ་དེ་དག་བདེན་པ་ཡིན་ན། དེ་ནི་མིའི་བཟང་སྤྱོད་དང་འཛམ་གླིང་རྒྱལ་ཁབ་གང་གི་ལས་དགོངས་དང་མི་མཐུན་པའི་གནས་ཚུལ་ཞིག་རེད།
ད་དུང་ཡག་ཉེས་བཤད་ཤེས་ཀྱི་མི་འདུག། གནས་ཚུལ་ཆ་ཚང་བ་རེད་མི་འདུག། མུ་མཐུད་དུ་ད་དུང་ང་ཚོ་མང་ཚོགས་ཚོས་མི་ཤེས་པའི་གནས་ཚུལ་ག་རེ་འདུག་སྒུག་བསྡད་རྒྱུ་རེད། ཅིག་ཅེས་ན་དེ་མ་གཏོགས་མེད་ཀྱང་སྲིད། ཅིག་ཅེས་ན་ད་དུང་གནས་ཚུལ་མང་པོ་ཡོད་ཀྱང་སྲིད། གང་ལྟར་གནས་སྐབས་ཉན་ནས་འདུག་རྒྱུ་རེད།
ཆོལ་ཞེན་པ་ནི་ཆིག་སྒྲིལ་གྱི་འགེད་རྫས་ཡིན། འགེད་རྫས་འདི་ཁ་ཅིག་གིས་མ་ཤེས་པར་སྤར་གྱིན་ཡོད། ཁ་ཅིག་གིས་བསམ་གཟས་ནས་སྤར་གྱིན་ཡོད། སུས་སྤར་ནའང་ཆོག མཐར་གཏུགས་ན་རང་ཉིད་ཀྱང་སྔ་ཕྱི་ཞིག་མ་གཏོགས་འགེད་རྫས་དེས་བསད་ཡོང་། བོད་མི་རིགས་རྨང་ནས་བསད་ཡོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཕྱག་ལས་གནང་སྟངས་སྔ་གཞུག་བར་གསུམ་ཡོངས་རྫོགས་ལ་བསམ་བློ་ཞིབ་ཚགས་ཞིག་བཏང་ན། འཇིག་རྟེན་གཏམ་དཔེར། གཡག་ཞར་གྱིས་རྩྭ་ཟ་བ་ཞེས་པ་ལྟར་མཐོང་སོང་།
ལོ་ལྔའི་ནང་ཕྱག་ལས་ག་རེ་གནང་ཡོད་མེད་མི་མང་ལ་ངོ་སྤྲོད་གནང་སྐབས་བཀའ་ཤག་གསར་བའི་སྐབས་ཨ་སྒོར་ས་ཡ་མང་པོ་བྱུང་ཡོད་ཟེར་ནས་ཤུགས་ལ་སྲིད་སྐྱོང་ཁོ་ནའི་བྱས་རྗེས་ཡིན་པར་བསྟན་པ་ལས་གསལ་བཤད་ཞིབ་ཚགས་མི་འདུག གོང་ས་མཆོག་གི་སྐུ་པར་མར་ཕབ་ཡོད་མེད་ཐོག་གི་དྲི་བ་ལ། ལན་སྔ་གཞུག་བར་གསུམ་ཚང་མ་ནང་འགལ་རྐྱང་ལས་ལན་ཞིབ་ཚགས་གཅིག་ཀྱང་མི་འདུག
དུས་དབང་ཕྱིར་འཐེན་སྐོར་ཀྱི་བཀའ་ལན་ཚང་མ་སྔ་གཞུག་བར་གསུམ་ཚང་མ་ནང་འགལ་རྐྱང་ལས་གསལ་བོ་གཅིག་ཀྱང་བྱུང་མེད། སྐུ་ཚབ་ཚོགས་པ་མ་བཙུགས་པའི་སྐོར་ལ་ལན་མེད་པར་ལྷག་ཡོད་པས་མི་མང་ལ་རྣམ་རྟོག་ཤུགས་ཆེན་པོ་བཟོས་ཡོད། དེར་བརྟེན་ཕྱོགས་ཞེན་རྩ་ནས་མེད་པ་དཀའ་ལས་ཡོད་ན་ཡང་། རྒྱུ་མཚན་ལ་བསམ་བློ་གཏོང་ནས་འགྲོ་དགོས་པ་ཡང་ང་ཚོ་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཡིན་པས་མི་འདོར་རྒྱུ་ཞུ་བ་སྙིང་ནས་ཞུ།།
ཕྱི་དྲིལ་བཀའ་བློན་གྱི་འགན་སྲིད་སྐྱོང་མཆོག་གིས་མཉམ་ལྕོགས་གནང་རྒྱུ་ཡིན།
http://tibettimes.net/%E0%BD%95%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BE%B2%E0%BD%B2%E0%BD%A3%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%81%E0%BD%B4%E0%BD%84%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A0/
ཉི་མ་གཅིག་རང་ལ་དགོངས་ཞུས། ཉི་མ་ད་ག་རང་དགོངས་འཁྲོལ་ཐོབ། འོ་ན་ང་ཚོའི་བཀའ་ཤག་ལ་དགོངས་པ་ཞུ་ལུགས་ཞུ་སྟངས་དང་སྤྲོད་སྟངས་སྤྲོད་ལུགས་ཀྱི་རྩ་འཛིན་འདྲ་གང་ཡང་མེད་པ་ཡིན་ནམ། ཞུ་མཁན་གྱིས་ཞུས་གནང་མཁན་གྱིས་ཀྱང་དེ་མ་ཐག་གནང་ཡ་མཚན་པོ་གཅིག་བྱུང་། ད་དེའི་རྒྱབ་ཏུ་ཆབ་སྲིད་གཅིག་ཡོད་དབང་དུ་བཏང་ན་སྲིད་སྐྱོང་མཆོག་དང་ཕྱག་རོགས་རྣམ་གཉིས་གུ་ཐུང་གཅིག་ནང་ཡོད་དམ། ཕྱག་རོགས་གུ་ཐུང་གཞན་གཅིག་ནང་ཡོད་དམ། གལ་ཏེ་རྒྱབ་ཏུ་ཆབ་སྲིད་གཅིག་མེད་དབང་དུ་བཏང་ན་ང་དང་ཁྱོད་ཀྱིས་དོན་མེད་དུ་ངུས་པའི་མིག་ཆུ་དེ་སྡུག་གྱོང་རང་མ་ཡིན་ནམ།
ད་ལོ་བློ་སེང་ཐོབ་དགོས།
བདེ་ཆོས་དགོངས་པ་ཞུས་ཀྱང་། ད་ལོ་བློ་སེང་ཐོབ་དགོས།
བདེ་ཆོས་དགོངས་འཁྲོལ་ཐོབ་ཀྱང་། ད་ལོ་བློ་སེང་ཐོབ་དགོས།
བདེ་ཆོས་ད་ལྟའང་ཕེབས་ཀྱང་། ད་ལོ་བློ་སེང་ཐོབ་དགོས།
བདེ་ཆོས་ད་ལོ་མེད་ན་ཡང་། ད་ལོ་བློ་སེང་ཐོབ་དགོས།
ད་དུང་བཀའ་བློན་གཞན་པ་དགོངས་པ་ཞུས་ཀྱང་། ད་ལོ་བློ་སེང་ལགས་ཐོབ་དགོས། །
དེ་སྔ་སྐད་ཆ་མང་པོ་ཡོང་བཞིན་པ་ནི། སྲིད་སྐྱོང་བློ་སེང་ལགས་ནས་རང་ཉིད་ཀྱི་ཇོན་རབ་རྐྱང་རྐྱང་བཤད་ནས་བསྡད་པ་མ་ཟད། མཐའ་ན་བཀའ་ཤག་སྔོན་མས་ལས་དོན་མཇུག་སྐྱོང་བྱས་པ་དེའང་ཁོང་རང་གི་ཇོ་རབ་བཤད། དཔེར་ན་མེག་གྷན་ནས་རྡ་ཤོད་ཀྱི་ལམ་མིན་པོ་ཏཱ་ལ་ཞེས་བརྟག་པ་དེ་དག་ཧི་མ་ཅན་མངའ་སྡེ་ཡུལ་བསྐོར་སྤྲོ་འཆམ་བློན་ཆེན་ནས་མངའ་སྡེ་བློན་ཆེན་མཆོག་ལ་ཞུས་ནས་༧གོང་ས་མཆོག་ལ་མཚན་མཐོང་ཆེད་གཞུང་ལམ་མིང་བརྟག་པ་དེའང་སྲིད་སྐྱོང་བློ་སེང་ལགས་ནས་བྱོན་རབ་བཤད། དེ་དང་དེ་འདྲ་བའི་ངོ་ཚ་ཁྲེལ་མེད་སྐད་ཆ་མང་པོ་བཤད་བཞིན་པར་བརྟེན། ཕྱི་དྲིལ་བཀའ་བློན་བདེ་ཆོས་ལགས་མ་ཟད། ཕྱག་འབྲེལ་བཀའ་བློན་གཞན་ཚོའང་ངོ་ཚ་དགོས་པའི་གནས་སྟངས་མང་པོ་བཟོས་དང་བཟོ་བཞིན་པར་སོང་འགན་ལེན་མ་བཟོད་པར་བཟང་སྤྱོད་ཐོག་ནས་རྩ་དགོངས་ཞུ་བཞིན་པ་དེ་རེད།
བློ་སེང་མཆོག་གིས། བདེ་ཆོས་མཆོག་དགོངས་འཁྲོལ་གཏོང་སྟངས་སྐོར་ལ།
https://www.facebook.com/voatibetan/videos/975184905850628/
ད་བློ་བཟང་གི་གྲོགས་པོ་ཚོ་ལ་སེམས་ཁྲལ་གྱི་གཉིད་ཁུག་རྒྱུ་མེད་པ་ཆགས་ཡོད་ས་རེད། ཡིན་ཡང་འདི་ཚོ་ཆབ་སྲིད་པའི་འགྲོ་སྟངས་ཞིག་ཧང་སང་དགོས་པ་དང་བློ་ཕམ་དགོས་པ་ཡོད་མ་རེད།།
སྲིད་སྐྱོང་གིས་མི་དམངས་ལ་རྫུན་བཤད་ཡོད་མེད་ཞིབ་འཇུག་བྱ་དགོས། གལ་སྲིད་རྫུན་གསུངས་ཡོད་ན་རྫུན་དེ་ཆོལ་ཁ་ཞིག་ལ་བཤད་པ་མ་རེད་ལ། ཆོས་རྒྱུད་ཅིག་ལ་བཤད་པ་དེ་བས་མ་རེད། རྫུན་དེ་བོད་མི་རིགས་ལ་བཤད་པ་རེད། རྫུན་བཤད་ས་སྲིད་དེ་ཉིད་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་དང་མི་བྱེད་མཁན་གཉིས་ཀ་ཚུད་ཡོད། ད་ལྟའི་དུས་སྐབས་འདིར་ང་ཚོ་ལ་མཁོ་བ་ནི་བློ་གཟུ་བོར་གནས་ཤིང་། དྲང་ཚུགས་བརྟེན་པའི་སྲིད་སྐྱོང་ཞིག་དགོས་རྒྱུ་ང་ཚོ་ཚད་མའི་དོན་ཡིན།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་སྐོར་ལ།
https://www.facebook.com/fan.page.of.dr.lobsangsangay/videos/968621629898059/
སྤེན་ཚེས། ཉག་ཉོག་ཤོད་སྟངས། འདི་ལ་ ལན་ཅིག་ལྟོས་དང་།
https://www.facebook.com/permalink.php?story_fbid=182855472090418&id=100010978990647
བཀའ་བློན་བདེ་ཆོས་ནས་སྲིད་སྐྱོང་ལ་རྒྱབ་སྐྱོར་ཡིན་ན་འདྲ། རྒྱབ་འགལ་ཡིན་ན་ཡང་ཆོག་གང་ལྟར་ལས་དགོངས་ཞུ་སྟངས་དང་གནང་སྟངས་དེ་ཚུལ་དང་མཐུན་པ་ཞིག་བྱུང་མ་སོང་། ལྷག་པར་དུ་བཙན་བྱོལ་ཆུང་ཆུང་འཁྲུགས་རྐྱེན་མི་བཟོ་བའི་རེ་བ་ཡོད།
གངས་ཕྲུག་ལགས། བདག་ལ་གཞན་ཕམ་རང་རྒྱལ་ལྟ་བ་ཞིག་རྨི་ལམ་ཚུན་ཆད་དུ་ཡིད་ལ་འཁོར་མ་མྱོང་། ངས་བདག་དང་ལྟ་བ་མཐུན་རིགས་ལ་དྲ་གྲོགས་དང་། མི་མཐུན་མཁན་དག་ལ་དྲ་འབུ་ཞེས་པའི་ཐ་སྙད་ཅིག་གཏན་ནས་བེད་སྤྱོད་བཏང་མེད། དངོས་གནས་ཁྱེད་རང་མི་དབྱེན་དཀྲུག་ཚ་བོ་ཞིག་རེད། སྙིང་རྗེའི་ཡུལ་རེད། ནམ་ཞིག་གི་དུས་ན་ཁྱེད་སྨྲ་ཤེས་དོན་གོ་བའི་མི་ཞིག་ཆགས་ཐུབ་བམ།
ང་སྐྱེས་ནས་བཟུང་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན། ཁྱེད་ལྟ་བུ་ཕྱོགས་མཐོང་བ་ཚོར་བསམ་ཤེས་ཉན་ཤེས་མཁན་གྱི་མི་ཞིག་ཡོང་རྒྱུ་མ་རེད། རང་ལྟར་མཆོག་འཛིན་ཚོ།
སྲིད་སྐྱོང་འོས་མི་བློ་བཟང་སེངྒེ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅའ་འདྲི། ང་ཚོའི་སེམས་ནང་གི་བོད་གཞུང་འམ་བཙན་བྱོལ་སྒྲིག་འཛུགས་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟ་མིང་དོན་མཚུང་པའི་བོད་ཆོལ་ཁ་གསུམ་གྱི་མིང་ཐོག་ལ་ཚུལ་བསྒྱུར་ཐབས་གནང་བཞིན་པ།
February 11, 2016https://www.facebook.com/rfa.tibetan/videos/884135405039033/ གོང་གི་དྲ་ཐག་འདི་ལ་གཟིགས་ནས་རྣམས་པ་ཚོའི་བསམ་བློ་གཏོང་དགོས། དེང་སང་སྲིད་དབང་སྒེར་སྤྱོད་པ་དང་སྤྱི་རྒྱ་སྒེད་བདག་པ་དེ་ཚོས། རང་ཉིད་ཀྱི་ཁེ་ཕན་ཤོར་འགྲོ་དོག་གིས་ཆབ་སྲིད་ཀྱི་འཁྲབ་སྟོན་འདྲ་མིན་མང་པོ་འཁྲབ་བཞིན་པ་ལ་ཡིད་ཆེས་བྱེད་མི་རུང་། བཙན་བྱོལ་སྒྲིག་འཛུགས་འམ་བོད་གཞུང་འདི་མིང་དོན་མཚུང་པའི་ཆོལ་ཁ་གསུམ་གྱི་མིང་ཐོག་ཚུར་བསྒྱུར་བར་བར་ཆད་མང་པོ་བཟོ་བཞིན་པ་དག་ཚང་མས་ཧ་གོ་ཐུབ་ན་བཟང་།
བདེ་སྐྱིད་ཆོས་དབྱངས་བུད་མེད་མཛངས་མ་འཕྲལ་ཕུགས་ཀྱི་ཁེ་ཕན་ཤེས་མཁན་ཞིག་ཡིན་པའི་རེ་བ་ཡོད། རང་ཁེ་བློས་བཏང་གིས་སྤྱི་དོན་ཆེད་དགོངས་ཞུ་གནང་བ་དངོས་འབྲེལ་ཡིན་ཚེ་ཟིལ་བརྗིད་ཆེ། དུས་ལས་མ་ཡོལ་བར་རྒྱ་ཆེའི་མི་མང་མགོ་འཐོམས་རྣམས་ལ་གོ་བརྡ་གསལ་པོ་འཕྲོད་པའི་བཀའ་མོལ་ཤིག་གནང་བའི་རེ་བ་ཡང་ཡོད།