ཕྱི་ལོ་༢༠༡༣ ཕྱི་ཟླ་༤ ཚེས་༢༤ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༦།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང་། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་གྱི་གཡས་ཟུར་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་ནས་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་འདུག་ལ། སྟག་ཚང་མོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་གཉིས་ཀྱི་སྐུ་ཕུང་གྲྭ་ཤག་སོ་སོར་གདན་འདྲེན་གྱིས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་སང་ཉིན་སྔ་དྲོ་ཞུགས་འབུལ་བྱེད་དགོས་ཚུལ་ས་གནས་རྒྱ་གཞུང་ནས་བརྡ་ལན་འབྱོར་ཡོད་འདུག
གྲྭ་བློ་བཟང་ཟླ་བ་ལགས་ནི་མཛོད་དགེ་རྫོང་གཟའ་རུ་ཡུལ་ཚོའི་གཟའ་རུ་འབྲོག་པ་སྨད་མ་ནས་ཡིན་ཞིང་། རང་ལོ་༦༢ ཡིན་པའི་ཕ་རྡོ་རྗེ་མཁའ་འགྲོ་བཟའ་ཟླ་གཉིས་ལ་བུ་བུ་མོ་བདུན་ཡོད་པའི་ནང་གི་ཆུང་ཤོས་ཡིན་འདུག་ལ། ཁོང་གི་ཨ་མ་གྲོངས་ཟིན་པ་ཡིན་འདུག
གྲྭ་དཀོན་མཆོག་འོད་ཟེར་ལགས་ནི་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཀིརྟི་རྐ་ཆུ་ཁའི་ཚ་ཁོ་རུ་བའི་ཕ་ཚེ་རིང་ནོར་བུ་དང་། མ་བསམ་འགྲུབ་སྒྲོལ་མ་གཉིས་ལ་བུ་གསུམ་ཡོད་པའི་འབྲིང་བ་དེ་ཡིན་པ་དང་། ཁོང་གཉིས་ཆུང་ཆུང་སྐབས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་བློ་བཟང་ཟླ་བ་དེང་སྐབས་བསྡུས་ཆེན་འཛིན་གྲྭ་ཡིན་པ་དང་། དཀོན་མཆོག་འོད་ཟེར་རྒྱུད་པ་གྲྭ་ཚང་ཡིན་འདུག་ལ། ཁོང་གཉིས་རྒྱུན་དུ་ཀུན་སྤྱོད་དང་བསླབ་པ་སློབ་གཉེར་སོགས་མིག་དཔེར་འོས་པ་གཉིས་ཡིན་འདུག
སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ནི་མཛོད་དགེ་རྫོང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་༡༤༠ ལྷག་གི་སར་ཡོད་ལ། ཕྱི་ལོ་༡༧༤༨ ལོར་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ཕྱག་བཏབ་གནང་ཞིང་། དེང་སྐབས་མཚན་ཉིད་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞི་ལ། དགེ་འདུན་པ་ཞལ་གྲངས་༧༠༠ ལྷག་ཡོད་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༤ ཚེས་༢༤ ལ།
ཀླ་ཀློ་དག་ལ་གཤིན་དགེ་ཡོད་མ་ཡིན།།
དམར་སྲུང་དམག་གིས་ཏང་གླུ་མ་བླངས་མོད།།
སྲོག་གིས་བདེན་པ་བདར་བའི་མཐུ་སྟོབས་ཀྱིས།།
འགྲོ་བ་རྣམས་ལ་རང་དབང་ཐོབ་པར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
བོད་མདོ་སྨད་རྔ་པ་བོད་ རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ ཟླ་བ། རང་ལོ་༢༠ ཡིན་པ་ཁོང་དང་། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་རྒྱལ་གཅེས་པ་ཁྱེད་རྣམ་གཉིས་སོགས་དེ་སྔོན་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོང་སྤྱོད་དང་བཅས་པ་སྐྱུར་བ་པོ་རྣམས་ཀྱིས་སྙིང་སྟོབས་དང་ལྷག་བསམ་ལ། ཕྲན་ནས་རྗེས་སུ་ཡིད་རང་དང་མཆོག་གསུམ་ལ་བསྔོན་སྨོན་སྐྱབས་འཇུག་ཞུ་བཞིན་ཡོད།
མྱ་ངན་ཞུ།
མཆོག་གསུམ་ལ་བསྔོན་སྨོན་སྐྱབས་འཇུག་ཞུ་བཞིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
མཆན་འབྲི་དགོས་ས་བསམ་ཚུལ་དང་སྨོན་ཚིག་སོགས་ངེས་བར་ཏུ་འབྲི་དགོས་ས་ཞིག་ལ་ཚང་མའི་ཁ་ཙུམ་མས་བསྡད་འདུག་པ་འདི་ཅི་ཡིན་ནམ་བཀུར་འོས་བའི་དཔའ་བོ་དང་དཔའ་མོ་འདི་དག་གི་ཚེ་སྲོག་སུ་ཞིག་གི་ཆེད་དུ་བསྔོ་བ་རེད་དེ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རེད་མ་གཏོགས་སོ་སོའི་ལྟོ་རྒྱབ་ཀྱི་ཆེད་དུ་ཡིན་ག་ལ་སྲིད་ཚང་མའི་ཐུགས་བསམ་བཞེས་རོགས།་
མཆོག་གསུམ་ལ་བསྔོན་སྨོན་སྐྱབས་འཇུག་ཞུ་བཞིན་ཡོད།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
འདི་ནས་བཟུང་ནས་རང་བཙན་མ་ཐོབ་པར། རྒྱ་འདྲེ་ཚང་ལ་འཐབ་པའི་མཐའ་མི་ཀློད། འདི་ལྟར་ཤི་བའི་རྒྱལ་གཅེས་དཔའ་རྒོད་དག། སྐྱེ་བ་བཟང་པོ་ཡང་ཡང་བོད་དུ་འཕོས།།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།
ཨོཾ་མ་ཎི་པདྨེ་ཧཱུྃ།