རྒྱལ་བ་པཎ་ཆེན་རྣམ་གཉིས་གཙོར་མཛད་པའི་བོད་མི་ས་ཡ་དྲུག་ལ། བོད་རང་དབང་དགོས། བོད་རང་བཙན་དགོས། བོད་ཡིག་སློབ་རྒྱུའི་རང་དབང་དགོས། ཕ་སྐད་བཤད་རྒྱུའི་རང་དབང་དགོས། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་བྱེད་དགོས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་སུ་འཇུག་དགོས། རང་ལུས་མེར་བསྲེགས་བྱས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་ཡིན། ཕ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་པའི་བཟའ་མི་ཡོངས་ཀྱིས་སེམས་ཁུར་དང་སྡུག་བསྔལ་བྱེད་མི་དགོས། དཀར་པོ་ཆོས་ལ་དད་རྒྱུ། དགེ་བའི་ལམ་ལ་ཞུགས་རྒྱུ་མཁྱེན། བདག་གི་རེ་བ་ནི། བོད་མི་ས་ཡ་དྲུག་གིས་བོད་ཡིག་སློབ་རྒྱུ། ཕ་སྐད་བཤད་རྒྱུ། བོད་ལྭ་གོན་པ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས།
རྒྱལ་གཅེས་དཔའ་པོ་མཆོག་ལ་སྙིང་ནས་གུས་འདུད་ཞུ།
ཁྱེད་ཅི་ཁ་ཆེམས་དྭངས་མ།།
གངས་ཅན་ཁ་བས་ཐོས་ཐལ།།
ལ་རྒྱ་སྙིང་སྟོབས་ལྡན་པས།།
གུས་མོ་སྙིང་ནས་གུས་ཡོད།
ཁྱེད་ཀྱིས་ཚེ་སྲོག་མེ་ལ་སྤར་ནས་ང་ཚོའི་སྤོབས་པ་གནམ་དུ་བཏེགས།།
ཁྱེད་ཀྱིས་སྐད་འབོད་རླུང་ལ་བཀུར་ནས་ང་ཚོའི་རྣག་གོང་ཕྱི་ལ་བཏོན།
ཁྱེད་ཀྱིས་ས་ཆེན་འདར་རུ་བཅུག་ཅིང་ཉི་ཟླ་གཉིས་ཀྱང་ངུ་རུ་བཅུག
ཁྱེད་ཀྱི་རེ་བ་འགྲུབ་པའི་ཆེད་དུ་ཤུལ་ལུས་བོད་པ་རྡོག་གཅིག་སྒྲིལ།
ཁ་སྟོང་པ་གསུང་ནས་མ་བཞུགས་དོན་ངོ་མའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་འདོ་ན་ཉིན་མ་དེ་རང་ནས་༼མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་མཁྱེན་ཞེས་སྙིང་དཀར་བཀྲ་ཤིས་ནས།༽ཞལ་ཆེམས་འདི་ཕྱག་ལྟར་གནང་དང་སྐུ་མཁྱེན་སྐུ་མཁྱེན།
དངོས་གནས་འདས་པོའི་ཞལ་ཆེམས་འདི་གུས་པའི་སེམས་ལ་ཕན་པོ་ཞིག་དང་སེམས་འགུལ་ཆེན་པོ་ཞིག་བསྐྱེད་སོང་ད་ག་རེ་བྱ་དགོས་རེད་དམ།།