ཕྱི་ཟླ་༡ཚེས་༢༣ ཉིན་བོད་ཁམས་བྲག་མགོ་རུ་རྒྱ་ནག་གིས་དྲག་གནོན་བྱས་ཏེ་བོད་མི་ཞི་རྒོལ་བར་རྨས་སྐྱོན་བྱང་བ། (བོད་འབྱོར་པར།) Posted on 2012-02-012012-02-01 By ཁ་བརྡ་ 24 Comments on ཕྱི་ཟླ་༡ཚེས་༢༣ ཉིན་བོད་ཁམས་བྲག་མགོ་རུ་རྒྱ་ནག་གིས་དྲག་གནོན་བྱས་ཏེ་བོད་མི་ཞི་རྒོལ་བར་རྨས་སྐྱོན་བྱང་བ། (བོད་འབྱོར་པར།) གསར་འགྱུར།, པར།
ཨ་ལ་ལ་་་ཞེད་སྣང་ཚ་བ་ལ། པར་འདི་དག་ལ་གསལ་བཤད་རེ་དང་འདྲ་པར་ངོས་ཀྱི་དཔའ་བོ་དེ་དག་སུ་སུ་ཡིན་འགྲེལ་བཤད་རེ་ཡོད་ན་ཤིན་ཏུ་བདེ་བོ་འདུག
འདི་དག་མཐོང་ཡོང་ན་སེམས་ལ་ཅིག་འཚང་ཡོང་བ་ལས་ཅི་ཡིན་འདི་ཡིན་ཡང་མི་ཤེས་པ་ཞིག ད་ངོ་མ་རྒྱ་དམར་པོ་འདི་ཚོས་བོད་ཞེན་ཚང་མ་བསད་ནས་ཚར་རྒྱུ་རེད། ཨ་ཁ་ཁ་ཁ། ད་ཅི་བྱས་ན་ཕན། གནས་ཚུལ་ངོ་མ་དེ་འདི་ན་འདུག http://boxun.com/news/gb/china/2012/02/201202010945.shtml
མ་འོང་པར་བོད་ནང་གི་དཔའ་བོ་་དཔའ་མོ་ཚོའི་སྒྲ་པར་ལག་གསོན་བྱུང་ཚེ་སྔོན་ལ་BBC དང་ཡང་ན་CNN གཉིས་ལ་འབྲེལ་བ་བྱེད་ཐུབས་པའི་འབད་བརྩོན་གནང་རོག་གནང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྒྲ་པར་དེ་ཐོང་དུས་སེམ་པ་མི་སྐྱེད་པ་ཞིག་ཡོང་གི་འདུག་
བོད་གཞུང་དྲ་བས་འདི་དག་མི་བཀོད་པ་དེ་ག་རེ་ཡིན་ནམ། ཁ་སང་སྤྲུལ་སྐུ་བསོད་བྷོའི་སྐུ་ཕུང་ཀྱང་བཀོད་མ་སོང་། ཇོའུ་རིན་པོ། ཁྱེད་ཚོས་ལས་ཀ་ཡག་པོ་བྱས་མ་གཏོགས།
ཐུབ་ཚོད་རེད། དབང་ཡོད་རེད། ར་ལུག་གྲས་སུ་མེ་འདའ་རྒྱག་མི་ཐུབ་ཀྱང་མི་ཚོགས་སུ་མེ་འདའ་རྒྱག་པ་ནི་ཐུབ་ཚོད་རེད། ཚེ་སྲོག་རིན་ཐང་ཆེ། རང་གིས་རང་མ་སྐྱོབ་ན་གཞན་སུ་ཞིག་གིས་སྐྱོབ་མི་ཐུབ། སྤུན་ཟླ་ཚོ། གཅིག་རྒྱབ་གཅིག་གིས་ལངས། དམར་ཕྱོགས་གཞུང་སྐྱག་ལངས་མ་བཏང་། ད་ལྟ་མི་གསོད་དེ་ལྟར་བཞག་པ་ཡིན་ན་མ་འོངས་བ་དེ་ལས་སྡིག་ཏུ་འགྲོ་བ་ཐེ་ཚོམ་རེད། བོད་མི་རྣམས་གཅིག་སྒྲིལ་བྱས་ན་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད། ནུས་བ་ཡོད། སྤུན་ཟླ་ཚོ། ང་ཚོ་ནི་མི་ཞིག་ཡིན་པས་ཅི་ཞིག་བྱེད་འདོད་ཀྱང་དེ་ལྟར་བྱེད་ཐུབ་པའི་ནུས་བ་ཡོད། མི་རིགས་གཞན་ལྟར་ནུས་པ་ཡོད། ང་ཚོ་ལ་བཙན་ཞིང་སྲ་བའི་ཁོར་ཡུག་ཡོད། ང་ཚོ་ལ་དཔའ་པོའི་རྣམ་ཐར་ཡོད། སྡུག་ན་མིག་ཆུ་མི་ཤོར་རྒྱུ།། སྐྱེས་པ་ཕོ་ཡི་ངོ་ཚ་ཡིན།། ལྐོག་ན་རྩྭ་ལྡུམ་མི་ཟ་རྒྱུ།། རྒྱ་སྟག་ཁྲ་མོའི་ངོ་ཚ་ཡིན།།
ཐུབ་ཚོད་རེད། དབང་ཡོད་རེད། ར་ལུག་གྲས་སུ་མེ་འདའ་རྒྱག་མི་ཐུབ་ཀྱང་མི་ཚོགས་སུ་མེ་འདའ་རྒྱག་པ་ནི་ཐུབ་ཚོད་ རེད། ཚེ་སྲོག་རིན་ཐང་ཆེ། རང་གིས་རང་མ་སྐྱོབ་ན་གཞན་སུ་ཞིག་གིས་སྐྱོབ་མི་ཐུབ། སྤུན་ཟླ་ཚོ། གཅིག་རྒྱབ་གཅིག་གིས་ལངས། དམར་ཕྱོགས་གཞུང་སྐྱག་ལངས་མ་བཏང་། ད་ལྟ་མི་གསོད་དེ་ལྟར་བཞག་པ་ཡིན་ན་མ་འོངས་བ་དེ་ལས་སྡིག་ཏུ་འགྲོ་བ་ཐེ་ཚོམ་ མེད། དེ་ལས་བོད་མི་མང་པོ་གང་བྱུང་གི་གསོད་ངེས་རེད། རྩེད་བྱེད་བྱས་ན་གསོད་ངེས་རེད། བོད་མི་རྣམས་གཅིག་སྒྲིལ་བྱས་ན་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད། ནུས་བ་ཡོད། སྤུན་ཟླ་ཚོ། ང་ཚོ་ནི་མི་ཞིག་ཡིན་པས་ཅི་ཞིག་བྱེད་འདོད་ཀྱང་དེ་ལྟར་བྱེད་ཐུབ་པའི་ནུས་བ་ ཡོད། མི་རིགས་གཞན་ལྟར་ནུས་པ་ཡོད། ང་ཚོ་ལ་བཙན་ཞིང་སྲ་བའི་ཁོར་ཡུག་ཡོད། ང་ཚོ་ལ་དཔའ་པོའི་རྣམ་ཐར་ཡོད། སྡུག་ན་མིག་ཆུ་མི་ཤོར་རྒྱུ།། སྐྱེས་པ་ཕོ་ཡི་ངོ་ཚ་ཡིན།། ལྐོག་ན་རྩྭ་ལྡུམ་མི་ཟ་རྒྱུ།། རྒྱ་སྟག་ཁྲ་མོའི་ངོ་ཚ་ཡིན།།
ངས་རེ་བ་ཡིན་ན་གཞུག་ཕྱོགས་འདི་ལྟ་བུའི་པར་སུས་ལག་ཏུ་རེག་ནའང་། ཐོག་མར་རྒྱལ་སྤྱིའི་གསར་ཁང་ཁག་ལ་གཏོང་དགོས་ཀྱི་འདུག དེ་ཡང་བརྒྱུད་ལམ་འདི་ལྟ་བུ་ཞིག་བརྒྱུད་དགོས་ཀྱི་འདུག པར་འདིའི་རིགས་ཐོག་མར་བོད་གཞུང་ལ་སྤྲད། བོད་གཞུང་གིས་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་བསྐོང་འགུག་གིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། གནས་ཚུལ་འདི་བཞིན་རྒྱལ་སྤྱི་རང་བཞིན་ཅན་དུ་བསྒྱུར། དེ་ནས་བོད་ཀྱི་གསར་ཁང་ཁག་གིས་བཀོད་ཀྱང་། འཕྱི་ཡོད་པ་མ་རེད། གང་ལྟར། གཞིས་ཀྱི་སྤུན་ཟླ་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད།
ཤི་རྨས་ཀྱི་གྲངས་ཅི་ཙམ་ཞིག་བྱུང་ཡོད་དམ་??????????? འདྲ་པར་འདི་དག་ནི་ཤིན་ཏུ་གཟི་བརྗིད་ཆེ་ དམྱལ་བ་མི་ཡུལ་དུ་རྨྱོངས་བཞིན་པའི་ཁམས་པའི་དཔལ་རྒོད་ཚོ་ཁྱེད་རྣམ་པའི་བསམ་དོན་རྨྱུད་དུ་འགྲུབ་ཤོག
བྲག་འགོ་རྫོང་གི་མི་དམངས་ཀྱིས་ཕུ་ནུ་ནང་གསོད་མི་བཏང་བའི་དམ་བཅའ་བརྟན་པོ་བཟུང་ཡོད་ལ་ཞི་བ་མ་གཏོགས་དྲག་སྤྱོད་མི་བྱེད་པའི་དཔང་རྟགས་བཞག་ཡོད། ཉིན་ཆ་ས་སྐྱ་༧གོང་མ་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ཀྱི་བཀའ་སློབ་ལྟར་ལག་ལེན་གྱི་ཐོག་ནས་གྲི་རིང་དང་གྲི་འཐུང་ཚང་མར་དོར་ཡོད། སྤྱིའི་ཆ་ནས་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་མཆོག་གི་འཚེ་མེད་ཞི་བདེའི་ལྟ་གྲུབ་ཀྱི་རྗེས་འཇུག་བྱེད་ཀྱི་ཡོད། ཞི་བའི་ངོ་རྒོལ་དོན་དང་བདེན་པ་སྦེལ་གྱི་ཡོད། སྤྱིའི་ཆ་ནས་ཤི་རྨས་ཀྱི་གནད་དོན་འདི་འདྲ་བྱུང་བར་སེམས་སྡིག་ཆེན་པོ་ཡོད་ཀྱང་གཉེན་ཕུ་ནུའི་ལག་འོག་ཏུ་ཤི་རྨས་ཕྱིན་པ་མ་ཡིན་པར་རྒྱ་གུན་ཁྲན་གྱི་འོག་ཏུ་ཤི་རྨས་བྱུང་བ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་བོད་མི་རིགས་ཀྱི་དཔའ་པོ་ངོ་མ་ཡིན། ཡིན་ནའང་རྒྱ་གུན་ཁྲན་ཏང་གིས་བྲག་འགོ་དང་གསེར་རྟ་སོགས་སུ་ཞི་རྒོལ་བའི་ཐོག་ཏུ་མེ་མདའ་བརྒྱབ་ཀྱི་ཡོད། གནད་དོན་འདིའི་ཐོག་ཏུ་རྒྱལ་སྤྱིའི་འགྲོ་བ་མི་ཡི་བལྟ་ཞིབ་ཚོགས་པ་དང་ཨ་རི། ཧྥི་རན་སི་དང་འཇར་མན་ནིས་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད། ཡིན་ནའང་གུན་ཁྲན་ཏང་གིས་དམག་ཤུགས་དང་རྒྱུ་ཤུགས་ཀྱིས་རྒྱལ་ཁབ་འདི་དག་གི་རེ་སྐུལ་བྱས་པ་རྣམས་སུ་རྩ་བ་ནས་བརྩི་སྲུང་བྱས་ཀྱི་མེད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་ནས་བཤད་པ་མ་གཏོགས་ལག་ལེན་གྱི་ཐོག་ནས་བོད་མི་རིགས་ལ་རྒྱབ་སྐྱོར་བྱས་ཕོད་མེད། ཨ་རབ་རྒྱལ་ཁབ་ཁག་གི་ནང་དུ་དམངས་གཙོ་གསར་བརྗེ་བ་ཚོའི་རྒྱབ་སྐྱོབ་བྱས་ནས་དམག་དྲངས་ཡོད་ཀྱང་བོད་མི་རིགས་ཀྱི་རྒྱབ་སྐྱོབ་བྱས་ནས་དམག་རྒྱབ་རོགས་བྱས་མཁན་ད་ལྟའི་བར་དུ་བྱུང་མྱངས་མེད། ཅིའི་ཕྱིར་་་ཁྱད་པ་འདི་བྱུང་བ་ཡིན་ནམ་ཞེས་པའི་དྲི་བ་ཞིག་བསླེབས་ཡོད། དྲི་བ་འདི་ཨ་རི་དང་ནུབ་ཕྱོགས་སྟོབས་རྒྱལ་ཁབ་ཁག་ལ་དྲི་འོང་པའི་དྲི་བ་ཞིག་རེད་འདོད།
སྙིང་རྗེ་འོས་སུ་གྱུར་པ་བོད་མིའི་ལས་དབང་རེད། བྱུང་ཆུབ་སེམས་ནི་ག་དུས་ཡིན་ན་ཡང་བསྐྱེད་དགོས་པ་ཞིག་རེད། བོད་པ་བྱུང་སེམས་ཡོད་ངེས་རེད།
དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ས་སྐྱ་གོང་མ་རྣམ་གཉིས་ཀྱི་བསླུ་མེད་ཀྱི་བཀའ་སློབ་སྙིང་དུ་བཟུང་སྟེ་གྲི་རིང་དང་གྲི་ཐུང་མཚོན་ཆའི་རིགས་དོར་ནས་ཕི་ནུ་ནང་རྨེ་མི་བྱེད་པའི་དམ་བཅའ་བཟུང་བའི་གནས་ཚུལ་དག་ལ་སྙིང་ནས་ཡིད་རང་ཡོད་
ཁམས་བྲག་མགོའི་དཔའ་བོ་དཔའ་མོ་ཚོའི་རང་སྲོག་འབེན་ལ་བཞག་ནས་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཆེད་དུ་ཞི་བའི་ངོ་རྒོལ་གནང་བ་ལ་སྙིང་ནས་ཐུགས་རྗེ་ཆེ།
ཕུ་ནུའི་སྨྲ་ཁ་འདི་ཡིས། ཅོ་རིའི་སེམས་སུ་ཚ་བྱུང་། ཤི་བོའི་རྣམ་ཤེས་འདི་ཡིས། ཅོ་རི་ཉལ་བཅུག་མི་འདུག ད་ནི་བཙན་བྱོལ་སྤུན་ཟླས། བྱེད་པའི་དུས་སུ་བབ་འདུག བྱང་ཆུབ་སེམས་མཆོག་སྐྱོར་ནས། ལས་དོན་འགྲུབ་ཐབས་མི་འདུག མར་མེ་འཕྲད་སྐོར་བྱེད་ནས། རང་དབང་ཐོབ་ཐབས་མི་འདུག ཟས་གཅོད་ངོ་རྒོལ་བྱེད་ནས། རང་བཙན་རེག་ཐབས་མི་འདུག ད་ནི་ཁྲིམས་ཀྱི་མདུན་སར། གཏུག་པའི་དུས་སུ་བབ་འདུག དྲང་བདེན་དཀར་ནག་དབྱེ་བ། ཕྱེས་པའི་དུས་སུ་བབ་འདུག འཛམ་གླིང་འདི་ཡི་མི་རིགས། ཁྲིམས་ཀྱིས་གང་དུ་བཞག་བཞག རང་དབང་རང་བཙན་ཡོད་མེད། ཁྲིམས་ཀྱིས་གང་ཞིག་འགོད་འགོད།།། ཁྲིམས་དཔོན་བློ་བཟང་སེང་གེས། ཁྲིམས་གཏུག་བྱེད་རན་རེད་འདུག ཁྲིམས་མེད་གུན་ཁྲན་ཏང་འདི། ཁྲིམས་སུ་སྦྱར་རོགས་བྱོས་དང་།
གཞིས་ལུས་དཔའ་བོ་དང་དཔའ་མོ་རྨས་མ་རྣམས་ཀྱི་སྐུ་དཔར་འདི་ལ་གཅིག་གཟིགས་དང་སྤུན་ཟླ་ཚོ། ད་དུང་དེ་ལས་འཇིགས་སུ་རུང་བ་མང་པོ་ང་ཚོས་རིག་ཐུབ་མེད་ལ་དམར་གསད་བཏང་བ་ཡང་མང་པོ་རིག་ཐུབ་མེད། ད་དུང་བཙོན་ཁང་དུ་མནར་གཅོད་མྱང་དང་མྱོང་བཞིན་པ་མང་པོའི་སྐུ་དཔར་རིག་ཐུབ་མེད། ད་ནི་བོད་མི་རིགས་ཀྱི་ལས་དབང་ལ། སྙིང་ཁམས་ལྕགས་ལས་གྲུབ་ན་ཡང་ད་ནི་ཞུ་ཚོད་ཡིན། ད་དུང་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རྒྱ་བོད་གཉིས་མཉམ་གནས་བྱེད་ཀྱི་ཡིན་ཟེར་ན། ང་ནི་ཞེ་གཏིང་ནས་ལོག་སོང་ལ་རྒྱ་རོ་དེ་ཚོ་མཐོང་ན་ཡང་ངའི་སྙིང་ཁམས་མེ་འབར་གྲབས་བྱེད་ཀྱི་འདུག། འོན་ཀྱང་ཐག་རིང་གཞན་ཡུལ་འདི་ནས་ཁྱེད་རྣམས་པར་མྱ་ངན་གུས་བཏུས་ཞུ་བ་དང་གདུང་སེམས་མཉམ་སྐྱེས་བྱ་རྒྱུ་མ་གཏོགས་ཅང་ལྷག་མི་འདུག།
བླ་སྤྲུལ་ཡིན་ཟེར་མཁན་དེ་ཚོ་ཡང་བོད་པ་ནང་ཁུལ་ལ་གཅིག་མ་བྱེད་གཉིས་མ་བྱེད་ཟེར། ཟེར་རྒྱུ་ཞིག་ཡོད་ན་ཞལ་རྒྱ་ལ་བསྐོར་ནས་སྣོན་ཤུགས་འདྲ་ཞིག་སྤྲད་ན་ཅི་འདྲའི་མི་ལེགས་སམ། མ་མཐར་ཡང་རང་ཉིད་ལ་ཕྱིའི་རྒྱལ་ཁབ་མང་པོར་སྦྱིན་བདག་དང་ཞལ་སློབ་མང་པོ་ཡོད་པ་རེད། དེ་ཚོར་འབོད་བསྐུལ་འདྲ་ཞུས་ནས་རྒྱ་ནག་ལ་སྣོན་ཤུགས་སྤྲོད་རོགས་བྱས་ན་ཡག་པོ་གང་འདྲ་མ་རེད་པས། ད་དུང་དེ་ཚོ་རྒྱུད་ནས་བོད་ནང་གི་གནས་སྟངས་བསྐོར་ཕྱི་རྒྱལ་ཁག་ནང་བསྒྲིལ་བསྒྲགས་གནང་ཐུབ་ན་ཕན་ཐོགས་ངེས་ཅན་ལྡན་ཡོད། དེ་བཞིན་བླ་སྤྲུལ་དེ་ཚོར་རྒྱ་རིགས་ཀྱི་སློབ་མ་མང་པོ་ཡོད་པ་རེད། དེ་ཚོར་རྒྱ་མིས་བོད་མིར་གནར་གཅོད་བཏང་སྟངས་གཏོང་ལུགས་འགྲེལ་བཤད་ཡག་པོ་རྒྱབ་ནས་རྒྱ་རིགས་ཚང་མར་ངེས་པར་དུ་ཤེས་སུ་འཇུག་དགོས་པ་རེད།དེ་མིན་བོད་པ་ཚང་མ་འདུལ་བའི་སྡོམ་ཁྲིམས་བསླབ་བསྡད་ན་ང་ནི་ཉོབ་ཡོང་གི་འདུག། དངོས་གནས་ལོག་ལྟ་མིན་དྲང་པོ་དྲང་བཞག་ཡིན། བཅོས་ལྷད་མེད།
འཇམ་མོག་མོག་གི་ཧོར་ཟླ་དང་པའི་ཚེས་གཅིག ཁྱེད་ལ་སྔར་བཞིན་ཀི་སྒྲ་དང་ཤོག་སྦག་གི་སྐད་སྒྲ་མེད་པར་འདི་ལྟར་ཉལ་དགོས་དོན་ཅི ངས་ཁྱེད་ལ་འདི་འདྲའི་རེ་བ་བཅང་མེད་ལ་ཡིད་ཆེས་དེ་བས་ཀྱང་བྱས་མེད ཡིན་ཡང་ཁྱེད་ཀྱིས་ང་ལ་འདི་ལྟར་སྤོབས་པ་དང་གསོན་ཤུགས་གནང་དོན་གང ངའི་བསམ་གཞིགས་ཐེངས་གཅིག་གི་ཁྲོད་ནས་ཁྱེད་ལ་དྲན་ཤིང་མི་འབྲི་ཀ་མེད་རེད སད་མ་སད་དང་འཇོན་མི་འཇོན་གྱི་སོ་ཁ་ནས་རྩིས་འཁོར་ལ་ལག་འཇུ་བྱེད་བཞིན འདི་ལྟར་དགོངས་དག་ཞུ་དགོས་བྱུང་ སྤྱིར་ཡིན་ན་ཁྱེད་ལ་ཤོག་སྦག་དང་ལྷ་རྒྱལ་ཀི་ཀི་བསྭོ་བསྭོ་ཧ་ཧ་་་་་་ཧོ་ཧོས་་་་་འབོད་བསྐུལ བསང་དུད་དང་ཟས་རིགས་ཀྱིས་མགྲོན་ཁ་བྱེད་པའི་ལུགས་སྲོལ་ཡོད་ཀྱང་ དེ་རིང་ངེད་ཚང་འདི་ལྟར་གཉིད་སོང་ གཟི་བརྗིད་དང་འོད་སྟོང་འབར་བའི་མ་འོངས་བའི་ངེད་ཚང་གི་བདེ་སྐྱིད་ནི་ངེད་ཚང་གི་མདུན་དུ་ལྷག་ནས་ཡོད འཇམ་མོག་མོག་གི་ཉིས་སྟོང་བཅུ་གཉིས་ཀྱི་ཧོར་ཟླ་དང་པོའི་ཚེས་གཅིག་གི་པེ་ཅིང་ཆུ་ཚོད་བརྒྱད་དང་ལ་སྐར་མ་ང་བརྒྱད་ཐོད་ཉལ་ས་ནས་མགོ་བོ་ཡར་བཀྱགས་ཏེ་བྲིས་པའོ།། བོད་རྒྱལ་ལོ་་་
དྲྭ་རྒྱའི་ལས་གྲོགས་ཡོང་ལ་འཚམས་འདྲིས་དང་བཀྲ་ཤིས་བདེ་ལེགས། ངོས་ཁ་བརྡའི་གནས་ལ་ཐེངས་མང་བཀླགས་མྱོང་ཡང་། འཛུལ་ཞུག་གི་མཆན་བུ་བཏབ་པར་མཛུམ་མོས་ལས་བྲེལ་འདིས་ད་རེས་དང་པོ་ཡིན། བྱས་དུས་ངོས་ནས་འཚམས་འདྲིས་འབུལ་རྒྱུའང་དེ་ཡིན།་ངོས་ནས་རྒྱ་གར་དུ་སྐྱེས་ནའང་བོད་ཀྱི་བསྟན་སྲིད་དོན་ལ་ལྷག་བསམ་ཕྱོགས་པ་ཞིག་ཡིན། མ་ཟད་འདི་གཞི་ལུས་སྤུན་ཟླ་མང་པོས་གཅེས་ཚེ་སྲོག་ཡང་མེ་མཆོད་ཕུལ་བ་སོགས་གནས་དོན་ཛ་དྲག་མང་པོ་གཅིག་མིན་གཉིས་མིན་མུ་འཐུད་ནས་ཡོང་བས་ང་སྒེར་མི་ཆུང་ཆུང་ཞིག་ཡིན་ནའང་སྙིང་ཁུང་སྟིང་ནས་ཤ་ཚ་དང་། རྒྱབ་སྐྱོར་ཡོད་། འོན་ཀྱང་ང་ཚོས་རྒྱ་གར་རང་དབང་ལུང་པའི་རྒྱབ་སྐྱོར་དེ་ནི་རྒྱགས་སྐྱིད་ངང་གིས་རྒྱབ་སྐྱོར་སྙམས། རེད་དེ་ངས་དེ་རིང་ཨ་ིརིའི་བོད་སྐད་རྒྱང་སྲིང་ཀུན་གླེང་གི་ལས་རིམ་དྲི་བ་དང་དྲི་ལན་ནང་ནས་ལོ་གསར་བྱེད་སྒོ་གནང་དང་མི་གནང་སྐོར་རེད་འདུག ངས་དེ་མཐོང་བ་དང་བློ་ཕམ་ཚད་མེད་བྱུང་སོང་། ངོས་ནས་བསམ་ཚུལ་ལན་ཞིག་དབུལ་སྙམས་ཀྱང་ཕྲིན་ཇི་འདྲ་བཏང་དགོས་མིན་ཆ་མ་འཚལ་བས་དེ་མུལ་ལུས། དེ་རིང་ཁ་བརྡ་ནང་ཞུགས་དགོས་རྐྱེན་དེ་འདྲ་རེད། ད་གཙོ་བོ་ཞུ་བྱ་ནི། ང་ཚོས་བཙན་བྱོལ་ནང་ཡིད་མཁན་ཚོས་འདི་ལོ་བོད་ནས་སེར་སྐྱ་མང་པོ་སྐུ་སྲོག་གྱོང་གུད་ག་ཚད་གནང་སོང་། དེ་ཚོ་སུ་ཡི་དོན་རེད་ཤུལ་ལུས་ང་ཚོས་དོན་དུ་ཡིན་པ་དངཐོག་་ངོས་ཟིན་དགོས་ཡག་གལ་ཆེན་པོ་རེད། སོ་སོས་ཕྲུ་གུ་བོད་སྐད་མ་ཤེས་ནའང་སྐད་ཡིག་གཞན་ཐོག་ངོས་ཟིན་པ་དགོས། འདི་ལོ་ལོ་གསར་བྱེད་སྒོ་དགའ་སྐྱིད་སྤྲོ་གསུམ་གནང་ཐུབ་ས་རེད་དམ། སོ་སོས་ཁྱོམ་ནང་ཕ་མ་གཉེན་འབྲེལ་འདས་གྲོངས་བྱུང་ན་ལོ་གསར་གཏོང་མི་གཏོང་གི་དྲི་ཚིག་ཡོད་དམ་མེད། དེ་བསམ་བློ་བཏང་ནས་ལོ་གསར་བཏང་དགོས་མིན་དོན་དེ་ལ་ཐུགས་བསམ་ཞོགས། གསུམ་པས་ལ་ལས་ལོ་གསར་མ་གཏང་ན་རིག་གཞུང་ཉམས་འགྲོ་ཚུལ་བཤད་སོང་བས་། བློ་རྒྱ་ཁབ་མིག་ལས་ཆུང་བ་ཅན་ཞིག་རེད། དེ་འདྲའི་རིག་གཞུང་ལ་དོ་སྣང་ཡོད་ན་ཁྱོད་ནང་མི་འདས་གྲོངས་ཕྱིན་ན་ལོ་གསར་གཏོང་གིས་ཨི་ཡིན། བྱས་དུས་རང་རེ་རང་དབང་ལུང་པ་རུ་བསྡད་དུས་ཕར་ཕྱོགས་སྐུ་སྲོག་གང་འདྲ་མེ་མཆོད་གནང་སོང་བས་དེ་ཐུགས་ལ་བཞག་། ང་ཚོས་ལོ་སོ་མ་དུས་ཚང་མས་ཉིན་གྲངས་ག་ཚད་ཐུབ་ནའང་དམར་ཟས་བཅད་ནས་དཀར་ཟས་ལ་རོལ་གནང་།་འདས་པོ་དེ་རྣམས་ཆེད་སྨྱུང་གནས་དཀར་ཆོག་ག་ཚད་གནང་ཐུབ་ཐུབ་གནང་རོག་ང་ཡི་སྒེར་ཞུ་ཡིན་ཚང་མས་དོན་ལྡན་གཟིགས་ན་རྒཐབ་སྐྱོར་གནང་ནས་འབུལ་བསྐུལ་གནང་ན་གང་འདྲ་འདུག
བཙན་བྱོལ་རྒྱགས་རྩེད་ངང་ལ་རོལ་བ། རང་དབང་གང་སོང་ལ་རོལ་བ། ་ཧ་ལོ་ཧ་ཡི་དང་ཨ་ཆ་དང་བ་བ་ཡི་རོལ་བའི་ང་ཚོ་ཁ་སང་via ནང་ནས་ལོ་གསར་སྐོར་དོན་མེད་མང་པོ་ཞིག་ཀུན་གླེང་བྱས་སོང་། ཨ་ཀུན་གླེང་ནི་མུན་གླེང་རེད་བསམ་སོང་། རེད་གཞི་ཆགས་རང་རྒན་སོགས་time pass ཆེད་བལྟས་མོ་དེ་ལ་དགའ་མོས་ཡོད་། ང་རང་གཞི་ཆགས་ཡིན། སེམས་ཆགས་ཡང་ཡིན། འོན་གཞི་ལུས་སྤུན་ཟླ་ཚོད་བྱས་རྗེས་རྐང་སུབ་མ་སོང་དགོས་རེད། སེམས་ཤུག་མ་ཆགས་གནང་ཡག་དེ་ང་ཚོ་རྒྱགས་རྩེད་ངང་དང་གཞི་ལུས་སྐུ་སྲོག་མེ་མཆོད་ལ་བལྟས་མོ་བལྟ་ཡག་མ་རེད། སྙིང་ཤུག་སྐྱེད་དགོས་ཡག་དང་དགེ་རྩ་བསྔོ་དགོས་ཡག་རེད། ད་མང་པོ་བྲིས་རྒྱུ་མིན་དོན་རྩ་ལ། ལོ་གསར་རྩ་ནས་མ་ཏོང་། ནང་མི་ཤི་ནས་ལོ་གསར་མི་གཏོང་བ་དེ་ཡང་རིག་གཞུང་ཡིན་། འཕགས་པའི་རིགས་བདུན་གྲས་སུ་འགྲོ ཚང་མས་ཆོ་འཕྲུལ་ཟླ་བའི་འདས་པོ་དེ་རྣམས་ཆེད་དཀར་ཟད་དགེ་བ་ལ་རོལ་གནང་རིག་སྐུ་ཆེ་སྐུ་ཆེ་སྐུ་ཆེ། སྨྱུང་གནས་རང་རང་སོ་སོས་ཁྱིམ་ནང་དུ་འདུག་རོག་ཡང་ན་དགོན་ནང་དུ་བཞུགས་ན་ལེགས་སོ། འདས་པོ་དེ་རྣམས་ང་ཚོས་མ་བརྗེད་།
གླུ་ཨ་ལ་ཐ་ལ་ཐ་ལ་རེད་ ཐ་ལ་ངག་གི་འགུག་ལུག་རེད་ གླུ་ཐ་ལ་མེ་ལེན་བཀའ་མེད་རེདྲ གནའ་སྔ་མོ་སྔར་གྱི་དུས་ཚོད་། བོད་ཆོས་ལྡན་ཞིང་གི་རྒྱལ་ཁམས་འདེར་། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས་། འབངས་སྐར་ཚོགས་ཕྲ་མོས་ས་གཞི་ཁྱབས་། སྐྱིད་ལོངས་སྤྱོད་གཉིས་ལ་རྫོག་མཐའ་མེད་། ཕུ་ན་སྒོམ་ཆེན་གྲང་མེད་བཞུགས་། ཉམ་རྟོགས་ཀྱི་མྱུ་གུ་རྒྱས་བཞིན་ཡོད་། མདའ་ནས་ཡོན་བདག་གྲངས་མེད་བྱོན་། ནོར་ལོངས་སྤྱོད་གང་འདོད་འཕུལ་ཞིན་ཡོད་། དགོན་ཆེན་སྐར་ཚོགས་ལྷུངས་འདྲ་ཡོད་། མགོན་ཆུང་ཙེས་ཙེས་གྲངས་མེད་ཡོད་། དད་ལྡན་ཆུ་ཁའི་བྱེ་མ་བཞིན་ གྲངས་མང་བའི་དཔེ་ལ་འཇོག་ཐབས་མེད་། ཆོས་ཡིག་དྲུག་རང་སྒྲ་འཁྲོལ་ཞིན་ཡོད་། བདེ་སྐྱེད་ལྷ་དང་མཉམ་བཞིན་ཡོད་། དུས་དེང་སང་ཡིན་པས་དུས་ཚོད་ལ་། བོད་ཆོལ་གསུམ་རྒྱ་འདྲེས་དབང་དུ་བསྡུས།་། སྐྱེས་པའི་མི་རྣམས་མཚོན་གྱི་བསད་ བསགས་པའི་རྒྱུ་ནོར་དཔུང་གིས་འཕྲོགས་། བཞེངས་པའི་ལྷ་རྟེན་ཐང་ལ་གཡུགས་ ཆོས་བྱེད་སྐྱེ་བུ་བཙོན་དུ་བཟུང་། ཡིད་དམུག་ལེ་ཨེ་ཤེས་བཙན་བྱོལ་བ་། སེམ་འདུག་ལེ་ཨེ་འཚོར་སྤུན་ཟླ་རྣམ་། ད་དེ་མུར་སྡོད་ཐབས་ཨེ་ཡོད་ལགས་། གནའ་མིའི་བོད་ཀྱི་གཏམ་དཔེ་ལ་ ཕོ་རྒོད་པོའི་རྒྱབ་ལ་སྤུང་གཅིག་དགོས་། སྤུང་མེད་ན་སྡར་མ་ཆུ་གློད་རེད་། ཟེར་བ་འཇིགས་རྟེན་དཔེར་ཡོད་། ད་ར་རྡ་ཡོད་ན་རྒྱུག་རེན་འདུག་། རྒྱབ་སྣོན་ཡོད་ན་འགྲོ་རེན་འདུག་ རེན་པས་མི་ཚད་ཕྱེད་ནས་འདུག་
དཔའ་བོ་དཔའ་མོ་་རྣམས་ནི་བླ་མ་དང་མཆོག་གསུམ་ལ་གསོལ་འདེབས་དང་ཡིད་ཆེས་རྩེ་གཅིག་ཏུ་ཡོད་མཁན་ཤ་རྟག་རེད། ཁ་ཙམ་པ་ཁྱེད་ཅག་གི་བསམ་བློ་གང་འདྲ་ལགས། ཁྱེད་རྣམས་ཀྱིས་ཐུགས་བཏད་དང་རྐྱན་ངན་བཟློག་པའི་ལྷ་གསོལ་གང་ཡང་ཡོད་སྐད་མེད་པ་ཅི་རེད།
གླིང་ཕྲུག་ལགས། ཁྱེད་ཀྱི་བཏགས་མིང་འདི་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་སྒྲུང་ནང་གི་གླིང་གི་དཔའ་རྟུལ་ག་གེ་མོའི་གླིང་ཕྲུག་ལ་སྦྱར་ནས་བཏགས་པ་ཞིག་ཡིན་རྒྱུ་མ་རེད་པ། དེ་ཡིན་ན་མིང་དོན་མི་མཚུངས་གི་ཡ། བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་ཐུགས་གཏད་དང་རྐྱེན་ངན་བཟློག་པའི་ལྷ་གསོལ་ཀླུ་གསོལ་དུས་ད་ལྟ་ལ་ཐུག་གི་བར་དུ་ཟམ་མ་ཆད་པར་བྱས་བྱས་པ་རེད། རྐྱེན་ངན་བཟློག་རྒྱུ་ཞིག་ཡོད་ན་ནི་བཟློག་ཚར་ཚོད་ཡིན། རྐྱེན་ངན་བར་ཆད་གསོལ་འདེབས་དང་སྨོན་ལམ་ཙམ་གྱི་མི་བཟློག་པ་མ་ཟད། རྐྱེན་ངན་བར་ཆད་བསེལ་བའི་བྱེད་པོར་གྲགས་པའི་ལྷ་དང་ཆོས་སྲུང་སོགས་ནི་མེད་པའི་མེད་རྟགས་གསལ་པོར་བསྟན་ཚར་བ་རེད། རྨོངས་དད་ཟེར་ན་དེ་ལ་ཟེར་ནི་རེད། ཡོད་ན་ཡོད་རྟགས་ཞིག་བསྟན་དགོས་ཀྱང་ང་ཚོར་མི་འདོད་པའི་རྐྱེན་ངན་དང་བར་ཆད་ནི་ཇེ་མང་དང་ཇེ་སྡུག་རེད། བྱས་ཙང་མེད་པ་མངོན་སུམ་ཚད་མས་བསྟན་ཚར་སོང་། འོ་ན་ང་ཚོ་ག་པར་འཐུག་འདུག་ལབ་ན་ང་ཚོའི་བྱ་བ་དང་བྱེད་ལས་ལ་རགས་ལུས་པ་གསལ་པོ་རེད། དེ་ནི་རྟེན་འབྱུང་གི་ཆོས་ཉིད་ཀྱི་ངོ་བོ་ལས་མ་འདས་པ་རེད། དེ་ལ་རིག་འཛིན་ཚང་དབྱངས་རྒྱ་མཚོས། མི་མངོན་དབྱིངས་ན་བཞུགས་པའི། དམ་ཅན་ཆོས་སྐྱོང་ནག་པོ། མཐུ་དང་ནུས་པ་ཡོད་ན། བསྟན་པའི་དགྲ་བོ་གྲོལ་དང་། ཞེས་པ་འདི་གནད་ལ་མཁེལ་བའི་གསུང་ཚིག་ཞིག་རེད་འདུག།
དཔའ་བོ་འདི་རྣམས་ལ་ཁ་ཙམ་དང་ཚིག་ཙམ་མིན་པའི་ཐོག་ནས་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་མཆོག་གསུམ་ལ་སྐྱབས་སུ་ཞུ་རོག
ཨ་ལ་ལ་་་ཞེད་སྣང་ཚ་བ་ལ། པར་འདི་དག་ལ་གསལ་བཤད་རེ་དང་འདྲ་པར་ངོས་ཀྱི་དཔའ་བོ་དེ་དག་སུ་སུ་ཡིན་འགྲེལ་བཤད་རེ་ཡོད་ན་ཤིན་ཏུ་བདེ་བོ་འདུག
འདི་དག་མཐོང་ཡོང་ན་སེམས་ལ་ཅིག་འཚང་ཡོང་བ་ལས་ཅི་ཡིན་འདི་ཡིན་ཡང་མི་ཤེས་པ་ཞིག ད་ངོ་མ་རྒྱ་དམར་པོ་འདི་ཚོས་བོད་ཞེན་ཚང་མ་བསད་ནས་ཚར་རྒྱུ་རེད། ཨ་ཁ་ཁ་ཁ། ད་ཅི་བྱས་ན་ཕན།
གནས་ཚུལ་ངོ་མ་དེ་འདི་ན་འདུག
http://boxun.com/news/gb/china/2012/02/201202010945.shtml
མ་འོང་པར་བོད་ནང་གི་དཔའ་བོ་་དཔའ་མོ་ཚོའི་སྒྲ་པར་ལག་གསོན་བྱུང་ཚེ་སྔོན་ལ་BBC དང་ཡང་ན་CNN
གཉིས་ལ་འབྲེལ་བ་བྱེད་ཐུབས་པའི་འབད་བརྩོན་གནང་རོག་གནང་།
རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྒྲ་པར་དེ་ཐོང་དུས་སེམ་པ་མི་སྐྱེད་པ་ཞིག་ཡོང་གི་འདུག་
སུ་ཡིན་མིང་འདོན་བྱས་ན་ད་དུང་འཛིན་བཟུང་མནར་གཅོད་ཀྱི་ཉེན་ཁ་ཡོད་པའང་མི་མཁྱེན་པ་ཡིན་ནམ།
བོད་གཞུང་དྲ་བས་འདི་དག་མི་བཀོད་པ་དེ་ག་རེ་ཡིན་ནམ། ཁ་སང་སྤྲུལ་སྐུ་བསོད་བྷོའི་སྐུ་ཕུང་ཀྱང་བཀོད་མ་སོང་། ཇོའུ་རིན་པོ། ཁྱེད་ཚོས་ལས་ཀ་ཡག་པོ་བྱས་མ་གཏོགས།
ཐུབ་ཚོད་རེད། དབང་ཡོད་རེད། ར་ལུག་གྲས་སུ་མེ་འདའ་རྒྱག་མི་ཐུབ་ཀྱང་མི་ཚོགས་སུ་མེ་འདའ་རྒྱག་པ་ནི་ཐུབ་ཚོད་རེད། ཚེ་སྲོག་རིན་ཐང་ཆེ། རང་གིས་རང་མ་སྐྱོབ་ན་གཞན་སུ་ཞིག་གིས་སྐྱོབ་མི་ཐུབ། སྤུན་ཟླ་ཚོ། གཅིག་རྒྱབ་གཅིག་གིས་ལངས། དམར་ཕྱོགས་གཞུང་སྐྱག་ལངས་མ་བཏང་། ད་ལྟ་མི་གསོད་དེ་ལྟར་བཞག་པ་ཡིན་ན་མ་འོངས་བ་དེ་ལས་སྡིག་ཏུ་འགྲོ་བ་ཐེ་ཚོམ་རེད། བོད་མི་རྣམས་གཅིག་སྒྲིལ་བྱས་ན་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད། ནུས་བ་ཡོད། སྤུན་ཟླ་ཚོ། ང་ཚོ་ནི་མི་ཞིག་ཡིན་པས་ཅི་ཞིག་བྱེད་འདོད་ཀྱང་དེ་ལྟར་བྱེད་ཐུབ་པའི་ནུས་བ་ཡོད། མི་རིགས་གཞན་ལྟར་ནུས་པ་ཡོད། ང་ཚོ་ལ་བཙན་ཞིང་སྲ་བའི་ཁོར་ཡུག་ཡོད། ང་ཚོ་ལ་དཔའ་པོའི་རྣམ་ཐར་ཡོད། སྡུག་ན་མིག་ཆུ་མི་ཤོར་རྒྱུ།། སྐྱེས་པ་ཕོ་ཡི་ངོ་ཚ་ཡིན།། ལྐོག་ན་རྩྭ་ལྡུམ་མི་ཟ་རྒྱུ།། རྒྱ་སྟག་ཁྲ་མོའི་ངོ་ཚ་ཡིན།།
ཐུབ་ཚོད་རེད། དབང་ཡོད་རེད། ར་ལུག་གྲས་སུ་མེ་འདའ་རྒྱག་མི་ཐུབ་ཀྱང་མི་ཚོགས་སུ་མེ་འདའ་རྒྱག་པ་ནི་ཐུབ་ཚོད་ རེད། ཚེ་སྲོག་རིན་ཐང་ཆེ། རང་གིས་རང་མ་སྐྱོབ་ན་གཞན་སུ་ཞིག་གིས་སྐྱོབ་མི་ཐུབ། སྤུན་ཟླ་ཚོ། གཅིག་རྒྱབ་གཅིག་གིས་ལངས། དམར་ཕྱོགས་གཞུང་སྐྱག་ལངས་མ་བཏང་། ད་ལྟ་མི་གསོད་དེ་ལྟར་བཞག་པ་ཡིན་ན་མ་འོངས་བ་དེ་ལས་སྡིག་ཏུ་འགྲོ་བ་ཐེ་ཚོམ་ མེད། དེ་ལས་བོད་མི་མང་པོ་གང་བྱུང་གི་གསོད་ངེས་རེད། རྩེད་བྱེད་བྱས་ན་གསོད་ངེས་རེད། བོད་མི་རྣམས་གཅིག་སྒྲིལ་བྱས་ན་རྒྱ་ནག་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད། ནུས་བ་ཡོད། སྤུན་ཟླ་ཚོ། ང་ཚོ་ནི་མི་ཞིག་ཡིན་པས་ཅི་ཞིག་བྱེད་འདོད་ཀྱང་དེ་ལྟར་བྱེད་ཐུབ་པའི་ནུས་བ་ ཡོད། མི་རིགས་གཞན་ལྟར་ནུས་པ་ཡོད། ང་ཚོ་ལ་བཙན་ཞིང་སྲ་བའི་ཁོར་ཡུག་ཡོད། ང་ཚོ་ལ་དཔའ་པོའི་རྣམ་ཐར་ཡོད། སྡུག་ན་མིག་ཆུ་མི་ཤོར་རྒྱུ།། སྐྱེས་པ་ཕོ་ཡི་ངོ་ཚ་ཡིན།། ལྐོག་ན་རྩྭ་ལྡུམ་མི་ཟ་རྒྱུ།། རྒྱ་སྟག་ཁྲ་མོའི་ངོ་ཚ་ཡིན།།
ངས་རེ་བ་ཡིན་ན་གཞུག་ཕྱོགས་འདི་ལྟ་བུའི་པར་སུས་ལག་ཏུ་རེག་ནའང་། ཐོག་མར་རྒྱལ་སྤྱིའི་གསར་ཁང་ཁག་ལ་གཏོང་དགོས་ཀྱི་འདུག
དེ་ཡང་བརྒྱུད་ལམ་འདི་ལྟ་བུ་ཞིག་བརྒྱུད་དགོས་ཀྱི་འདུག
པར་འདིའི་རིགས་ཐོག་མར་བོད་གཞུང་ལ་སྤྲད། བོད་གཞུང་གིས་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་བསྐོང་འགུག་གིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། གནས་ཚུལ་འདི་བཞིན་རྒྱལ་སྤྱི་རང་བཞིན་ཅན་དུ་བསྒྱུར། དེ་ནས་བོད་ཀྱི་གསར་ཁང་ཁག་གིས་བཀོད་ཀྱང་། འཕྱི་ཡོད་པ་མ་རེད།
གང་ལྟར། གཞིས་ཀྱི་སྤུན་ཟླ་རྣམས་ཀྱི་ངོ་སོ་ཡར་ལ་བསྟོད།
ཤི་རྨས་ཀྱི་གྲངས་ཅི་ཙམ་ཞིག་བྱུང་ཡོད་དམ་???????????
འདྲ་པར་འདི་དག་ནི་ཤིན་ཏུ་གཟི་བརྗིད་ཆེ་
དམྱལ་བ་མི་ཡུལ་དུ་རྨྱོངས་བཞིན་པའི་ཁམས་པའི་དཔལ་རྒོད་ཚོ་ཁྱེད་རྣམ་པའི་བསམ་དོན་རྨྱུད་དུ་འགྲུབ་ཤོག
བྲག་འགོ་རྫོང་གི་མི་དམངས་ཀྱིས་ཕུ་ནུ་ནང་གསོད་མི་བཏང་བའི་དམ་བཅའ་བརྟན་པོ་བཟུང་ཡོད་ལ་ཞི་བ་མ་གཏོགས་དྲག་སྤྱོད་མི་བྱེད་པའི་དཔང་རྟགས་བཞག་ཡོད། ཉིན་ཆ་ས་སྐྱ་༧གོང་མ་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ཀྱི་བཀའ་སློབ་ལྟར་ལག་ལེན་གྱི་ཐོག་ནས་གྲི་རིང་དང་གྲི་འཐུང་ཚང་མར་དོར་ཡོད། སྤྱིའི་ཆ་ནས་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་མཆོག་གི་འཚེ་མེད་ཞི་བདེའི་ལྟ་གྲུབ་ཀྱི་རྗེས་འཇུག་བྱེད་ཀྱི་ཡོད། ཞི་བའི་ངོ་རྒོལ་དོན་དང་བདེན་པ་སྦེལ་གྱི་ཡོད།
སྤྱིའི་ཆ་ནས་ཤི་རྨས་ཀྱི་གནད་དོན་འདི་འདྲ་བྱུང་བར་སེམས་སྡིག་ཆེན་པོ་ཡོད་ཀྱང་གཉེན་ཕུ་ནུའི་ལག་འོག་ཏུ་ཤི་རྨས་ཕྱིན་པ་མ་ཡིན་པར་རྒྱ་གུན་ཁྲན་གྱི་འོག་ཏུ་ཤི་རྨས་བྱུང་བ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་བོད་མི་རིགས་ཀྱི་དཔའ་པོ་ངོ་མ་ཡིན།
ཡིན་ནའང་རྒྱ་གུན་ཁྲན་ཏང་གིས་བྲག་འགོ་དང་གསེར་རྟ་སོགས་སུ་ཞི་རྒོལ་བའི་ཐོག་ཏུ་མེ་མདའ་བརྒྱབ་ཀྱི་ཡོད། གནད་དོན་འདིའི་ཐོག་ཏུ་རྒྱལ་སྤྱིའི་འགྲོ་བ་མི་ཡི་བལྟ་ཞིབ་ཚོགས་པ་དང་ཨ་རི། ཧྥི་རན་སི་དང་འཇར་མན་ནིས་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད། ཡིན་ནའང་གུན་ཁྲན་ཏང་གིས་དམག་ཤུགས་དང་རྒྱུ་ཤུགས་ཀྱིས་རྒྱལ་ཁབ་འདི་དག་གི་རེ་སྐུལ་བྱས་པ་རྣམས་སུ་རྩ་བ་ནས་བརྩི་སྲུང་བྱས་ཀྱི་མེད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་ནས་བཤད་པ་མ་གཏོགས་ལག་ལེན་གྱི་ཐོག་ནས་བོད་མི་རིགས་ལ་རྒྱབ་སྐྱོར་བྱས་ཕོད་མེད། ཨ་རབ་རྒྱལ་ཁབ་ཁག་གི་ནང་དུ་དམངས་གཙོ་གསར་བརྗེ་བ་ཚོའི་རྒྱབ་སྐྱོབ་བྱས་ནས་དམག་དྲངས་ཡོད་ཀྱང་བོད་མི་རིགས་ཀྱི་རྒྱབ་སྐྱོབ་བྱས་ནས་དམག་རྒྱབ་རོགས་བྱས་མཁན་ད་ལྟའི་བར་དུ་བྱུང་མྱངས་མེད། ཅིའི་ཕྱིར་་་ཁྱད་པ་འདི་བྱུང་བ་ཡིན་ནམ་ཞེས་པའི་དྲི་བ་ཞིག་བསླེབས་ཡོད། དྲི་བ་འདི་ཨ་རི་དང་ནུབ་ཕྱོགས་སྟོབས་རྒྱལ་ཁབ་ཁག་ལ་དྲི་འོང་པའི་དྲི་བ་ཞིག་རེད་འདོད།
སྙིང་རྗེ་འོས་སུ་གྱུར་པ་བོད་མིའི་ལས་དབང་རེད། བྱུང་ཆུབ་སེམས་ནི་ག་དུས་ཡིན་ན་ཡང་བསྐྱེད་དགོས་པ་ཞིག་རེད།
བོད་པ་བྱུང་སེམས་ཡོད་ངེས་རེད།
དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ས་སྐྱ་གོང་མ་རྣམ་གཉིས་ཀྱི་བསླུ་མེད་ཀྱི་བཀའ་སློབ་སྙིང་དུ་བཟུང་སྟེ་གྲི་རིང་དང་གྲི་ཐུང་མཚོན་ཆའི་རིགས་དོར་ནས་ཕི་ནུ་ནང་རྨེ་མི་བྱེད་པའི་དམ་བཅའ་བཟུང་བའི་གནས་ཚུལ་དག་ལ་སྙིང་ནས་ཡིད་རང་ཡོད་
ཁམས་བྲག་མགོའི་དཔའ་བོ་དཔའ་མོ་ཚོའི་རང་སྲོག་འབེན་ལ་བཞག་ནས་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་ཆེད་དུ་ཞི་བའི་ངོ་རྒོལ་གནང་བ་ལ་སྙིང་ནས་ཐུགས་རྗེ་ཆེ།
མི་རིགས་ཀུན་ལས་ལྷག་པའི།། བྱམས་བརྩེ་ཅན་གྱི་བོད་པ།། ཤན་པ་མི་བཞིའི་འོག་ནས།། མྱུར་ཏུ་ཐར་བའི་སྨོན་ལམ།།
ཕུ་ནུའི་སྨྲ་ཁ་འདི་ཡིས།
ཅོ་རིའི་སེམས་སུ་ཚ་བྱུང་།
ཤི་བོའི་རྣམ་ཤེས་འདི་ཡིས།
ཅོ་རི་ཉལ་བཅུག་མི་འདུག
ད་ནི་བཙན་བྱོལ་སྤུན་ཟླས།
བྱེད་པའི་དུས་སུ་བབ་འདུག
བྱང་ཆུབ་སེམས་མཆོག་སྐྱོར་ནས།
ལས་དོན་འགྲུབ་ཐབས་མི་འདུག
མར་མེ་འཕྲད་སྐོར་བྱེད་ནས།
རང་དབང་ཐོབ་ཐབས་མི་འདུག
ཟས་གཅོད་ངོ་རྒོལ་བྱེད་ནས།
རང་བཙན་རེག་ཐབས་མི་འདུག
ད་ནི་ཁྲིམས་ཀྱི་མདུན་སར།
གཏུག་པའི་དུས་སུ་བབ་འདུག
དྲང་བདེན་དཀར་ནག་དབྱེ་བ།
ཕྱེས་པའི་དུས་སུ་བབ་འདུག
འཛམ་གླིང་འདི་ཡི་མི་རིགས།
ཁྲིམས་ཀྱིས་གང་དུ་བཞག་བཞག
རང་དབང་རང་བཙན་ཡོད་མེད།
ཁྲིམས་ཀྱིས་གང་ཞིག་འགོད་འགོད།།།
ཁྲིམས་དཔོན་བློ་བཟང་སེང་གེས།
ཁྲིམས་གཏུག་བྱེད་རན་རེད་འདུག
ཁྲིམས་མེད་གུན་ཁྲན་ཏང་འདི།
ཁྲིམས་སུ་སྦྱར་རོགས་བྱོས་དང་།
གཞིས་ལུས་དཔའ་བོ་དང་དཔའ་མོ་རྨས་མ་རྣམས་ཀྱི་སྐུ་དཔར་འདི་ལ་གཅིག་གཟིགས་དང་སྤུན་ཟླ་ཚོ། ད་དུང་དེ་ལས་འཇིགས་སུ་རུང་བ་མང་པོ་ང་ཚོས་རིག་ཐུབ་མེད་ལ་དམར་གསད་བཏང་བ་ཡང་མང་པོ་རིག་ཐུབ་མེད། ད་དུང་བཙོན་ཁང་དུ་མནར་གཅོད་མྱང་དང་མྱོང་བཞིན་པ་མང་པོའི་སྐུ་དཔར་རིག་ཐུབ་མེད། ད་ནི་བོད་མི་རིགས་ཀྱི་ལས་དབང་ལ། སྙིང་ཁམས་ལྕགས་ལས་གྲུབ་ན་ཡང་ད་ནི་ཞུ་ཚོད་ཡིན། ད་དུང་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རྒྱ་བོད་གཉིས་མཉམ་གནས་བྱེད་ཀྱི་ཡིན་ཟེར་ན། ང་ནི་ཞེ་གཏིང་ནས་ལོག་སོང་ལ་རྒྱ་རོ་དེ་ཚོ་མཐོང་ན་ཡང་ངའི་སྙིང་ཁམས་མེ་འབར་གྲབས་བྱེད་ཀྱི་འདུག། འོན་ཀྱང་ཐག་རིང་གཞན་ཡུལ་འདི་ནས་ཁྱེད་རྣམས་པར་མྱ་ངན་གུས་བཏུས་ཞུ་བ་དང་གདུང་སེམས་མཉམ་སྐྱེས་བྱ་རྒྱུ་མ་གཏོགས་ཅང་ལྷག་མི་འདུག།
བླ་སྤྲུལ་ཡིན་ཟེར་མཁན་དེ་ཚོ་ཡང་བོད་པ་ནང་ཁུལ་ལ་གཅིག་མ་བྱེད་གཉིས་མ་བྱེད་ཟེར། ཟེར་རྒྱུ་ཞིག་ཡོད་ན་ཞལ་རྒྱ་ལ་བསྐོར་ནས་སྣོན་ཤུགས་འདྲ་ཞིག་སྤྲད་ན་ཅི་འདྲའི་མི་ལེགས་སམ། མ་མཐར་ཡང་རང་ཉིད་ལ་ཕྱིའི་རྒྱལ་ཁབ་མང་པོར་སྦྱིན་བདག་དང་ཞལ་སློབ་མང་པོ་ཡོད་པ་རེད། དེ་ཚོར་འབོད་བསྐུལ་འདྲ་ཞུས་ནས་རྒྱ་ནག་ལ་སྣོན་ཤུགས་སྤྲོད་རོགས་བྱས་ན་ཡག་པོ་གང་འདྲ་མ་རེད་པས། ད་དུང་དེ་ཚོ་རྒྱུད་ནས་བོད་ནང་གི་གནས་སྟངས་བསྐོར་ཕྱི་རྒྱལ་ཁག་ནང་བསྒྲིལ་བསྒྲགས་གནང་ཐུབ་ན་ཕན་ཐོགས་ངེས་ཅན་ལྡན་ཡོད། དེ་བཞིན་བླ་སྤྲུལ་དེ་ཚོར་རྒྱ་རིགས་ཀྱི་སློབ་མ་མང་པོ་ཡོད་པ་རེད། དེ་ཚོར་རྒྱ་མིས་བོད་མིར་གནར་གཅོད་བཏང་སྟངས་གཏོང་ལུགས་འགྲེལ་བཤད་ཡག་པོ་རྒྱབ་ནས་རྒྱ་རིགས་ཚང་མར་ངེས་པར་དུ་ཤེས་སུ་འཇུག་དགོས་པ་རེད།དེ་མིན་བོད་པ་ཚང་མ་འདུལ་བའི་སྡོམ་ཁྲིམས་བསླབ་བསྡད་ན་ང་ནི་ཉོབ་ཡོང་གི་འདུག། དངོས་གནས་ལོག་ལྟ་མིན་དྲང་པོ་དྲང་བཞག་ཡིན། བཅོས་ལྷད་མེད།
འཇམ་མོག་མོག་གི་ཧོར་ཟླ་དང་པའི་ཚེས་གཅིག
ཁྱེད་ལ་སྔར་བཞིན་ཀི་སྒྲ་དང་ཤོག་སྦག་གི་སྐད་སྒྲ་མེད་པར་འདི་ལྟར་ཉལ་དགོས་དོན་ཅི
ངས་ཁྱེད་ལ་འདི་འདྲའི་རེ་བ་བཅང་མེད་ལ་ཡིད་ཆེས་དེ་བས་ཀྱང་བྱས་མེད
ཡིན་ཡང་ཁྱེད་ཀྱིས་ང་ལ་འདི་ལྟར་སྤོབས་པ་དང་གསོན་ཤུགས་གནང་དོན་གང
ངའི་བསམ་གཞིགས་ཐེངས་གཅིག་གི་ཁྲོད་ནས་ཁྱེད་ལ་དྲན་ཤིང་མི་འབྲི་ཀ་མེད་རེད
སད་མ་སད་དང་འཇོན་མི་འཇོན་གྱི་སོ་ཁ་ནས་རྩིས་འཁོར་ལ་ལག་འཇུ་བྱེད་བཞིན
འདི་ལྟར་དགོངས་དག་ཞུ་དགོས་བྱུང་
སྤྱིར་ཡིན་ན་ཁྱེད་ལ་ཤོག་སྦག་དང་ལྷ་རྒྱལ་ཀི་ཀི་བསྭོ་བསྭོ་ཧ་ཧ་་་་་་ཧོ་ཧོས་་་་་འབོད་བསྐུལ
བསང་དུད་དང་ཟས་རིགས་ཀྱིས་མགྲོན་ཁ་བྱེད་པའི་ལུགས་སྲོལ་ཡོད་ཀྱང་
དེ་རིང་ངེད་ཚང་འདི་ལྟར་གཉིད་སོང་
གཟི་བརྗིད་དང་འོད་སྟོང་འབར་བའི་མ་འོངས་བའི་ངེད་ཚང་གི་བདེ་སྐྱིད་ནི་ངེད་ཚང་གི་མདུན་དུ་ལྷག་ནས་ཡོད
འཇམ་མོག་མོག་གི་ཉིས་སྟོང་བཅུ་གཉིས་ཀྱི་ཧོར་ཟླ་དང་པོའི་ཚེས་གཅིག་གི་པེ་ཅིང་ཆུ་ཚོད་བརྒྱད་དང་ལ་སྐར་མ་ང་བརྒྱད་ཐོད་ཉལ་ས་ནས་མགོ་བོ་ཡར་བཀྱགས་ཏེ་བྲིས་པའོ།། བོད་རྒྱལ་ལོ་་་
དྲྭ་རྒྱའི་ལས་གྲོགས་ཡོང་ལ་འཚམས་འདྲིས་དང་བཀྲ་ཤིས་བདེ་ལེགས། ངོས་ཁ་བརྡའི་གནས་ལ་ཐེངས་མང་བཀླགས་མྱོང་ཡང་། འཛུལ་ཞུག་གི་མཆན་བུ་བཏབ་པར་མཛུམ་མོས་ལས་བྲེལ་འདིས་ད་རེས་དང་པོ་ཡིན། བྱས་དུས་ངོས་ནས་འཚམས་འདྲིས་འབུལ་རྒྱུའང་དེ་ཡིན།་ངོས་ནས་རྒྱ་གར་དུ་སྐྱེས་ནའང་བོད་ཀྱི་བསྟན་སྲིད་དོན་ལ་ལྷག་བསམ་ཕྱོགས་པ་ཞིག་ཡིན། མ་ཟད་འདི་གཞི་ལུས་སྤུན་ཟླ་མང་པོས་གཅེས་ཚེ་སྲོག་ཡང་མེ་མཆོད་ཕུལ་བ་སོགས་གནས་དོན་ཛ་དྲག་མང་པོ་གཅིག་མིན་གཉིས་མིན་མུ་འཐུད་ནས་ཡོང་བས་ང་སྒེར་མི་ཆུང་ཆུང་ཞིག་ཡིན་ནའང་སྙིང་ཁུང་སྟིང་ནས་ཤ་ཚ་དང་། རྒྱབ་སྐྱོར་ཡོད་། འོན་ཀྱང་ང་ཚོས་རྒྱ་གར་རང་དབང་ལུང་པའི་རྒྱབ་སྐྱོར་དེ་ནི་རྒྱགས་སྐྱིད་ངང་གིས་རྒྱབ་སྐྱོར་སྙམས། རེད་དེ་ངས་དེ་རིང་ཨ་ིརིའི་བོད་སྐད་རྒྱང་སྲིང་ཀུན་གླེང་གི་ལས་རིམ་དྲི་བ་དང་དྲི་ལན་ནང་ནས་ལོ་གསར་བྱེད་སྒོ་གནང་དང་མི་གནང་སྐོར་རེད་འདུག ངས་དེ་མཐོང་བ་དང་བློ་ཕམ་ཚད་མེད་བྱུང་སོང་། ངོས་ནས་བསམ་ཚུལ་ལན་ཞིག་དབུལ་སྙམས་ཀྱང་ཕྲིན་ཇི་འདྲ་བཏང་དགོས་མིན་ཆ་མ་འཚལ་བས་དེ་མུལ་ལུས། དེ་རིང་ཁ་བརྡ་ནང་ཞུགས་དགོས་རྐྱེན་དེ་འདྲ་རེད། ད་གཙོ་བོ་ཞུ་བྱ་ནི། ང་ཚོས་བཙན་བྱོལ་ནང་ཡིད་མཁན་ཚོས་འདི་ལོ་བོད་ནས་སེར་སྐྱ་མང་པོ་སྐུ་སྲོག་གྱོང་གུད་ག་ཚད་གནང་སོང་། དེ་ཚོ་སུ་ཡི་དོན་རེད་ཤུལ་ལུས་ང་ཚོས་དོན་དུ་ཡིན་པ་དངཐོག་་ངོས་ཟིན་དགོས་ཡག་གལ་ཆེན་པོ་རེད། སོ་སོས་ཕྲུ་གུ་བོད་སྐད་མ་ཤེས་ནའང་སྐད་ཡིག་གཞན་ཐོག་ངོས་ཟིན་པ་དགོས། འདི་ལོ་ལོ་གསར་བྱེད་སྒོ་དགའ་སྐྱིད་སྤྲོ་གསུམ་གནང་ཐུབ་ས་རེད་དམ། སོ་སོས་ཁྱོམ་ནང་ཕ་མ་གཉེན་འབྲེལ་འདས་གྲོངས་བྱུང་ན་ལོ་གསར་གཏོང་མི་གཏོང་གི་དྲི་ཚིག་ཡོད་དམ་མེད། དེ་བསམ་བློ་བཏང་ནས་ལོ་གསར་བཏང་དགོས་མིན་དོན་དེ་ལ་ཐུགས་བསམ་ཞོགས། གསུམ་པས་ལ་ལས་ལོ་གསར་མ་གཏང་ན་རིག་གཞུང་ཉམས་འགྲོ་ཚུལ་བཤད་སོང་བས་། བློ་རྒྱ་ཁབ་མིག་ལས་ཆུང་བ་ཅན་ཞིག་རེད། དེ་འདྲའི་རིག་གཞུང་ལ་དོ་སྣང་ཡོད་ན་ཁྱོད་ནང་མི་འདས་གྲོངས་ཕྱིན་ན་ལོ་གསར་གཏོང་གིས་ཨི་ཡིན། བྱས་དུས་རང་རེ་རང་དབང་ལུང་པ་རུ་བསྡད་དུས་ཕར་ཕྱོགས་སྐུ་སྲོག་གང་འདྲ་མེ་མཆོད་གནང་སོང་བས་དེ་ཐུགས་ལ་བཞག་། ང་ཚོས་ལོ་སོ་མ་དུས་ཚང་མས་ཉིན་གྲངས་ག་ཚད་ཐུབ་ནའང་དམར་ཟས་བཅད་ནས་དཀར་ཟས་ལ་རོལ་གནང་།་འདས་པོ་དེ་རྣམས་ཆེད་སྨྱུང་གནས་དཀར་ཆོག་ག་ཚད་གནང་ཐུབ་ཐུབ་གནང་རོག་ང་ཡི་སྒེར་ཞུ་ཡིན་ཚང་མས་དོན་ལྡན་གཟིགས་ན་རྒཐབ་སྐྱོར་གནང་ནས་འབུལ་བསྐུལ་གནང་ན་གང་འདྲ་འདུག
བཙན་བྱོལ་རྒྱགས་རྩེད་ངང་ལ་རོལ་བ། རང་དབང་གང་སོང་ལ་རོལ་བ། ་ཧ་ལོ་ཧ་ཡི་དང་ཨ་ཆ་དང་བ་བ་ཡི་རོལ་བའི་ང་ཚོ་ཁ་སང་via ནང་ནས་ལོ་གསར་སྐོར་དོན་མེད་མང་པོ་ཞིག་ཀུན་གླེང་བྱས་སོང་། ཨ་ཀུན་གླེང་ནི་མུན་གླེང་རེད་བསམ་སོང་། རེད་གཞི་ཆགས་རང་རྒན་སོགས་time pass ཆེད་བལྟས་མོ་དེ་ལ་དགའ་མོས་ཡོད་། ང་རང་གཞི་ཆགས་ཡིན། སེམས་ཆགས་ཡང་ཡིན། འོན་གཞི་ལུས་སྤུན་ཟླ་ཚོད་བྱས་རྗེས་རྐང་སུབ་མ་སོང་དགོས་རེད། སེམས་ཤུག་མ་ཆགས་གནང་ཡག་དེ་ང་ཚོ་རྒྱགས་རྩེད་ངང་དང་གཞི་ལུས་སྐུ་སྲོག་མེ་མཆོད་ལ་བལྟས་མོ་བལྟ་ཡག་མ་རེད། སྙིང་ཤུག་སྐྱེད་དགོས་ཡག་དང་དགེ་རྩ་བསྔོ་དགོས་ཡག་རེད། ད་མང་པོ་བྲིས་རྒྱུ་མིན་དོན་རྩ་ལ། ལོ་གསར་རྩ་ནས་མ་ཏོང་། ནང་མི་ཤི་ནས་ལོ་གསར་མི་གཏོང་བ་དེ་ཡང་རིག་གཞུང་ཡིན་། འཕགས་པའི་རིགས་བདུན་གྲས་སུ་འགྲོ ཚང་མས་ཆོ་འཕྲུལ་ཟླ་བའི་འདས་པོ་དེ་རྣམས་ཆེད་དཀར་ཟད་དགེ་བ་ལ་རོལ་གནང་རིག་སྐུ་ཆེ་སྐུ་ཆེ་སྐུ་ཆེ། སྨྱུང་གནས་རང་རང་སོ་སོས་ཁྱིམ་ནང་དུ་འདུག་རོག་ཡང་ན་དགོན་ནང་དུ་བཞུགས་ན་ལེགས་སོ། འདས་པོ་དེ་རྣམས་ང་ཚོས་མ་བརྗེད་།
གླུ་ཨ་ལ་ཐ་ལ་ཐ་ལ་རེད་
ཐ་ལ་ངག་གི་འགུག་ལུག་རེད་
གླུ་ཐ་ལ་མེ་ལེན་བཀའ་མེད་རེདྲ
གནའ་སྔ་མོ་སྔར་གྱི་དུས་ཚོད་།
བོད་ཆོས་ལྡན་ཞིང་གི་རྒྱལ་ཁམས་འདེར་།
རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས་།
འབངས་སྐར་ཚོགས་ཕྲ་མོས་ས་གཞི་ཁྱབས་།
སྐྱིད་ལོངས་སྤྱོད་གཉིས་ལ་རྫོག་མཐའ་མེད་།
ཕུ་ན་སྒོམ་ཆེན་གྲང་མེད་བཞུགས་།
ཉམ་རྟོགས་ཀྱི་མྱུ་གུ་རྒྱས་བཞིན་ཡོད་།
མདའ་ནས་ཡོན་བདག་གྲངས་མེད་བྱོན་།
ནོར་ལོངས་སྤྱོད་གང་འདོད་འཕུལ་ཞིན་ཡོད་།
དགོན་ཆེན་སྐར་ཚོགས་ལྷུངས་འདྲ་ཡོད་།
མགོན་ཆུང་ཙེས་ཙེས་གྲངས་མེད་ཡོད་།
དད་ལྡན་ཆུ་ཁའི་བྱེ་མ་བཞིན་
གྲངས་མང་བའི་དཔེ་ལ་འཇོག་ཐབས་མེད་།
ཆོས་ཡིག་དྲུག་རང་སྒྲ་འཁྲོལ་ཞིན་ཡོད་།
བདེ་སྐྱེད་ལྷ་དང་མཉམ་བཞིན་ཡོད་།
དུས་དེང་སང་ཡིན་པས་དུས་ཚོད་ལ་།
བོད་ཆོལ་གསུམ་རྒྱ་འདྲེས་དབང་དུ་བསྡུས།་།
སྐྱེས་པའི་མི་རྣམས་མཚོན་གྱི་བསད་
བསགས་པའི་རྒྱུ་ནོར་དཔུང་གིས་འཕྲོགས་།
བཞེངས་པའི་ལྷ་རྟེན་ཐང་ལ་གཡུགས་
ཆོས་བྱེད་སྐྱེ་བུ་བཙོན་དུ་བཟུང་།
ཡིད་དམུག་ལེ་ཨེ་ཤེས་བཙན་བྱོལ་བ་།
སེམ་འདུག་ལེ་ཨེ་འཚོར་སྤུན་ཟླ་རྣམ་།
ད་དེ་མུར་སྡོད་ཐབས་ཨེ་ཡོད་ལགས་།
གནའ་མིའི་བོད་ཀྱི་གཏམ་དཔེ་ལ་
ཕོ་རྒོད་པོའི་རྒྱབ་ལ་སྤུང་གཅིག་དགོས་།
སྤུང་མེད་ན་སྡར་མ་ཆུ་གློད་རེད་།
ཟེར་བ་འཇིགས་རྟེན་དཔེར་ཡོད་།
ད་ར་རྡ་ཡོད་ན་རྒྱུག་རེན་འདུག་།
རྒྱབ་སྣོན་ཡོད་ན་འགྲོ་རེན་འདུག་
རེན་པས་མི་ཚད་ཕྱེད་ནས་འདུག་
དཔའ་བོ་དཔའ་མོ་་རྣམས་ནི་བླ་མ་དང་མཆོག་གསུམ་ལ་གསོལ་འདེབས་དང་ཡིད་ཆེས་རྩེ་གཅིག་ཏུ་ཡོད་མཁན་ཤ་རྟག་རེད།
ཁ་ཙམ་པ་ཁྱེད་ཅག་གི་བསམ་བློ་གང་འདྲ་ལགས།
ཁྱེད་རྣམས་ཀྱིས་ཐུགས་བཏད་དང་རྐྱན་ངན་བཟློག་པའི་ལྷ་གསོལ་གང་ཡང་ཡོད་སྐད་མེད་པ་ཅི་རེད།
གླིང་ཕྲུག་ལགས། ཁྱེད་ཀྱི་བཏགས་མིང་འདི་གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་སྒྲུང་ནང་གི་གླིང་གི་དཔའ་རྟུལ་ག་གེ་མོའི་གླིང་ཕྲུག་ལ་སྦྱར་ནས་བཏགས་པ་ཞིག་ཡིན་རྒྱུ་མ་རེད་པ། དེ་ཡིན་ན་མིང་དོན་མི་མཚུངས་གི་ཡ།
བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་ཐུགས་གཏད་དང་རྐྱེན་ངན་བཟློག་པའི་ལྷ་གསོལ་ཀླུ་གསོལ་དུས་ད་ལྟ་ལ་ཐུག་གི་བར་དུ་ཟམ་མ་ཆད་པར་བྱས་བྱས་པ་རེད། རྐྱེན་ངན་བཟློག་རྒྱུ་ཞིག་ཡོད་ན་ནི་བཟློག་ཚར་ཚོད་ཡིན། རྐྱེན་ངན་བར་ཆད་གསོལ་འདེབས་དང་སྨོན་ལམ་ཙམ་གྱི་མི་བཟློག་པ་མ་ཟད། རྐྱེན་ངན་བར་ཆད་བསེལ་བའི་བྱེད་པོར་གྲགས་པའི་ལྷ་དང་ཆོས་སྲུང་སོགས་ནི་མེད་པའི་མེད་རྟགས་གསལ་པོར་བསྟན་ཚར་བ་རེད། རྨོངས་དད་ཟེར་ན་དེ་ལ་ཟེར་ནི་རེད། ཡོད་ན་ཡོད་རྟགས་ཞིག་བསྟན་དགོས་ཀྱང་ང་ཚོར་མི་འདོད་པའི་རྐྱེན་ངན་དང་བར་ཆད་ནི་ཇེ་མང་དང་ཇེ་སྡུག་རེད། བྱས་ཙང་མེད་པ་མངོན་སུམ་ཚད་མས་བསྟན་ཚར་སོང་། འོ་ན་ང་ཚོ་ག་པར་འཐུག་འདུག་ལབ་ན་ང་ཚོའི་བྱ་བ་དང་བྱེད་ལས་ལ་རགས་ལུས་པ་གསལ་པོ་རེད། དེ་ནི་རྟེན་འབྱུང་གི་ཆོས་ཉིད་ཀྱི་ངོ་བོ་ལས་མ་འདས་པ་རེད། དེ་ལ་རིག་འཛིན་ཚང་དབྱངས་རྒྱ་མཚོས།
མི་མངོན་དབྱིངས་ན་བཞུགས་པའི།
དམ་ཅན་ཆོས་སྐྱོང་ནག་པོ།
མཐུ་དང་ནུས་པ་ཡོད་ན།
བསྟན་པའི་དགྲ་བོ་གྲོལ་དང་། ཞེས་པ་འདི་གནད་ལ་མཁེལ་བའི་གསུང་ཚིག་ཞིག་རེད་འདུག།
དཔའ་བོ་འདི་རྣམས་ལ་ཁ་ཙམ་དང་ཚིག་ཙམ་མིན་པའི་ཐོག་ནས་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་ཤར་བའི་མཆོག་གསུམ་ལ་སྐྱབས་སུ་ཞུ་རོག