རྟ་ནག་སྐལ་བཟང་ལུང་རིགས།
ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་བསྟབས་པ་དེ་ནི། རྒྱ་ནག་ནང་ཁུལ་ཏུ་ནག་ཉེས་བཟོ་སླད་སྐུལ་མ་བཏང་བའོ།།
རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མ་ཁྲོ་ཞེའུ་རེས་གཟའ་ཕུར་བའི་ཕྱི་ཚེས་བཅུ་བཞི་ཉིན། ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་སྤྲད་པ་ནི་བྱས་ཉེས་བསག་པར་བསྐུལ་མ་བྱེད་པ་དང་མཚུངས་ཞེས་པའི་བསྒྲགས་གཏམ་སྤེལ། ཟླ་བཅུ་བའི་ཚེས་བརྒྱད་ཉིན་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཁྲི་མུན་དུ་བཙུད་ཡོད་པའི་ལུག་ཞོ་པོ་ལ་དབུལ་བའི་བསྒྲགས་ཡིག་སྤེལ་རྗེས། རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱིས་ཐེངས་ཁ་ཤས་ལ་རྒོལ་བ་ཤུགས་ཆེར་བགྱིས།
མ་ ཁྲོ་ཞེའུ་བཤད་རྒྱུར། ནོར་ཝེ་ནོ་སྦེལ་ཨུ་ཡོན་ལྷན་ཁང་གིས་ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་སྤྲད་པ་ དེས། རྒྱ་ནག་ནང་ཁུལ་དུ་བྱས་ཉེས་བསག་པར་བསྐུལ་མ་བཏང་བ་དང་། རྒྱ་ནག་གི་ཁྲིམས་འཛིན་གཙོ་དབང་ལ་རྒོལ་བ་བྱེད་པ་སོགས་རེད་ཟེར། གསར་འགོད་པས། ལུག་ཞོ་པོའི་ཟླ་གྲོགས་ལུག་ཞ་ཡིས་བྱས་ཉེས་ཅི་ཞིག་བསགས་སོང་།
དེང་སྐབས་མོ་རང་ཁྱིམ་དུ་བཟང་བཙོན་དུ་དགག་དགོས་པའི་རྒྱུ་མཚན་ཅི་ཞེས་དྲིས་ཚེ། མ་ཁྲོ་ཞེས་ཀྱིས། “རྒྱ་ནག་གི་ཁྲིམས་འཛིན་དང་ཁྲིམས་ལུགས་ཀྱིས་རྒྱ་ནག་མི་སེར་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་ཞིང་སྐྱོབ་པ་རེད།”ཅེས་ལན་བཏབ།
ཡང་ཁོས་བཤད་རྒྱུར། རྒྱ་ནག་ཀྱང་རྒྱལ་ཁབ་གཞན་དག་དང་གཅིག་མཚུངས་ཡིན་ཏེ། ཁྲིམས་ལུགས་ཀྱི་མདུན་དུ་མི་བུ་ཚང་མར་འདྲ་མཉམ་གྱི་ཁེ་དབང་དང་། དབང་ཆ་མེད་པའི་མི་སུ་དང་སུ་ཡིན་ཡང་ཁྲིམས་འཛིན་ལ་ཁ་ལོ་བསྒྱུར་བའི་བདག་དབང་ ཡོད། དེ་ལྟ་ནའང་། མི་སུ་ཡིན་ཡང་། ཁྲིམས་ཀྱི་ལྡོག་ཕྱོགས་སུ་ལས་འགུལ་སྤེལ་ཏེ་བྱས་ཉེས་བསགས་པ་དང་།
རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐུན་མོང་གི་ཁེ་ཕན་ལ་ཕུང་གྲོལ་བགྱིད་པ་བཅས་ལ་ཁྲིམས་ ལུགས་ལྟར་ཁྲིམས་ཉེས་ཆད་འགེལ་བ་ཡིན། དེ་བས། རྒྱ་ནག་གི་ཁྲིམས་འཛིན་བདག་དབང་ལ་མ་རུངས་པའི་ལས་བྱས་མི་ཆོག
ཡང་ཁོས་ལྡོག་ སྟེ་བཤད་རྒྱུར། རྒྱལ་ཁབ་ཁ་ཤས་ཀྱིས་ལུག་ཞོ་པོ་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་རྒྱབ་སྐྱོར་མཛད་བཞིན་གདའ། ཡང་སྙིང་ཁོ་ཚོའི་ཁོ་ཚོའི་བསམ་ཚུལ་ངོ་མ་ནི། སེམས་དང་བསམ་པའི་གཏིང་ནས་རྒྱ་ནག་གི་འཕེལ་རྒྱས་ལ་མ་དགའ་བའི་རྒྱུ་མཚན་མ་རེད་ དམ། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་མ་མགུ་བ་མ་རེད་དམ།
ཐུན་མོང་གིས་ཆོ་ངེ་འདོན་པ།
རྒྱ་ནག་ནང་ཁུལ་གྱི་ཆེས་ཆེ་བའི་སྨྱན་སྦྱོར་བ་མང་བོ་ཞིག་ད་ལྟའི་བར་ད་དུང་སྔར་མུས་བཞིན་འཇམ་ཅག་གེར་ཡོད་ནའང་། ༼མི་དམངས་ཉིན་རེ་ཚགས་པར༽ཁང་གིས་གཙོ་སྒྲུབ་བགྱིས་པའི་གསར་ཤོག༼འཛམ་གླིང་དུས་བབ༽ཀྱིས་རྒྱུན་བསྐྱངས་ནས་ཉིན་མང་བོར་རྩོམ་ཡིག་མང་བོ་སྤེལ་འདུག
རེས་གཟའ་ཕུར་བའི༼འཛམ་གླིང་དུས་བབ༽ཀྱིས་ཉིན་གཉིས་ཀྱི་སྔོན་ལ་ནོར་ཝེ་ལག་རྩལ་སློབ་ གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཁི་འར་ཟི་ཏ་ལ་བཅར་འདྲི་བྱས་པ་ནི། ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཨུ་ཡོན་ལྷན་ཁང་གིས་ལུག་ཞོ་པོ་ལ་ཞི་བདེ་གཟེངས་ རྟགས་སྤྲད་པ་དེ་ཤིན་ཏུ་ནས་ནོར་བ་ཆེན་པོ་ཞིག་ཡིན་ཞེས་བསྙད།
ཁི་འར་ཟི་ཏ་ ཡི་ལུང་དྲངས་ནས་བཤད་ན། “ངས་བལྟས་ན་ཞི་བདེ་གཟེངས་རྟགས་འབུལ་ཡུལ་གྱི་ཚད་གཞི་ལ་བལྟ་དགོས་པ་ནི་ནོ་ སྦེལ་ཞལ་ཆེམས་ཁྲོད་ཀྱི་ཆེས་གལ་ཆེ་བའི་ཚད་གཞི་ཉག་གཅིག་ཡིན། དེ་བས་ཐེངས་འདིར་ནོར་འཁྲུལ་གྱི་ལམ་དུ་སོང་བ་རེད།”
འཕྲིན་གཏོང་བས་ཡང་བསྐྱར་འདི་ལྟར་བཤད། ཁི་འར་ཟི་ཏ་སློབ་དཔོན་ཆེན་མོས་འདི་ལྟར་བསམ་གྱིན་ཡོད་དེ། ནོ་སྦེལ་གཟེངས་རྟགས་ཨུ་ཡོན་ལྷན་ཚོགས་ནི་ཕྱི་ཚུལ་གྱི་ཆ་ནས་རང་དབང་སྒེར་ཚུགས་ ཡོད་པ་ལྟ་བུ་ཞིག་ཡིན་ཡང་། ནོར་ཝེ་གྲོས་ཚོགས་སུ་གདན་ཐོབ་ཡོད་པའི་ཏང་སྲིད་དང་། ནོར་ཝེ་སྲིད་གཞུང་གིས་ཐག་གཅོད་འདི་ལ་རྒྱབ་སྐྱོར་བགྱིས་པ་ཡིན་ཞིང་།
ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡ་ཀི་ལན་སྔོན་ཆད་ནོར་ཝེའི་སྤྱི་ ཁྱབ་བློན་ཆེན་ནམ་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་མྱོང་བ་དེས་ཀྱང་ངོ་།།
ཆེས་མཐོའི་ཁྲིམས་ལུགས་འགས་གཏོར་བ།
༼ འཛམ་གླིང་དུས་བབ༽ཏུ་ཉིན་མང་བོའི་རིང་དགག་རྩོམ་སྤེལ་བའི་གྲས་སུ་ཆེས་རྣོ་དབལ་ དང་ལྡན་པའི་དཔྱད་བརྗོད་པ་ཞིག་གི་བྲིས་རྩོམ་དུ། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་བསྟབས་པ་ དེ་ནི་ངོ་ཚ་འོས་པའི་བྱ་སྤྱོད་ཅིག་ཡིན་པར་བསྟན་ཡོད།
བྲིས་རྩོམ་དེ་ལས་ བཤད་རྒྱུར། ཁྲི་མུན་ནང་གི་ལུག་ཞོ་པོ་ལ་ནོ་སྦེལ་གཟེངས་རྟགས་བསྟབས་པ་དེས། ནུབ་ཕྱོགས་པའི་ལྟ་སྤྱོད་བཟུང་ནས་ རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ལ་འུར་ཟིང་སློང་བའི་བྱེད་ཐབས་ཤིག་རེད། ནོ་སྦེལ་ལྷན་ཚོགས་ཀྱི་བྱེད་ཐབས་འདི་དང་། མི་ངན་ཁ་ཤས་ངན་རུབ་ཀྱིས་རྒྱ་ནག་ལ་ཁ་རྡུང་གཏོང་བའི་བྱ་སྤྱོད་ལ་ཁྱད་པར་ཅི་ཡང་ ཡོད་པ་མ་རེད་ཅེས་བསྟན་འདུག
ཁོ་ཚོས་ཁྲེལ་ཡོད་དང་ལྡན་པར་བྱས་ན་འགྲིག་གི་རེད།
ཡང་བྲིས་རྩོམ་དེ་ལས་བཤད་རྒྱུར། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་འོས་འདེམས་པ་མི་ལྔ་བོ་དེས་ཟས་ཞིམ་གོས་ མཛེས་ཀྱིས་སྤྲོ་སྐྱིད་གཏོང་བ་ལས། རྒྱ་ནག་གི་བྲེལ་འཚུབ་ཁྲོད་ཀྱི་གནད་དོན་དང་། རྒྱ་ནག་གི་ཆེས་ལྕི་བའི་སེམས་ཁྲལ་བྱ་ཡུལ་དང་། རེ་སྨོན་བྱ་ས་གང་ཡིན་སྐོར་ཁོ་ཚོས་ཡེ་ནས་རྟོགས་མེད་པ་དེའོ།།
བྲིས་རྩོམ་དུ་ད་དུང་ནོ་སྦེལ་ལྷན་ཚོགས་ཟེར་བ་དེས། “རྒྱ་ནག་གི་ཆེས་མཐོའི་ཁྲིམས་ལུགས་འགས་གཏོར་བར”ཞི་བདེ་སྣེ་ཁྲིད་པར་བསྙད་ཅིང་། དེའི་རྒྱབ་ལྗོངས་ཀྱི་ཁ་ལོ་བ་དག་གིས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཆེ་ཤོས་ཡིན་ པའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་རྒྱ་ནག་གི་ཉེས་ཅན་བཙོན་མ་ཞིག་ལ་བསྟབས་པས།
ད་ཡོད་ཀྱི་རྒྱ་ནག་གི་ཁྲིམས་ལུགས་ཀྱི་ངར་ཤུགས་ལ་ཚོད་འཛིན་དམ་པོ་བྱས་པ་རེད།
རྩོམ་པ་བོ་དེས་ད་དུང་། ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལྟར་རྒྱ་ནག་གི་ཁྲིམས་ལུགས་དབང་ཤུགས་འགས་གཏོར་བ་ཞིག་ལ་ཞིག་ལ་ཞི་བདེའི་མཚན་སྙན་སྤྲད་པ་དེས། “སྤྱི་བའི་ཁེ་དབང”ཞེས་པའང་མ་བརྟགས་བྱུང་རྒྱལ་དུ་བེད་སྤྱད་པ་ཡིན་པས། མིའི་རིགས་ཀྱི་ཤེས་རིག་ཁྲོད་དུ་བཞག་པའི་བྱས་ཉེས་ཆེ་ཤོས་དེ་ཡང་ཅི་ལ་མིན།
༼འཛམ་གླིང་དུས་བབ༽ལས་གཞན། ཞིན་ཧྭ་གསར་ཁང་གིས་རེས་གཟའ་མིག་དམར་ལ་འགྲེམ་སྤེལ་བགྱིས་པའི་བྲིས་རྩོམ་དུ། ཡང་བསྐྱར་ཕྱི་རྒྱལ་གྱི་ཤེས་ལྡན་པ་དག་གིས་ནོ་ཝེའི་ནོ་སྦེལ་ལྷན་ཚོགས་ལ་དགག་རྒྱག་བྱས་པ་ཁ་ཤས་ལུང་འདྲེན་བྱས་ཏེ་བཀོད་འདུག
རེས་གཟའ་སྔོན་མའི་གཟའ་པ་སངས་ཉིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ལུག་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་ སྤྲད་རྒྱུར་ཡོངས་ཁྱབ་གསལ་བསྒྲགས་བྱས་རྗེས། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་གློ་རྡེག་ཏུ་འདུ་ཚོགས་བསྐངས་ཤིང་། ནོར་ཝེ་ན་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བཀོད་ཁྱབ་བཏང་སྟེ། རྒོལ་བ་བྱ་དགོས་སྐོར་བཤད་འདུག
སྤྱི་ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན་རྒྱ་ནག་གིས་སྔོན་མ་ནས་གཏན་འཁེལ་བྱས་པའི་གྲོས་མོལ་ཞིག་ཕྱིར་འཐེན་བྱས་པ་སྟེ། རྒྱལ་ཁབ་གཉིས་ཀྱི་ཉ་ལས་སྐོར་གྱི་གྲོས་མོལ་བསྡུ་རྒྱུ་དེའོ།། ནོེར་ཝེ་ཕྱོགས་ནས་རྒྱ་ནག་གིས་གྲོས་མོལ་ཕྱིར་འཐེན་བགྱིས་པ་འདི་ནི་སྙིང་ནད་རྩོད་ཐེངས་དང་པོ་དེ་ཡིན་པར་ངོས་འཛིན་བྱས་འདུག་གོ།
http://www.bbc.co.uk/zhongwen/simp/china/2010/10/101014_china_noble_reaction.shtml
སྦི་སྦི་སིའི་རྒྱ་ཡིག་དྲ་ཚིགས་ལས་བཏུས་ཏེ་བསྒྱུར།
སྒྱུར་མཁན་གྱི་གསལ་བཤད། རྩོམ་བྱང་སྒྱུར་མཁན་གྱིས་བཏགས།