སྒོམ་སྡེ་ལྷ་རམས་པ།
ཕྱི་རོལ་པ། མུ་སྟེགས་པའི་མིང་། གཞུང་ཆེན་མོ་རྣམས་སུ་ཕྱི་རོལ་པ་ཞེས་འབྱུང་བ་འདི་རྒྱ་གར་
གྱི་ཧིནྡཱུའི་ཆོས་ལུགས་པར་གོ སྒྲ་བཤད་ནི། ཕྱི་རོལ་པ་ཞེས་པའི་ཐ་སྙད་འདི་ཐོག་མར་བྲམ་ཟེའམ་
མིང་གཞན་ཚངས་པ་བ་“ब्राह्मण”ཞེས་པ་འདིའི་སྒེར་མིང་ཡིན་ལ། རྗེས་སུ་སྤྱི་མིང་བྱེ་བྲག་ལ་
ཆགས་ནས་མུ་སྟེགས་པ་སྤྱིའི་མིང་དུ་གྱུར་ཏོ། །བྲམ་ཟེ་ལ་ཕྱི་རོལ་པ་ཟེར་བའི་རྒྱུ་མཚན་ནི། བྲམ་
ཟེ་རྣམས་ཁྱིམ་ན་མི་གནས་ཤིང་གྲོང་གི་ཕྱི་རོལ་དུ་གནས་དབེན་པ་དག་ན་དཀའ་ཐུབ་དང་ཚངས་
སྤྱོད་དང་གཙང་སྦྲ་སོགས་ཀྱི་དཀར་པོ་དགེ་བའི་ཆོས་ལ་སྤྱོད་ཅིང་བཞུགས་པས་ཁོང་ཅག་ལ་ཕྱི་
རོལ་པ་ཞེས་བྱའོ། །དེ་ཡང་སྒྲ་སྦྱོར་བམ་གཉིས་ལས། བྲཱཧྨཎ་ཞེས་བྱ་བ་བསྐལ་པ་དང་པོའི་ཚེ་མི་
ཁ་ཅིག་ཁྱིམ་ན་མི་གནས་ཤིང་དགོན་པ་ན་ཆོས་སྤྱོད་པ་གྲོང་ནས་ཕྱི་རོལ་ཏུ་ཡིད་དགའ་བ་ལས་ཕྱི་
རོལ་པ་ཞེས་ཆོས་མངོན་པ་ལས་བཤད། བྲམ་ཟེའི་གཞུང་ལས་བྲཱཧྨཎོཨཱཔཏྱན་ཞེས་བྱ་བ་འབྱུང་
སྟེ། ཚངས་པའི་བུ་ཞེས་བྱ་བར་འགྱུར་མོད་ཀྱི་སྔོན་ཆད་གྲགས་པ་བཙན་པར་བྱས་ཏེ་བྲམ་ཟེ་སོ་
ན་བཞག་ཅེས་གསུངས་པ་ལྟར་རོ། །ཕྱི་རོལ་པ་ལ་དབྱེ་ན། ཆད་པར་སྨྲ་བ་ནི། རྒྱང་འཕེན་པ་
དང༌། རྟག་པར་སྨྲ་བ་ནི་གྲངས་ཅན་པ། ཚངས་པ་བ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་
པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་སྟེ་བརྒྱད་དུ་བསྡུ་བར་གསུངས་པ་ལྟར་རོ། །འདིའི་
ཚངས་པ་བ་དང་བྲམ་ཟེ་གཉིས་དོན་གཅིག་གོ།
བཀྲ་ཤིས་བདེ་ལེགས། སྒོམ་སྡེ་ལགས། ཡང་སྐྱར་ཕེབས་པར་དགའ་བསུ་ཞུ།
སྒོམ་སྡེ་ལྷ་རམས་པ་དྲ་ཐོག་ཏུ་ཕེབས་པར་དགའ་བསུ་ཞུ། མུ་སྟེགས་པ་ཞེས་པའི་གོ་དོན་གང་དང་ཅི་འདྲ་རེད་དམ།
རང་རེའི་ཆོས་ཀྱི་གཞུང་དང་གྲུབ་མཐའི་ཡིག་ཆ་ཁག་ཏུ་ཕྱི་རོལ་མུ་སྟེགས་པ་ཞེས་ཅུང་སྨད་རའི་ནང་དོན་ཡོད་པའི་ཚིག་འདི་བེད་སྤྱོད་མང་དུ་གཏོང་གི་ཡོད་པ་དཔེར་ན། གྲུབ་མཐའ་རིན་ཕྲེང་དུ། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བའི།།་ཞེས་པ་ལྟར་རེད། འོན་ཀྱང་མུ་སྟེགས་ཅན་རང་གི་ཡིག་ཆར་མུ་སྟེགས་ཆེན་པོ་ཞེས་རང་གིས་རང་ལ་ཆེ་བསྟོད་ཀྱི་ཚུལ་དུ་སྦྱོར་བཞིན་པ་འདིར་བསམ་ན། མུ་སྟེགས་ཞེས་པའི་གོ་དོན་ངོ་མ་ཡང་འུ་ཅག་གིས་བསམ་པ་ལྟ་བུ་ཞིག་མིན་པར་མཐོང།
གྲུབ་མཐའ་རིན་ཕྲེང་དུ། ལྟ་བ་ངན་པའི་མུ་ལ་སྟེགས་འཆའ་བའི།། ཕྱི་རོལ་གྲུབ་མཐའི་རྣམ་གཞག་་་་་་ཞེེས་སོགས་སོ
མདའ་ཚན་པ་ལགས་དང་།
གཅན་བཟོད་རྒྱམ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའོ། །
མུ་སྟེགས་པའི་གོ་དོན་སྒྲ་བཤད་སོགས་འོག་ཏུ་གཟིགས།
མུ་སྟེགས་པ། ཕྱི་རོལ་པ། གཞན་སྡེ། མུ་སྟེགས་པ། མུ་སྟེགས་བྱེད། ཆོས་འདི་པ་མ་ཡིན་པ་རྣམས་དོན་གཅིག སྒྲ་བཤད་ནི། ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ་ལས། མུ་སྟེགས་ནི་ཐར་པ་དང༌། མཐོ་རིས་ཀྱི་ལམ་སྟེ། དེ་སྟོན་པར་བྱེད་པའི་བསྟན་བཅོས་ལ་མུ་སྟེགས་ཞེས་བྱ་ལ། དེ་བྱེད་པས་ན་མུ་སྟེགས་བྱེད་དོ། །ཞེས་རང་རང་གི་ཐར་པ་དང་མཐོ་རིས་ཀྱི་ལམ་མམ་འཇུག་ངོགས་སམ་ཐབས་སུ་འདུ་ཤེས་པའི་ཚུལ་དེ་སྟོན་པའི་བསྟན་བཅོས་འཛིན་པ་དང་སྤེལ་བ་ལ་མུ་སྟེགས་བྱེད་དུ་སྒྲ་བཤད་པ་ཡིན་གྱི་ཁྱབ་པ་ནི་མ་ཡིན་ནོ། །ཞེས་ལྕང་སྐྱ་རིན་པོ་ཆེའི་གྲུབ་མཐར་གསལ། ས་སྐྱ་པའི་མཁས་པ་ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་རིགས་གཏེར་གྱི་ཕྱོགས་སྔ་རྣམ་པར་བཤད་པ་ཞེས་བྱ་བ་ལས་ཀྱང་དེ་དང་འདྲ་བར་གསུངས། བཟང་སྤྱོད་འགྲེལ་པ་ལོ་ཆེན་ཡེ་ཤེས་སྡེས་མཛད་པ་ལས། མུ་སྟེགས་ནི། དཔེར་ན་ཆུའི་རྫིང་བུའམ་མཚེའུར་འཇུག་པའི་མུར་ཐེམ་པ་བྱས་པ་ལྟ་བུའམ་རབ་བརྒལ་བའི་རབ་ཁ་བདེ་བ་ལ་མུ་སྟེགས་ཞེས་བྱའོ། །དེ་བཞིན་མྱ་ངན་ལས་འདས་པའི་མཚོར་འཇུག་པའི་མུ་སྟེགས་དང༌། འཁོར་བའི་ཆུ་བོ་ལས་བརྒལ་བའི་ཐབས་ལམ་གྱི་རབ་ཁ་ལ་མུ་སྟེགས་ཞེས་བྱ་སྟེ། གང་སུ་དག་ལ་ལམ་དེ་ཡོད་ཅིང་དེ་སྤྱོད་ན་དེ་དག་ནི་མུ་སྟེགས་ཅན་ནོ། །ཞེས་གསུངས། ཡང་ན་ལྟ་བ་ངན་པའི་མུར་སྟེགས་འཆའ་བས་ན་མུ་སྟེགས་ཞེས་ཀུན་མཁྱེན་འཇིགས་མེད་དབང་པོ་དང༌། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གསུང༌། འདི་སྐོར་རྒྱས་པ་རྗེ་གུང་ཐང་པའི་བསྟན་འབར་མའི་རྣམ་བཤད་དུ་བལྟ་བར་བྱའོ། །མུ་སྟེགས་པའི་མཚན་ཉིད་དང་སྒྲ་བཤད་སོགས་གོང་དང་འདྲ་བར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་གླེགས་བམ་བར་ཆ་༣༣༣ནའང་གསལ།
དྲི་བ་གཞན་ཡོད་ན་མཁས་དབང་རྣམ་པར་བཀའ་འདྲི་ཞུ་རོགས། ངེད་རང་བྲེལ་ཟིང་ཕྲན་བུའི་འོག་གནས་ཡོད།
ཕྱི་དང་མུའི་སྐབས་དོན།
ཕྱི་རོལ་པའི་སྒྲ་དོན་རང་གི་བསམ་ཚོད་ལྟར་བྱས་ན། ཕྱི་རོལ་པ་ཕྱི་རོལ་གྱི་རྒྱུ་སྐྱབས་ཙམ་ལས་རང་གི་ཐོབ་བྱར་འགྱུར་པའི་ནང་གི་འབྲས་སྐྱབས་མེད་པས་ཡིན། ཡང་སོ་སོའི་མཆོད་རྟེན་སོགས་ལ་སྐོར་ར་ཕྱི་བསྐོར་དུ་འགྲོ་བས་དེ་ལྟར་བཏགས་པ་ཡིན་ཀྱང་སྲིད། དེས་ན་ནང་པའི་ལྡོག་ཕྱོགས་ཙམ་གྱིས་དབྱེ་བ་ལས་སྨད་ཚིག་མི་འགྲོ་སྙམ། འོན་ཀྱང་མུ་སྟེགས་ནི། མུ་ཞེས་པ་ཟུར་ཏེ། ནང་པས་བལྟས་ན་གཞན་གྱི་ལྟ་བ་དེ་ཟུར་གཅིག་གིས་སྟེགས་པ་ལྟ་བུ་ལས། རང་ཉིད་ནང་པ་ལྟར་ཕྱོགས་ཐམས་ཅད་ཡར་མི་སྟེགས་པས་དབང་དུ་བྱས་པ་རེད།
ལགས་རེད།
ཕྱི་རོལ་མུ་སྟེགས་པའི་གོ་དོན་དངོས་དེ་རང་རེའི་རྣམས་ལ་ནི་་་་སྒོམ་རམས་པའི་འགྲེལ་ཚུལ་གསར་པ་དེ་ལས་ཀ་རམས་པའི་འགྲེལ་ཚུལ་དེ་དོན་ལ་གནས་པ་ཞིག་ཏུ་མཐོང་།
གང་ལགས་ཟེར་ན། ཕྱི་རོལ་པ་ཟེར་ན་ཚིག་དོན་དང་ནང་དོན་གཉིས་ཀ་ནས་ནང་པ་ཟེར་པ་དེའི་ཁ་སྤྲོད་ཏག་ཏག་ལ་ཁེལ་འདུག་པས་སོ།
དེ་ལྟར་མིན་པར་སྒོམ་རམས་པ་ལྟར་བྱས་ན་ཕྱི་ནང་གཉིས་ལ་ཁྱད་པར་འབྱེད་རྒྱུ་གཞན་མེད་ལ་སྐྱབས་འགྲོ་དང་སྟོན་པ་སོགས་ཀྱང་ཐུན་མོང་བ་བྱེད་ཆོག་མོད་དེ་དེ་ལྟར་དུ་མིན་པས་སོ།
ཕྱི་ནི་ཡིན་མདོག་ཁ་བ་ལ། །
ནང་སེམས་དུག་གསུམ་ལ་རོལ་བར། །
ཕྱི་རོལ་བ་ཞེས་མིང་འདི་མཛའ། །
མི་མཛའ་ཟེར་ན་སྨྱོན་པ་འོ། །
སྒྲ་ཡངས་དོག་གི་དབང་གིས་སྐབས་རེ་ཧིན་དུ་བ་ཁོ་ན་ལ་གོ་བ་དང་། སྐབས་རེ་ནང་པ་ལས་གཞན་པའི་གྲུབ་མཐའ་ཡོངས་ལ་གོ
འདི་ལ་ཧིན་དུ་བའི་ལྷ་ཁང་དེ་ཚོའི་སྐུ་ཚང་མ་ལྷ་ཁང་གི་ཕྱི་ན་བཞུགས་ཤིང་་ནང་པ་དག་གི་རྟེན་ནང་དུ་ཡོད་པས་ན་ནང་པའོ།།
ལྟ་བ་དབུས་ནས་མིན་པར་མཐའ་འམ་མུ་ནས་སྟེགས་པས་ན་མུ་སྟེགས་པའོ།།
སྒོམ་སྡེ་ལྷ་རམ་པ་ལགས།
ཁྱེད་ཀྱིས་འདིར་ཕྱི་རོལ་པ་ཞེས་པའི་གྲོས་འཆར་ཞིག་བཏོན་ནས་བསྣམས་ཕེབས་པར་ཐུགས་རྗེ་ཆེ།
བོད་ཀྱི་ནང་བསྟན་གྱི་གཞུང་ལུགས་ནས་ཕྱི་རོལ་པ་ཞེས་དགག་སྒྲུབ་བྱེད་ས་ཡོད་ན་མེད་ན་ཞིག་རེད།
བསྡུད་གྲྭའི་སྐབས་ནས་ཡིན་ནའང་རེད། རྟགས་རིགས་ཀྱི་སྐབས་ནས་ཡིན་ནའང་རེད། ཚད་མའི་སྐབས་ནས་ཡིན་ནའང་རེད། གྲུབ་མཐའི་སྐབས་ནས་ཨ་ཅང་ཅང༌། ས་ལམ་གྱི་སྐབས་ནས་ཡིན་ནའང་རེད། ཕར་ཕྱིན་གྱི་སྐབས་ནས་ཡིན་ནའང་རེད། དབུ་མའི་སྐབས་ནས་ཡིན་ནའང་རེད། མཛོད་ཀྱི་སྐབས་ནས་ཡིན་ནའང་རེད། འདུལ་བའི་སྐབས་ནས་ཡིན་ནའང་རེད། མདོར་ན་གཞུང་པོད་ཆེན་ལྔ་གང་གི་སྐབས་སུའང་ཕྱི་རོལ་པ་དགག་རྐྱང་བྱེད་ཀྱི་ཡོད་རེད།
དེས་ན་ཁྱེད་ཀྱིས་བཀྲལ་བའི་ཕྱི་རོལ་པ་ཞེས་པའི་སྒྲ་བཤད་དེར་ལྟས་ན་དེ་ཙམ་དགག་འོས་ཀྱི་གནས་ཤིག་མ་མཐོང༌། མ་གཞི་ནས་སྒྲ་བཤད་ལ་ཁྱབ་པ་མེད། ཅེས་རྟོག་གེ་བས་བཤད་སྲོལ་ཡོད་མོད། ཁྱབ་པ་ཞིག་མ་བྱུང་ཀྱང་ཕྱོགས་ཕྱོགས་གོ་དོན་ངེས་པ་ཞིག་དགོས་ངེས་རེད།
ངས་བྱས་ན། ཕྱི་རོལ་པ་ཞེས་པ་ནི། ནང་པ་ཞེས་པའི་ཚིག་གི་ལྡོག་ཟླ་ལ་བརྟེན་ནས་སྒྲ་བཤད་ཅིག་འགྲེལ་དགོས་ངེས་རེད།
གྲུབ་མཐའ་ལ་ཕྱི་ནང་གཉིས་སུ་ངེས་པའི་བཤད་སྲོལ་ཞིག་རྟོག་གེ་པའི་རྩོད་གྲྭར་ཡོད་པའི་སྐད་ཆ་རེད།
དེ་ཡིན་དུས་ང་ཚོས་ཕྱི་རོལ་པ་ཞེས་པར་དཔྱད་ཞིབ་བྱེད་དུས་ཐོག་མར་ནང་པ་ཞེས་པའི་གོ་དོན་ལ
་བསམ་བློ་གཏིང་ཟབ་རེ་གཏོང་དགོས་པ་འདུག་དེ་ནས་ཕྱི་རོལ་པ་ཞེས་པ་ཞིག་གཞི་ནས་ངེས་པ་བརྙེད་
ངེས་རེད།་ ནང་པ་ཞེས་པ་ནི་ནང་སེམས་ཀྱི་ཉོན་མོངས་དུག་གསུམ་དུག་ལྔ་ལས་སོགས་སྒྲིབ་གཉིས་ཀྱི་རྣམ་འགྱུར་
ཐམས་ཅད་མེད་པར་བཅོམ་པར་འབད་བརྩོན་གཙོ་བོར་བསྒྲུབ་པ་ལས་ཕྱི་རོལ་ལུས་ཀྱི་རྣམ་འགྱུར་དཀའ་ཐུབ་ལས་སོགས་གཙོ་བོར་མི་བསྒྲུབ་པའི་གྲུབ་མཐའ་འམ་ཡང་ན་དེར་འཇུག་པའི་གང་ཟག་ཅིག་ལ་འགྲེལ་བཤད་བྱས་ན་ཤིན་ཏུ་ལེགས།
དེ་ནས་གཞི་ནས་ཕྱི་རོལ་པ་ཞེས་པའི་སྒྲ་བཤད་ལོགས་སུ་མི་དགོས་པར་འདི་ཡིས་ཤུགས་ལས་གོ་དོན་རྟོགས་ཐུབ་ངེས་རེད།་ ཡང་ན་ཕྱི་ནང་ཞེས་པ་ཕྱི་རོལ་གྱི་མི་དང༌། ཕྱི་རོལ་གྱི་ཤེས་རིག ཕྱི་རོལ་གྱི་ལྟ་གྲུབ། ཕར་ངོས་ཀྱི་ལུགས་སྲོལ་དང༌། ནང་ཕྱོགས་སམ་ནང་གི་མི། རང་ཕྱོགས་ཀྱི་ལྟ་གྲུབ། རང་ཕྱོགས་ཀྱི་ལུགས་སྲོལ་ལས་སོགས། དོན་དུ་ཕྱི་ནང་གཉིས་ཞེས་པ་རང་ཕྱོགས་དང་གཞན་ཕྱོགས། ཕ་རོལ་དང་ཚུར་རོལ། ལྟ་བུར་གོ་ནའང་མ་འགྲིག་པ་མེད་སྙམས།
ཕྱི་རོལ་པ་ཞེས་པའི་ཐ་སྙད་འདི་ནི་ལྟོས་གྲུབ་ཀྱི་བརྡ་ཆད་ཅིག་ཡིན་ལ་དེའི་དོན་ནི་ང་ཚོའི་ཆོས་ལུགས་ལས་ཕྱི་རོལ་ཡིནཔའི་ཆ་ནས་བཏགས་པ་ཡིན། དཔེར་ན་ཨ་རི་སོགས་ལ་ཕྱི་རྒྱལ་འདོགས་པ་དང་མཚུངས། སྒོམ་སྡེ་སྐུ་ཚེ་རིང་རྒྱུ་བོ།
མུ་སྟེགས་ཞེས་པ་ནི་ལྟ་བ་ངན་པའི་མུ་ལ་སྟེགས་པས་ན་མུ་སྟེགས་ཞེས་བརྗོད་པ་རེད།
དེ་ཡང་མུ་ཞེས་པ་ནི་མཐའ་དང་རྒྱ་ལས་སོགས་ལ་གོ་ཞིང༌། དཔེར་ན། ་ནམ་མཁའ་ལ་མུ་མཐའ་མེད། མུ་མེད་ཅེས་མཐའ་མེད་པ་དང་། དེས་ན་ལྟ་བ་ངན་པའི་མཐའ་ལ་ཤོར་བས་ན་མུ་དང༌། ལྟ་བ་ངན་པ་དེ་ལ་རང་གི་དཔྱད་བཟོད་ཀྱིས་བློ་ཡིས་བཏེགས་པའམ་འདེགས་པ་ཡང་ན་དེ་ཉིད་བློ་ཡིས་མཆོག་ཏུ་བཟུང་ནས་སྟེགས་པས་ན་མུ་སྟེགས་ཞེས་བརྗོད་ན་རིགས།
དོན་དུ་གྲུབ་མཐར་བཞུགས་པ་ཐམས་ཅད་ཀྱི་རྒྱུད་ལ་རང་རང་གི་ལྟ་སྤྱོད་ཡང་དག་འདེགས་བྱེད་ཀྱི་བློ་སྟོབས་རེ་ཡོད་པས་ན་མུ་སྟེགས་པའི་རྒྱུད་ལའང་རང་ཉིད་ཀྱི་ལྟ་སྤྱོད་དེ་ཉིད་ཡང་དག་ཏུ་ཞེན་ནས་དེ་ལ་མཆོག་ཏུ་ལྟ་བའི་བློ་ཞིག་ཡོད་དགོས།
དོན་དུ་ང་ཚོས་གྲུབ་མཐའ་ཞེས་པའི་མཐའ་དེ་ཉིད་འདེགས་པར་བྱེད་པའམ་སྟེགས་པའི་བློ་རིག་ཞིག་ལ་འཇོག་དགོས་སོ།
འོན་ཀྱང་འདི་ལྟར་འགྲེལ་བ་ནི་ནང་པས་ཕྱི་རོལ་པ་ལ་ཕར་སྐྱོན་བཏགས་པའི་འགྲེལ་བཤད་བྱེད་ཚུལ་ཞིག་ལས་ཕྱི་རོལ་པ་རང་ཉིད་ཀྱིས་དེ་ལྟར་འདོད་དགོས་པར་མ་མཐོང་ངོ།
ང་ཚོ་ནང་པའི་གཞུང་ནས་བཤད་པའི་ཕྱི་རོལ་པ་ལ་དགག་བཞག་བྱེད་ཚུལ་དེ་དག་མངཆེ་བ་གཡམ་རྒྱུགས་བྱས་ཏེ་དགག་བཞག་ལས་ཕྱི་རོལ་པའི་གཞུང་ལ་རྒྱུས་མངའ་དང་ཕྱི་རོལ་པ་དང་གདོང་དང་གདོང་ཐུག་ནས་བཤད་པ་ཤིན་ཏུ་དཀོན།
སྒོམ་སྡེ་སྐུ་འཚོ་བཞིན་བཞུགས་པ་མཐོང་ཚེ་དངོས་གནས་དགའ་སྤྲོ་བརྟས། འོན་ཀྱང་ཕྱི་རོལ་པ་ཞེས་འགྲེལ་བཤད་བཀྱོན་ཚེ། སྔོན་མེད་གསར་བཟོས་ལ་ཞེན་ཆགས་ཆེ་བའི་རིགས་རྣམས་འུར་ལང་གིས་རྗེས་སུ་འབྲངས་ཤས་ཆེ་རུང་། འདི་འདྲའི་རིགས་ཀྱི་འགྲེལ་བཤད་མུ་འཐུད་ན། འཛུབ་མོ་དེ་བྲེག་ངེས་ཡིན། ཁྱིམ་གྱི་ཕྱི་རོལ་དུ་གནས་པས་ཕྱི་རོལ་པའི་ཐ་སྙད་དེ་བྱུང་པ་ཡིན་ན། ཁྱིམ་གྱི་ནང་ལོག་གནས་པས་ནང་པ་ཟེར་བའི་ཐ་སྙད་དེ་བྱུང་པ་རེད་ཟེར་ནས་སྒྲོགས་ཤིག
སྒོམ་སྡེའི་ཕྱི་རོལ་བའི་སྒྲ་བཤད་དེ་བདེན་པའི་དབང་དུ་བྱས་ན། ནང་བའི་དགེ་འདུན་གྱི་སྡེ་ཆོས་ཅན། ཕྱི་རོལ་བ་ཡིན་པར་ཐར། ཁྱིམ་ནས་ཕྱི་རོལ་དུ་བྱུང་སྟེ་ཚངས་སྤྱོད་ལ་གནས་པའི་ཕྱིར། ཞེས་རྩོད་ན་ཅི་ཟེར། མུ་སྟེགས་པ་ཞེས་པ་ནི། ལྟ་བ་ངན་པའི་མུ་ཐར་པའི་ལམ་སྟེགས་སུ་ཁས་ལེན་པས་ན། མུ་སྟེགས་པ་ཞེས་གོ་བ་ལེན་དགོས་པ་རེད། ངས་ནི་སྐབས་འདིར་ཕྱི་རོལ་པ་ཞེས་པ། རང་ལས་ཕྱི་རོལ་ཡུལ་ན་གནས་པའི་འཇིག་རྟེན་གྱི་བཀོད་པ་པོ་ཞིག་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པས། ཕྱི་རོལ་པ་དང་། དེ་ཁས་མི་ལེན་པར་རང་གི་ནང་སེམས་ཀྱི་ཡོན་ཏན་མཐར་ཐུག་ཅིག་སྐྱབས་གནས་སུ་ཁས་ལེན་པས་ནང་པ་ཞེས་གོ་བ་བླངས་ན། ཕྱི་ནང་ཞེས་པའི་དོན་འདི་ལ་གོ་རྒྱུ་ལྷག་མ་ཞིག་ཡོད་སྣང་འཆར་རོ།།
ཨོ་དགོངས་དག ཡིན་པར་ཐར་ཞེས་པ་ཡིན་པར་ཐལ་ལ་བཅོས་དགོས། དག་ཆ་འདི་ཚོ་ཤེས་བཞིན་དུ་གཏགས་ནོར་ཤོར་འགྲོ་གི
སྒོམ་སྡེ་ལགས་ཀྱིས་ཕྱི་རོལ་པ་ཞེས་པའི་འགྲེལ་བཤད་གནང་བར་ངོས་ནས་དགའ་བསུ་ཡོད། གོང་དུ་དྲ་གྲོགས་ཤིག་གིས་བརྗོད་པ་ནང་བཞིན། ཕྱི་རོལ་པ་ཞེས་པ་ནི་ནང་པའི་གྲུབ་མཐའ་བཞི་ཀའི་ནང་དུ་ཡོངས་སུ་གྲགས་པའི་ཚིག་ཅིག་རེད། དེར་བརྟེན་ནང་པའི་གྲུབ་མཐའ་སྨྲ་བ་ཚོས། ཕྱི་རོལ་པ་ཞེས་པ་སུ་དང་སུ་ཡིན་ནམ་དང་། དེ་ལ་ཕྱི་རོལ་པ་ཞེས་བརྗོད་དགོས་པའི་དགོས་པ་རྒྱུ་མཚན་གང་ཡིན་སོགས་ཤེས་དགོས་རྒྱུ་གལ་ཆེ་བར་སེམས།
དེ་བཞིན་དྲ་གྲོགས་རྣམ་པ་ཚོས་ཀྱང་ཕི་རོལ་པ་ཞེས་པའི་འགྲེལ་བཤད་མང་དག་ཅིག་གནང་སོང་། ངོས་ནས་འགྲེལ་བཤད་ཁག་ཁག་ཅིག་ཞུ་རྒྱུ་མེད་ཀྱང་། གོང་གི་འགྲེལ་བཤད་དེ་ཚོ་ཚང་མ་སོ་སོའི་བསམ་ཚུལ་ཙམ་ལས་གནད་ལ་འགེལ་བ་ཞིག་ཡིན་མདོག་མཐོང་མ་སོང་། ཕྱི་རོལ་པ་ཞེས་པའི་འགྲེལ་བཤད་གནད་དུ་འཁེལ་བ་ཞིག་རྒྱག་དགོས་ན། ཐོག་མར་ཕྱི་རོལ་པ་ཞེས་པའི་མིང་དེ་དུས་ཚོད་ག་དུས་བྱུང་བ་དང་། མིང་དེ་ནང་པས་ཕར་བཏགས་པ་ཡིན་ནམ། ཕྱི་རོལ་པ་ཁོང་གིས་ཁོང་རང་ལ་བཏགས་པ་ཡིན་ནམ་དཔྱད་དགོས་པར་སེམས།
དེས་ནས་ཕྱི་ནང་གཉིས་ཀྱི་ཡོན་ཏན་ལ་སྦྱངས་པ་ཆེ་ཞིང་། ཞིབ་འཇུག་གི་ཤེས་བྱའི་ཆུ་ཚད་མཐོ་བའི་དྲ་གྲོགས་རྣམ་པས། དེའི་སྐོར་ཞིབ་འཇུག་གནང་ནས། འདིར་བཀོད་གནང་རོགས་ཞུ་བ་ལགས།
གཡུ་འབྲུག་དཀར་པོས་གསུངས་པ་ལྟར། གོང་གི་དྲ་གྲོགས་མང་པོས་ཕྱི་ནང་གི་ཁྱད་པར་བཤད་
ཁུལ་བྱས་པ་ནི་འོལ་ཚོད་དང་ནམ་རྒྱུན་གྱི་བསམ་ཚུལ་ཙམ་ཞིག་རེད། ངས་ཀྱང་སྔོན་མ་དེ་ལྟར་དུ་སེམས་
ཀྱི་ཡོད་མོད། འོན་ཀྱང་དེ་དག་ལ་གཞུང་གི་ཁུངས་གང་ཡང་མི་འདུག འདིར་ངོས་ནས་བཤད་པ་དེ་སྒྲ་
སྦྱོར་བམ་གཉིས་ལ་ཁུངས་གཏུགས་ཏེ་བཤད་པ་ཡིན་ཞིང་། དེ་དང་བྱེ་བྲག་རྟོགས་བྱེད་ཆེན་པོ་
རྣམས་ནི་དམིགས་བསལ་གྱིས་སྒྲ་སྒྱུར་ལག་དེབ་ལྟ་བུའི་ཆེད་དུ་རྒྱ་གར་གྱི་མཁས་པ་དང་བོད་ཀྱི་
ལོ་ཙཱ་བ་ཟུང་འབྲེལ་གྱིས་ཐོག་ནས་བསྒྲིགས་པའི་བསྟན་བཅོས་ཧ་ཅང་རྩ་བ་ཆེན་པོ་ཞིག་རེད།
མདོ་རྒྱུད་བསྟན་བཅོས་མཐའ་དག་ཐ་སྙད་ཡོད་དོ་ཅོག་ཁོང་ཅག་གིས་བཟོས་པ་རེད། ཕྱི་རོལ་པ་
ཞེས་པའི་ཐ་སྙད་འདི་ཡང་ཁོང་ཅག་གིས་བསམ་བློ་མང་པོ་བཏང་ནས་བཟོས་པའི་ཚིག་ཅིག་ཡིན་
པས། དེ་ལ་གཞི་བཅོལ་ན་ཁུངས་བཙུན་ཤོས་རེད་སྙམ། ངོས་ནས་མདོ་རྒྱུད་དགོངས་འགྲེལ་
བསྟན་བརྒྱ་ཕྲག་སྟོང་ཕྲག་མང་པོར་བལྟས་ཀྱང་ཕྱི་རོལ་པའི་སྒྲ་བཤད་ཅིག་ད་བར་མ་མཐོང་།
ཕྱི་རོལ་པ་ཞེས་པའི་མིང་ཚིག་འདི་གོང་དུ་ཞུས་པ་ལྟར་བྲམ་ཟེའི་སྒེར་མིང་དུ་ནང་པ་མ་བྱུང་
གོང་ལོ་སྟོང་ཕྲག་མང་པོའི་སྔོན་ནས་རླུང་ལྟར་གྲགས་པ་དེ་ཉིད། ཕྱིས་སུ་མུ་སྟེགས་པ་སྤྱིའི་མིང་དུ་
གྱུར་པ་ཉིད་དུ་ངེས་སོ། །
རིག་པའི་རལ་གྲི་ལགས་དང་།
རྔ་བ་རྒྱལ་ཁམས་པ་རྣམ་གཉིས་ལ།
ཁྱེད་ཀྱི་རལ་གྲི་དེ་རྟུལ་པོ་རྣོ་མེད་ཅིག་རེད་འདུག་ད། སྐུ་རྩེད་
ཡིན། ཁྱེད་གཉིས་ཀྱིས་སྒྲ་འཇུག་གི་ཁྱད་པར་མ་ཕྱེད་པར་ཉ་ཉུང་མཉམ་བསྲེ་གནང་འདུག
འོ་ན། སྦལ་པ་ཆོས་ཅན། ཆུ་སྐྱེས་ཡིན་པར་ཐལ། ཆུ་ལས་སྐྱེས་པའི་ཕྱིར་ཞེས་སྨྲས་ན། དེ་ལ་ལན་
ཇི་ལྟར་འདེབས་ཐུགས་བསམ་བཞེས་རོགས།
ལྷན་རྒྱས་ནས་བགྲོ་གླེང་ལྷུག་པོར་གནང་དྲིན་ཆེ།